འདྲེ་མགོ་རྡོ།
༄༅།། གཞོན་ནུའི་ཚོགས་ཆེན་དེ་འབྲེལ་གྱི་གླེང་གཞིའང་རེ་ཞིག་འཇགས་ནས་འགྲོ་སྐབས། མི་རྣམས་ཀྱིས་ལོ་རྒྱུས་དང་དེ་རིང་ལ་བལྟས་ཏེ་མི་མང་པོ་ཞིག་སོ་སོའི་བྱས་འབྲས་ཀྱིས་ཕམ་ཉེས་ཕྱིན་པར་ངོས་འཛིན་གནང་གི་ཡོད། ཐ་ན་གཞི་རིམ་མི་མང་ནང་ཁོ་ཚོའི་རིགས་སོས་དལ་ལྷོད་སྡོད་བྱེད་ཐབས་བྲལ་བའང་དངོས་ཡོད་ལྟ་བུར་སོང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྲིད་སྐྱོང་དུས་ཡུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་རང་བཙན་པར་ཁེས་འཆེ་བ་མང་པོ་ཞིག་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དབུ་མའི་ལམ་གྱི་འཕྲིན་ལས་ལ་གནོད་གཞིའི་ཕྱི་ནང་གསང་གསུམ་གྱི་ལས་གཞི་ཅི་བརྩམས་ཀུན་གྱི་བློ་ངོར་གསལ་ཆུབ་བཞིན། ཨ་རིར་གནས་བཞུགས་བདེ་ཆེན་སྤྲུལ་སྐུ་དང་བདེ་ཆེན་སྤྲུལ་འགྲོ་ལུགས་ལ་འདོད་མོས་ཡོད་མཁན་སྟོན་པའི་བཀྲས་མཐོང་ཚང་གི་འཇམ་དབྱངས་ནོར་བུས་བོད་རང་བཙན་གྱི་ནུས་ཤུགས་ཆིག་སྒྲིལ་བྱེད་དགོས་པ་དང། བོད་རང་བཙན་གྱི་རྣམ་པ་ཇེ་གསལ་དུ་གཏོང་དགོས་ཀྱི་འདུག་ཅེས་བཙན་བྱོལ་བོད་མིའི་འདུས་སྡོད་མང་པོར་ཚོགས་འདུ་སྐོང་འཚོགས་དང། ལྷག་པར་བཞུགས་སྒར་ངྷ་རམ་ས་ལར་མདོ་སྟོད་སྤྱི་འཐུས་མང་ཆེ་བ་དང། དབུས་གཙང་སྤྱི་འཐུས་གཅིག བཀའ་བརྒྱུད་སྤྱི་འཐུས་གཅིག་བཅས་མཉམ་ཞུགས་བྱས་པའི་ཚོགས་འདུ་བསྡུ་སྐོང་བྱས་པའི་གནས་ཚུལ་ཐོན་ཡོད།
གཞོན་ནུའི་སྒྲིག་འཛུགས་ཀྱི་དབུས་རྒྱུན་ཚང་མ་རང་བཙན་ཚོགས་འདུ་དེར་མཉམ་ཞུགས་བྱས་ཡོད་པ་མ་ཟད། ནུས་ཤུགས་གལ་ཆེ་འདོན་བློ་ཡོད་པ་བསྟན། དེ་བཞིན་ ༢༠༡༣ ལོའི་གསུམ་བཅུའི་དུས་དྲན་བསྒྲགས་གཏམ་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དུས་སྐབས་ནི་གུ་ཡངས་ཤོས་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད། ངྷ་རམ་ས་ལའི་ཉེ་འཁྲིས་སྦིར་ཟེར་བའི་ས་གནས་དེར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་ཐད་ཀར་དབུས་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་ཆོད་བཞག་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་བྱེད་སྒོའི་སྐབས་དང། དབུ་མའི་ལམ་ཞུགས་པ་གང་ཟག་སྒེར་གྱི་ལས་འགུལ་ལ་ཐད་ཀར་མདུང་རྩེ་ཁ་སྤྲོད་ཀྱི་བསྒྲགས་གཏམ་སྤེལ་རྒྱུ་མངོན་གསལ་ཇེ་དོད་དུ་སོང་ཡོད་པ་དང། སྐལ་ལྡན་བློ་གྲོས་དང་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྒང་དུ་སྤེལ་བའི་གསལ་བསྒྲགས་དེ་གཉིས་ནི་དཔེ་མཚོན་གསལ་ཤོས་ཤིག་ཡིན། དེའི་ནང་མདུང་རྩེ་ཁ་སྤྲོད་དང་ལོ་རྒྱུས་ཀྱི་ཉེས་ཅན་པ་ཟེར་བའི་ཚིག་འབྲུ་འཛེམས་མེད་འཁོད་ཡོད་རྐྱེན། ཐལ་ཆ་ཆེ་ལ་རྣམ་དཔྱོད་ཏིལ་འབྲུ་ཙམ་མེད་པའི་རང་བཙན་ཁ་འཁྱེར་གྱི་ལས་དོན་གནང་ཕྱོགས་དེར་མི་མང་པོ་ཞིག་སྐབས་དེ་དུས་ཡིད་ཐང་རྦད་དེ་ཆད་ཡོད། ཡིན་ནའང། ཁོ་པ་ཚོའི་འཆར་གཞི་ཡོད་པའི་རྣམ་པ་གསལ་བའི་འགུལ་བསྐྱོད་ཇེ་གསལ་དུ་སོང་བ་དང། བཀྲས་མཐོང་འཇམ་དབྱངས་ནོར་བུས་ཡོངས་ཁྱབ་རྩོམ་ཡིག་སྤེལ་སྟེ་༸གོང་ས་མཆོག་གི་སྲིད་འགན་རྩིས་སྤྲོད་ཁ་ཞེ་གཉིས་མེད་མིན་ཚུལ་བཤད་པ་དང། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་འདས་པའི་གྲོས་ཚོགས་ནང་གི་དབུ་མའི་ལམ་གྱི་རྒྱབ་སྐྱོར་ཕྱིར་འཐེན་བྱ་རྒྱུ་དང། ༸གོང་ས་ཆེན་པོ་མཆོག་ཀྱང་དོན་ངོ་མར་རང་བཙན་པ་ཞིག་ལས་དབུ་མའི་ལམ་གསུངས་པ་ནི་སྐྱག་རྫུན་ཡིན་ཚུལ་ཉི་མ་ཁ་དཀར་ངོ་དཀར་ལ་གྲོས་ཚོགས་རྭ་བའི་ནང་བཤད། དེ་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་བརྗིད་རྔམ་དང་གནས་ལུགས་སྦྲེལ་སྟེ་ལོག་བཤད་འཚིང་འབྱིན་མ་ཚང་བ་མེད་པ་གནང་ཡང། གཞུང་གི་འཛིན་སྐྱོང་འགན་འཛིན་བཀའ་ཤག་ནས་དེའི་ཚོད་ཀྱིས་གསལ་བཤད་དང་ལན་འདེབས་གནང་རྒྱུ་མ་རྙེད་པ་ཀུན་ལ་གསལ་ཆུབ་བྱུང་ཞིང། དེ་ལས་འཕྲོས་ཏེ་བཀའ་ཤག་གི་དབུ་མའི་ལམ་དོགས་གཞི་ཤིན་ཏུ་ཆེན་པོ་བྱས་པ་རེད།
