མདོ་འདུམ་ཚང་།
ཉེ་ཆར། རྡ་ལམ་ས་ལའི་འཆར་འགོད་ལྷན་ཁང་གིས་སྤྱི་ལོ་༢༠༠༩ལོའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་དེ་བཏོན་འདུག ཐོག་མའི་འཆར་གཞི་ལྟར་ན། འཆར་འགོད་ལྷན་ཁང་གིས་སྙན་ཐོ་དེ་སྤྱི་ལོ་༢༠༠༨ལོར་འདོན་དགོས་ཀྱི་ཡོད། རྒྱུ་རྐྱེན་ཅི་ཞིག་གིས་དལ་འགྱངས་བྱས་བ་ངེད་ཀྱིས་མི་ཤེས།
ཞིབ་བཤེར་སྙན་ཐོ་དེ་ལྟར་ན། ད་ལྟའི་བཙན་བྱོལ་གྱི་མི་འབོར་ནི། ༡༢༧༩༣༥ཙམ་རེད། དེ་ནི། ཕྱི་ལོ་༡༩༩༨དང་བསྡུར་ན། མི་གྲངས་༡༦༩༡༥ཙམ་གྱིས་འཕར་སྣོན་བྱུང་འདུག འོན་ཀྱང་། བཙན་བྱོལ་བོད་མིའི་སྐྱེ་འཕེལ་གྱི་གྲངས་དེ་མར་ཆགས་བཞིན་ཡོད། འདས་བའི་ལོ་སུམ་ཅུའི་ནང་ལ་བརྒྱ་ཆ་༢༨ཆགས་འདུག་ཟེར། སྐྱེ་འཕེལ་གྱི་འཕར་ཚད་ལས་མར་ཆགས་ཚད་མགྱོགས། འཆར་འགོད་ལྷན་ཁང་གི་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ཀྱིས་གསུངས་ན། ང་ཚོའི་འཕར་ཚད་ཧ་ཅང་དམའ་བོ་རེད། དེ་ནི་ཕྱི་སྡོད་བོད་མི་མང་དུ་ཕྱིན་དང་བཙན་བྱོལ་བོད་མི་ཉུང་དུ་ཕྱིན་སྟབས་རེད་ཟེར། འདི་ལ་དོགས་དཔྱོད་ཞིག་བྱེད་གི་ཡིན། མི་འབོར་གྱི་འཕར་ཚད་དམའ་རུ་ཕྱིན་པ་དེ། ཕྱི་སྡོད་བོད་མི་མང་དུ་ཕྱིན་པ་བརྟེན་ནས་མ་རེད། དེ་ནི་ཐད་ཀར་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བ་ཆགས་ཀྱི་ཡོད་རེད། སྤྱི་ཚོགས་ཚན་རིག་གི་ཐོག་ནས། ལུང་པ་གང་ཞིག་ཡིན་རུང་། ལུང་པ་དེའི་ཤེས་ཡོན་ཡར་རྒྱས་ཕྱིན་ན། ཡིག་རྨོངས་བའི་གྲངས་ཉུང་དུ་ཕྱིན། བུ་ཕྲུག་གི་སྐྱེ་འཕེལ་དལ་དུ་དང་ཉུང་དུ་འགྲོ་གི་ཡོད་རེད། དེའི་རྒྱུ་རྐྱེན་ལྟེ་བ་ཡང་བུད་མེད་ཚོར་འབྲེལ་ཆགས་ཀྱི་ཡོད་རེད། བུད་མེད་ཀྱི་ཡིག་རྨོངས་སེལ་ན། བུ་ཕྲུག་གི་སྐྱེ་འཕེལ་དམའ་རུ་འགྲོ་བ་དང་འཕྲོད་བསྟེན་ཡག་ཏུ་འགྲོ་བ། ནང་མིའི་དཔལ་འབྱོར་བསྲི་ཚགས་སུ་འགྲོ་བ། བུ་