(མིག་ཆུའི་ཕེབས་སྐྱེལ་དེ་ཡོངས་སུ་གྲུབ་རྗེས།)
ཐོར་རྒོད་པ་སྤྱན་ཆབ།
དཔའ་བོའི་ཞལ་ཆེམས་བོར་བའི་དུས་ཚོད་དེར
མ་དང་སྲིང་མོའི་ཞལ་རས་ལས་རྔུལ་ཆུ་མང་པོ་ཁོལ་སོང
མིག་ཆུ་མང་པོ་བསྐྱིལ་བའི་ཞོགས་པ་དེར
ཡིད་སེམས་ཀྱི་ཟབ་ས་རུ་ན་ཟུག་མང་པོ་བསླངས་བྱུང
གོམ་པ་རེ་རེས་བདེན་པ་གཞལ་ཅིང
ངལ་དུབ་རེ་རེས་གནས་ལུགས་བཤད་དུས
ཁྱོད་ཅག་གི་ནམ་མཁའ་ན་ཉི་མ་ཞིག་ཡོད་ངེས
ཁྱོད་ཅག་གི་ས་གཞི་ན་རྐང་ལམ་ཕྲ་མོ་དེ་ཡོད་ངེས
དར་ཆ་གཡོ་བ་དེས་སེམས་པ་མང་པོ་སྒུལ་གྱིན་འདུག
གོམ་ཆུང་བོར་བ་དེས་ཀྱང་དུང་བ་བ་མང་པོ་བསྐྱེད་ཀྱིན་འདུག
མི་ཡུལ་ནས་མི་ཡུལ་ལ་ཆས་པའི་སྐྱབས་བཅོལ་བའི་རྐང་དམག་ཡོད་ཚད
ད་ནངས རྒྱུག་ཤར་གློད་ནས་མར་མར་ལ་བཞུད་ནའང
ཉིན་རྒྱབ གཅིག་ལས་གཅིག་མགྱོགས་ཀྱིས་རང་མལ་སྙེགས་པས
འདི་ནས་བསམ་དགོས་པ་ཅིག་དང་དྲན་ན་འོས་པ་ཞིག་གི་དབུ་ཁྱུད་བྲིས
མ་དང་སྲིང་མོའི་སེམས་དང་རྐང་ལག་གི་སྲ་སྙི་ཡོད་ཚད
ལམ་དང་དམག་མིས་ལས་དང་རང་ཉིད་ཀྱི་དཔའ་སྤོབས་ཐམས་ཅད
ད་ནི་ཡོད་ཚད་རང་ཉིད་དང་བདེན་པ་དང་ཨུ་ཚུགས་ཁོ་ན་ལས་མེད་པས
ངས་ནི་ཁྱོད་ལ་རྒྱབ་བཤད་དང་དྲང་པོ་དང་སྨོན་སེམས་ཅིག་བཏང་ཡོད།
2012/03/10 མཚན་མོར།
ལྷག་བསམ་ཁྲི་མ་འབུམ་གྱི་ཕྱུག།
སྙིང་སྟོབས་ཁ་བའི་ཡུལ་དུ་བརྗིད།།
ཡུན་འཕྲད་སྐྱོ་གཞས་རྒྱང་དུ་འཕང་།།
ལ་རྒྱའི་དོན་དུ་ཡོད་ཚད་དོར།།
མ་འོངས་སྐྱིད་པའི་བདེན་པ་ལ།།
ཆོད་སེམས་དམར་པོས་བསྣོན་པ་རྒྱབ།།
དཀའ་སྡུག་ཅི་བྱུང་རྒྱབ་ཏུ་གཡུག།
རྡོག་སྒྲ་རེ་རེས་བདེན་པ་བསུ།།
སེམས་ཤུགས་འདུག་ཡག་པོ་རེད། ལམ་ཁར་ཐུགས་འཇགས་གནང་རོགས།
ཉིད་ཀྱི་རང་གི་བུ་ཕྲུག་ལ་བཞག་པའི་ཐ་མའི་འཕྲིན་ཡིག་དེས་མང་པོ་ཞིག་སེམས་འགུལ་ཐེབས་བཅུག་སོང་། བྱ་བ་ལམ་འགྲོ་དང་ཇི་བསམ་དོན་ཁྱོལ་ཡོང་བའི་སྨོན་འདུན་ཡོད།
རེ་དོགས་དང་ཡིད་ཆད་ཀྱི་ངང་ནས་ཁྱོད་དང་ཀྱི་ཨ་མ་དང་གསུམ་ལམ་ལ་འཆས་བའི་གཏམ་རྣ་ལམ་
དུ་སོན་དུས་སྐྱོ་གདུང་གི་མིག་ཆུ་ས་མཐའ་ནས་ཤོར་སོང་བཤད་མི་ཤེས་པའི་ན་ཟུག་ཅིག་སྙིང ་ཁོངས
ནས་ལྡིང་སོང་བསམ་བསམ་པའི་མཐའ་མར་ལམ་ཁ ་འདི་འདྲ་ཞིག་བཙལ་པ་ནི་བོད་པ་ཚང་གི་ལས་དབང
ཡིན་ནམ་་་་་་་་གྲོགས་པོ་ལགས་ལམ་ཁ་ནས་རང་ཉིད་དང་ཨ་མ་སྲིང་མོ་གསུམ་གྱི་སྐུ་གཟུགས་ལ
གཅེས་སྐྱོང་གནང་རོགས