མི་འགྱུར་རིན་པོ་ཆེར་དྲན་པ་ཉེར་བཞག་གི་སྒོམ་གྱི་སྐོར་བཅར་འདྲི། Posted on 2016-07-142016-07-14 By ཁ་བརྡ་ 16 Comments on མི་འགྱུར་རིན་པོ་ཆེར་དྲན་པ་ཉེར་བཞག་གི་སྒོམ་གྱི་སྐོར་བཅར་འདྲི། གློག་བརྙན་།
མི་འགྱུར་གཡུང་དྲུང་རིན་པོ་ཆེ་མཆོག་ལ་ན་མོ། སེམས་རང་སར་ཞི་ཞིང་རང་སར་གྲོལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་སྤེལ་བའི་འགྲོ་དོན་རྒྱས་པར་ཤོག ། །
མི་འགྱུར་རིན་པོ་ཆེ་གཅིག་ཆ་ན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་ངེས་ཆེ། ཡོངས་འཛིན་རིན་པོ་ཆེ་མཛད་པ་རྣམས་བློ་ཡུལ་དུ་འཆར་དཀའ། གང་གི་གསུང་རྩོམ་སྐྱེ་རབས་སོ་བཞི་པ་དང་། དགེ་ལྡན་བླ་མ་མཆོད་པའི་འགྲེལ་པ་སོགས་གསུང་འབུམ་པོད་ཉི་ཤུ་རྩ་གྲངས་བཞུགས། མིག་ལོངས་པ་རྣམས་མིག་འབྱེད་མཁན་། སྐྱིད་གྲོང་ནས་ལྷ་ས་རུ་བོས་པར་མཛད་དེ། མིག་འབྱེད་དུ་འཇུག་པར་མཛད་པ་སོགས་ཡོད་འདུག དིང་སང་བོད་པའི་ལྷ་རྗེའི་གྲས་སུ་མིག་འབྱེད་ཐུབ་མཁན་རིགས་ཡོད་དམ། ཁོ་བོས་ནི་བོད་པའི་སྨན་པའི་དཀྱིལ་ན་དེ་འདྲ་ཡོད་པ་ཞིག་གོ་མ་མྱོང་། དེའི་དུས་ཀྱི་མིག་འབྱེད་མཁན་དེ་བོད་རིགས་ཡིན་ན། ཉམས་ལེན་དེ་བོད་དུ་ཇི་ལྟར་ཉམས་པ་ཡིན་ནམ། ང་བྱིས་པའི་སྐབས་སུ་ཕྱི་གླིང་པ་ལ་དྭགས་སུ་མིག་གི་ལིང་ཏོག་མེད་པར་བཟོ་ཐུབ་མཁན་ཡོད་པ་གོ་བྱུང་།
མིག་གཤག་བཅོས་ནི་སྲོང་བཙན་སྒམ་པོའི་སྔོན་ནས་དར་འདུག བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྤྱན་ལ་གཤགས་བཅོས་བཏང་བ་ནས་ཤེས་ཐུབ། ཡིན་ནའི། རྗེས་ལ་རིམ་པས་ཉམས་འདུག་ལ། ཕས་བུ་ལ་སྙན་བརྒྱུད་དང་བུ་གཅིག་ལས་གཅིག་ལྐུགས་པ་ཡིན་པས་སོ།
ལ་དྭགས་པ། བླ་མ་ཡག་པོ་ཡོད་ན་དགེ་ལྡན་པ་ཡེ་ཤེས་རྒྱལ་མཚན་གྱི་ཡང་སྲིད་ཡིན་པ་ཁྱབ་པར་ཐལ། ཆོ་མེད་པའི་གཏམ། ཕྱོགས་རིས་ཆེ་བའི་གཏམ།
འབྲོང་བུ་སོག་ཚ། ཕྱོགས་རིས་ཆེ་བའི་གཏམ་ལ་དྭགས་པ་ལ་ཁྲུ་གང་ཡོད་ན། འབྲོང་བུ་སོག་ཚ་ཁྱོད་ལ་འདོམ་གང་ཡོད་པ་ཐག་ཆོད།