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་རག་སླ་བ། ནང་མིའི་འཆར་འགོད་ཡག་ཏུ་འགྲོ་བ་བཅས་ཀྱི་གནས་སྟངས་ཤིག་བསྐྲུན་ཐུབ་གི་ཡོད་རེད། གནས་སྟངས་འདི་དང་འགྱུར་བ་འདི་བཙན་བྱོལ་སྤྱི་ཚོགས་སུ་བྱུང་བ་རེད། ད་དུང་འབྱུང་བཞིན་ཡོད་པ་རེད། མི་འབོར་གྱི་འཕར་ཚད་ཉུང་དུ་ཕྱིན་པ་འདི་འགྱུར་བ་རེད། འོན་ཀྱང་། བཙན་བྱོལ་བོད་མིའི་ཁྲོད་དུ། འགྱུར་བ་འདི་ལ་སེམས་ཁྲལ་མཁན་ཡང་འདུག སེམས་ཁྲལ་དེ་ཡང་གཅིག་བྱས་ན། བོད་དོན་འཐབ་རྩོད་དང་འབྲེལ་ནས་མིན་འགྲོ་ གང་ལྟར། ཞིབ་ཏུ་བསམ་ན། བོད་དོན་འཐབ་རྩོད་འདི་མི་འབོར་གྱི་གྲངས་དང་འབྲེལ་བ་རྒྱ་ཆེར་ཆགས་གི་མེད། མི་འབོར་མང་ན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་བ་དེ་གནའ་སྔ་མོའི་གནས་སྟངས་ཤིག་རེད། གནས་སྟངས་དེ་འགྱུར་བ་ཕྱིན་ཚར་རེད། དེང་སང་། མི་འབོར་ཉུང་ཉུང་ཚོ་སྟོབས་ཤུགས་ཆེ་རུ་དང་ཚགས་ཆེ་རུ་འགྲོ་གི་ཡོད་རེད། དེའི་དཔེ་ཚོན་ཡག་ཤོས་དེ། ཡོ་རོབ་ཀྱི་ལུང་པ་དེ་ཚོ་རེད། དེང་སང་། མི་འབོར་མང་བ་ལ་ཁེ་ཕན་གཅིག་རང་གཅིག་ཡོད་པ་ནི་དཔལ་འབྱོར་གྱི་ཁྲོམ་ར་ཟེར་བ་དེ་རེད། མི་འབོར་ཉུང་དུ་འགྲོ་བཞིན་པ་ཞིག་མང་དུ་གཏོང་གི་ཡིན་ཟེར་ན། ལྐུགས་པའི་ཨུ་ཚུགས་རང་རེད་མ་གཏོགས་ལས་རྒྱུ་བྱེད་རྒྱུ་དམིགས་བསལ་ཡོད་མ་རེད། བོད་མི་ཚོའི་སེམས་ལ། མི་འབོར་མང་ན་བསམ་གི་ཡོད་རེད། འོན་ཀྱང་། འཛམ་གླིང་སྤྱི་ཡོངས་ནས་མི་འབོར་ཉུང་དུ་གཏོང་ཐབས་ལ་འབད་ཀྱི་ཡོད་རེད། མི་འབོར་མང་དུ་ཕྱིན་ན་དཀའ་ངལ་གྱི་རིགས་མང་དུ་འགྲོ་གི་ཡོད་པ་རེད། འཛམ་གླིང་སྤྱི་ལ་མཚོན་ན། མི་འབོར་མང་དུ་འགྲོ་བ་དེ་དཀའ་ངལ་ཞིག་རེད། དཀའ་ངལ་ཆེན་པོ་ཞིག་རེད། དཔེར་ན། ད་ལྟའི་འཛམ་གླིང་སྤྱིའི་མི་འབོར་དེ་མི་གྲངས་དུང་ཕྱུང་དྲུག་ཅུ་དང་བྱེ་བ་བདུན་ཙམ་རེད། གྲངས་