མཚམས་འདིར་འཕྲོས་བཤད་ཀྱི་བགྱི་བ་ཅུང་ཙམ་བསྟན་ན། གོང་དུ་དྲངས་ཟིན་པའི་གནད་དོན་ཆེ་ཁག་འདི་རིགས་ལ་སྲིད་སྐྱོང་དང་བཀའ་ཤག་གང་གི་ངོས་ནས་གསལ་བཤད་གནད་འདྲོངས་ཐོན་པ། གནས་ལུགས་ལྡན་པ། དམངས་སེམས་འགུགས་པ་ཞིག་གནང་རྒྱུ་མ་རྙེད་པའམ་མ་གནང་བ་ནི་དོགས་པ་ངེས་པར་དུ་བྱེད་དགོས་པ་ཞིག་ཡིན་པ་སྨྲས་ཅི་ལ་དགོས། བཀའ་ཤག་ནང་དབུ་མའི་ལམ་ལ་བློ་གཏོད་བཅོལ་ས་གསུམ་ཡོད་པ་བདེ་དཔལ་ནང་གསུམ་གྱི་བཀའ་བློན་ཡིན་པར་ཡོངས་གྲགས་ཆགས་ཡོད་ལ། བདེ་དཔལ་གཉིས་བཀའ་ཤག་སྐབས་སྔོན་མར་བཀའ་བློན་བྱས་མྱོང་སྟབས་དེར་རྒྱུས་མྱོང་ཆ་ཚང་ཡོད་པ་དང། ཡིད་ཆེས་གཙང་མ་ཡོད་པ་བཀའ་བློན་རང་ངོས་ནས་གསུངས་ཀྱི་ཡོད་སྟབས་མི་ཚང་མས་ཡིད་ཆེས་བྱེད་བཞིན་པ་རེད། ནང་སྲིད་བཀའ་བློན་ནི་དབུ་མའི་ལམ་ཐད་ཚོགས་གཞོན་གནང་དུས་ནས་ཁ་ཞེ་གཉིས་མེད་ཡིན་པ་ཡོངས་གྲགས་རེད་ལ། དེ་ནི་སྤྱི་ཚོགས་ཀྱིས་ཀྱང་གསལ་བོར་ཤེས་ཀྱི་རེད། རྒྱུ་མཚན་དེས་མི་རྣམས་ཀྱིས་བཀའ་ཤག་གི་དབུ་མའི་ལམ་གྱི་ཤེས་ཚད་དང་ཡིད་ཆེས་ལ་ཡིད་ཆེས་བློས་འགལ་བྱེད་ཀྱི་ཡོད་མོད། ཉེ་བའི་ཆ་ནས་ཐོན་པའི་གོང་སྨྲས་གནས་ཚུལ་འདི་དག་གིས་མི་ཕལ་མོ་ཆེས་བཀའ་ཤག་གི་དབུ་མའི་ལམ་ལ་དོགས་པ་བྱེད་ཀྱི་ཡོད། དོགས་པ་དེའང་མཐར་གཏུག་ན་སྲིད་སྐྱོང་གི་དབུ་མའི་ལམ་གྱི་ཆོད་སེམས་དང་ཤེས་ཚད་ལ་དོགས་པ་བྱེད་ཀྱི་ཡོད། ཆོས་འཕྲོད་དྲིལ་གསུམ་ནི་སྲིད་སྐྱོང་གི་གསུངས་རྗེར་འབྲངས་མཁན་དམིགས་བསལ་ཞིག་ཡིན་ནའང། འདི་གསུམ་གྱི་ནང་དབུ་མའི་ལམ་ལ་ཡིད་ཆེས་མེད་མཁན་ཕལ་ཆེར་མེད་པར་འདོད་ལ། གཅིག་བྱས་ན་ཆོས་རིག་བཀའ་བློན་གྱིས་གནད་འགག་གི་སྐབས་སུ་ཤོག་ཁག་གཙོ་བོ་བྱེད་པ་ལས་སྤྱི་པ་གཙོ་བོར་བྱེད་མདོག་ཁ་པོ་མ་རེད། ཡིན་ནའང། ཁོང་གིས་དབུ་མའི་ལམ་ལ་དེ་ཙམ་མི་འདོད་པ་བྱེད་ཐབས་བྲལ་ངེས་རེད་བསམས། དེ་ཡིན་སྟབས་བཀའ་ཤག་གི་དབུ་མའི་ལམ་གྱི་ཐུག་ས་དེ་སྲིད་སྐྱོང་མཆོག་ལ་ཐུག་ཡོད་ལ། དོགས་པའང་དེ་ལས་འབྱུང་གི་ཡོད། སྲིད་སྐྱོང་གི་ཨབ་ཕྲུག་མང་པོས་རྒྱུད་ལམ་ཁག་ཏུ་སྲིད་སྐྱོང་ལ་བཀའ་ཤག་གོང་མའི་བོད་རྒྱ་འབྲེལ་མོལ་གྱི་ལས་མཇུག་མཐུད་དགོས་པར་གནོན་ཤུགས་སྤྲོད་ཀྱི་ཡོད་ཅེས་ཧམ་བཤད་བྱས་ཡོད་ལ། ཧམ་བཤད་དེའི་ཁུངས་བཙལ་ན། སྲིད་སྐྱོང་དང་སྲིད་སྐྱོང་ཤོག་ཁག་ཨབ་ཕྲུག་དང་བཅས་པའི་ནང་དུ་སྐད་ཆ་དེ་འདྲ་ཞིག་བྱུང་གི་ཡོད་པ་གསལ་བོ་རེད། གང་ལྟར་དེང་སང་བཀའ་ཤག་གི་བཀའ་བློན་མི་རེ་ངོ་རེས་དབུ་མའི་ལམ་གྱི་དར་ཆ་གསལ་སྟོན་བྱ་ཕྱོགས་ལ་རིག་པ་སྒྲིམ་དགོས་པ་དང། ཕྱི་ནང་གསང་གསུམ་ནས་བཀའ་ཤག་འདི་ཉིད་བོད་མི་མང་གི་མདུན་ལམ་ལ་འགན་ལེན་ཐུབ་པ་ཞིག་བྱ་རྒྱུ་ནི་གལ་ཆེར་འདོད་པས་རོབ་ཙམ་འདིས་ཆོག་པར་བྱ།
ད་ནི་དཀྱུས་སུ་སོང་ན། བཀའ་ཤག་གི་དབུ་མའི་ལམ་གྱི་ཡོ་འཁྱམ་དེ་དང་འབྲེལ་ནས་གོང་གི་རྣམ་འགྱུར་དེ་རིགས་ཡོངས་གྲགས་ཀྱིས་ཐོན་པ་མ་ཟད། བཀའ་ཤག་གི་གསལ་བཤད་ཀྱིས་མ་འདང་བའམ་འགན་འཁུར་མ་ནུས་སྟབས། ༸གོང་ས་ཆེན་པོས་ས་ལུ་གྷར་སོགས་སུ་ཞེ་ས་མ་ཞུས་ན་ཁ་གསལ་བོས་འདི་རེད་དང་མ་རེད་ཅེས་འདོམས་གནང་མཛད་ཡོད། ༸གོང་ས་མཆོག་གི་བཀའ་སློབ་ནན་མོ་འདི་དག་གི་ཡོངས་ཁུངས་ཀྱང་མི་སྒེར་བ་ངོ་བོ་དང་བྱེད་ལས་མི་གསལ་བ་ཞིག་གི་བྱེད་བབ་གཙོར་བཟུང་གིས་འཕྲོས་དགོས་དོན་དེ་ཙམ་མེད་ལ། དེ་ནི་གཙོ་བོ་ཉེ་བའི་ལོ་ལྔ་དྲུག་རིང་གི་དབུས་གཞོན་ནུའི་བྱེད་ཕྱོགས་ལས་ཐོན་པ་ཡོངས་གྲགས་གསལ་བཟོ་གནང་ཟིན་པ་ཞིག་རེད། ལོ་འདིའི་ཟླ ༣ ཚེས ༢༧ ཉིན་དབུས་གཞོན་ནུས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པའི་གནས་ཚུལ་ཞིབ་རྒྱས་ཁྲི་ཟུར་མཁས་དབང་མཆོག་གི་གསལ་བཤད་ནང་གསལ་བ་བཞིན། ཚོགས་འདུའི་བར་མཚམས་ནས་ཚོགས་གཙོ་དྲུང་ཆེ་རྒན་པ་བློ་བཟང་སྦྱིན་པའི་སར་བཅར་སྟེ་ཚོགས་འདུ་འཐོར་ཉེན་དང་ཤོག་ཁག་གཉིས་ཆགས་ཉེན། འོས་འདེམས་བྱེད་མི་ཐུབ་ཚུལ་བཤད་དེ་ཉིན་དང་པོར་མཇལ་ཁ་གནང་རྒྱུར་གདེང་ཚོད་ཡོད་ཅེས་བཤད་པའི་དོན་ཚན་གསུམ་གྱི་ཐོག་ཟློས་གར་འཁྲབ་རྒྱུ་བྱས་པ་དེའི་མཇུག་བསྐྱེལ་རྩིས་བྱས་ཀྱང། མཇལ་ཁ་མ་གནང་བ་མ་གནང་བ་རང་ཡིན་སྟབས་ཁོང་ཚོའི་བྱེད་ཕྱོགས་མ་འགྲིག་པ་དེ་གསལ་བོ་ཆགས་པ་རེད་ལ་ཕམ་ཉེས་ཕྱིན་པའང་གསལ་བོ་རེད། མཇལ་ཁ་ཅིའི་ཕྱིར་ཞུ་གི་ཡོད་པ་རེད་ཅེས་དྲི་བ་ཞིག་ཡོད་ན། དེ་ནི་མི་མང་གི་མདུན་སར་ལོ་ལྔ་དྲུག་རིང་ཆེ་མཐོང་རྦད་དེ་བརླག་ཟིན་པའི་གཞོན་ནུའི་གནས་བབ་དེ་སླར་གསོ་བྱེད་འདོད་མིན་པར། དབུས་རྒྱུན་སྐབས་དེའི་ལས་མཇུག་གཙང་སྐྱེལ་མ་ཐུབ་པར་ཞེད་སྣང་གིས་ལོས་ཡིན་བསམས་མོད། མདོ་དོན་དབུས་རྒྱུན་ཚང་མ་ཆེས་མཐའ་མཇུག་གི་ཚོགས་ཆེན་དབུས་སུ་ཡོངས་སུ་ཕམ་ཉེས་ཕྱིན་ཡོད་ལ། དམིགས་བསལ་ཚོགས་གཞོན་དོན་གྲུབ་ལྷ་དར་དེ་བས་ཀྱང་ཕམ་ཉེས་ཕྱིན་ཡོད།
