མི་རབས་གསར་བ་ཞེས་བའི་དྲ་ཚིགས་འདི་ནི། དཔྱོད་ལྡན་བོད་རིག་མཐོ་སློབ་པ་འགས་འགོ་འཛུགས་གནང་བའི་དྲ་ཐོག་ལས་གཞི་ཞིག་ཡིན་ཞིང་། དྲ་ཚིགས་འདིའི་དམིགས་གཏད་གཙོ་བོ་ནི། གཙུག་ལག་དཔྱད་བརྗོད་དང་ཞིབ་འཇུག རིག་གཞུང་དཔྱད་གླེང་བཅས་ཡིན། ལྷག་པར་དུ། ང་ཚོས་ཤེས་རིག་ཁྱབ་ཁོངས་ཀུན་ལ་ཞིབ་ཏུ་དཔྱད་ནས། ཞིབ་འཇུག་དོན་འབྲས་ཡོད་པའི་སྒོ་ནས་ཀློག་པ་པོའི་བློ་སྒོ་འབྱེད་ཐུབ་རྒྱུར་དམིགས་བཞིན་ཡོད་། མི་རབས་གསར་བའི་དྲ་ཚིགས་འདི། བོད་གངས་ཅན་གྱི་མི་རབས་གསར་བའི་རྒྱན་ཏུ་གྱུར་ཅིང་། ཞིབ་འཇུག་གླེང་སྟེགས་གལ་ཆེན་ཞིག་ཆགས་ཐུབ་པར་ཤོག
མི་རབས་གསར་བ་རྩོམ་སྒྲིག་ཁང་ནས།
ཁྱེད་རྣམ་པའི་བྱ་བ་ཐ་དག་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་སྦྲགས་བཀྲིས་བདེ་ལེགས་ཞུ།
དབྱིན་ཡིག་ལས་བོད་ཡིག་མེད་པར་བལྟས་ན། བོད་ཀྱི་མི་རབས་གསར་བ་ཞིག་མ་རེད་སྙམ་གི
མི་རབས་གསལ་པ་ཞེས་པའི་མིང་དེ་ལ་གོ་རྒྱུ་ཞིག་འདུག་བོད་མི་མིང་ལ་འཚོ་བ་གསར་པ་དང་སྤྱི་ཚོགས་གསར་པ་ཞིག་འཛུགས་སྤྲིན་ཐུབ་པའི་ནུས་པ་དང་ཡིད་ཆེས་ཡོད།།
སྤྱིར་བཏང་མི་རབས་གསར་བ་ཞེས་པའི་ཐ་སྙད་དེ་སྙན་པོ་ཞིག་དང་བདེ་མོ་འདྲ་ཞིག་རེད་དེ། མི་རིགས་གང་ཞིག་གི་མི་རབས་གསར་བ་ཡིན་མིན་དང་། གལ་སྲིད། བོད་མི་རིགས་ཀྱི་མི་རབས་གསར་བ་ཡིན་པ་གོ་འགྲོ་ན། བོད་སྐད་བོད་ཡིག་དེ་བོད་ཀྱི་མི་རབས་གསར་བ་མ་དགོས་པ་རེད་དམ། མིན་ན། རྒྱུ་མཚན་ཅིའི་ཕྱིར་གཞན་སྐད་ཅིག་སྤྱོད་དགོས་དོན་ག་རེ་ཡིན་ནམ། ངོ་མ་དེང་སང་མི་རབས་གསར་བ་རྣམས་ལ་རང་ཚིགས་ཤིག་དང་འགན་འཁུར་ཞིག་མེད་པ་འདྲ་ཨང་།
ང་ཚོ་ནི་མི་རབ་གསར་པ་ཡིན། ང་ཚོར་ཀླད་པ་གསར་པ། གོམས་གཤིས་གསར་པ། རིག་གཞུང་གསར་པ་སྟེ་གསར་པ་གསར་རྐྱང་ལས་རྙིང་པ་གཅིག་ཀྱང་མི་དགོས། ཕ་མེས་ནས་རིམ་པས་རྒྱུད་པའི་རིག་གཞུང་དུ་བྲག་འཆིལ་འཆིལ་གྱི་དབྱངས་གསལ་སོ་བཞི་དེ་དགོས་པ་མིན་འདུག དེ་ལས་ནུབ་ཕྱོགས་པའི་ABCDསྒྲ་མདངས་སྙན་བཞིན་མཁེ་ཆེ་བ་དང། ཚན་རྩལ་གྱི་རིགས་གནས་ཀྱི་གསོ་སྐྱོངས་ཀྱི་བདག་པོའང་ཡིན། མདོར་ན་ང་ཚོ་ནི་བོད་ཀྱི་མི་རབ་གསར་པ་ཡིན་པས་ཤར་ཕྱོགས་ཨེ་ཤའི་རིག་གཞུང་ཅི་འདྲ་ཞིག་ཡིན་ཀྱང་རྗེས་ལུས་ཡིན་པས་ང་ཚོར་མི་དགོས།
ནུབ་ཕྱོགས་མགོ་སེར་པོའི་སྐྱག་པ་ཡིན་ཀྱང་ང་ཚོས་བཟའ་ཐག་གཅོད་ཡིན་དེ་ནི་ཡར་ཐོན་གྱི་ཡིན་པས་སོ། ཧཧཧཧཧཧཧཧཧ