ཡིན་ནའང་བརྗོད་བྱ་དྲན་པ་ཉེར་བཞག་གི་སྐོར་ལ་གང་ཡང་གསུངས་མི་འདུག ཡིད་ཅུང་ཕམ་བྱུང་། ཕྱིས་སུ་དེའི་སྐོར་ལ་གསུངས་པའི་རེ་བ་ཡོད།
ཡང་དྲྭ་འབུ་ལས་ངན་ཞིག་འདིར་བསླེབས་བྱུང་། བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེར་ཡག་པོ་མེད་ཟེར་མཁན་དེ་སུ་ཡིན་ཁྱོད་ལ་རྒྱུ་མཚན་ཅི་བཤད་རྒྱུ་ཡོད་ཤོད་ཅིག
མི་འགྱུར་རིན་པོ་ཆེའི་སྒོམ་འཁྲིད་གནང་སྟངས་འདི། དེང་སང་འཛམ་བུ་གླིང་གི་ཕྱོགས་གང་སར་གྲོང་དང་གྲོང་ཁྱེར་ན་གནས་པའི་མི་བྲེལ་བ་ཅན་ཚོར་ཁ་ཡོད་ལག་ཡོད་ཕན་ཐོགས་ཆེ།། ཁོང་གིས་སྒོམ་འཁྲིད་གང་དང་གང་གནང་ཡང་ཏོག་ཙམ་མི་འདྲ་བ། གོ་བདེ་བ། སེམས་ཁམས་ལ་ཟུག་པོ་དང་། ཞི་བདེ་འདྲེན་པའི་མྱོང་ཁྲིད་རང་རེད་འདུག་ཞུས་ན་ལོས་ཆོག།། །།
སྤྲུལ་སྐུ་མི་འགྱུར་གྱི་སེམས་ཁྲིད་ནི་མྱོང་ཁྲིད་ཅེས་བྱ་བ་སྟེ་བླ་ན་མེད་པའི་གསུང་ལ་མོས་གུས་ཡང་དག་པ་ཡོད་ཐུགས་རྗེ་ཆེ།
མཁས་དབང་(གེ་རལ་ཊུ་པ་རེ་)ཡིས་མཛད་པའི་ཚན་རིག་གི་བསྟན་བཅོས་ཆེན་མོ་ལས། ནང་ཆོས་ནི་ཚན་རིག་ཡིན་པ་མ་གཏོགས་ཡོངས་གྲགས་ཀྱི་ཆོས་ལུགས་དང་ལྟ་གྲུབ་གང་ཡང་མིན། ཚན་རིག་གི་ཕ་དང་དེ་ཐོག་མར་སྲོལ་གཏོད་མཁན་རྒྱལ་སྲས་གཞོན་ནུ་དོན་གྲུབ་བམ་སྟོན་པ་བཅོམ་ལྡན་འདས་ཡིན་པ་མ་གཏོགས་(Wundt/Freud)(ཝུན་ཌ་ཊའམ་)ཕི་རི་འོ་ཊ་མ་ཡིན། དེས་ན་ང་ཚོས་དྲང་པོའི་སྒོ་ནས་བཤད་ཐུབ་པ་ཞིག་ལ་ནང་ཆོས་ནི་ཚན་རིག་ལྟར་མི་སུ་ལའང་འཐོབ་ཐུབ་པའི་ཤེས་ཡོན་ཞིག་ཡིན་ཞེས་དང་། དེ་བཞིན་རྒྱ་གར་གྱི་མཁས་དབང་(ཨཅརྱ་བི་ནོ་བ་བྷབེས)། ཚན་རིག་གིས་ནང་དོན་རིག་པ་ལ་བརྟེན་པ་དང་། ནང་དོན་རིག་པའི་ཚན་རིག་ལ་བརྟེན་པ་ཡིན་ན་འཇིག་རྟེན་གྱི་ཕན་བདེ་ཆེན་པོ་ཞིག་བསྒྲུབ་ཐུབ་ཀྱི་རེད། ད་ལྟ་ཚན་རིག་དང་ནང་དོན་རིག་པ་གཉིས་ཡར་རྒྱས་འགྲོ་བཞིན་པ་དང་། ཉིན་ཞིག་ཡར་རྒྱས་མཐར་ཐུག་པའི་སྐབས་ལ་ཚན་རིག་དང་ནང་དོན་རིག་པ་གཉིས་ཀ་མཉམ་དུ་སླེབས་ཡོང་གི་རེད་དེ་དུས་ཚན་རིག་དང་ནང་དོན་རིག་པ་གཉིས་ལོགས་སུ་སོ་སོར་མ་བསྡད་པར་གཅིག་ཆགས་