བརྒྱ་ཁ་ཡོངས་གྲགས་ཀྱིས་གཞོན་ནུའི་རྣམ་དཔྱོད་མེད་པའི་བྱེད་ཕྱོགས་མང་པོ་ཞིག་དོན་གྲུབ་ལྷ་དར་གྱི་ཨུ་ཚུགས་དང་རང་ཤེད་ལ་བརྟེན་ནས་ཡོང་གི་ཡོད་པ་གསལ་བོ་རེད་ལ། བོད་མི་སྒེར་པར་མདུང་རྩེ་ཁ་སྤྲོད་ཀྱི་བསྒྲགས་གཏམ་སྤེལ་བ། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་ཨ་རིའི་ནང་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེར་ཟུར་ཟ་ཁྱད་གསོད་བྱས་པ་སོགས་དྲ་ལམ་ཀུན་དུ་ཚང་མས་གྲངས་ཀར་བགྲང་ནས་གཅིག་ནས་གཉིས་ལ་ཁྱབ་སྤེལ་ཞུ་བཞིན་པའི་ཁོང་གི་བྱེད་བབ་དེ་དག་ནི་ལོ་རྒྱུས་ཅན་གྱི་གཞོན་ནུའི་སྒྲིག་འཛུགས་ཕམ་ཉེས་ཆེན་པོའི་ཕྱོགས་སུ་འཁྲིད་པའི་རྒྱུ་གོང་ན་མེད་པ་ཆགས་ཡོད་སྟབས། ཚོགས་ཆེན་འདིའི་སྐབས་ཀྱང་ཚོགས་མི་ཚང་མས་དོན་གྲུབ་ལྷ་དར་གྱི་གདོང་རུས་གསལ་སྟོན་དང། ཁོང་གི་ཚོགས་འདུ་གཙོ་སྐྱོང་བྱེད་ཕྱོགས་ཚུན་ལ་སྒེར་གཅོད་འུ་ཐུག་གི་བྱེད་ཕྱོགས་ཐོན་པར་མཐའ་གཅིག་ཏུ་ངོ་རྒོལ་གནང་འདུག་པ་མ་ཟད། མདོར་ན་ཚོགས་ཆེན་འདི་ནི་ཁོང་ལ་མཚོན་ན་ཆེས་ཞེད་སྣང་དང་འཇིགས་སྐྲག་གི་གཡང་ས་ལྟ་བུ་ཞིག་ལས། བོད་ཀྱི་རྩ་དོན་ཐད་གོ་བསྡུར་བྱེད་པའི་སྡིངས་ཆ་ཞིག་ཏུ་ཚོར་ཡོད་ཚོད་མི་འདུག་པ་ཀུན་ལ་ངེས་གསལ་བྱུང་འདུག ཚོགས་གཙོས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཞུས་པའི་གནས་ཚུལ་ཐད་ཁྲི་ཟུར་མཁས་དབང་མཆོག་ཕེབས་འཆར་སྐབས། དང་པོར་གཞོན་ལྷན་དབུས་ནས་ཡོང་དགོས་ཀྱི་མེད་པའི་ལན་ཕུལ་བ་དེའང་དོན་གྲུབ་ལྷ་དར་གྱི་བསམ་ཚུལ་ཡིན་འདུག་ཀྱང། དེ་ལྟར་གནས་རྒྱུ་རྩ་བྲལ་ལ་སོང་ཕེབས་བསུ་ཞུས་འདུག སྒོ་ཁར་ཕེབས་བསུར་བཅར་སྐབས་དོན་གྲུབ་ལྷ་དར་སླེབས་མི་འདུག་པ་སོགས་ཀྱིས་ཚོགས་མི་ཚང་མར་ཁོང་གི་གདོང་རིས་དེ་བས་ཀྱང་གསལ་བོ་ཆགས་ཡོད་པ་རེད། དེ་འདྲའི་འཇིགས་སྐྲག་རླུང་དམར་འཚུབ་པའི་དབུས་ནས་ཚོགས་འདུ་མཇུག་སྐྱེལ་ཙམ་བྱུང་ཡོད་ནའང། ཕམ་ཉེས་ཕྱིན་པ་ཕམ་ཉེས་ཀྱི་ངོ་བོར་མི་ཀུན་ལ་གསལ་བོ་ཆགས་པ་མ་ཟད། ལྷོ་གཞིས་ཁག་ལྔ་གཙོས་ས་གནས་གཞན་རྣམས་ཀྱིས་དེ་སྔའི་དབུས་ཀྱི་བྱེད་ཕྱོགས་ལ་མཐེ་བོང་སྒྲེང་མཁན་གཅིག་ཀྱང་མེད་པར། ད་དུང་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་ཚུལ་གྱི་བསམ་ཚུལ་ཡང་བཏོན་འདུག
ཚོགས་ཆེན་འདི་དང་འབྲེལ་ནས་རེ་བ་ཧ་ཅང་ཆེན་པོ་བྱས་པའི་བསྟན་འཛིན་བརྩོན་འགྲུས་ལགས་ཀྱང་རྦད་དེ་ཕམ་ཉེས་ཕྱིན་པ་མ་ཟད། ཁོང་རང་ཕྱིར་ངྷ་ས་ས་གནས་སུ་ལོག་འདུན་ཡོད་ཚུལ་བཤད་ཡོད། ཁོང་གི་རེ་བ་ཚོགས་གཙོ་ཡིན་པ་ངྷ་སའི་མཚན་སྲུང་ཚུན་གྱིས་ལོས་ཤེས། ཚོགས་འདུའི་སྔོན་ཏག་ཏག་ལ་ཁོང་སྐུ་སྒེར་ཡིག་ཚང་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་སར་བཅར་ནས་ཡི་གེ་ཤོག་ལྷེ་འགའ་རེ་འབུལ་རྩིས་བྱས་འདུག་ཀྱང། རེ་འགས་མཇལ་ཁ་གནང་མི་འདུག ཤོག་ལྷེ་དེ་དག་ནི་ཅི་ཞིག་ཡིན་ནམ། དེ་ཕལ་ཆེར་ཁོང་ལ་དྲིས་ན་གསལ་བོ་ཤེས་ཀྱི་རེད། སྟབས་མ་ལེགས་པ་ཞིག་ལ་ཚོགས་ཆེན་སྐབས་ཁོང་གི་ནམ་རྒྱུན་གྱི་བྱེད་བབ་ཀུན་གྱིས་ཤེས་གསལ་ལ་སོང། དབུས་རྒྱུན་སྔོན་འགྲོའི་འོས་ཤོག་ནང་ཚུད་རྒྱུར་དཀའ་ངལ་མང་དག་བྱུང་འདུག་མོད། མཐར་དབུས་རྒྱུན་མཇུག་ནས་ཡར་རྩིས་ན་གཉིས་པ་གསུམ་པ་ཞིག་ཐོབ་པ་རེད། འོན་ཀྱང། ཁོས་དེ་མ་ཐག་དགོངས་པ་ཞུས་པ་རེད། འདི་ཡང་ཀུན་གྱིས་ཤེས་པའི་གནད་དོན་དེ་ག་རང་ཡིན་སྟབས། ཕམ་ཉེས་འགྲོ་སྟངས་ཡ་མཚན་ཞིག་མ་རེད་དམ།