ཀ་འདི་སྤྱི་ལོ་༢༠༥༠ལོར་དུང་ཕྱུར་དགུ་བཅུ་དང་བྱེ་བ་གཉིས་ཙམ་ཆགས་ཀྱི་ཡོད་རེད། མ་འོངས་བའི་ལོ་ངོ་༤༣གྱི་ནང་ཚུན་ལ། མི་འབོར་དུང་ཕྱུར་ཉི་ཤུ་དང་བྱེ་བ་ལྔ་ཙམ་འཕར་གི་ཡོད་རེད། ལོ་ངོ་༤༣ནང་ཚུན་གྱི་མི་འབོར་གྱི་འཕར་གྲངས་འདི། ཕྱི་ལོ་༡༩༥༠ལོའི་འཛམ་གླིང་སྤྱི་ཡོངས་ཀྱི་མི་འབོར་རེད། ད་དཀའ་ངལ་ག་རེ་རེད་ཟེར་ན། ཡར་རྒྱས་ཕྱིན་པའི་ལུང་པ་དེ་ཚོར་མི་འབོར་གྱི་དཀའ་ངལ་འཕྲད་གི་ཡོད་མ་རེད། ཡར་རྒྱས་ཕྱིན་པའི་ལུང་པ་དེ་ཚོ་སྤྱི་ལོ་༢༠༥༠ལ་སླེབས་ན་ཡང་། རང་འཇགས་མི་འབོར་དུང་ཕྱུར་བཅུ་དང་བྱེ་བ་གཉིས་ཀྱི་སྒང་ན་འདུག་གི་ཡོད་རེད། མི་འབོར་གྱི་འཕེལ་རྒྱས་འབྱུང་ས་གཙོ་བོ་དེ། ཡར་རྒྱས་འགྲོ་བཞིན་པའི་ལུང་པ་དེ་ཚོའི་ནང་ལ་བྱུང་གིན་ཡོད་པ་རེད། ཡར་རྒྱས་འགྲོ་བཞིན་པའི་ལུང་པ་དེ་ཚོ་ཡང་གཙོ་བོ། དཀྱིལ་ཤར་ཨེ་ཤེ་ཡ། ཨེ་ཤེ་ཡ་ལྷོ་མ་། ཨ་ཧྤེ་རི་ཁ། ལྷོ་ཨ་མེ་རི་ཁ་བཅས་ཀྱི་ནང་ལ་རེད། ལུང་པ་འདི་ཚོའི་ནང་ལ། མི་འབོར་གྱི་འཕར་ཚད་ཇེ་མགྱོགས་ལ་ཕྱིན་པའི་དབང་གིས། ལས་མེད་ཀྱི་གྲངས་ཀ་མང་དུ་འགྲོ་བ། སྤྱི་ཚོགས་བདེ་འཇགས་སྐྱོ་རུ་འགྲོ་བ། འཕྲོད་བསྟེན་སྐྱོ་རུ་འགྲོ་བ། དཔལ་འབྱོར་བསྲི་ཚུགས་མེད་པ། ས་ཞིང་བདག་དབང་གི་གནད་དོན་རྣོ་ངར་ཆེ་རུ་འགྲོ་བ་བཅས། ལུང་པ་ཡར་རྒྱས་འགྲོ་བ་ལ་འགོག་རྐྱེན་རབ་དང་རིམ་པ་འཕྲད་བཞིན་ཡོད་པ་རེད།
དཀའ་ངལ་འདི་ཚོ་གཅིག་པོ་མ་རེད། ལུང་པའི་མི་འབོར་མང་དུ་ཕྱིན་པ་ལ་བརྟེན་ནས། འཛམ་གླིང་སྟེང་གི་གྲོང་ཁྱེར་ཆེ་ཁག་ལ་དཀའ་ངལ་མང་དུ་འཕྲད་བཞིན་ཡིན། དཔེར་ན། ཕྱི་ལོ་༡༨༠༠ལོར་ལོན་གྲོན་དེ་འཛམ་གླིང་གི་གྲོང་ཁྱེར་ཆེ་ཤོས་རེད། མི་འབོར་ས་ཡ་གཅིག་ཙམ་རེད། ཕྱི་ལོ་༡༩༦༠ལོར། མི་འབོར་ས་ཡ་གཅིག་ལས་བརྒལ་བའི་གྲོང་ཁྱེར་༡༡༡ཙམ་ཆགས་ཚར་ཡོད་པ་རེད། དེ་རིང་སང་ཉིན་དེ་ལྟ་བུའི་གྲོང་ཁྱེར་༣༠༠ལྷག་ཡོད་རེད། གྲོང་ཁྱེར་ཆེ་ཁག་ཏུ་མི་འབོར་མང་དུ་ཕྱིན་པ་ལ་བརྟེན་ནས། ས་ཆའི་བཀོལ་སྤྱོད་ཀྱི་རྒྱ་ཁྱོན་ཆུང་དུ་འགྲོ་བ།
