རྩོམ་པ་པོ། William Bennett སྒྱུར་མཁན། རེབ་ཐོག་མདའ།
མིའི་སྤྱི་ཚོགས་ཀྱི་གནད་དོན་ཁྲོད་ནས་མི་ཞིག་གི་མི་ཚེའི་ནང་དུ་ཆེས་གལ་ཆེ་ཤོས་ནི། རང་ཉིད་ད་ལྟ་འཚོ་བཞིན་པའི་རིན་ཐང་དང་། རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་རྒྱུད་སྤྲོད་དགོས་པའི་མི་ཚེ་རིན་ཐང་འདི་རེད། ཕྲུ་གུ་ཞིག་གི་མི་ཚེ་ནང་ལ་སྤྱང་གྲུང་འཛོམས་པའི་ཐག་གཅོད་ཀྱི་ནུས་པ་ག་ཚོད་ཡོད་ཀྱང་། མི་ཚེའི་རིན་ཐང་ལས་ལྷག་པ་ཞིག་མེད། ནང་སེམས་ཀྱི་འགྲིག་པའམ་ནོར་བའི་ཚོར་བའམ་ཡིད་ཆེས་སོགས་ཀྱི་བརྒྱུད་རིམ་གང་ཡིན་ཡང་། རིན་ཐང་ནི་ཕྲུ་གུ་ཞིག་གི་མི་ཚེའི་རྒྱབ་ལྗོངས་ཡིན་ཡང་འདྲ་། རིགས་རུས་དང་འབྱུང་ཁུངས། ཉེ་འབྲེལ་དང་རིགས་རྒྱུད། ཕོ་མོ་དབྱེ་བ་དང་། འཛིན་གྲྭ་སོགས་གང་ལས་ཀྱང་གལ་ཆེན་པོ་ཡིན་པ་དང་། ཁྱད་དུ་འཕགས་པའི་རིན་ཐང་འདི་ནི། ཁྱིམ་ཚང་ནས་མཁོ་འདོན་བྱེད་ཐུབ། ཕྲུ་གུ་ཚོར་མཚོན་ནས་བཤད་ན། ཕ་མ་དང་དགེ་རྒན་ཡོད་ཚད་ཁོང་ཚོ་ཐོག་མའི་དགེ་རྒན་ཡིན་པའི་ངེས་པ་མེད། ཡིན་ན་ཡང་། ཕ་མ་དང་དགེ་རྒན་ཡོད་ཚད་ཁོང་ཚོའི་ཐོག་མའི་དགེ་རྒན་མིན་པའི་ངེས་པ་ཡང་མེད། འོན་ཀྱང་། དགེ་རྒན་ནི་ཕྲུ་གུ་དག་ལ་མཚོན་ནས་བཤད་ན། མི་སུ་མི་རུང་བ་ཞིག་དང་། ཕ་མ་དག་གིས་ཀྱང་རང་ཉིད་ཀྱི་ཕྲུ་གུ་དག་སློབ་གྲྭ་རུ་བསྐྱལ་བར་སེམས་གཏིང་ནས་ཡིད་ཆེས་དང་གཏན་ཁེལ་བྱེད་པ་ཧ་ཅང་གི་གལ་ཆེན་ཡིན།
ཤེས་ལྡན་མི་སྣ་དག་གིས་ཀྱང་ཕྲུ་གུའི་ཕ་མ་དག་གི་ནོར་འཁྲལ་ཅན་གྱི་རྩ་དོན་ལ་ངོས་ལེན་མི་བྱེད་པར། ཕྲུ་གུ་སོ་སོ་ལ་རང་དབང་གི་ཁོར་ཡུག་ཅིག་ལས་བཙོན་ཁང་དུ་ཡོད་པ་ཅི་བཞིན་བྱེད་དུ་མི་རུང་བ་དང་། ཕྲུ་གུ་ནི་ཕ་མ་དག་ལ་དཀོན་མཆོག་གིས་སྤྲད་པའི་ལེགས་སྐྱེས་ཡིན་པས་ན། ཕ་མ་དག་གིས་ཕྲུ་གུ་དག་རང་ཉིད་ལ་ཡིད་ཆེས་སླེབས་ཐུབ་པ་བྱེད་དགོས་པ་དང་། སློབ་གྲྭ་ཁག་ཡིན་ཡང་ཕྲུ་གུ་ནི་དྲོད་བརྟགས་པའི་སྲོག་ཆགས་ཆུང་ཆུང་ཞིག་གམ་སྤྱི་ཚོགས་ཀྱི་ཚོད་ལྟ་བྱེད་སྤྱད་དམ། མིང་ཙམ་དུ་མི་འཇོག་པར་ཁོང་ཚོ་དཀོན་མཆོག་གིས་སྤྲད་པའི་ལེགས་སྐྱེས་ཅི་བཞིན་སྣེ་ལེན་ཡག་པོ་བྱེད་དགོས།
ཨ་ཕའི་འབྲེལ་བའི་སྒང་ནས་བཤད་ཀྱང་། བུད་མེད་གཅིག་མཇལ་སྦྲུམ་སྟེ་ཡོད་པའི་དུས་ཨ་ཕ་དེས་མཐའ་གཅིག་ཏུ་བུད་མེད་དེར་ཐེ་གཏོགས་བྱེད་དགོས། རྒྱུ་མཚན་ནི་ཨ་ཕ་དངོས་གནས་ཤིག་ཡིན་ན། རང་ཉིད་ཀྱི་ཕྲུ་གུ་ལ་སེམས་ཁུར་གྱི་འདུ་ཤེས་མེད་པ་ཞིག་མ་ཡིན་པར། ཕྲུ་གུ་ལ་བརྕེ་བ་ཟབ་མོ་ཡོད་པ་མ་ཟད་ཁས་ལེན་དམ་བཅའི་ངང་ནས་ཕྲུ་གུ་ལ་འགན་ཁུར་བའི་འདུ་ཤེས་ཡོད་པ། སྐྱིད་སྡུག་གང་ཞིག་ཡིན་ཡང་མ་བུ་གཉིས་དང་མཉམ་མྱོང་བྱེད་ཐུབ་པ་དང་། གཞན་ད་དུང་རང་ཉིད་ཀྱི་ཕྲུ་གུའི་དོན་དུ་ཡོད་ཚད་བློས་གཏོང་ཐུབ་པ་ཞིག་ཡིན་དགོས།