ད་འོ་ན་གཞན་སུ་དང་སུ་ཕམ་ཉེས་སོང་ཡོད་པ་རེད་དམ་ཟེར་ན། ཀརྨ་ཆོས་འཕེལ་གྱི་སྐོར་ལ་༸གོང་ས་མཆོག་གིས་བཀའ་ལན་གནང་བ་ནས་བཟུང། སྐད་འཕྲིན་དང། ཁྲི་ཌིར། ངོ་དེབ་སོགས་བརྒྱུད་ལམ་ཡོད་ཚད་ན་ཀརྨ་ཆོས་འཕེལ་གླེང་ཡོང་གི་ཡོད་ལ། དེའི་མཉམ་དུ་འཇམ་དབྱངས་ནོར་བུ། ཀླུ་མཁར་བྱམས། དོན་གྲུབ་ལྷ་དར་དང་བཅས་པ་གླེང་ཡོང་གི་ཡོད། ཁོང་ཚོ་ཚང་མ་མཉམ་དུ་མ་གླེང་ན་འགྲིག་གི་མེད། དེའི་མཉམ་དུ་བཀའ་བརྒྱུད་པ་རྣམས་ཀྱིས་ཐུགས་བསམ་བཞེས་དགོས་པའང་གླེང་གི་ཡོད། ཐ་ན་ཡུག་ཌོབ་ནང་ཀརྨ་ཆོས་འཕེལ་གྱི་མགོར་རྒྱལ་བ་ཀརྨ་པའི་དབུ་ཞྭ་བསྐོན་བཞག་པ་དེ་འདྲ་བཟོས་ཡོད། དེ་མཚུངས་སྤྱི་ཚོགས་ནང་གནད་ཡོད་མི་སྣས་འཇམ་དབྱངས་ནོར་བུར་དགག་རྩོམ་བྲིས་ཡོད་ལ། ཁོང་གི་སྐོར་མ་ཤེས་པ་མང་པོ་ཞིག་གསལ་བོ་ཆགས་ཡོད། བཀའ་ཟུར་ཐུབ་བསྟན་ལུང་རིགས་སྤྱི་འཐུས་བློ་བཟང་བློ་བཟང་ཡེ་ཤེས་སོགས་ཀྱིས་དྲང་པོ་མིན་པའི་གནས་ཚུལ་རྣམས་ལ་གསལ་བཤད་ཡོངས་གྲགས་གནང་ཡོད། གཞོན་ནུའི་ཚོགས་གཞོན་ཟུར་པ་རང་བཙན་པ་བློ་བཟང་ཡེ་ཤེས་ཀྱིས་འདི་ལྟར་ང་ཧ་ལས་སོང་ཞེས་འཁྱོག་བཤད་ལ་ལན་འདེབས་གསལ་བཤད་ཞུས་པས། གཞོན་ནུ་དང་འཇམ་ནོར་བར་གྱི་འབྲེལ་བ་མང་པོ་ཞིག་གསལ་སྟོན་བྱས་ཡོད་པ་མ་ཟད། འཕོས་མ་ཐག་པའི་གཞོན་ནུའི་བྱེད་སྟངས་ནི་སྔར་སྲོལ་མིན་པ་རྦད་དེ་གསལ་བོ་བཟོས་པ་རེད།
ད་ལྟ་ཡི་གེ་འབྲི་མཁན་ཁོ་བོས་ཀྱང། ལོ་གཉིས་གསུམ་གོང་ནས་གོང་གི་མི་འདི་དག་གི་བྱེད་བབ་བོད་ཀྱི་རྩ་དོན་དང་འབྲེལ་བ་མེད་པ་རྩོམ་ཡིག་ཁག་ཏུ་ལན་མང་བྲིས་པ་ལྟར། སྤྱིར་ན་བོད་རིགས་སྤུན་ཟླ་ནང་ཁུལ་དུ་འདི་ཙམ་གསལ་བཤད་གནང་མ་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད་ནའང། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་པའི་གཏམ་དཔེ་ཡོད་པ་དང། གཉིས་ནས། མི་འདི་དག་གིས་བྱེད་བབ་ཀྱིས་དངོས་གནས་རང་རང་བཙན་དང་དབུ་མའི་བར་ལ་རྩོད་གཞི་ཞིག་ལོས་ཡོད་བསམས་བསམས་ཀྱི་གཞི་རིམ་མི་མང་དོགས་པ་བསྐྲུན་ན། དེ་ནི་བོད་སྤྱིའི་རྩ་དོན་ལ་གནོད་གཞི་ཞིག་ཡིན་སྟབས། དུས་ཚོད་སོང་གི་སོང་གི་ངང་རིང་དང་ཁུངས་འཁྱོལ་མ་སོང་བའི་ཕམ་ཉེས་ཕྱིན་པའི་གནས་སྟངས་འདི་རིགས་ལོ་རྒྱུས་ཡིག་ཚགས་ནང་གནས་ཆེད་དང། ཡང་ན་གཞིས་ཆགས་དགོན་སྡེ་ཁག་གི་བརྒྱུད་ལམ་གྱི་དཀའ་ངལ་ཡོད་རིགས། དེ་བཞིན་བོད་ནང་གི་སྤུན་ཟླ་བཅས་ལ་དབྱེ་ཞིབ་ཀྱི་ལམ་ནས་གསལ་བཟོ་ཙམ་བྱས་པ་ཡིན་ན། མི་འདི་དག་གིས་རང་བཙན་བཤད་པ་དང་སྒྲུབ་པ་ལ་བརྟེན་ནས་ཕམ་ཉེས་ཕྱིན་པ་མིན་པ་ངེས་པར་དུ་ངོས་འཛིན་མ་ནོར་བ་ཞིག་གནང་དགོས་པ་དེ་གལ་བོ་ཆེ་ནན་ཏན་གྱི་ཚུལ་དུ་བསྟར་ཆགས་སུ་བགྱིས་པའོ།།
༢༠༡༣། ༦། ༧། ཉིན།
མེ་འཁོར་ནང་ནས་བྲིས་པས་ཞུ་དག་མ་ཐུབ་པར་དགོངས་སེལ་ཞུ།
ཨ་རིར་གནས་བཞུགས་བདེ་ཆེན་སྤྲུལ་སྐུ་དང་བདེ་ཆེན་སྤྲུལ་འགྲོ་ལུགས་ལ་འདོད་མོས་ཡོད་མཁན་སྟོན་པའི་བཀྲས་མཐོང་ཚང་གི་འཇམ་དབྱངས་ནོར་བུས་བོད་རང་བཙན་གྱི་ནུས་ཤུགས་ཆིག་སྒྲིལ་བྱེད་དགོས་པ་དང། བོད་རང་བཙན་གྱི་རྣམ་པ་ཇེ་གསལ་དུ་གཏོང་དགོས་ཀྱི་འདུག་ཅེས་བཙན་བྱོལ་བོད་མིའི་འདུས་སྡོད་མང་པོར་ཚོགས་འདུ་སྐོང་འཚོགས་དང། ལྷག་པར་བཞུགས་སྒར་ངྷ་རམ་ས་ལར་མདོ་སྟོད་སྤྱི་འཐུས་མང་ཆེ་བ་དང། དབུས་གཙང་སྤྱི་འཐུས་གཅིག བཀའ་བརྒྱུད་སྤྱི་འཐུས་གཅིག་བཅས་མཉམ་ཞུགས་བྱས་པའི་ཚོགས་འདུ་བསྡུ་སྐོང་བྱས་པའི་གནས་ཚུལ་ཐོན་ཡོད།ཟེར་ཧ་ཧ་ཧ་་ཧ་ཧ་ཧ་ཧ་ཧ་་ཧ་༼བཀྲས་མཐོང་ཚང་གི་འཇམ་དབྱངས་ནོར་བུས༽
ཧེ་ཧེ་ཧེ་ཧེ་ཧེ་ཧེ་༼ལྷག་པར་བཞུགས་སྒར་ངྷ་རམ་ས་ལར་མདོ་སྟོད་སྤྱི་འཐུས་མང་ཆེ་བ་དང། དབུས་གཙང་སྤྱི་འཐུས་གཅིག བཀའ་བརྒྱུད་སྤྱི་འཐུས་གཅིག་བཅས་མཉམ་ཞུགས་བྱས་པའི་ཚོགས་འདུ་བསྡུ་སྐོང་བྱས་པའི་༽ཟེར།
ད་རང་བཙན་ཟེར་ན་མགོ་ལ་ཉོ་ཆ་ཟེད་ས་རེད། དེ་ལས་ཨ་ཞང་ཇག་པ་རྒྱ་མི་དམར་པོ་ཁྲི་ལོ་བརྟན་པ་ཤོག་ཟེར་ན་གནས་བཟོད་བདེ་བ་ཡོང་ས་རེད། བོད་ནང་གི་དཔའ་བོ་དེ་དག་སྤྱི་དང་། སྐུ་གཟུགས་ཞུགས་ལ་འབུལ་མཁན་ཚོ་་སྙིང་རྗེ་ཨ་ཁ།
ཧ་ཧ། འདྲ་མགོ་རྡོ་མིང་དོན་མཚུངས་འདུག། མགོ་རྡོ་ལས་མཁྲེགས་པའི་འདྲེ་ཁྱོད་མཚན་མོར་རྒྱུ་བའི་འབྱུང་པོའི་ཚོགས་རྣམས་མ་གཏོག་མཐོང་ནི་མ་རེད། ཉིན་མོར་རྒྱུ་བ་ཚོར་བལྟ་བཟོད་ནི་མ་རེད།
རང་བཙན་ཟེར་ན་དབུ་མའི་ལམ་དང་འགལ།
དམུ་མ་གླེང་ན་རང་བཙན་པ་རྣམས་ངར།
གཅིག་འོག་གཅིག་ལ་མི་དུད་གངས་ཅན་པ།
ཨ་ཞང་རྒྱ་མིའི་གདོང་ལ་ཡིད་རེ་ནོངས།