འགྲོ་ཡི་རེད་ཅེས་གསུངས་ཡོད། རླབས་ཆེན་གྱི་ཚན་རིག་མཁས་ཅན་(ཨེན་སི་ཐན་)གྱིས། གལ་ཏེ་ཚན་རིག་ལ་ཁས་ལེན་དང་དགོས་མཁོ་སྐོང་ཐུབ་མཁན་ཞིག་དང་། ཚན་རིག་དང་ཕན་ཚུན་བརྟེན་རེས་དང་མཉམ་གནས་བྱེད་པའི་ཆོས་ལུགས་ཤིག་ཡོད་ན། དེ་ནི་སངས་རྒྱས་ཆོས་ལུགས་ཡིན་ངེས་ཅན་རེད། ད་དུང་ནང་ཆོས་ནི་ཚན་རིག་ཡོངས་ཀྱི་འགུལ་ཤུགས་ཡོང་རྐྱེན་དེ་ཡིན་ཞེས་གསུངས། ཞེས་དང་། རྒྱ་ནག་ཉེ་རབས་བསམ་བློ་བ་(ཀྲང་ཐའི་ཡན་)གྱིས། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་ལ་ཤེས་རབ་ཅན་གྱི་མི་ཞིག་མི་དད་པའི་རང་དབང་མེད། ཞེས་དང། འཛམ་གླིང་དབྱིབས་རྩིས་རིག་པའི་ཕ་རྒན་རབ་འབྱམས་པ་(བུས་ལིས)། གལ་སྲིད་སངས་རྒྱས་ཆོས་གཞུང་ནས་རྒྱུ་འབྲས་ཀྱིས་གཅུན་པ་མེད་ན། འཇིག་རྟེན་འདི་རྙོག་འཛིང་ཁོ་ན་ཉིད་དོ། །ཞེས་དང་། རྒྱ་ནག་དེང་རབས་ཚན་རིག་པ་(ཡོས་གྲུ་པེའོ)ཡིས། སངས་རྒྱས་ཆོས་ལུགས་ནི་རྨོངས་དད་མ་ཡིན་པ་མ་ཟད་ད་དུང་རྨོངས་དད་སེལ་བྱེད་ཀྱི་ཆེས་དཔྱིས་ཕྱིན་པའི་ཚན་རིག་གི་རྩ་བའི་རིག་པ་ཞིག་རེད། ཚན་རིག་གི་ཡོན་ཚད་ཇི་ལྟར་ཟབ་པ་དེ་ལྟར་སངས་རྒྱས་ཆོས་གཞུང་གི་ཆེས་འགྲེལ་བཤད་དཀའ་བའི་བདེན་དོན་དག་འགྲེལ་ཐུབ། ཞེས་དང་། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་(ཧང་ནེན་ཙོས)། སངས་རྒྱས་ཆོས་ལུགས་ནི་ཆོས་ལུགས་ཡིན་ཡང་ཆོས་ལུགས་ལས་བརྒལ་བ་དང་། ཚན་ཉིད་རིག་པ་ཡིན་ཡང་ཚན་ཉིད་རིག་པ་ལས་བརྒལ་བ། ཚན་རིག་ཡིན་ཡང་ཚན་རིག་ལས་བརྒལ་བའོ། །ཞེས་དང་། རྒྱ་ནག་ཉེ་རབས་མཁས་དབང་གྲགས་ཅན་(ལོས་ཤུན)གྱིས། ཤཱཀྱ་མུ་ནེ་ནི་དངོས་གནས་མཚན་ཉིད་རིག་པ་བ་ཆེན་པོ་ཞིག་རེད། ངས་ནམ་རྒྱུན་མི་ཚེ་ལ་འགྲེལ་བཤད་མི་ཐུབ་པའི་གནད་དོན་མང་པོ་ཞིག