བོད་ལ་ཞེན།
ང་ཆོས་ཞུར་མི་འགྲོ
ཁྲི་སྟེང་བླ་མ་མཛེས་ཉམས་ཆེ་ན་ཡང་།།
མིག་ལ་མཛེས་པའི་ཁོག་སྟོང་བུམ་པ་རེད།།
གསེར་མདོག་ཆོས་གོས་གཟི་བྱིན་ཆེ་ན་ཡང་།།
སྦྱིན་བདག་ཨ་མའི་དྲི་ཞིམ་འཐུལ་ནས་བྱུང་།།
ང་བོད་དུ་མི་འགྲོ
བསིལ་ལྡན་གང་ལྗོངས་མཛེས་སྡུག་ཆེ་ན་ཡང་།།
རྒྱ་ནག་དམར་པོའི་དྲག་རྩུབ་ངོམ་ནས་འདུག།
རྩམ་ཟན་མི་རིགས་བློ་ཁོག་ཆེ་ན་ཡང་།།
དཔའ་དང་དཔུང་པ་ངོམ་ས་སྤུན་ཟླ་རེད།།
ང་ཨ་རིར་མི་འགྲོ།
ནུབ་ཕྱོགས་ཨ་རི་རྒྱུ་སྟོབས་ཆེ་ན་ཡང་།།
ཟ་ཁོམ་འཐུང་ཁོམ་མེད་པའི་ལུང་པ་རེད།།
ཚུར་བྱུང་ཨ་སྒོར་དངུལ་ཤུགས་ཆེ་ན་ཡང་།།
རྐུབ་གཡོག་ལག་གཡོག་རྒྱུག་པའི་བྲན་གཡོག་རེད།།
ང་དཔོན་སར་མི་འགྲོ
སྲིད་ཀྱི་སྟེགས་བུ་བརྗིད་ཉམས་ཆེ་ན་ཡང་།།
ཁ་བཤད་ལག་ལེན་དབེན་པའི་ལྦུ་བ་རེད།།
རྒྱལ་ཁབ་ཡར་རྒྱས་ཞལ་ནས་གསུངས་ན་ཡང་།།
དོན་ལ་འགེངས་རྒྱུ་རང་གི་དངུལ་ཁུག་རེད།།
ང་མནའ་མ་ལེན་དུ་མི་འགྲོ
དགའ་བའི་བུ་མོ་སྒེག་ཉམས་དོད་ན་ཡང་།།
ཁོང་ལ་དགོས་པ་དངུལ་ཁུག་རྒྱག་པ་རེད།།
སེམས་ནང་ཡོད་པ་ང་རང་ཟེར་ན་ཡང་།།
རུམ་ནང་ཡོད་པ་ཁྱིམ་མཚེས་རྡོ་རྗེ་རེད།།
ཧེ་ཧེ། ཡག་པོ་འདུག
ང་ཁ་བརྡར་མི་འགྲོ
ཁ་བརྡའི་ནང་ལ་ཚིག་རྩུབ་མཚོན་ཆ་མང་། །
ཁ་བརྡའི་ནང་ལ་འགན་མེད་སྐྱོན་བརྗོད་མང་། །
ཁ་བརྡའི་ནང་ལ་དད་མེད་དམ་ཉམས་མང་། །
ཁ་བརྡའི་ནང་ལ་རྒྱུས་མེད་དྲ་གྲོགས་མང་། །
བོད་ལ་ཞེན་ལགས་ཀྱི་ལད་མོར་བྱས་པ་ཙམ་མོ།།
འཁོར་བ་འདི་ན་ཁབ་གྱི་རྩེ་ཙམ་ཡང།
བདེ་བ་ནམ་ཡང་ཡོད་པ་མ་ཡིན་གསུངས།
རྒྱལ་བའི་བཀའ་ལ་བསླུ་བ་ཅང་སྲིད་དམ།
བདེ་ནས་བདེ་རུ་འགྲོ་བའི་སྨོན་ལམ་ཡོད།