མེས་པོས་བཙུགས་པའི་རྒྱལ་ཁབ་མི་ལ་ཤོར།
རང་ས་མ་ཟིན་མི་ཡུལ་ས་མཐར་འཁྱམས།
རྐུབ་་དང་རྐང་པ་གཙུགས་སའི་ས་མེད་པར།
ནང་ཁུལ་ཕུང་དཀྲུག་བགྱིས་ནས་དགོས་པ་ཅི།
ལྷ་གཅིག་པད་དཀར་འཆང་བའི་དགོངས་པའི་གནད།
སྙིང་གི་ཡོ་གོར་བཅངས་ཏེ་བརྩོན་འགྱུར་ན།
ནམ་ཞིག་བདེན་པའི་མེ་ལྕེའི་དཔལ་འབར་ནས།
ས་མཐོའི་ལྗོངས་འདིར་རྫོགས་ལྡན་འཆར་བར་ངེས།
དབྱེ་ཞིབ་ཡག་པོ་བྱས་འདུག་དགའ་བསུ་ཞུ།
དོན་གྲུབ་ལྷ་དར་གསལ་བཏོན་གནང་བ་རེད་ཝ། འོ་ན་དེའི་མཉམ་དུ་ཀརྨ་ཡེ་ཤེས་ཀྱང་མཉམ་དུ་གསལ་བཏོན་གནང་ན་ཡག་པོ་ཞེ་དྲག་ཡོང་གི་རེད། ཁོ་གཉིས་ཁ་མཐུན་འཁྲབ་པ་སྒྲུང་རིང་པོ་རེད། དེ་འདྲེ་ཡིས་བཏོན་ཤོག་ཨ།།
མི་དེ་དག་གི་མགོ་ལ་ཡང་བསྐྱར་ཚ་ཐག་ཆོད་ཅིག་གཞུས་འདུག་ག དྲང་མོ་བཤད་ན་འཇམ་ནོར་གཙོ་བོས་་དེའི་ཨབ་ཕྲུག་ཚོས་ཧམ་བཤད་དང་ལོག་འགྲེལ་རྒྱབ་རྒྱབ་གཉིས་ཀས་ང་ཚོ་ཚང་མའི་སྙིང་ན་ཡིས་འདུག ད་ལོའི་གསུམ་བཅུ་དུས་དྲན་ཉིན་མོར་འདི་ག་ནེ་ཡོར་ཏུ་དོན་གྲུབ་ལྷ་དར་ཚད་ཐིག་ལས་བརྒལ་ནས་གཞན་ཐིག་ཅིག་ན་འཁོར་གྱིན་འདུག་བསམ་སོང་།
ང་ཚོ་ནང་ཁུལ་མི་འདུམ་པའི་དུས་ཚོད་ན་གྱ་ནག་གཞུང་གད་མོ་འགད་བཞིན་ཡོད།བསམ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་ཡོད་ཚད་ལ་ཁ་འཚེ་གཏོང་གི་བཞུགས་ན་་གྱ་ནག་དང་གཅིག་མཚུངས་ཡིན་པའི་་་་དེ་འདྲ་མ་བྱེད་ན་ལེགས་སོ།
གལ་སྲིད་མུ་མཐུད་ལམ་དེ་ལ་ཕྱོགས་ཚེ་་་དེ་ནི་བྱང་ཀོ་རི་ཡ་དང་གྱ་ནག་འདྲ་མཚུངས་ཡིན།་ཡར་གྱས་དགོས་ཚེ་དེང་རབས་འཛམ་གླིང་ཁ་ཕྱོགས་ལ་གཟིགས་དགོས།
འདྲེ་མགོ་རདོ་།།་མིང་དངོས་སུ་ཕྱིར་བསགྲགས་བྱེད་མ་ཐུབ་ཙམ་གྱི་དེར་ཡ་ལན་མེད་དོ།མིང་མེད་ལ་ཡ་ལན་མེད།བྱེད་བཏང་སཀྱོ་པོ་ཡིན་ནོ།
ལྷ་མགོ་རྡོ་ཐོན་སོང་། བླ་མ་མགོ་རྡོ་ཐོན་སོང་། མི་མགོ་རྡོ་ཐོན་སོང་། འདྲེ་མགོ་རྡོ་དོན་སོང་། ད་དོན་རྒྱུ་མེད་ན་མ་གཏོག་ཐོན་སོང། མདོ་སྟོད་དུམ་བུར་བཟོ་སོང་། དགེ་ལུགས་དུམ་བུར་བཟོ་སོང་། སྟོད་པ་དུམ་བུར་བཏང་སོང་། བཀའ་རྒྱུད་དུམ་བུར་བཟོ་སོང་། གཞོན་ནུ་དུམ་བུར་བཟོ་སོང་། ད་དུང་དུམ་བུར་བཟོ་རྒྱུ་སུ་ལྷག་འདུག། རྒྱ་དམར་གྱིས་བོད་དུམ་བུ་བཟོས་པ་འདི་ལྟར་རང་འགྱོན་མི་འདུག། བོད་མི་འདི་ཚོར་མཐུ་དང་ནུས་པ་ནི་ནང་དམེར་བཟོ་རྒྱུ་དེར་མཆོག་ཏུ་གྱུར་པ་རེད།
སྐུ་ཞབས་གྲགས་ཅན་འདྲེ་མགོ་རྡོས་གཞུས་པ་མི་དེ་དག་ཙམ་མ་རེད། སྲིད་སྐྱོང་རིན་པོ་ཆེའི་དབུ་ལའང་ཚ་ཐག་ཆོད་ཅིག་གཞུས་འདུག ཀློག་དང།
གཞིས་ལུས་བོད་མི་ཚོ། སྲིད་སྐྱོང་སྐྱོབ་རོགས།
ཐུགས་རྗེ་གཟིགས།
༄༅།། ད་མང་པོ་སྲེག་གི་བསྡད་ན། སྲིད་སྐྱོང་བློ་བཟང་སེང་གེ་འཚིགས་འགྲོ་གི་འདུག སྲིད་སྐྱོང་གི་རྒྱག་གཏམ་ཡོད་ཚད་རྩ་སྐྱ་མེ་ལ་ཤོར་བ་ལྟར་འཚིགས་འགྲོ་གི་འདུག སྲིད་སྐྱོང་གི་ཕྱོགས་བསྐྱོད་མགོ་སེར་ཚོར་ཐུག་འཕྲད་གནང་རྒྱུ་འཚིགས་འགྲོ་གི་འདུག གྲོས་ཚོགས་ཁག་གི་གྲོས་ཆོད་འཚིགས་འགྲོ་གི་འདུག བཙན་བྱོལ་སྒྲིག་འཛུགས་ཀྱི་ནུས་སྟོབས་ཡོད་ཚད་འཚིགས་འགྲོ་གི་འདུག ༸རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུའི་སྐྱག་རྫུན་འཚིགས་འགྲོ་གི་འདུག ཁྱེད་ཚོའི་བློས་གཏོང་ཆུད་ཟོས་སུ་མི་གཏོང་བ་དང། ང་ཚོ་ཁྱེད་ཚོའི་རྒྱབ་ཏུ་ཡོད། མཉམ་དུ་ཡོད་ཟེར་བའི་མགོ་བསྐོར་གཏོང་སྤྱད་ཀྱི་ཚིག་སྐམ་པོ་དེ་དག་འཚིགས་འགྲོ་གི་འདུག ནང་པ་ཞིག་ཡིན་པའི་ཆ་ནས་མཆོད་འབུལ་དགེ་སྒྲུབ་བྱེད་ཀྱི་ཡིན་ཞེས་པའི་ཁ་ཡག་ཁོག་ནག་གི་ངན་ཇུས་དེའང་འཚིགས་འགྲོ་གི་འདུག མི་ཞིག་ཡིན་པའི་ཆ་ནས་ཚེ་སྲོག་རྩ་ཆེར་བརྩི་གི་ཡོད་ཅེས་པའི་སྐད་ཆ་འདྲ་ཆགས་པོ་དེའང་འཚིགས་འགྲོ་གི་འདུག བོད་མི་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་པའི་ཚིག་སྐམ་པོ་དེའང་འཚིགས་འགྲོ་གི་འདུག ད་མ་སྲེག་རོགས། ཐུགས་རྗེ་གཟིགས། ཐམས་ཅད་འཚིགས་འགྲོ་གི་འདུག སྲིད་སྐྱོང་བློ་སེང་གི་ལོ་ལྔ་ཚན་དང་པོ་མཐར་མ་ཕྱིན་པར་འཚིགས་འགྲོ་གི་འདུག སྲིད་སྐྱོང་ཁྲི་ཁར་བསླེབས་པ་ནས་རང་སྲེག་མཚམས་མ་བཞག་སྟབས། སྲིད་སྐྱོང་མེས་འཚིགས་ནས་དེ་རིང་སང་ཉིན་ཅི་བྱ་གཏོལ་མེད་ཆགས་འདུག གཞིས་ལུས་བོད་མི་ཚོ། ཁྱེད་ཚོར་སྙིང་རྗེ་ཡོད་ན། ང་ཚོའི་སྲིད་སྐྱོང་སྐྱོབ་རོགས། སྲིད་སྐྱོང་གི་དམ་བཅའ་ཐམས་ཅད་མེས་འཚིགས་ནས་ཁྱེད་ཚོའི་ཕུང་བོ་ལྟར་འཚིགས་རོ་ཆགས་འདུག དམ་བཅའ་རེ་རེ་མེས་འཚིགས་ན་སྲིད་སྐྱོང་གོ་རྒྱུ་ཚོར་རྒྱུ་མེད་པར་ཆགས་འགྲོ་གི་འདུག སྲིད་སྐྱོང་ཡིབ་ས་མ་རྙེད་པར་ཡར་ཕེབས་མར་ཕེབས་གནང་གི་འདུག