ཁོང་གིས་ནི་དངོས་སུ་སྔོན་ཞིག་ནས་གསལ་པོར་བསྟན་ཡོད། ཞེས་དང་། རྒྱ་ནག་ཚན་རིག་པ་(ཀྲོའོ་ཆིན་ཧྲིས)། ཚན་རིག་པས་དཀའ་བ་བརྒྱ་ཕྲག་སྤྱད་ནས་རིའི་རྩེར་འཛེགས་དུས། སངས་རྒྱས་ཆོས་ལུགས་ཀྱི་བླ་ཆེན་དམ་པས་ནི་དེར་སྒུག་ནས་ཡུན་རིང་འགོར་ཟིན། ཞེས་དང་། འཇར་མན་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་(ནེའི་ཚའེ)། སངས་རྒྱས་ཆོས་ལུགས་ནི་ལོ་རྒྱུས་སྟེང་དུ་དངོས་གནས་བདེན་དོན་ལ་རྒྱབ་ལྗོངས་དང་མཐོང་ཆེན་བྱེད་པའི་ཆོས་ལུགས་གཅིག་པུ་དེ་ཡིན་འདུག།ཅེས་དང་། འཛམ་གླིང་གི་གྲགས་ཅན་མཁས་དབང་(པ་གི་འུར)གྱིས། འཛམ་གླིང་གི་ཆོས་ལུགས་ཁྲོད་ནས། སངས་རྒྱས་ཆོས་ལུགས་ནི་དངོས་གནས་བརྒྱུད་རིམ་རྗེས་དཔག་གི་རིག་པ་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་གནད་དོན་ལ་བརྟག་དཔྱད་དང་དབྱེ་ཞིབ་བྱེད་ཐུབ་པ་མ་ཟད་གནད་དོན་ཐག་གཅོད་ཀྱི་ཐབས་མཆོག་ཀྱང་ཡིན། ཞེས་དང་། དབྱིན་ཇིའི་མཚན་ཉིད་རིག་པ་(བ་ལོ་ཧྲེས)། འཛམ་གླིང་སྟེང་གི་ཆོས་ལུགས་རྣམས་ལས་ང་རང་ཡི་རང་དང་ཡིད་ཆེས་བྱེད་ས་ནི་ནང་པ་སངས་རྒྱས་ཡིན་ཞེས་གསུངས། ཞེས་དང་། དངོས་ཁམས་རིག་པ་བ་(དབྱང་ཀྲེན་ཉིང་)གིས། ནང་ཆོས་དང་ཚན་རིག་གཉིས་གཞི་གཅིག་ཏུ་འབྲེལ་ཡོད་ཅེས་གསུངས། ཞེས་དང་། གསར་བརྗེ་མཁན་(སུན་ཀྲུང་ཁྲན་)གྱིས། སངས་རྒྱས་ཆོས་ལུགས་ནི་འཇིག་རྟེན་མགོན་སྐྱབས་དང་། སངས་རྒྱས་ཆོས་ལུགས་ནི་མཚན་ཉིད་རིག་པའི་མ་མ་དང་། སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་ན་ཚན་རིག་པའི་ལམ་ནོར་ཡོ་བསྲང་བྱ་ཐུབ་ཅེས་གསུངས། ཞེས་གསུངས། ལུང་འདི་དག་བོད་དཔེ་མཛོད་ཀྱི་ཚན་རིག་དུས་དེབ་དང་ཀུན་སྨོན་དྲ་བ་གཉིས་ལས་དྲངས་པ་ཡིན། འདིར་དྲངས་པའི་ལུང་རྣམས་ལོ་རྒྱུས་ཀྱི་ཚུལ་དུ་དྲངས་པ་ལས་སྒྲུབ་བྱེད་ཀྱི་ཚུལ་དུ་དྲངས་པ་མིན། སྤྱིར་ནང་ཆོས་དང་ཚན་རིག་གཉིས་མཐུན་ཆ་ཡོད་མེད་མི་སོ་སོས་རིགས་པས་དཔྱད་ནས་ཐག་གཅོད་དགོས་པ་ལས། མཁས་པ་ག་གེ་མོ་འགས་གསུངས་མིན་དེ་གནད་འགག་གང་ཡང་མིན། ལུང་འདི་ཚོ་ཚད་ཐུབ་དང་ཁུངས་འཕེར་ཡིན་མིན་ཐོག་ལ་མཁྱེན་མཁན་ཡོད་ན་ཡོད་གསུངས་རོགས།
མི་འགྱུར་གཡུང་དྲུང་རིན་པོ་ཆེ་མཆོག་ལ་ན་མོ། སེམས་རང་སར་ཞི་ཞིང་རང་སར་གྲོལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་སྤེལ་བའི་འགྲོ་དོན་རྒྱས་པར་ཤོག ། །
