རེབ་ཐོག་མདའ།
མེས་པོ་གོང་མས་བཞག་པའི་ཞྭ་མོ་དེ།།
རིན་གོང་མཐོན་པོ་སྤྲད་ནས་མ་ཉོས་ཀྱང་།།
ཀྱག་ཀྱོག་མི་ཚེས་བྲིས་པའི་གཏམ་རྒྱུད་ཁྲོད།།
བདག་དང་ཞྭ་མོ་དུང་བ་ཧ་ཅང་ཟབ།།
རྒྱ་ཞྭ་བོད་ཞྭ་མིག་ལ་རན་ན་ཡང་།།
བདག་གི་སེམས་ལ་འཐིམ་པའི་ཞྭ་མོ་འདི།།
ལོ་ཟླའི་ཉི་ནུབ་ཞིག་གི་སྔ་གཞུག་ན།།
བདག་གི་མགོ་བོ་འདི་ལ་ཧ་ཅང་བདེ།།
ཁ་སང་གྲོགས་པོའི་མིག་ལ་མ་མཛེས་ཀྱང་།།
དེ་རིང་བུ་མོས་བརྗེ་དགོས་གསུངས་ན་ཡང་།།
མི་རབས་གསུམ་གྱི་ལོ་རྒྱུས་སྦྲུམ་ཡོད་པས།།
རྒྱ་ཞྭ་འདི་ནི་བདག་དང་འབྲེལ་ཐབས་བྲལ།།
ཆར་ཆུའི་བརླན་གཤེར་འགོག་པའི་ཞྭ་མོ་འདི།།
ཉི་མའི་ཚ་གདུགས་འོག་ཏུ་བདག་གི་གྲོགས།།
དགུན་གྱི་གྲང་ངར་འགོག་པའི་ཞྭ་མོ་འདི།།
རྒད་པོར་མགོ་ན་འཁྲུངས་པའི་སྐྱབས་གནས་ཤིག།
ཡབ་མེས་དམ་པས་བཞག་པའི་ཞྭ་མོ་འདི།།
ཨ་ཕས་ང་ལ་སྤྲད་པའི་ལེགས་སྐྱེས་ཡིན།།
ས་མཐའི་འཚོ་བ་སྐྱུར་མོའི་ཁུག་སོ་ནས།།
སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཞྭ་མོ་ཡིན།།
མདུན་ནས་མཐོང་ན་ཚུགས་ཀ་མེད་མོད་ཀྱང་།།
མགོ་ལ་གོན་ན་དྲོད་ཁོལ་ཡང་ཡང་སྤྲོད།།
ཕྱུག་པོའི་མིག་ལ་མཛེས་པོ་མེད་ན་ཡང་།།
མི་རབས་མང་པོ་ཞིག་གི་རིག་གནས་ཡིན།།
དུས་རབས་གསར་བའི་མིང་བྱང་མེད་ན་ཡང་།།
ཕ་མའི་བརྩེ་བ་དྲོན་མོ་འཁྱིལ་ནས་ཡོད།།
རྒྱུ་ཆ་ཡག་པོ་ཞིག་གིས་མ་བཟོས་ཀྱང་།།
ང་རང་ཁོ་ལ་བརྩེ་མདངས་ཟབ་མོ་ཡོད།
ཕྱི་ལོ་ ༢༠༡༢ ་ལོའི་ ༡༠ ཚེས་ ༢༥ ་ལ་དཔེ་མཛོད་ནས།
མེས་པ་ཟེར་བ་མེས་པོ་ཡིན་པར་ཤོག
ལེགས་པོ་བྲིས་སྣང་། ཡག་བྱུང་།
ཡག་ཐ།
ཡ་ཁོ་རེ་རེབ་ཐོག་མདའ་ཁྱོད་ཀྱི་ཞྭ་ངན་དེ་ལ་དགའ་མོས་བྱེད་དྲག་ན་ཉིན་གཅིག་ཁྱོད་རང་
མགོ་བོ་ཟི་འཐོམ་མེར་གཡང་ལ་ཟག་ཡོང།
རྒད་པོར་མགོ་ན་འཁྲུངས་པའི་སྐྱབས་གནས་ཤིག།
བདག་དང་ཞྭ་མོ་དུང་བ་ཧ་ཅང་ཟབ།།
རྒྱ་ཞྭ་འདི་ནི་བདག་དང་འབྲེལ་ཐབས་བྲལ།
དངོས་གནས་རྩོམ་པ་པོ་ཟེར་ནོ་རེད། ཚིག་སྤྱོར་ཡག་གི བྲིས་ནོ་དག་གི
དཔེ་སྙན་མོ་བྲིས་གནང་འདུག་པས་་་བུ་མོ་ངས་སེམས་གཏིང་ནས་གུས་བཀུར་ཞུ།
བུ་མོ་ང་རང་སྙན་ངག་ཀློག་རྒྱུར་དགའ་བོ་ཡོད་པ་ཙམ་ལས་འབྲི་མི་ཤེས་པའི་ལས་ངན་མ་ཞིག་ཡིན་པས་་་་་ཁྱེད་སྙན་ངག་པ་རྣམས་པས་སྙན་ངག་ཅི་ལྟར་འབྲི་དགོས་པའི་ལམ་སྟོན་རེ་གནང་སྐྱོངས་ཡོང་བར་གསོལ།
རྩ་འགབ་ཚང་ཁྱོད་ཀྱིས་བསྟོད་པ་ཕུལ་བ་ཐུགས་རྗེ་ཆེ་སྤྱིར་སོ་སོའི་སྐྱེ་བོ་རྣམས་བསྟོད་ལ་དགའ་
ལྷག་པར་དུ་ང་བསྟོད་པ་ལ་དགའ་
མགོ་ན་ཞྭ་ཞིག་ཁ་ན་དོ་ཞིག་དང་།།
ལག་ན་དེབ་ཞིག་མྱིག་ལ་མྱིག་རྭ་ཞིག།
སྐེ་ལ་ཁུག་མ་རྐང་ལ་ལྷམ་ཆེན་ཞིག།
མེད་དུ་མེད་པའི་གསལ་ལས་རྒྱལ་གྱི་རྒྱན།
ལོ་མང་གོན་པའི་རྒྱ་ཞྭ་དེ།
ལོ་མང་སག་པའི་རྔུ་ཆུ་དེ།
མགོ་ལ་གྱོན་ན་དྲི་མ་ཁ།
ནང་ལ་བཞག་ན་བཞག་རིན་མེད།
སེམས་ཐག་བཅད་ནས་གཡུག་རོག་གནང།
ཁ་ལ་ལ་མེད་ན་རྟ་བྱིན།
རྟ་མེད་ན་རྒྱབ་གི་རྒ་བྱིན།
རྒ་མེད་ན་མགོ་གི་ཞྭ་བྱིན།
ཞྭ་མེད་ན་ཞོལ་ནས་ཕྱག་འཚོལ།
ཁྱོད་ཀྱི་བཅད་རྩོམ་སྙན་ངག་དག་གི་བསྟན་པ་ཡར་དར་རེད་འདུག དངོས་ནས་དགའ་ནས་ཡོད། ངག་ལ་བདེ་ཞིང་སེམས་ལ་འཇགས་པའི་སྙན་ངག་ཏུ་འདོད། མུ་མཐུད་དུ་འབྲི་རོགས།