འབའ་སྲས།
ངག་ནས་དབྱངས་ཅན་ངག་ཐོས་པ།།
དཔྱད་ན་རིག་པའི་ཀློང་བརྡོལ་བ།།
མདོ་སྨད་ལོ་རྒྱུས་རྩོམ་པ་པོ།།
ཧོར་གཙང་འཇིགས་མེད་གྲྭ་ལོག་ཡིན།།
ཤར་ཕྱོགས་མཚན་ཉིད་སྨྲ་བ་བོ།།
སྲོལ་རྒྱུན་སྙན་ངག་ཟླ་མེད་པ།།
སཱ་རའི་སློབ་དཔོན་ཆེན་མོ་མཆོག །
བློ་གྲོས་དཔལ་བཟང་གྲྭ་ལོག་ཡིན།།
ཤར་ཕྱོགས་འགྲིམས་པའི་གཏམ་སྨྲ་བ།།
ཚིག་སྦྱོར་ཚུལ་ལ་མཁས་པའི་ཕུལ།།
ཏེ་སེ་བཙལ་ནས་རྙེད་པ་པོ།།
ཤེས་རབ་དར་རྒྱས་གྲྭ་ལོག་ཡིན།།
ལོ་རྒྱུས་སྨྲ་ལ་ཀུན་མཁྱེན་གྲགས།།
སུམ་རྟགས་ཐོན་མི་གཉིས་པ་སྟེ།།
མཚན་མ་རིག་པ་ཆོས་གྲགས་སྤུན།།
བློ་བཟང་རྒྱལ་མཚན་གྲྭ་ལོག་ཡིན།།
བཅད་གསར་སྙན་ངག་སྲོལ་གཏོད་མཁན།།
ལྟ་བ་རིག་པ་འགྲན་མེད་པ།།
རྟུལ་ཕོད་གླེགས་བམ་རྩོམ་པ་པོ།།
སེང་གེ་རྡོ་རྗེ་གྲྭ་ལོག་ཡིན།།
དབྱིན་ཡིག་བོད་ཡིག་སྨྲ་བའི་མཆོག །
སུམ་རྟགས་རྣམ་དབྱེ་དཔྱད་པ་གསར།།
སངས་རྒྱས་དཔལ་རྟུལ་སྒྱུར་པ་པོ།།
དགེ་འདུན་རབ་གསལ་གྲྭ་ལོག་ཡིན།།
སྨན་དང་སྙན་ངག་ནང་བའི་ཆོས།།
ཐ་སྙད་རིག་གནས་རྩིས་ལ་སོགས།།
ཆེ་ཆུང་ལྔ་ལ་བྱང་ཆུད་པ།།
ཨ་ཚོགས་མཁས་བཙུན་གྲྭ་ལོག་ཡིན།།
ལོ་རྒྱུས་སྨྲ་ལ་མེ་ལོང་གཟུགས།།
གསང་རྣམ་ལག་མཐིལ་རི་མོ་བཞིན།།
སྨན་སྦྱོར་གཡུ་ཐོག་གཉིས་པ་སྟེ།།
བླ་བྲང་སྐལ་བཟང་གྲྭ་ལོག་ཡིན།།
རཱ་མ་ཎ་ཡི་ཡང་འགྲེལ་དང་།།
སྤྲིན་གྱི་ཕོ་ཉའི་འབྲུ་འགྲེལ་བ།།
ནོར་གླིང་སྙན་ངག་སྨྲ་བའི་མཆོག །
བསྟན་འཛིན་འཇམ་དབྱངས་གྲྭ་ལོག་ཡིན།།
རྩོམ་རིག་གཞུང་དང་མིང་གི་བརྡ།།
མངོན་བརྗོད་རིག་བྱེད་གཏམ་ལ་མཁས།།
དེང་གི་རྩོམ་རིག་དགེ་རྒན་མཆོག །
རྭ་རྒྱ་འཕྲིན་ལས་གྲྭ་ལོག་ཡིན།།
གནའ་དེང་སྙན་ངག་འབྲི་བ་པོ།།
གོ་སླ་གཉི་ཀ་རྩོམ་མཁས་པ།།
ཏཱ་ལའི་བླ་མའི་སློབ་ཆེན་གྱི།།
དགེ་རྒན་ཨ་འཇམ་གྲྭ་ལོག་ཡིན།།
གང་ཞིག་འཆད་ལ་དབྱུག་པ་ཡིས།།
རྨོངས་དད་ཅན་གྱི་མགོ་གཏོར་བ།།
བདེན་དངོས་སྨྲ་ལ་ལྕགས་ཀྱི་ལྕེ།།
མཁས་པ་འོད་ཀྱང་གྲྭ་ལོག་ཡིན།།