ཁོང་གི་སློབ་འཁྲིད་ལས། བྱ་བྲལ་དུ་ཕེབས་པའི་རང་རྣམ་དེ་སེམས་ལ་ཕན་ཆེ་བ་འདུག ཆ་ཚང་གོ་ཐོས་ཡོད་ཀྱང་་་
མི་འགྱུར་རིན་པོ་ཆེ་གཅིག་ཆ་ན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་ངེས་ཆེ། ཡོངས་འཛིན་རིན་པོ་ཆེ་མཛད་པ་རྣམས་བློ་ཡུལ་དུ་འཆར་དཀའ། གང་གི་གསུང་རྩོམ་སྐྱེ་རབས་སོ་བཞི་པ་དང་། དགེ་ལྡན་བླ་མ་མཆོད་པའི་འགྲེལ་པ་སོགས་གསུང་འབུམ་པོད་ཉི་ཤུ་རྩ་གྲངས་བཞུགས། མིག་ལོངས་པ་རྣམས་མིག་འབྱེད་མཁན་། སྐྱིད་གྲོང་ནས་ལྷ་ས་རུ་བོས་པར་མཛད་དེ། མིག་འབྱེད་དུ་འཇུག་པར་མཛད་པ་སོགས་ཡོད་འདུག
དིང་སང་བོད་པའི་ལྷ་རྗེའི་གྲས་སུ་མིག་འབྱེད་ཐུབ་མཁན་རིགས་ཡོད་དམ། ཁོ་བོས་ནི་བོད་པའི་སྨན་པའི་དཀྱིལ་ན་དེ་འདྲ་ཡོད་པ་ཞིག་གོ་མ་མྱོང་། དེའི་དུས་ཀྱི་མིག་འབྱེད་མཁན་དེ་བོད་རིགས་ཡིན་ན། ཉམས་ལེན་དེ་བོད་དུ་ཇི་ལྟར་ཉམས་པ་ཡིན་ནམ། ང་བྱིས་པའི་སྐབས་སུ་ཕྱི་གླིང་པ་ལ་དྭགས་སུ་མིག་གི་ལིང་ཏོག་མེད་པར་བཟོ་ཐུབ་མཁན་ཡོད་པ་གོ་བྱུང་།
མིག་གཤག་བཅོས་ནི་སྲོང་བཙན་སྒམ་པོའི་སྔོན་ནས་དར་འདུག བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྤྱན་ལ་གཤགས་བཅོས་བཏང་བ་ནས་ཤེས་ཐུབ། ཡིན་ནའི། རྗེས་ལ་རིམ་པས་ཉམས་འདུག་ལ། ཕས་བུ་ལ་སྙན་བརྒྱུད་དང་བུ་གཅིག་ལས་གཅིག་ལྐུགས་པ་ཡིན་པས་སོ།
ལ་དྭགས་པ། བླ་མ་ཡག་པོ་ཡོད་ན་དགེ་ལྡན་པ་ཡེ་ཤེས་རྒྱལ་མཚན་གྱི་ཡང་སྲིད་ཡིན་པ་ཁྱབ་པར་ཐལ། ཆོ་མེད་པའི་གཏམ། ཕྱོགས་རིས་ཆེ་བའི་གཏམ།
འབྲོང་བུ་སོག་ཚ།
ཕྱོགས་རིས་ཆེ་བའི་གཏམ་ལ་དྭགས་པ་ལ་ཁྲུ་གང་ཡོད་ན། འབྲོང་བུ་སོག་ཚ་ཁྱོད་ལ་འདོམ་གང་ཡོད་པ་ཐག་ཆོད།
ཡིན་ནའང་བརྗོད་བྱ་དྲན་པ་ཉེར་བཞག་གི་སྐོར་ལ་གང་ཡང་གསུངས་མི་འདུག ཡིད་ཅུང་ཕམ་བྱུང་། ཕྱིས་སུ་དེའི་སྐོར་ལ་གསུངས་པའི་རེ་བ་ཡོད།
ཐུགས་རྗེ་ཆེ། བློ་སྐྱེད་ཆེན་པོ་བྱུང་།
ད་གང་ཤེས། ཁོ་རང་གི་རྩ་བའི་བླ་མ་སི་ཏུ་པ་དེ་ཡག་པོ་མེད། ལོ་རྒྱུས་མང་པོ་ཡོད། ད་གཡུག་བཞོག