དབྱིན་ཇི་སྐད་ཡིག་ཐོག་ནས་ཞིབ་འཇུག་བྱེད་མཁན་ཉུང་ཉུང་རེད། དྲ་ཚིགས་ཤིག་བསྐྲུན་པ་ལ་རྟེན་འབྲེལ་ཞུ་ཆོག འོན་ཀྱང་། ཞིབ་འཇུག་གྱི་དཔྱད་རྩོམ་ཁོ་ན་ཅན་གྱི་བོད་ཀྱི་དྲ་དེབ་གང་རུང་རེད་བསམ་ནས་དགའ་ཡོད། འོན་ཀྱང་།དབྱིན་ཇི་ནི་ཁོ་བོས་མི་ཤེས་པས་སྤུས་ཚད་བཟང་ངན་གླེང་མ་ནུས།
མེད་པ་ལས་ཡོད་པ་ཡག་ནེ་རེད་ཞིབ་འཇུག་ཡག་པོ་བྱས་ཏེ་བོད་ཀྱི་རིགས་གཞུང་དང་རྩ་དོན་ལ་སྨན་པ་བྱ་གལ་ཆེའོ།།
མི་རབས་གསར་བ་ཞེས་བའི་དྲ་ཚིགས་འདི་ནི། བཀོལ་ཤེས་ན། ཤིན་ཏུ་ཕན་ཐོགས་ཆེ། འཛུགས་པ་པོ་དག་གིས་ལྷག་བསམ་རྣམ་དག་གིས་གིས་བཙུགས་པའི་རིག་པ་སྤེལ་བའི་གནས་གཞི་ཞིག་ཡིན་པ་གདོན་མི་ཟ། རང་གཞན་སུ་ཡིན་རུང་ཕྱོགས་ལྷུང་མེད་པའི་སྒོ་ནས་བྱ་བ་རྩོམ་དགོས་པ་གལ་ཆེ། དཔེར་ན། བོད་ཚིག་ཅིག་ལ་མཚོན་ན། གཅིག་གིས་གསར་བ་ཟེར། དེ་ལ་གཞན་ཞིག་གིས་གསར་པ་ཟེར། གསར་བ་ཟེར་མཁན་དེ། གསར་པ་གཟེར་མཁན་ལ་མི་དགའ་བ་ཐོག་ཆོད། གསར་པ་ཟེར་མཁན་དེ། གསར་བ་ཟེར་མཁན་མི་དགའ། དེས་ན་ཕྱོགས་ལྷུང་མེད་པ་མཐུན་པ་ཉིད་གཙོ་ཆེ། དེ་ལ་སངས་རྒྱས་བཀའ་དྲིན་ཅན་གྱིས།
དགེ་འདུན་མཐུན་པ་བདེ་བ་སྟེ།
མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ།།
ཞེས་གསུངས་པ་ལྟར་ཚང་མ་མཐུན་པའི་སྒོ་ནས་ལས་རྩོམ་ན། ཐམས་ཅད་བདེ་བའི་སྒོ་ནས་འགྲུབ་པར་འགྱུར་རོ།།
མི་རབས་གསར་བ་ཞེས་པའི་པ་ཚབ་ལ་བ་བྲིས་ན་ནོར་བ་ཡིན་ཏེ།
གསར་པ། གསར་བ། གསར་ཤོས།
ཞེས་པའི་དོན་འདི་ལ་དཔྱད་པ་གཏོང་ཤེས་ན་འདིས་ཤེས་པར་འགྱུར་ལགས།
སློབ་མ་རྣམས་ལ་དགས་བསུ་ཡོད། བོད་པའི་དབྱིན་ཡིག་ཐོག་ཞིབ་འཇུག་དཔྱད་རྩོམ་སྤེལ་སའི་དྲ་ཚིགས་ཐོག་མ་དེ་རེད་དྲན་གྱི། མུ་མཐུད་དུ་མི་རབས་གསར་འགན་ཁུར་བཞིན་སྐྱོད་རོགས།
ཀརྡོ་རབ་འབྱམས་པ་ནས།
མི་རབས་གསར་བ་ཞེས་པའི་པ་ཚབ་ལ་བ་བྲིས་ན་ནོར་བ་ཡིན་ཏེ།
གསར་པ། གསར་བ། གསར་ཤོས།
ཞེས་པའི་དོན་འདི་ལ་དཔྱད་པ་གཏོང་ཤེས་ན་འདིས་ཤེས་པར་འགྱུར་ལགས།
བོད་ཡིག་དག་ཆ་ཚད་ལྡན་ངོས་འཛིན་དགོས་ན་ཀ་རྡོ་རབ་འབྱམས་པ་མཆོག་གི་དཔེར་བརྗོད་དེ་བོད་སྤྱིའི་སྐད་ལ་ཕན་ཐོགས་པ་ཞིག་ཏུ་སྣང་ཡང། མི་དག་གི་སྣང་བར་མི་འགྲོ་བ་འདུག། ད་གང་དྲག ཅི་དྲག་ཅི་དྲག་ཏྱ་གྱུར་དང་འགྱུར་བཞིན་པ་ལ་མ་འོངས་པ་ན་རྣམ་དཔྱོད་ཅན་རེ་འབྱུང་བའི་རེ་འདུན་ལགས་སོ།།