ཆུ་འདང་ངེས་མེད་པ། རླུང་བཙོག་པ་ཆགས་པ། འཕྲོད་བསྟེན་སྐྱོ་རུ་འགྲོ་བ། ན་ཚའི་རིགས་མང་དུ་འཕེལ་བ། ཉེས་དོན་མང་དུ་འགྲོ་བ། གཞུང་གི་འགྲོ་སོང་ཆེ་རུ་འགྲོ་བ་སོགས་དཀའ་ངལ་མང་དུ་འགྲོ་བཞིན་ཡོད། གནད་དོན་འདི་དག་གི་ཕྱོགས་ཡོངས་ལ་ངོས་འཛིན་ཐོབ་པའི་ཐོག་ནས། མི་འབོར་མང་དུ་འགྲོ་བ་ནི། འཛམ་གླིང་ལ་མཚོན་ན་དཀའ་ངལ་གྱི་གདོང་ཐུག་ཆེན་པོ་ཞིག་ཡིན། བཙན་བྱོལ་བོད་གཞུང་ལ་ག་འདྲ་ཡིན་མིན་མི་ཤེས། གང་ལྟར། མི་འབོར་གྱི་གནད་དོན་འདི་རྙོད་དྲ་ཚ་བོ་རེད།
(གསལ་བཤད། རྩོམ་ཐུང་འདི་བྲེལ་སྟབས་ཀྱིས་བྲིས་བ་ཡིན། ནོར་བ་དང་ཆད་པ་སོགས་ཡོད་ན་དགོངས་དག་ཞུ། ཀློག་མཁན་རེ་གཉིས་ལ་ཕན་ན་རྩོམ་འདིའི་དགོས་དམིགས་འགྲུབ་བ་ཡིན། )
༼ཆུ་འདང་ངེས་མེད་པ། རླུང་བཙོག་པ་ཆགས་པ། འཕྲོད་བསྟེན་སྐྱོ་རུ་འགྲོ་བ། ན་ཚའི་རིགས་མང་དུ་འཕེལ་བ། ཉེས་དོན་མང་དུ་འགྲོ་བ། གཞུང་གི་འགྲོ་སོང་ཆེ་རུ་འགྲོ་བ་སོགས་དཀའ་ངལ་མང་དུ་འགྲོ་བཞིན་ཡོད། གནད་དོན་འདི་དག་གི་ཕྱོགས་ཡོངས་ལ་ངོས་འཛིན་ཐོབ་པའི་ཐོག་ནས། མི་འབོར་མང་དུ་འགྲོ་བ་ནི། འཛམ་གླིང་ལ་མཚོན་ན་དཀའ་ངལ་གྱི་གདོང་ཐུག་ཆེན་པོ་ཞིག་ཡིན། བཙན་བྱོལ་བོད་གཞུང་ལ་ག་འདྲ་ཡིན་མིན་མི་ཤེས། གང་ལྟར། མི་འབོར་གྱི་གནད་དོན་འདི་རྙོད་དྲ་ཚ་བོ་རེད།༽
ཁྱེད་ཀྱིས་རྒྱ་དཀར་ནག་གི་གནས་ཚུལ་ལ་ལྟོས་ནས་འདི་ལྟར་བྲིས་བ་ཆེ། ཨོ་སི་ཁྲི་ལིའི་ཡ་དང་ཁ་ན་ཌ། ཨར་ལན་དང་སི་ལོ་ཝའ་ཁི། འཇར་མན་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་མི་འབོར་གྱིས་མ་འདང་བའི་དཀའ་ངལ་ཡོད། གནས་ཚུལ་དེ་དག་ལེགས་རྟོགས་ཡོད་ན་སྐད་ཆ་འདི་ལྟར་ཡོང་སྲིད་ཀྱི་མ་རེད་སྙམ། འཛམ་གླིང་ལ་ཡོད་པའི་དཀའ་ངལ་ཡོད་པ་ནི་མི་འབོར་ཆ་མི་མཉམ་པའི་དཀའ་ངལ་ཡོད་པ་ལས་མང་དྲགས་པ་དཀའ་ངལ་མེད། རྒྱ་གར་ནག་ལ་མང་པའི་དཀའ་ངལ་ཡོད་ཀྱང་རྒྱལ་ཁབ་མང་པོ་ཞིག་ལ་མི་འདང་བའི་དཀའ་ངལ་ཡོད།