ཡང་དྲྭ་འབུ་ལས་ངན་ཞིག་འདིར་བསླེབས་བྱུང་། བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེར་ཡག་པོ་མེད་ཟེར་མཁན་དེ་སུ་ཡིན་ཁྱོད་ལ་རྒྱུ་མཚན་ཅི་བཤད་རྒྱུ་ཡོད་ཤོད་ཅིག
མི་འགྱུར་རིན་པོ་ཆེའི་སྒོམ་འཁྲིད་གནང་སྟངས་འདི། དེང་སང་འཛམ་བུ་གླིང་གི་ཕྱོགས་གང་སར་གྲོང་དང་གྲོང་ཁྱེར་ན་གནས་པའི་མི་བྲེལ་བ་ཅན་ཚོར་ཁ་ཡོད་ལག་ཡོད་ཕན་ཐོགས་ཆེ།། ཁོང་གིས་སྒོམ་འཁྲིད་གང་དང་གང་གནང་ཡང་ཏོག་ཙམ་མི་འདྲ་བ། གོ་བདེ་བ། སེམས་ཁམས་ལ་ཟུག་པོ་དང་། ཞི་བདེ་འདྲེན་པའི་མྱོང་ཁྲིད་རང་རེད་འདུག་ཞུས་ན་ལོས་ཆོག།། །།
བྱ་བྲལ་དུ་ཕེབས་པའི་རང་རྣམ།
https://www.facebook.com/AOLLifestyle/videos/1045525165533142/
བྱ་བྲལ་རང་རྣམ་མུ་མཐུད།
https://www.youtube.com/watch?v=ZXCuzh4F7fs
སྤྲུལ་སྐུ་མི་འགྱུར་གྱི་སེམས་ཁྲིད་ནི་མྱོང་ཁྲིད་ཅེས་བྱ་བ་སྟེ་བླ་ན་མེད་པའི་གསུང་ལ་མོས་གུས་ཡང་དག་པ་ཡོད་ཐུགས་རྗེ་ཆེ།
བཀྲ་ཤིས་བདེ་ལེགས།
མཁས་དབང་(གེ་རལ་ཊུ་པ་རེ་)ཡིས་མཛད་པའི་ཚན་རིག་གི་བསྟན་བཅོས་ཆེན་མོ་ལས། ནང་ཆོས་ནི་ཚན་རིག་ཡིན་པ་མ་གཏོགས་ཡོངས་གྲགས་ཀྱི་ཆོས་ལུགས་དང་ལྟ་གྲུབ་གང་ཡང་མིན། ཚན་རིག་གི་ཕ་དང་དེ་ཐོག་མར་སྲོལ་གཏོད་མཁན་རྒྱལ་སྲས་གཞོན་ནུ་དོན་གྲུབ་བམ་སྟོན་པ་བཅོམ་ལྡན་འདས་ཡིན་པ་མ་གཏོགས་(Wundt/Freud)(ཝུན་ཌ་ཊའམ་)ཕི་རི་འོ་ཊ་མ་ཡིན། དེས་ན་ང་ཚོས་དྲང་པོའི་སྒོ་ནས་བཤད་ཐུབ་པ་ཞིག་ལ་ནང་ཆོས་ནི་ཚན་རིག་ལྟར་མི་སུ་ལའང་འཐོབ་ཐུབ་པའི་ཤེས་ཡོན་ཞིག་ཡིན་ཞེས་དང་། དེ་བཞིན་རྒྱ་གར་གྱི་མཁས་དབང་(ཨཅརྱ་བི་ནོ་བ་བྷབེས)། ཚན་རིག་གིས་ནང་དོན་རིག་པ་ལ་བརྟེན་པ་དང་། ནང་དོན་རིག་པའི་ཚན་རིག་ལ་བརྟེན་པ་ཡིན་ན་འཇིག་རྟེན་གྱི་ཕན་བདེ་ཆེན་པོ་ཞིག་བསྒྲུབ་ཐུབ་ཀྱི་རེད། ད་ལྟ་ཚན་རིག་དང་ནང་དོན་རིག་པ་གཉིས་ཡར་རྒྱས་འགྲོ་བཞིན་པ་དང་། ཉིན་ཞིག་ཡར་རྒྱས་མཐར་ཐུག་པའི་སྐབས་ལ་ཚན་རིག་དང་ནང་དོན་རིག་པ་