བོད། ལྷ་ྐླུ་གཉན་གསུམ།
གནའ་སྔ་མོ་ཞིག་ལབཤད་སྲོལ་ཞིག་ཡོད
མི་ལ་ཚོད་ཅིག་དགོས ཚོད་ཅིག་མེདན་དུད་འགྲོ་ཡིན
ངས་དེ་ལ་ཞིབ་དུ་བསམ་བློ་གཏོང་དུས
གནའ་བོའི་མི་རིགས་ཤིག་གི་རྟག་བརྟན་གྱི་རང་གཤིས་ཤིག
འཇགས་དུ་མེད་པའི་དབྱངས་རྟ་ཞིག་གི་ཁྲོད་དུ
ལྷིང་འཇགས་ཀྱིས་བཞུར་བ་རྟོགས
ཡིན་ཡང་ ཁ་སང་དེ་རིང་
གཏམརྒྱུད་གསར་བར་དུངས་མཁན་དག་གིས
དེ་དག་ནི གནའ་སྔ་མོའི་སྒྲུང་རེད་ཟེར
བདག་གིས་དེ་ལྟར་འདོད་མི་ཐུབ
གནའ་སྔ་མོ བཤད་རྒྱུན་ཞིག་ལ
བློ་མི་ལ་དྲིས ཐག་རང་གིས་གཅོད་ཟེར
དེ་ནི་གནས་ལུགས་ཤིག་གི་སྐྱ་ཐིག་ཞིག་
དོན་དངོས་ཐོག ཁ་སང་དེ་རིང་གི་མི་ལ
ཐག་གཅོད་བྱེད་པའི་རྣམ་རིག་དེ་ཡོད་མེད་ཐད་དུ
ངས་ཞིབ་མོ་བློ་ཡིས་ཡང་ཡང་བརྟག་ཁུལ་བྱས
གཞན་ལ་མང་བོ་མང་བོ་ཞིག་འདྲི་ཁུལ་བྱས་ཀྱང་
མཐར་ཐུག་ནི རང་སེམས་སུ་མི་གཡོ་བའི་གནའ་མི་དག་གི
གསུབ་དུ་མེད་པའི་རང་གཤིས་དེ་ལས
བཅོས་ཟློས་ཀྱི་མི་གཟུགས་ང་ཚོ་ནི་རྩྭ་རྐང་གཅིག་ལས་མ་སྣང་
འདི་ནི་བདེན་པ་ཞིག་མིན་ཤས་ཆེ་ཡང་
གང་ལྟར ངས་སྣང་ངོ་ན་འདི་དག་གསལ་ལེར་མངོན