འདི་ཆ་སྙོམས་མ་སྙོམས་གྱི་དཀའ་ངལ་མ་རེད། མི་འབོར་ཆ་སྙོམས་ཀྱི་དཀའ་ངལ་ཟེར་བ་འདི་ལུང་པ་ནང་ཁུལ་གྱི་དཀའ་ངལ་རེད།
འདིའི་སྐོར་ལ་ད་ལྟ་རྒྱས་བ་འབྲི་ཁོམ་མེད། གོང་དུ་ཁྱེད་ནས་ལུང་པ་ཁ་ཤས་ཤིག་ལ་མི་འབོར་མ་འདང་བའི་དཀའ་ངལ་ལབ་འདུག
དེ་ངས་མི་ཤེས། མི་འབོར་མི་འདང་བ་ཟེར་ན་ག་རེ་རེད། ག་རེའི་སྒང་ལ་འདང་གི་ཡོད་མ་རེད། གོང་གི་ལུང་པ་དེ་ཚོའི་གྲས་ཀྱི་ཁ་ཤས་ཤིག་ལ་ལུང་པའི་རྒྱ་ཁྱོན་ལ་བབས་པའི་མི་འབོར་ཡོད་མ་རེད།
དེ་ལས་སླ་བོའི་སྒོ་ནས་བརྗོད་ན། མི་འབོར་གྱི་གྲངས་ཀྱིས་ས་ཁྱོན་ལ་བགོ་བཤའ་རྒྱག་གི་ཡོད་རེད། དཔེར་ན། ཁ་ཎ་སྒྲ་ལྟ་བུ་རེད། ལུང་པ་འདི་ལྟ་བུ་ལ་(Under Population) ཟེར་གི་རེད།
དེ་ནས་། འཇར་མན་གྱི་སྐོར་དེ་ཡང་གཅིག་བཤད། འཇར་མན་ལ་མི་འབོར་མ་འདང་བའི་དཀའ་ངལ་ཡོད་མ་རེད། ག་རེའི་དཀའ་ངལ་ཡོད་རེད་ལབ་ན།
ཡུལ་མི་བགྲེས་སོང་གི་མི་འབོར་ཕོན་ཆེ་བའི་དཀའ་ངལ་ཡོད་རེད། དེ་ལ་(Aging Society) ཟེར་གི་རེད། དཀའ་ངལ་དེ་སེལ་ཐབས་ལ་ལུང་པའི་གཞུང་གིས་གཞོན་སྐྱེས་ཀྱི་མི་འབོར་ཇེ་མང་ལ་གཏོང་བའི་སེམས་ཤུགས་སྤར་གི་ཡོད་རེད། སེམས་ཤུགས་སྤར་སྟངས་ཀྱང་འདྲ་མིན་ཡོད་རེད། གནས་སྐབས་ལ་དེ་ཙམ་ཡིན། རེ་རེ་བཞིན་ཞིབ་ཚགས་པོ་འབྲི་བའི་ཁོམ་ལོང་མི་འདུག
དྲི་བ་ཡོད་ན། གནད་དོན་བྱེ་བྲག་པའི་སྒང་ལ་ཐད་ཀར་ཐོངས།
ནོར་བཅོས