གཉིས་ཀ་མཉམ་དུ་སླེབས་ཡོང་གི་རེད་དེ་དུས་ཚན་རིག་དང་ནང་དོན་རིག་པ་གཉིས་ལོགས་སུ་སོ་སོར་མ་བསྡད་པར་གཅིག་ཆགས་འགྲོ་ཡི་རེད་ཅེས་གསུངས་ཡོད། རླབས་ཆེན་གྱི་ཚན་རིག་མཁས་ཅན་(ཨེན་སི་ཐན་)གྱིས། གལ་ཏེ་ཚན་རིག་ལ་ཁས་ལེན་དང་དགོས་མཁོ་སྐོང་ཐུབ་མཁན་ཞིག་དང་། ཚན་རིག་དང་ཕན་ཚུན་བརྟེན་རེས་དང་མཉམ་གནས་བྱེད་པའི་ཆོས་ལུགས་ཤིག་ཡོད་ན། དེ་ནི་སངས་རྒྱས་ཆོས་ལུགས་ཡིན་ངེས་ཅན་རེད། ད་དུང་ནང་ཆོས་ནི་ཚན་རིག་ཡོངས་ཀྱི་འགུལ་ཤུགས་ཡོང་རྐྱེན་དེ་ཡིན་ཞེས་གསུངས། ཞེས་དང་།
རྒྱ་ནག་ཉེ་རབས་བསམ་བློ་བ་(ཀྲང་ཐའི་ཡན་)གྱིས། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་ལ་ཤེས་རབ་ཅན་གྱི་མི་ཞིག་མི་དད་པའི་རང་དབང་མེད། ཞེས་དང།
འཛམ་གླིང་དབྱིབས་རྩིས་རིག་པའི་ཕ་རྒན་རབ་འབྱམས་པ་(བུས་ལིས)། གལ་སྲིད་སངས་རྒྱས་ཆོས་གཞུང་ནས་རྒྱུ་འབྲས་ཀྱིས་གཅུན་པ་མེད་ན། འཇིག་རྟེན་འདི་རྙོག་འཛིང་ཁོ་ན་ཉིད་དོ། །ཞེས་དང་།
རྒྱ་ནག་དེང་རབས་ཚན་རིག་པ་(ཡོས་གྲུ་པེའོ)ཡིས། སངས་རྒྱས་ཆོས་ལུགས་ནི་རྨོངས་དད་མ་ཡིན་པ་མ་ཟད་ད་དུང་རྨོངས་དད་སེལ་བྱེད་ཀྱི་ཆེས་དཔྱིས་ཕྱིན་པའི་ཚན་རིག་གི་རྩ་བའི་རིག་པ་ཞིག་རེད། ཚན་རིག་གི་ཡོན་ཚད་ཇི་ལྟར་ཟབ་པ་དེ་ལྟར་སངས་རྒྱས་ཆོས་གཞུང་གི་ཆེས་འགྲེལ་བཤད་དཀའ་བའི་བདེན་དོན་དག་འགྲེལ་ཐུབ། ཞེས་དང་།
པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་(ཧང་ནེན་ཙོས)། སངས་རྒྱས་ཆོས་ལུགས་ནི་ཆོས་ལུགས་ཡིན་ཡང་ཆོས་ལུགས་ལས་བརྒལ་བ་དང་། ཚན་ཉིད་རིག་པ་ཡིན་ཡང་ཚན་ཉིད་རིག་པ་ལས་བརྒལ་བ། ཚན་རིག་ཡིན་ཡང་ཚན་རིག་ལས་བརྒལ་བའོ། །ཞེས་དང་།
རྒྱ་ནག་ཉེ་རབས་མཁས་དབང་གྲགས་ཅན་(ལོས་ཤུན)གྱིས། ཤཱཀྱ་མུ་ནེ་ནི་དངོས་གནས་མཚན་ཉིད་རིག་པ་བ་ཆེན་པོ་ཞིག་རེད། ངས་ནམ་རྒྱུན་མི་ཚེ་ལ་འགྲེལ་བཤད་མི་ཐུབ་པའི་གནད་དོན་མང་པོ་ཞིག ཁོང་གིས་ནི་དངོས་སུ་སྔོན་ཞིག་ནས་གསལ་པོར་བསྟན་ཡོད། ཞེས་དང་།