ན་གཞོན་བུ་དང་བུ་མོ་མང་པོ་ཞིག་གི་བསམ་བློ་འཚར་ལོངས་བྱུང་མ་ཐུབ་པར་སློབ་གྲྭ་གཡུག་སྟེ་ཛ་ར་ཛོ་རེ་ཆགས་པ་དང་སྨྱོ་རྫས་སྤྱད་དེ་བདེ་སྐྱིད་ཐོབ་པར་བྱེད་པ། སྤྱི་ཚོགས་ནང་དུ་ནག་ཉེས་འདྲ་མི་འདྲ་བསགས་ཀྱི་ཡོད་པའི་རྒྱུ་རྐྱེན་ནི། ཁོང་ཚོ་རང་ཉིད་ཀྱི་ཕ་མ་དང་ཁ་ཐག་རིང་པོར་་གནས་པའི་རྐྱེན་གྱིས་ཡིན། ཕོ་དང་ཕོ་མོ། ཕ་མ་ཟུང་གཉེན་སྡེབ་བྱེད་པའི་འབྲེལ་བ་ནི། གཅིག་རྒྱལ་གཅིག་ཕམ་གྱི་ཐབ་རྩོད་ཅིག་མ་ཡིན་པར། གཉེན་སྡེབ་བྱེད་པ་དང་ཕ་མའི་འབྲེལ་བ་གཉིས་ནི་དོན་གཅིག་དུ་འཇོག་དགོས། གང་ཡིན་ཟེར་ན། ཕོ་མོ་སུ་ཡིན་ཡང་ཕ་མ་སུ་ཡིན་ཡང་གཉེན་སྡེབ་བྱེད་པ་ནི་བྱིན་རླབས་ཞིག་གམ་བདེ་སྐྱིད་ཅིག་ཡིན་པར་ངོས་འཛིན་པ་ལས་དེ་ཐོབ་ཤོར་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་མི་རུང་།
བདག་ལ་མཚོན་ན། ཁྱིམ་ཚང་ཟེར་བ་ནི་མིའི་སྤྱི་ཚོགས་ནང་གི་ཚོགས་པ་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་པའི་ཡིད་ཆེས་ཡོད། ང་ཚོས་དུས་སྐབས་འདིར། འབད་བརྩོན་ཞེས་པ་ནི་ཁྱིམ་གཅིག་གི་ནུས་སྟོབས་གཅེས་གཉེར་བྱེད་པ་ལ་བརྟེན་ནས་སླེབས་པ་ཞིག་ཡིན་པས་ན། གལ་སྲིད་མཁོ་བ་ཡིན་ན་དེའི་མིང་ལ་དཔལ་ངར་ཞུམ་མེད་ཀྱི་འབད་བརྩོན་ཟེར། བདག་གིས་སྲོལ་རྒྱུན་ཁྱིམ་རྒྱུད་ཀྱི་རིན་ཐང་ཞེས་འཆད་དུས། བདག་གིས་གཞན་ལ་མཐོང་ཆུང་དང་དོན་སྙིང་མེད་པའི་སྐད་ཆ་འམ་ཆོས་ཉིད་ཀྱི་ཚིག ཆབ་སྲིད་ཀྱི་སྐད་ཆ་དག་བཤད་ཀྱི་མེད། བདག་གིས་ཅི་ཞིག་བཤད་ཀྱི་ཡོད་ཟེར་ན། ང་ཚོ་ག་རེ་ཡག་ཤོས་ཡིན་པ་དེ་གཏན་ཁེལ་དང་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བདག་གིས་ནམ་ཡང་མཚམས་འཇོག་མི་འདོད་པར་ཚིག་ཐག་བཅད་དེ་བཤད་ཐུབ་པ་ཞིག་ནི་དོན་དངོས་ཀྱི་ཤེས་ཡོན་ཡོད་ཚད་ནི་ཨར་ལས་རིག་པའི་བླ་སྲོག་རེད་ཞེས་ཟེར་འདོད་བྱུང་།
བེ་ལམ་སྦན་ནེ་ཁྲི་ནི(William Bennett)་ཨ་རི་ཤེས་ཡོན་སྡེ་ཚན་ཀྱིས་དྲུང་ཡིག་ཟུར་བ་ཡིན་པ་དང་ཁོང་གིས་བྲིས་པའི་དེབ༼རླབས་ཆེན་ཀྱི་མ་རི་ལས་རིན་པོ་ཆེ་ཞིག་གི་གཏམ་རྒྱུད་།༽ཟེར་བ་ཞིག་ཡོད་པ་དང་། ཁོང་ནི་ཨ་རི་ནང་རྩོམ་པ་པོའི་རྩོམ་དེབ་འགྲིམས་རྒྱུག་ཆེ་ཤོས་གྲས་ཀྱི་གཅིག་ཡིན།