སྲིད་སྐྱོང་ཁྲི་ཁར་བསླེབས་མ་ཐག ཕྱི་རྒྱལ་ཁག་ཏུ་འགྲོ་དུས་ཉམས་ཞིག་ཡོད། མིག་ཤེལ་ནག་པོ་གྱོན་ན་རྫིག་ནོ་ཚོད་ཅིག་མེད། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ནས་ཁྱེད་གཞིས་ལུས་བོད་མི་ཚོར་གཏམ་བཤད་གནང་དུས་སྟོབས་ཤིག་ཡོད། རེ་བ་སྟོང་པ་སྤྲོད་རྒྱུར་ཡ་ང་བག་ཚ་གང་ཡང་མེད། ཡིན་ནའང། དེ་རིང་སྲིད་སྐྱོང་གྲགས་རྒྱུ་མི་འདུག གོ་རྒྱུ་མི་འདུག མཚམས་རེར་གངས་སྐྱིད་ན་ཡོད་དམ། ཕྱི་རྒྱལ་དུ་ཡོད་མེད་ཀྱང་མི་རྣམས་ཀྱིས་ཤེས་ཀྱི་མི་འདུག ཡང་ལ་ལས་བདེ་སྐྱིད་ཆོས་དབྱིངས་ཀྱི་ཤག་ནས་གཉིད་ལ་ཤོར་བ་མིན་འགྲོ་ཟེར།
སྲིད་སྐྱོང་སྐྱོབ་རོགས། གཞིས་ལུས་བོད་མི་ཚོ། སྲིད་སྐྱོང་མེས་འཚིགས་ནས་འཚིགས་དྲི་ཁ་གི་འདུག སྲིད་སྐྱོང་གིས་ང་གུ་ཡངས་ཅན་ཡིན་ཟེར། དེང་རབས་མཁས་དབང་ཡིན་ཟེར། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ངེད་གཉིས་ལ་གྲྭ་བ་དང་མི་སྐྱའི་ཁྱད་པར་མ་གཏོགས། གཞན་མཁས་ཚང་མ་གཅིག་པ་ཡིན་ཟེར། བཀའ་ཤག་སྐབས་གོང་མའི་སྲིད་བྱུས་ཡོངས་རྫོགས་ལ་འགྱུར་བ་གཏོང་སྲིད་པ་རེད་ཟེར། ལོ་གཅིག་གི་ནང་ལྷིང་འཇགས་པོ་བྱུང་སོང་ཟེར། བཙན་བྱོལ་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་སོང་ཡོད་ཟེར། བཀའ་ཤག་སྐབས་བཅུ་བཞི་པས་བཙན་བྱོལ་མི་མང་ལ་འབྲེལ་བ་དམིགས་བསལ་ཞིག་འཇོག་ཐུབ་ཡོད་ཟེར། ད་དུང་ཕྱིའི་རྣམ་པ་ལས་ནང་དོན་གལ་ཆེ་ཟེར། དབུ་མའི་ལམ་མུ་མཐུད་འཛིན་གི་ཡིན་ཟེར། འབྲེལ་མོལ་ལ་གྲ་སྒྲིག་ཨང་གསར་ཡོད་ཟེར།
ཡིན་ནའང། འབྲེལ་མོལ་ལ་ད་དུང་རྒྱ་ནག་གཞུང་དང་ཐད་འབྲེལ་ཞུ་ས་ཙམ་ཡང་རྙེད་མི་འདུག་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རིགས་བདག་ལ་ཕོག་ཐུག་སོང་བས། རྒྱ་རི་བློ་རྒྱན་གྱིས་བློ་བཟང་སེང་གེ་ཤར་ཤར་གཡུག་སོང། གཡུག་ཁ་ལ་མོར་སྐྱག་རྫུན་ལུང་པ་གང་བཤད་ནས་གཡུག་སོང། སྐྱག་རྫུན་དེས་འབྲེལ་མོལ་ལ་རེ་བ་མེད་པ་ལྟ་བུ་ཞིག་བཤད་དེ་གང་ཟག་སྒེར་གྱི་འཁོན་རྩོད་སྤྱི་པའི་རྩ་དོན་སྟེང་གཡོག་སོང། སྐྱག་རྫུན་འདི་སྲིད་སྐྱོང་དང་རྒྱ་རི་གཉིས་ཀའི་མགོ་ན་ད་དུང་ལྗིད་ཏིག་གེར་འདུག བྱེད་སྟངས་དེ་འདྲས་རྒྱ་ནག་གཞུང་གིས་བློ་སེང་ལ་འབྲེལ་བ་གནང་འདོད་ཡོད་པ་ཤེས་བཞིན་དུ། བརྒྱུད་ལམ་ཐབས་ཆག་ཅིག་གི་ཆ་རྐྱེན་ཡང་བསྐྲུན་མ་སོང། དེའི་ཆ་ནས་ཕྱིའི་རྣམ་པ་ལས་ནང་གི་དོན་གཙོ་བོ་ཡིན་པས་སྐྱག་རྫུན་ཞིག་བསྐྱར་དུ་བཤད་དགོས་ཐུག་སོང། སྐྱག་རྫུན་དེ་ལྟར་བཤད་དེ་ནང་ལོག་ཅིག་ན་ཅིག་ཡོད་མདོག་མདོག་གི་སྦུག་སྦུག་ཅིག་བཟོས་སོང། ཡིན་ནའང། དེ་ལ་རྣམ་དཔྱོད་ཅན་རྣམས་གད་མོ་ཤོར་ནས་ཁ་སིམ་གྱི་མི་འདུག
སྲིད་སྐྱོང་གུ་ཡངས་ཅན་རེད་དམ། ཡིན་ན་ཁོང་གི་དགའ་ཉེ་ཕྱོགས་གཏོགས་དགའ་རོགས་སྤུན་མཆེད་ཐམས་ཅད་ཡར་འཐེན་ནས། དགའ་ལྡན་ཕོ་བྲང་གི་ཁྲིམས་རྒྱུན་འཁུར་བའི་དབུས་བོད་མིའི་སྒྲིག་འཛུགས་ལ་རུལ་སུངས་དང་སྒེར་གཅོད་ཡོད་པའི་རྣམ་འགྱུར་ཞིག་བཟོ་གི་རེད་དམ། དཔེར་ན། དགའ་རོགས་བཀའ་བློན་དུ་བསྐོས་པ། སྤུན་མཆེད་རིག་ལྡིབ་བཀའ་བློན་དུ་བསྐོས་པ། ཕྱོགས་ཁག་རྒད་པོ་བཀའ་བློན་དུ་བསྐོས་པ། དེ་བཞིན་བློས་ཐུབ་གྲོགས་པོ་ཨ་རིའི་དོན་གཅོད་དུ་བསྐོས་པ། འདི་དག་མིག་གིས་མཐོང་བའི་ཡོངས་གྲགས་ཁག་རེད། འདིའི་འོག་ཏུ་མ་མཐོང་བའི་གནས་ཚུལ་ག་ཚོད་མེད་དམ།