རྒྱ་ནག་ཚན་རིག་པ་(ཀྲོའོ་ཆིན་ཧྲིས)། ཚན་རིག་པས་དཀའ་བ་བརྒྱ་ཕྲག་སྤྱད་ནས་རིའི་རྩེར་འཛེགས་དུས། སངས་རྒྱས་ཆོས་ལུགས་ཀྱི་བླ་ཆེན་དམ་པས་ནི་དེར་སྒུག་ནས་ཡུན་རིང་འགོར་ཟིན། ཞེས་དང་།
འཇར་མན་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་(ནེའི་ཚའེ)། སངས་རྒྱས་ཆོས་ལུགས་ནི་ལོ་རྒྱུས་སྟེང་དུ་དངོས་གནས་བདེན་དོན་ལ་རྒྱབ་ལྗོངས་དང་མཐོང་ཆེན་བྱེད་པའི་ཆོས་ལུགས་གཅིག་པུ་དེ་ཡིན་འདུག།ཅེས་དང་།
འཛམ་གླིང་གི་གྲགས་ཅན་མཁས་དབང་(པ་གི་འུར)གྱིས། འཛམ་གླིང་གི་ཆོས་ལུགས་ཁྲོད་ནས། སངས་རྒྱས་ཆོས་ལུགས་ནི་དངོས་གནས་བརྒྱུད་རིམ་རྗེས་དཔག་གི་རིག་པ་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་གནད་དོན་ལ་བརྟག་དཔྱད་དང་དབྱེ་ཞིབ་བྱེད་ཐུབ་པ་མ་ཟད་གནད་དོན་ཐག་གཅོད་ཀྱི་ཐབས་མཆོག་ཀྱང་ཡིན། ཞེས་དང་།
དབྱིན་ཇིའི་མཚན་ཉིད་རིག་པ་(བ་ལོ་ཧྲེས)། འཛམ་གླིང་སྟེང་གི་ཆོས་ལུགས་རྣམས་ལས་ང་རང་ཡི་རང་དང་ཡིད་ཆེས་བྱེད་ས་ནི་ནང་པ་སངས་རྒྱས་ཡིན་ཞེས་གསུངས། ཞེས་དང་།
དངོས་ཁམས་རིག་པ་བ་(དབྱང་ཀྲེན་ཉིང་)གིས། ནང་ཆོས་དང་ཚན་རིག་གཉིས་གཞི་གཅིག་ཏུ་འབྲེལ་ཡོད་ཅེས་གསུངས། ཞེས་དང་།
གསར་བརྗེ་མཁན་(སུན་ཀྲུང་ཁྲན་)གྱིས། སངས་རྒྱས་ཆོས་ལུགས་ནི་འཇིག་རྟེན་མགོན་སྐྱབས་དང་། སངས་རྒྱས་ཆོས་ལུགས་ནི་མཚན་ཉིད་རིག་པའི་མ་མ་དང་། སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་ན་ཚན་རིག་པའི་ལམ་ནོར་ཡོ་བསྲང་བྱ་ཐུབ་ཅེས་གསུངས། ཞེས་གསུངས། ལུང་འདི་དག་བོད་དཔེ་མཛོད་ཀྱི་ཚན་རིག་དུས་དེབ་དང་ཀུན་སྨོན་དྲ་བ་གཉིས་ལས་དྲངས་པ་ཡིན། འདིར་དྲངས་པའི་ལུང་རྣམས་ལོ་རྒྱུས་ཀྱི་ཚུལ་དུ་དྲངས་པ་ལས་སྒྲུབ་བྱེད་ཀྱི་ཚུལ་དུ་དྲངས་པ་མིན། སྤྱིར་ནང་ཆོས་དང་ཚན་རིག་གཉིས་མཐུན་ཆ་ཡོད་མེད་མི་སོ་སོས་རིགས་པས་དཔྱད་ནས་ཐག་གཅོད་དགོས་པ་ལས། མཁས་པ་ག་གེ་མོ་འགས་གསུངས་མིན་དེ་གནད་འགག་གང་ཡང་མིན།
ལུང་འདི་ཚོ་ཚད་ཐུབ་དང་ཁུངས་འཕེར་ཡིན་མིན་ཐོག་ལ་མཁྱེན་མཁན་ཡོད་ན་ཡོད་གསུངས་རོགས།