མཐོན་པོའི་རྐང་མཐིལ་སེན་སྐོར་བྱེད།།
དམའ་བའི་མགོ་བོ་འཁོར་གསུམ་བསྐོར།།
གྲྭ་ལོག་ནང་གི་ལྟ་ལོག་པ།།
སྨྲ་དུག་ལྕེ་ཅན་གྲྭ་ལོག་ཡིན།།
སྙན་གཞུང་སྙན་ངག་མེ་ལོང་མ།།
རོང་བས་འཐེན་ཐུག་འཐུང་འཐུང་བྱེད།།
འབྲོག་པས་རྩམ་པ་བརྫི་བརྫི་བྱེད།།
ཁ་སྒང་བསམ་གཏན་གྲྭ་ལོག་ཡིན།།
༠༢/༠༨/༡༥ མཚན་དཀྱིལ་དུ།
གྲྭ་ལོག་གྲྭ་བའི་བསྐྱངས་བ་བདེན་པས་ན ། །
གྲྭ་བའི་སྡེ་ནས་ཕྱི་ལ་ཐོན་མ་ཐག ། །
གྲྭ་བ་ཚོ་ལ་ངན་དམོད་བྱེད་པ་ནི ། །
གྲྭ་ལོག་ཀུན་གྱི་གྲལ་མཐར་ཡིན་པ་ཤེས ། །
གྲྭ་ལོག་ཟེར་དུས་སྨད་ར་འདྲ་བརྗོད་བྱ་དངོས་ལ་འཇོན་ཐང་བྲིས་ནས་ད་སྡོམ་རྒྱག་ན་ག་འདྲ་རེད་་་་་ཡཡཡཡ་་་་་
གྲྭ་ལོག་ཚོ་ལས་འཇོན་པ་གཅིག །གྲྭ་ལོག་ཚོ་ལས་རྒོད་པ་གཅིག །བོད་ཁམས་ཡུལ་ན་མཐོང་དཀོན་ཡང་། །རེ་རེའི་ཕུགས་ན་གནོངས་འགྱོད་རེ།།
གྲྭ་ལོག་འཇོན་ཐང་ཆེ་རབས་ཐོས།།
གྲྭ་ལོག་བརྩེ་བ་བཟང་རབས་ཐོས།།
གྲྭ་ལོག་བྱིས་པར་བྱམས་རབས་ཐོས།།
གྲྭ་ལོག་བརྟན་གྲོགས་བཟང་རབས་ཐོས།།
རྫོང་རྒྱབ་ལྕང་མའི་གླིང་ཁ་ན།། སྨན་ཤར་བརྒྱ་ཡི་སྙིང་གི་བཅུད།། ཏཱ་ལའི་བླ་མའི་གསེར་ཁྲི་ཅན།། ཚངས་དབྱངས་རྒྱ་མཚོ་གྲྭ་ལོག་ཡིན།། ལྷོ་ཡི་རྒྱལ་ཁམས་རིག་པས་བསྐོར།། བུ་མོའི་འདོམས་ན་བསྟན་བཅོས་བརྩམས།། མེས་པོའི་གངས་ལ་ཞབས་རྗེས་བཞག། དགེ་འདུན་ཆོས་འཕེལ་གྲྭ་ལོག་རེད།། པེ་ཅིང་མཁར་གྱི་སྒོ་འགྲམ་ན།། གཡུ་རལ་ཅན་གྱི་གངས་སེང་བུ།། རྒྱ་སྟག་འབུམ་གྱི་གཉའ་ཤིང་བོ།། པན་ཆེན་བླ་མ་གྲྭ་ལོག་རེད། །ཧཧཧཧ མུ་མཐུད་རོགས
གོང་དུ་བརྗོད་པའི་གྲྭ་ལོག་མང་པོ་ཞིག།
ཀླུ་འབུམ་ཁང་ཚན་དང་གི་གྲྭ་ལོག་རེད།།
ཨ་མདོ་ཡུལ་གྱི་གྲྭ་ལོག་དགུ་ལོག་ཚོ།།
བུད་མེད་སྙོ་སྒོ་མཐོང་ན་རང་ཚུགས་མེད།།
དེང་གི་གྲྭ་ལོག་འདི་ཚོའི་དཀྱིལ་འཁོར་ན།།
སྙན་པའི་གཏམ་དང་ཤེས་བྱ་ལེན་རྒྱུ་ཡོད།།
སུམ་རྟགས་སྙན་ངག་ཁྲིད་པའི་ལས་ཤོར་དུ།།
སློབ་མ་འཛེགས་པའི་ལོ་རྒྱུས་མང་པོ་ཡོད།།
ཧཧཧཧཧ།