སྲིད་སྐྱོང་མཁས་པ་རེད་དམ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་གཅིག་པ་རེད་དམ། ལོ་གཉིས་འགོར་གྲབས་འདུག ལོ་གསུམ་པའི་མཇུག་ནས་སྲིད་སྐྱོང་སྐབས་བཞི་པའི་འོས་གཞི་མགོ་འཛུགས་ཀྱི་རེད། མཁས་པའི་མཁས་རྟགས་ག་དུས་སྟོན་རྒྱུ་རེད། ”ང་དང་ངའི་ཨ་ཞང་། ངའི་པ་ལགས་”རྐྱང་རྐྱང་བཤད་པ་མ་གཏོགས་གཏམ་བཤད་སྐད་གྲགས་ཅན་གཅིག་ཀྱང་ད་བར་གནང་ཐུབ་མེད་པ་མ་ཤེས་སམ། ཨ་རིའི་ཨའོ་བྷ་མ་སོགས་དབུ་ཁྲིད་ཚོར་མཁས་པ་ཚོས་གཏམ་བཤད་སྐད་གྲགས་ཅན་ག་དུས་གནང་མིན་གྱི་ཞིབ་འཇུག་ཅིག་བྱེད་སྲོལ་ཡོད། གཏམ་བཤད་སྐད་གྲགས་ཅན་དེ་དབུ་ཁྲིད་དེའི་གསེར་མདོག་གི་ལོ་རྒྱུས་ཤིག་ཡིན། འཛམ་གླིང་མི་མང་གི་ཡིད་སེམས་འགུགས་པའི་ཁྱད་ཡོན་བླ་མེད་ཅིག་ཡིན། ཡིན་ནའང། རྒྱ་ནག་གི་ཨའོ་བྷ་མ་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་གཙོས་བརྗོད་གཞི་གང་གི་ཐད་ལའང་གཏམ་བཤད་སྐད་གྲགས་ཅན་གཅིག་ཀྱང་གནང་ཐུབ་མེད། ཁོང་གི་གཏམ་བཤད་ཡོད་ཚད། ཁོང་གི་འབུམ་རམས་པའི་ཆེད་རྩོམ་དེ་དང་གཅིག་པ་གཅིག་རྐྱང་ཆགས་ཏེ། དཔེར་ན། བརྒྱ་ཆ་དྲུག་ཅུ་ལོན་མ་ལོན་གྱིས་ཡིག་རྩལ་འཕྲོད་ཁག་པོའི་གནས་སུ་ལྷུངས་ཡོད་པས། སྲིད་སྐྱོང་སེང་གེ་མཁས་པ་རེད་དམ། གཞིས་ལུས་བོད་མི་ཚོ། རྡོ་རྗེ་གདན་ནས་ཁྱེད་ཚོར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་གཅིག་པ་ཡིན་ཚུལ་གསུངས་པའི་སྐྱག་རྫུན་དེ་ད་ལྟ་ཡིད་ཆེས་བྱེད་བཞིན་ཡོད་དམ། ངས་བལྟས་ན་གཏན་ནས་ཡོད་ཀྱི་མ་རེད། ཁ་དཔེར། མི་ཚང་མ་གླེན་པ་མ་རེད་ཟེར་སྲོལ་ཡོད་པ་རེད།
ལོ་གཉིས་ཀྱི་རིང་ལྷིང་འཇགས་པོ་བྱུང་ཡོད་དམ། དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་ཡོད་དམ། ལོ་གཅིག་གཉིས་ནང་ལྷིང་འཇགས་ལྟ་ཞོག། དེ་ལས་ལྡོག་སྟེ་རང་བཙན་པ་རེ་ཤོས་ཀྱི་སྲིད་སྐྱོང་གི་ནུས་པ་དང་བསྟུན་ནས་༸གོང་ས་མཆོག་དང་དབུས་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་གནས་དུས་ཚོད་རྩིས་ག་ཚོད་བྱས་སོང། འགྲེལ་ལོག་ག་ཚོད་བྱས་སོང། མི་མང་ནང་བརྡབ་གསིག་ག་ཚོད་ཐེབས་སོང། བརྡབ་གསིག་དང་དཀྲོགས་རྐྱེན་དེ་དག་གི་དབང་གིས་༸གོང་ས་ཆེན་པོ་འུ་ཐུག་ནས་གསལ་བཤད་ཞལ་གསང་པོ་ག་ཚོད་གནང་མ་སོང་ངམ། ཡིན་ནའང། བཀའ་ཤག་གིས་ག་རེ་བྱས་ཡོད། ཐ་ན་གསལ་བསྒྲགས་ཚད་ལྡན་ཞིག་བྱེད་ཐུབ་ཡོད་དམ། སོང་ཙང། ང་ཚོ་དོན་དམ་པར་ལྷིང་འཇགས་པོ་བྱུང་ཡོད་དམ། བོད་ཕྱི་ནང་གཉིས་གང་ནས་ལྷིང་འཇགས་པོ་བྱུང་སོང། ངས་བལྟས་ན་ལོ་གཉིས་ཀྱི་ནང་བོད་ཕྱི་ནང་གཉིས་ནས་རང་སྲེག་ལ་རེ་བ་བྱས་པ་དང། སྲིད་སྐྱོང་གི་སྟོང་གཏམ་ལ་ཡིད་ཆེས་བྱས་ཏེ། དེ་རིང་༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་ཕར་ཟད། རང་སྲེག་དེར་འཛམ་གླིང་མི་མང་ནང་ལྟ་སྟངས་ཁྱད་མཚར་ཞིག་ཡོང་གི་ཡོད་སྟབས། བོད་མི་ཚོའི་གཞི་རྩའི་སེམས་ཤུགས་ལ་བདག་པོ་རྒྱག་ཐུབ་མེད་པ་ནི་སྲིད་སྐྱོང་བློ་སེང་གི་ལྷིང་འཇགས་པོ་བྱུང་བའི་ནང་སྙིང་ངོ་མ་མ་རེད་དམ།
ད་དུང་དཔལ་འབྱོར་གནས་བབ། གཞུང་ཞབས་ཚོར་ཕྱུ་པ་༼བོད་ཆས།༽བཟོས་ཚུལ། སྲིད་སྐྱོང་གིས་སྔོན་རྩིས་འགྲོ་སྟངས་མི་མཁྱེན་པ། ཤེས་རིག་སྐོར་ནས་ཆིག་ཁྲི་ཆིག་འབུམ། བོད་སློབ་འཛིན་ཚོགས་སོགས་ལ་རེ་རེ་བཞིན་དཔྱད་པ་གཏོང་དགོས་དུས། གཞིས་ལུས་བོད་མི་ཚོས་སྲིད་སྐྱོང་བློ་སེང་དམྱལ་བ་རྡོ་རྗེ་གདན་དུ་ཟགས་ཚར་བ་མཁྱེན་ཐུབ་པ་མཟད། དམིགས་བསལ་ཚ་དམྱལ་ན་མེས་འཚིགས་པའི་འཇིགས་སྐྲག་གིས་གཟིར་ནས་ཡོད་པ་གསལ་བོར་མཐོང་བ་ཡིན་མོད། དེ་དག་ཐམས་ཅད་རེ་རེ་བཞིན་རི་མོར་འབྲི་རྒྱུར་ངེད་ལ་ཆུ་ཚོད་ཁྱོན་ནས་མི་འདུག་པས་དགོངས་བཞེས་གནང་རོགས།
གནད་དོན་འདི་དག་ལ་འདི་ལྟར་བསམས་བློ་ཞིག་བཏང་དུས། ངས་ད་གཟོད་སྲིད་སྐྱོང་མཆོག་སྙིང་རྗེ། རྡོ་ལས་འོ་མ་ཐོན་རྒྱུ་མེད་ཀྱང་ཨུ་ཚུགས་རྒྱབ་ན་མི་འགྲིག་པ་ཤེས་ཏེ། གཞིས་ལུས་བོད་མི་ཚོ། སྲིད་སྐྱོང་བློ་བཟང་སེང་གེ་སྐྱོབ་རོགས་ཞེས་སྡུག་སྐད་མ་རྒྱག་ཐབས་མེད་ཆགས་སོང། ཁ་སང་ཡུལ་ཤུལ་ནས་ཡང་བསྐྱར་མེར་སྲེག་བཏང་སོང། དེའི་སྔོན་ཉིན་འགར་སྲིད་སྐྱོང་མཆོག་ལྷིང་འཇགས་པོ་བྱུང་ཡོད་ཀྱང། བསྟན་འཛིན་ཤེས་རབ་ཀྱིས་ཡང་བསྐྱར་སྲིད་སྐྱོང་མཆོག་གི་ལྷིང་འཇགས་དཀྲོགས་སོང། སོང་ཙང། གཞིས་ལུས་བོད་མི་ཚོ་དང་པོར་ང་ཚོའི་སྲིད་སྐྱོང་སྐྱོབ་རོགས། ཁོང་ལ་ལོ་ལྔ་འདི་ལྷིང་འཇགས་པོ་བྱས་ཏེ་བསྐྱལ་འཇུག་རོགས། རང་སྲེག་གི་མེས་ཁོང་མ་བསྲེགས་རོགས། ཁོང་གི་མིག་ཤེལ་ནག་པོ་མ་བསྲེགས་རོགས། ཁོང་གི་འཇིབ་འཁོར་མདུན་ལ་དམར་པོ་རྟགས་ཅན་དེ་མ་བསྲེགས་རོགས། ཁོང་གི་སྤོབས་པ་ལྡན་མདོག་གི་སྟོང་བཤད་རྣམས་མ་བསྲེགས་རོགས། ཁོང་གི་ཞལ་གྱི་འཛུམ་མདངས་མ་བསྲེགས་རོགས། ཁོང་གི་ལོ་ལྔ་ཚན་ཕྱི་མའི་འཆར་གཞི་རྣམས་མ་བསྲེགས་རོགས། སྲིད་སྐྱོང་ལྷིང་འཇགས་པོ་མ་བྱུང་ན། ཁོང་གིས་འོས་འཕེན་ཕྱི་མ་ཅི་ལྟར་ཐོབ་མིན་ལ་ཐུགས་བསམ་ལྷོད་ལྷོད་བཞེས་མི་ཐུབ་ལ། ཁོང་གི་ཨབ་ཕྲུག་ཕྱོགས་གཏོགས་ཚོ་ལས་ཀ་མེད་སོང་བས། ཁྱེད་རྣམས་ཀྱིས་སྲིད་སྐྱོང་མ་བསྲེགས་རོགས། གཞིས་ལུས་བོད་མི་ཚོ།།
