ཕུན་ཚོགས་བསྟན་དར།
མི་དམན་པའི་འཚོ་བར་བསམ།
མི་སྡུག་པའི་ལས་དབང་དང་འབྲེལ།
མི་ཚེ་བདེ་སྐྱིད་ཆེད་དུ་བརྩོན་པ་ལས།
མི་འདོད་པའི་དཀའ་སྡུག་དང་།
མི་མངོན་པའི་རྣམ་རྟོོག།
མི་ཟད་པའི་སེམས་ནད།
མི་མོས་པའི་གཅོང་ནད་སོགས་གང་གི་ཆེད་དུའང་ཡིན་མི་སྲིད།
མི་ཚེའི་བདེ་སྐྱིད་གང་ནས་བྱུང་བ་དང་།
མི་ཚེའི་རིང་ཐང་གང་དུ་ཡོད་པ་སུས་ཤེས།
འོན་ཀྱང་།
འབད་བརྩོན་དང་ཐབས་ཤེས་ཡོད་དགུས།
མི་ཚེའི་རིན་ཐང་དང་།
མི་ཚེའི་བདེ་སྐྱིད།
མི་ཚེའི་ཡོད་ཚད་ཐོབ་པར་རེ།
ངས་ཀྱང་རང་ལ་ཡིད་ཆེས་བྱེད་ཅིང་།
གཞན་ལ་དེ་བས་ཀྱང་ཡི་རང་དང་དགའ་ཞེན་ཆེ་བ་བཅངས་ཏེ།
དོན་དམ་གྱི་བདེ་སྐྱིད་ཅིག་ཐོབ་ཐབས་བྱས།
ཐམས་ཅད་གཞན་དབང་དུ་སོང་བས།
ཡིད་རྨུགས་རྨུགས་ཤིང་།
སེམས་ཀློང་ཀློང་པོར་འགྱུར།
དེ་ཙམ་མ་ཟད།
སྐབས་རེ་གནར་གཅོད་དང་སྡུག་རྩུབ་ཀྱི་གོ་སྐབས་ཀྱང་འབྱིན།
དེ་ནི་སྟོངས་བསམ་ཡིན་པས།
ལ་ཁའི་ཉི་མ་དང་ཆུ་ཡི་རྦ་རླབས་ལྟར།
མཐོང་གིན་མཐོང་གིན་ཡལ་ནས་གདའ།
གང་ལྟར་ཡང་།
མེད་པ་ནས་ཡོད་པ་བཟོ་བ་དང་།
ཡོད་པ་ནས་གོང་དུ་འཕེལ་བའི་བསམ་བློའི་འཆར་གཞི་མེད་པའི་མི་ཞིག་ཡོད་མི་སྲིད་པས།
ངས་ཀྱང་།
འདི་ལྟར་རེ་བཞིན།
ཇི་ལྟར་བརྩོན་ཡང་།
ཡོད་པ་ནས་མེད་པར་འགྱུར་ཅིང་།
མེད་པ་ནས་རྩ་སྟོངས་སུ་འགྱུར་བའང་་ཤིན་ཏུ་མང་།
ཕལ་ཆེར་འདི་དག་ནི།
འཇིག་རྟེན་དང་།
ལས་དབང་།
བཀོད་ཐང་།
ཆོས་ཉིད་བཅས་ལས།
གང་ཡང་རུང་བ་ཞིག་ཡིན་ཤས་ཆེ།
མི་ཚེའི་བདེ་སྐྱི་དང་མི་ཚེའི་རན་ཐང་ནི་རང་བརྒྱུད་ལས་གཞན་གང་དུའང་འཚོལ་དུ་མེད་སྙམ། དེ་ཡང་འདི་ལྟ་སྟེ།བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་སེམས་ཅད་ཐམས་ཅད་ཀྱི་སྤྱི་ལུགས་ཡིན་པས་སྐྱེ་འགྲོ་སུ་ཡིན་རུང་བདེ་སྐྱིད་འབྱུང་ན་འདོད། དེས་ན་རང་རྒྱུད་ལ་བདེ་སྐྱིད་རྣལ་མ་ཞིག་སྒྲུབ་འདོད་ན།བདེ་བའི་རྒྱུ་དང་རྒྱུའི་རྒྱུ་སྟེ་བརྒྱུད་རྒྱུ་སོགས་གང་ཡིན་བརྟག་དགོས་པ་གལ་ཆེན་མཐོང་།
ུ
མི་ཚེའི་བདེ་སྐྱི་དང་མི་ཚེའི་རན་ཐང་ནི་རང་བརྒྱུད་ལས་གཞན་གང་དུའང་འཚོལ་དུ་མེད་སྙམ། དེ་ཡང་འདི་ལྟ་སྟེ།བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་སེམས་ཅད་ཐམས་ཅད་ཀྱི་སྤྱི་ལུགས་ཡིན་པས་སྐྱེ་འགྲོ་སུ་ཡིན་རུང་བདེ་སྐྱིད་འབྱུང་ན་འདོད། དེས་ན་རང་རྒྱུད་ལ་བདེ་སྐྱིད་རྣལ་མ་ཞིག་སྒྲུབ་འདོད་ན།བདེ་བའི་རྒྱུ་དང་རྒྱུའི་རྒྱུ་སྟེ་བརྒྱུད་རྒྱུ་སོགས་གང་ཡིན་བརྟག་དགོས་པ་གལ་ཆེན་མཐོང་།འོ་ན་དེ་དག་གང་ཡིན་སྙམ་ན།བདེ་བའི་རྒྱུ་ནི་སྲོག་གཅོད་སྤངས་པ་སོགས་ལས་བཟང་པོ་བསགས་པ་ལས་འབྱུང་བ་ཡིན་ཏེ།དཀོན་མཆོག་སྤྲིན་གྱི་མདོ་ལས།དགེ་བའམ་འོན་ཏེ་མི་དགེ་བའི།།ལས་ནི་སེམས་ཀྱིས་བསགས་པ་ཡིན།།ཅེས་གསུངས་པས་གྲུབ།རྒྱུ་ལས་བཟང་པོ་ནི་སེམས་བཟང་པོ་ལ་རག་ལས་པ་ཡིན་ཏེ།ཆོས་རྗེ་ས་པཎ་གྱིས།མདོར་ན་སེམས་ཀྱིས་འཕེན་པ་ལས།།གཞན་པའི་དགེ་སྡིག་ཡོད་མ་ཡིན།།ཅེས་གསུགས་པ་ལྟར་གྲུབ། བདེ་བའི་བརྒྱུད་རྒྱུ་སེམས་བཟང་ངན་བླང་དོར་བྱ་བ་ལ་ཐབས་གཙོ་བོ་ནི་རང་གཅེས་འཛིན་བསྐྱུར་ཏེ་གཞན་གཅེས་འཛིན་བྱ་དགོས་པ་སོགས་ཡིན།དེ་ཡང་ཞིབ་ཏུ་སློབ་འདོད་ན་རྫོགས་པའི་སངས་རྒྱས་ཀྱིས་བཅས་པའི་བྱང་སེམས་ཀྱི་བསླབ་བྱ་རྣམས་ལ་ཅིས་ཀྱང་འཇུག་དགོས་པར་སྣང་ངོ།།དེ་མིན་གཞན་དུ་ན་ཐབས་གང་གིས་རང་ཉིད་འདོད་སྐྱིད་སྒྲུབ་འདོད་ཀྱང་ངལ་བས་སྡུག་ལ་སྦྱོར་བ་ལས་བདེ་སྐྱིད་འབྱུང་རེ་ཀན།། །།
ུ
ལགས་སོ།།