ཁྱེད་ཀྱིས་རྒྱ་དཀར་ནག་གི་གནས་ཚུལ་ལ་ལྟོས་ནས་འདི་ལྟར་བྲིས་བ་ཡིན་ཤས་ཆེ། ཨོ་སི་ཁྲི་ལིའི་ཡ་དང་ཁ་ན་ཌ། ཨར་ལན་དང་སི་ལོ་ཝའ་ཁི། འཇར་མན་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་མི་འབོར་གྱིས་མ་འདང་བའི་དཀའ་ངལ་ཡོད། གནས་ཚུལ་དེ་དག་ལེགས་རྟོགས་ཡོད་ན་སྐད་ཆ་འདི་ལྟར་ཡོང་སྲིད་ཀྱི་མ་རེད་སྙམ། འཛམ་གླིང་ལ་ཡོད་པའི་དཀའ་ངལ་ཡོད་པ་ནི་མི་འབོར་ཆ་མི་མཉམ་པའི་དཀའ་ངལ་ཡོད་པ་ལས་མང་དྲགས་པའི་དཀའ་ངལ་མེད། རྒྱ་གར་ནག་ལ་མང་པའི་དཀའ་ངལ་ཡོད་ཀྱང་རྒྱལ་ཁབ་མང་པོ་ཞིག་ལ་མི་འདང་བའི་དཀའ་ངལ་ཡོད། བོད་མིའི་གྲངས་འབོར་རྒྱ་གར་ནག་གི་གནས་སྟངས་དང་སྡུར་ནས་བཤད་པ་ནི་ཧ་ཅང་བླུན་པའི་རྒྱུ་ལས་གང་མིན་པ་སྣང་། སྐད་ཆ་འདི་ཅུང་རྩུབ་དྲགས་པས་དགོངས་དག འོན་ཀྱང་། གནས་སྟངས་འདི་ཙམ་མི་རྟོགས་ན་བློ་ཕམ་རེད། ཆེ་ཁི་ལ་ཀེ་ལོ་མི་ཌ་གྲུབ་མ་ཁྲི་བརྒྱད་ཀྱི་ས་ལས་མེད་ཀྱང་ཡ་ས་བཅུ་ཡོད། འོན་ཀྱང་ཁོ་ཚོར་མི་འདང་བའི་ཞེ་སྣང་ལས་མང་དཀའ་ངལ་མི་འདུག བོད་ལ་ཀེ་ལོ་མི་ཌ་གྲུབ་མ་ས་ཡ་གཉིས་དང་ཕྱེད་ཙམ་གྱི་ས་ཡོད་ཀྱང་ས་ཡ་དྲུག་ལས་མེད། ས་ཡ་དྲུག་གིས་ཆོད་སེམས་བསྟན་ན་ཡག་པོ་རེད། རྒྱ་གར་ནག་གི་ཆེད་དུ་མི་འབོར་ཉུང་ཕྲི་བྱོས། ས་ཆ་ཡོད་ཚད་གཞན་ལ་སྤྲད་ནས་རིགས་རྒྱུད་ཁོག རིགས་རྒྱུད་མེད་ན་ས་ཆ་དགོས་དོན་མེད་ཅིང་། ས་ཆ་མེད་ན་རྩོད་གཞི་མེད། ཡོད་ཚད་གཞན་ལ་སྤྲོད། གཞན་གྱི་ཆེད་དུ་ཡོད་ཚད་བློས་བཏང་གནོང་། ཐུགས་རྗེ་ཆེ། ཡོག་པོ་རེད། མུ་མཐུད་དུ་ལྟ་ཚུལ་དེའི་རིགས་བོད་ཀྱི་སྤྱི་ཚོགས་ཁྲོད་སྒྲོགས་དང་། བོད་ལ་ཕན་ཞིང་རྒྱ་ལ་བདེ། འཛམ་གླིང་ལ་ཕན་ངེས་རེད།
ཡ་ཡ། ད་ཁྱེད་ཀྱི་ནོར་བཅོས་ཡིན་ཟེར་མཁན་དེ་ཡང་གཅིག་བྐླགས་པ་ཡིན།
ངས་ཅང་མ་གོ་ཐ། ད་འུ་གཉིས་ཀྱིས་ཕན་ཚུན་ལ་བརྡ་འཕྲོད་རྒྱུ་མིན་པ་འདྲ། རྗེས་མ་ཞིག་ལ་ཡིན།
འདི་ནས་མི་འདྲ་མི་འདྲར་ཁ་བརྩད་ནས་འདུག་རྒྱུའི་དུས་ཚོད་མེད། བདེ་མོ་བྱོས།
Puppulation is shrinking in many coutries like Swiss, Germany, and Finland.