གཞུང་པ་ཚེ་དབང་བསོད་ནམས།
འཛམ་གླིང་དམག་ཆེན་གཉིས་པ་འཇུག་སྒྲིལ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། ( UNO ) གསར་དུ་བཙུགས་ནས་དང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ཚོགས་ཆུང། ( Security Council ) བཙུགས་པ་དང་། དེ་ནས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་སོགས་དགོས་གལ་ལ་ཞིག་པའི་རིམ་པས ཚོགས་ཆུང་ཁག་བཙུགས་པ་དང་། མི་གི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཀྱང་སྤྱི་ཚོགས་ཀྱི་བདེ་འཇགས་ལས་གལ་ཆེ་བ་མེད་པ་ནི་ཆེ་ས་རྒྱལ་ཁབ་དང་། གཞུང། ་སྒྲིག་འཛུགས། ཆུང་ས་ཁྱིམ་ཚང་སྒེར་བཅས་པར་ཞི་བདེ་དང་ལྷིངས་འཇགས་བརྒྱུད་ནས་ཡར་རྒྱས་འགྲོ་དགོས་པ་ནི་སྤྱི་ཚོགས་འཚོ་གནས་ཐུབ་པའི་རྨང་གཞི་དེ་ཡིན་པ་ནི་དེང་སྐབས་འཛམ་གླིང་གི་ལུང་པ་མང་པོའི་ནང་ཞི་བདེ་ལྷིངས་འཇགས་མེད་པ་ནས་རྒྱལ་ནང་གི་དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་བདེ་འཇགས། མི་མང་གི་འཚོ་བ་སོགས་སྤྱི་ཚོགས་འཚོ་གནས་ཐུབ་པའི་ལས་གཞི་མང་པོ་ལ་རང་བཞིན་དོ་ཕོག་དང་ཉམས་ཆགས་འགྲོ་བཞིན་པ་ང་ཚོའི་མཐོང་ཐུབ་པ་དང་ཐོས་ཐུབ་པ་ཞིག་ཡིན་པ་དང་། སྤྱི་ཚོགས་ལ་བདེ་འཇགས་
དགོས་པ་ལ་གལ་ཆེ་ཤོས་དེ་མི་མང་གི་བསམ་བློ་ལ་ཡར་རྒྱས་འགྲོ་དགོས་པ་དང་། བསམ་བློ་ལ་སློབ་གསོ་ཐེབ་དགོས་པ་དང་སློབ་གསོ་སྤྲོད་དགོས་པ་དེ་སྲིད་གཞུང་གི་ལས་འགན་ཡིན་པ་དང་། མི་མང་གི་བསམ་བློའི་གནས་ཚད་མཐོ་བོ་ཡོད་པའི་མི་གི་སྤྱི་ཚོགས་དེ་སྤྱི་ཚོགས་གཞན་དང་མ་འདྲ་བ་ཞིག་རང་བཞིན་འབུར་དུ་མཐོང་ཐུབ་པ་དང་། མི་མང་གིས་བསམ་བློའི་གནས་ཚད་དམའ་བོ་ཡོད་པའི་ལུང་པ་མང་པོའི་ནང་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་ལ་སྐྱབས་བཅོལ་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་ཁུར་དགོས་པ་དང་། དེང་སྐབས་འཛམ་གླིང་གི་ལུང་པ་མང་ཆེ་བ་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་མང་གཙོ་དང་རང་དབང་ཁ་དང་ལྕེ་ལ་ཉར་ནས་ལུང་པའི་ཁྲིམས་དང་སྤྱི་ཚོགས་ཀྱིས་སྒྲིག་ལམ་སོགས་གང་ལའང་བརྩི་མི་དགོས་པར་རང་སྣང་གང་དྲན་དང་བསམ་ཚད་ཁ་དང་ལྕེ་ལ་ཉར་ནས་སྤྱི་ཚོགས་ཀྱིས་བདེ་འཇགས་དང་སྒྲིག་འཛུགས་ཀྱི་སྒྲིག་ལམ་སོགས་དོག་རོལ་བཏང་ཐུབ་པ་ཙམ་གྱིས་མང་གཙོའི་ལས་འགན་འགྲུབ་པར་ངོས་འཛིན་གནང་མཁན་ཡོད་ན་མང་གཙོ་དང་རང་དབང་ངོ་ཤེས་ནས་མང་གཙོའི་ལས་འགན་དང་ཁྲིམས་སྒྲིག་ངོ་མ་ཤེས་མཁན་ལ་ངོས་འཛིན་བྱེད་ཆོག་པ་དང་། དུས་རབས་ ༢༡ འདིའི་ནང་འཛམ་གླིང་གི་ལུང་པ་མང་ཆེ་བ་མང་གཙོའི་ལམ་ལུགས་དུ་ཁ་ཕྱོགས་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་། རྒྱལ་སྲུང་གི་བདེ་འཇགས། ་རྒྱལ་ནང་གི་དཔལ་འབྱོར། མི་མང་གི་འཕྲོད་བསྟེན། ཤེས་ཡོན་སློབ་གསོ། འཁོར་ཡུག་སྲུངས་སྐྱོབས་སོགས་དུས་རབས་དང་མཐུན་པའི་ལམ་ལུགས་ནང་འགྲོ་བཞིན་པ་དེ་དང་ཕྱོགས་མཐུན་བྱས་ནས་ང་ཚོ་ཡང་འགྲོ་མ་ཐུབ་ཚེ་སླར་ཡང་རྗེས་ལུས་ནས་ཡང་ལུས་དུ་ལྷག་སྲིད་པ་དང་། མི་གི་སྤྱི་ཚོོགས་འཚོ་གནས་ཐུབ་པའི་ཆབ་སྲིད་ཀྱི་ལམ་ལུགས་གྲངས་མང་ཡོད་པ་ནས་སྤྱི་ཚོོགས་ཀྱིས་འཕེལ་རིམ་རྒྱུད་ནས་དུས་རབས་ལ་ཁ་ཕྱོོགས་ནས་དེང་སྐབས་འཛམ་གླིང་གི་ལུང་པ་མང་ཆེ་བ་མང་གཙོའི་ལམ་ལུགས་ནང་འགྲོ་བཞིན་པ་དང་། ( Democracy ) མང་གཙོ་དེ་ཡང་ཁྲིམས་ཀྱི་དབང་བསྒྱུར་ ( Rule of Law ) འོག་མི་མང་འཚོ་ཐུབ་པའི་འགན་ཁུར་ནས་མང་གཙོའི་གཞུང་སྐྱོང་མཁན་གྱིས་སྒྲིག་འཛུགས་འཛིན་སྐྱོང་སྡེ་ཚན། ( Executive ) དང་། ཁྲིམས་བཟོ་སྡེ་ཚན། ( Legislature ) དང་། ཁྲིམས་ལུགས་དབང་འཛིན། ( Judiciary ) བཅས་སྡེ་ཚན་འདི་གསུམ་ལ་མང་གཙོའི་ཀ་བ་གསུམ་ཟེར་བའི་ཐ་སྙད་ང་ཚོའི་བེད་སྤྱོད་བྱེད་བཞིན་པ་དང་། མང་གཙོའི་ཀ་བ་འདི་གསུམ་གྱིས་འགན་དབང་ཡོངས་རྫོགས་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ནས་བཞེས་དགོས་པ་ནི་ཁྲིམས་ཀྱིས་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པ་དང་། མང་གཙོའི་ཀ་བ་གསུམ་གྱིས་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ་ནི་མང་གཙོའི་རིག་པའི་གཞུང་ལུགས། ( Democracy Theory ) ནས་བཤད་པའི། (Check and Balance system ) ཐོག་གནས་དགོས་པ་དང་། མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་གཅིག་གི་གཅིག་ལ་འགན་བཀུར་དགོས་པ་དང་ལན་རྒྱབ་དགོས་པ་ནི། ( Responsible and Answerable ) བྱས་ནས་འགྲོ་དགོས་པ་དང་།
གྲོས་ཚོགས་ལས་རིམ་ནང་འཛིན་སྐྱོང་སྡེ་ཚན། ( Executive ) དང་། ཁྲིམས་བཟོ་སྡེ་ཚན། ( Legislature ) གཉིས་ནས་རྒྱལ་ཁབ་དང་། སྲིད་གཞུང། མི་མང་གིས་འཚོ་བའི་ལས་དོན་ཆེད་གཅིག་གི་གཅིག་ལ་འགན་བཀུར་དགོས་པ་དང་ལན་རྒྱབ་དགོས་པའི་རྒྱུད་རིམ་ནས་རྒྱལ་ཁབ་དང་། སྲིད་གཞུང། མི་མང་དང་བཅས་པའི་ལས་དོན་ཡོངས་རྫོགས་གྲོས་ཚོགས་ར་བའི་ནང་ཁྲིམས་མཐུན་དང་ལུགས་མཐུན་ཡ་རབས་བཟང་སྤྱོད་རྒྱུད་ནས་སྲིད་ཇུས་གཏན་འབེབས་གནང་ནས་འགྲོ་དགོས་པ་དེ་མང་གཙོ་ཡང་དག་པ་ཁྲིམས་ཀྱིས་དབང་བསྒྱུར། ( Rule of Law ) ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ། རྒྱལ་ཁབ་དང་། སྲིད་གཞུང་གི་ལས་དོན་དང་འབྲེལ་བའི་ཁྲིམས་དང་སྒྲིག་གཞི་ག་འདྲ་ཞིག་བཟོ་དགོས་ཀྱང་མི་མང་གི་མངོན་འདོད་དང་། མི་མང་གིས་བསམ་འཆར་གཞི་ལ་བཞག་ནས་གྲོས་ཚོགས་ནས་གཏན་འབེབས་གནང་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་མཆོག་མཆན་བཀའ་ཁྲོལ་ཞུས་ཐོབ་མཚམས་ཁྲིམས་ཡིག་ངོ་མ་ཆགས་ནས་ལག་ལྟར་བྱེད་དགོས་པ་ལས་སྲིད་འཛིན་གྱི་མཆོག་མཆན་བཀའ་ཁྲོལ་མ་ཐོབ་སྔོན་ལ་ཁྲིམས་འཆར་ ( Bill ) ལས་ཁྲིམས་ངོ་མ། ( Act ) ནམ་ཡང་ཆགས་མི་ཐུབ་པ་དང་། མང་གཙོ་ཡང་དག་པའི་ལམ་ལུགས་ནང་མང་གཙོའི་ཀ་བ་བཞི་པ་དེ། ( Pressure Group )གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ( NGO ) ཁག་ནས་སྲིད་གཞུང་གི་ལས་དོན་ཁག་ལ་མཐུན་རྒྱུར་དང་བྱ་ར་བྱེད་པའི་འགན་ཁུར་ནས་རྒྱལ་ཁབ་དང་། སྲིད་གཞུང། མི་མང་དང་བཅས་པའི་འཚོ་བའི་ལས་དོན་ལ་ཞོགས་འདེགས་གནང་རྒྱུ་དང་དགེ་སྐྱོན་ལ་མཛུབ་མོ་བཙུགས་རྒྱུ་སོགས་ལ་འགན་ཁུར་དགོས་པ་དང་། མང་གཙོའི་ཀ་བ་ལྔ་པ་དེ་གསར་འགྱུུར་རྒྱུད་ལམ། ( Media ) ཡིན་པ་ནས་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ནས་སྲིད་གཞུང་དང་མི་མང་བར་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་དང་ཤེས་དུ་འཇུག་རྒྱུ་སོགས་སྤྱི་ཚོགས་བརྟན་ལྷིང་ལ་འགན་ཁུར་ནས་གསར་འགྱུར་དུས་ཐོག་སྤེལ་དགོས་པ་སོགས་མང་གཙོའི་ཀ་བ་ལྔ་པ་གསར་འགོད་ཚོའི་ལས་འགན་དེ་ཡིན་པའི་ངོས་འཛིནཡང་ཞུ་གི་ཡོད་ལ་མང་གཙོའི་སྒྲིག་འཛུགས་ནང་གལ་ཆེ་ཤོས་དེ་མི་མང་ཡིན་པ་དང་། མི་མང་ནི་རྒྱལ་ཁབ་དང་སྲིད་གཞུང་གི་སྲོག་རྩ་ཡིན་པ་མ་ཟད་བླ་གནས་ས་ཡང་ཡིན་ན་མི་མང་གིས་མངོན་འདོད་དང་བསམ་འཆར་གཞི་ལ་བཞག་ནས་སྲིད་གཞུང་དང་གྲོས་ཚོགས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཁྲིམས་སྒྲིག་བཟོ་དགོས་པ་ནི་མང་གཙོའི་གཞུང་གི་ཐུགས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་མི་མང་གི་ལས་འགན་ཆེ་ཤོས་དེ་གཞུང་གི་ལས་དོན་བྱེད་ཕྱོགས་ལ་བྱ་ར་བྱ་རྒྱུ་དེ་ཡིན་པ་ནི་མང་གཙོའི་རིག་པའི་གཞུང་ལུགས། ( Democracy Theory ) ནང་འདི་ལྟར་ཁྱི་གི་རྐུ་མ་སྲུང་བ་ནང་བཞིན་བྱ་དགོས་པ་དང་། ( watch dog ) གལ་སྲིད་མི་མང་ནས། ( watch dog ) བྱེད་མ་ཐུབ་ན་མང་གཙོ་གཉིད་ཤོར་བ། ( Sleeping Democracy ) ཆགས་ནས་སྤྱི་ཚོགས་ནང་ལྐོག་ཟ་རུལ་སྲུང་དང་། འགོ་འདྲེན་རིང་ལུགས། ཕྱོགས་གཏོགས་ཆབ་སྲིད། གྲལ་རིམ་གཅིག་བསྡུད། ལུང་ཚན་ཤོག་སྒྲིལ། །སྐབས་ཚོལ་རིང་ལུགས་སོགས་དར་ནས་རྒྱལ་ནང་གི་དཔལ་འབྱོར་ལ་གྱོང་གུན་དང་མི་མང་གི་འཚོ་བ་ལ་ཉམས་ཆགས་འགྲོ་སྲིད་པ་ནི་ང་ཚོའི་མཐོང་ཆོས་སུ་ཡོད་པ་ནི་དམག་འཁྲུགས་ཡོད་སའི་ལུང་པ་དེ་ཚོ་ནས་ཤེས་ཐུབ་པ་དང་མཐོང་ཐུབ་པ་དང་གོ་ཐུབ་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོོད་ནམས་ནས་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༧ པའི་ཚེས་ ༢༢ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།