བསྟན་འཛིན་ཤེས་རབ་ཀྱིས་རང་སྲེག་བཏང་བ་ཐོས་རྗེས་ཤར་མར་བགྱིས།། ༢༠༡༣། ༥།
དགའ་བསུ་ཞུ་།
རྙོག་གྲ་འཇམ་ཚར་ན་ཡང་ད་དུང་བསྐྱར་དུ་ལབ་གླེང་བཟོ་འདོད་པ་ནི་ཡག་པོ་ཞིག་མ་རེད།
རང་བཙན་འཐབ་རྩོད་པ་ཚོ་ཕམ་ཡོད་པ་མ་རེད། ངོ་མ་ཕམ་ཉེས་ཕྱིན་སོང་བ་དབུ་མ་བ་ཚོ་རེད། རྒྱ་དམར་གྱིས་རྩེད་ཆས་བྱས་ཏེ་ལོ་རྒྱུས་ཀྱི་ཞབས་འདྲེན་པ་ཆགས་ཚར་རེད། བཙན་བྱོལ་གྱི་བླུན་རྨོངས་སྤྱི་ཚོགས་འདི་རུ་རང་བཙན་ཞེས་བཤད་ས་མེད་ཀྱང་། ལོ་རྒྱུས་ཀྱི་ལས་འབྲས་ནམ་ཡང་འཁོར་ནས་གསལ་གི་རེད་འདོད།
འདྲེ་མགོ་རྡོ་ནི་ནམ་ཡང་བོད་མི་ནང་ཁུལ་དཀྲུག་ཤིང་རྒྱག་མཁན་ཞིག་ཡིན་པ་དུས་བབ་ནང་གི་མི་འདིའི་ཟིན་བྲིས་ལ་ལྟས་ན་ཤེས། དབུ་རང་དབར་གྱི་རྩོད་རྙོག་འདི་ཅུང་ཟད་འཇག་འགྲོ་དུས་རྙོག་མ་སྐྱར་སླང་བྱེད་པ་འདི་ནི་རྒྱུག་ཁྱིའི་བྱ་སྤྱོད་ངོ་མ་དེ་རེད། ད་དུང་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཀྱང་ནམ་རྒྱུན་སྤྱི་ཚོགས་ནང་རྙོག་འདྲ་བཟོ་མཁན་དོག་གཞི་ཅན་གྱི་མི་དག་དག་རེད། དེ་ཤེས་པར་གྱིས་ཤིག
སྤྱི་ལོ༢༠༡༣ཟླ༦ཚེས༦ཉིན་གྱི་དགོང་ཁར། རྡ་ས་མག་ལོར་སྦྲག་ཁང་གི་ཉེ་འགྲམ་གྱི་ཤ་འཚོང་གི་སྒོ་ཁ་རུ་རྒྱ་གར་ཡུལ་མི་བཞིས་བོད་མོ་ཞིག་ལ་བཙན་གཡེམ་བྱས་འདུག་པ་དང་། བོད་མོ་དེའི་ཕུ་བོས་རྒྱ་གར་ཉེས་ཅན་པར་ལག་འཛིང་བྱས་པས་ཁོའི་ལག་པ་ལ་རྨས་སྐྱོན་ཕོག་འདུག་ཟེར། གནས་ཚུལ་བྱུང་ཡུལ་ནི་བོད་མོ་དེའི་སྡོད་ཁང་གི་ཉེ་འཁོར་ཡིན་པ་དང་། བཙན་གཡེམ་གཏོང་མཁན་བཞི་བོ་ནི་སྦྲག་ཁང་ཉེ་འཁོར་གྱི་ཤ་འཚོང་མི་ཞིག་དང་། ཆང་བཙོང་མི་ཞིག ཤིང་ཏོག་བཙོང་མི་ཞིག སྔོ་ཚོད་བཙོང་མི་ཞིག་བཅས་ཡིན་འདུག་ཟེར། བོད་མིའི་འབྲེལ་ཡོད་ལས་ཁུངས་ནས་འགན་ཅི་ལྟར་བླངས་ཡོད་དམ། བུད་མེད་ལྷན་ཚོགས་ཟེར་བས་དེའི་ཐད་ནས་ཅི་ཞིག་བྱས་ཡོད་དམ། བཙན་བྱོལ་དྲ་འབངས་ཀྱིས་དེའི་ཐད་ནས་ཅི་ཡང་མི་གླེང་དོན་གང་ཡིན་ནམ།
ལ་ལ་་་་་་་་་་་་་མགོ་རྡོ་་་་འདིས་བྲིས་འདུག་ད ་་་་ དཔེ་རེད། ཡིན་ན་ཡང་ཚང་མའི་ལྷག་བསམ་རེད། གཞུང་ལ་ཁ་གཏོང་བསྡད་ན་ཡག་པོ་མ་རེད། རང་ངོས་ནས་ཀྱང་ལག་ལེན་ཡོད་དགོས། རང་གིས་གང་བཤད་པ་རང་གིས་འགན་གཙང་ལེན་གྱིས།
བོད་མགོ་རྡོ་བརྡུང་ལགས་ཁྱོད་ཀྱི་བཤད་པ་ལྟར་ཁོ་ཚོ་ག་རེ་བྱས་ནས་ཕམ་པ་རེད། རེད་ཁོ་ཚོ་བོད་མི་རིགས་རིག་གཞུང་དང་བཅས་པ་སླར་གསོའི་ལས་དོན་མཐའ་དག་ལས་ཕམ་པ་རེད། དེས་ན་གལ་སྲིད་གཞོན་ནུའི་ཚོགས་པ་རྩ་མེད་བཏང་ཐུབ་པ་ཡིན་ན་དགྲ་བོ་རྒྱ་དམར་གྱི་དམིགས་འདུན་ངོ་མ་དེ་སྒྲུབ་ཐུབ་པ་རེད། དེ་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བདེ་དོན་ཐབ་རྩོད་ཀྱི་སྲོག་རྩ་བཅད་པ་རེད་ལ་དབུ་མ་ཚང་གི་མངོན་འདོད་འགྲུབ་པ་རེད། མ་གཞི་ཁོ་ཚོ་མི་རེ་ཟུང་ཕམ་པ་མ་རེད། གཞིས་བྱེས་རང་རིགས་ལྷག་བསམ་ཅན་དོན་ངོ་མར་མི་རིགས་ཀྱི་ཆེད་དུ་གཤེགས་ཟིན་པའི་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ཕམ་རྒྱུ་རེད། སྟབས་ལེགས་པ་ཞིག་ལ་འདི་ལོ་རང་ལ་ཕམ་ཁ་སྤྲད་ཐུབ་མེད་པ་རེད། ད་དུང་བླ་ཆེན་དཔོན་ཆེན་རྣམས་ཀྱིས་གཞོན་ནུས་བྱས་ཚད་རྟུག་དྲི་འདྲ་བོ་རེད་ཟེར་བ་དང་། དོན་མེད་རེད་ཟེར་བ་སོགས་རྟག་ཏུ་ཆོས་བཤད་ཀྱི་མཇུག་ཏུ་མུ་མཐུད་ནས་བཤད་ཐུབ་ཚེ་གཞོན་ནུ་ཕམ་ཉེས་གཏོང་ཐུབ་རྒྱུར་ཉགས་ཅིག་རེད།
གངས་ཅན་ལྗོངས་ལ་ཤ་ཚ་ན།།
ནང་རྩོད་མ་བྱས་ཕྱི་རུ་རྩོད།།
འདྲེ་མགོ་རྡོ། འདྲེ་མགོ་རྡོ། འདྲེ་མགོ་རྡོ། ཧཧཧཧཧཧ མིང་ཁྱད་མཚར་དེ་འདྲ་ཞིག་མ་རེད་དམ།
གཞོན་ལྷན་ཚོགས་གཙོ་མགོ་དམར་ལ་གུཊ་བྰ་ཡེ་ཡོད་དོ། ག་ལེར་ཕེབས་ན་བཟང་། ག་ལེར་ཕེབས།