ཨ་རིག་དགེ་མཐོང་།
ངས་ཟིན་བྲིས་ཐན་ཐུན་རེ་འབྲི་བསམ་མོད། རྒྱུགས་སྤྲོད་ལ་བྲེལ་པའི་དབང་གིས་ཚོར་འདུ་དེ་ཡང་མོག་མོག་ཏུ་གྱུར། དུས་ཚོད་ཀྱི་མ་འདང་བ་འམ་འཐུས་ཤོར་ཐེབས་པ་གང་ཡིན་མ་ངེས་ཀྱང་འབྲི་མ་ཐུབ། རྒྱུ་རྐྱེན་དེས་དྲ་གྲོགས་འབིག་སོགས་དུས་བབ་ཟིན་བྲིས་ཀྱི་དགུན་ས་ནས་ཁ་བརྡའི་དབྱར་ས་ལ་སོང་ཚར་འདུག མ་ཟད་ཁྱིམ་མཚེའི་བུ་མོ་བྱེའུ་མཚོ་ཡང་ཤི་བ་དང་སྤུས་ལོག་མིན་ཆ་མ་འཚལ་བ་ཞིག་ཏུ་གྱུར་ཏེ། ཤུལ་དུ་མིག་ཆུ་ཞིག་དང་མཆོད་རྐོང་ཞིག་ལས་བཞག་མི་འདུག ངས་དུས་བབ་ཚགས་ཤོག་བཀླགས་ཚར་དུས་རང་ཉིད་ཁེར་རྐྱང་ཡིན་པ་ཚོར་བྱུང༌། དེ་ཚོར་བསམ་གཞིག་རེ་གཏོང་བཞིན་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེས་ཏེ། མགོ་ནས་བལྟ་སྐབས་ཨ་ཁུ་རྡོ་རྗེ་དབང་ཕྱུག་ད་དུང་ཁ་རོག་གེར་བཞུགས་འདུག་ལ། ཟིན་བྲིས་རྣམས་རེ་རེ་བཞིན་བཀླགས་ནས་མཇུག་ལ་སླེབས་དུས། གཡག་སྡོམ་ཁེར་ཉལ་དུ་ལག་སྟོང་ངང་བསྡད་ཡོད་པ་ཚོར་སོང༌། ད་དུང་རྩོམ་སྒྲིག་པ་ཞི་ལིའི་སྐྱེས་སྐར་ནས་ཐོན་མེད་པ་འདྲ།
གང་ལྟར་དྲ་གྲོགས་འབིག་སོགས་ཀྱིས་ང་ལ་ཟིན་བྲིས་ཤིག་སྤེལ་རོགས། ང་ཚོས་ཁ་བརྡ་བྱེད་ཟེར་བ་ཡིད་ལ་དྲན་པས། ངས་ཟིན་བྲིས་ཤིག་འབྲི་བསམ་ནས་སྨྱུ་གུ་ལག་ཏུ་བཟུང་དུས། ཁ་སང་ཉོས་པའི་དཔེ་དེབ་འགའ་མིག་ལམ་དུ་ཤར། ངས་དཔེ་དེབ་དེ་ཚོ་ཉོས་པའི་བརྒྱུད་རིམ་དང་བཀླགས་པའི་མྱོང་ཚོར་དྲ་གྲོགས་ཚོར་བཤད་ན་འདོད། ཁ་སང་ཨ་མདོའི་ཕོ་གསར་ཞིག་གིས་བོད་ནང་གི་དེབ་བཙོང་རྒྱུ་ཡོད་ཟེར༌། ངེད་ཅག་གྲོགས་པོ་ཚོར་མཚོན་ན་བོད་ནང་གི་སྙན་ངག་དང་དེབ་ཟེར་དུས་སྤྱང་ཀི་ཤ་ལ་དགའ་བ་དང་མཚུངས། ཀློག་འདོད་པའི་༼ཤར་དུང་རི་༽དང་༼སྦྲང་ཆར་༽གཉིས་མ་རག གཞན་གསུང་འབུམ་དང་སྙན་རྩོམ་སོགས་ཀྱི་དེབ་ཡག་པོ་མང་གི གཅིག་འཕྲོར་གཅིག་མཐུད་ནས་བལྟས་ཚར་རྗེས་ཉོ་འདོད་ཀྱང༌། གྲྭ་རྐྱང་ཞིག་གི་ངོས་ནས་རང་ཉིད་ཀྱི་འདོད་བློ་ཁེངས་པ་ཞིག་ཉོ་ཐབས་བྲལ། ཡིན་ཡང་རྩོམ་རིག་ལ་དུང་བ་ཟབ་པའི་རྐྱེན་གྱིས། ངས་མི་རབས་གསུམ་པ་ཐུན་མོང་གི་བཏོན་པའི་དེབ་ཅིག་ཉོས་ནས་ཚུར་ཡོང་དུས། གྲོགས་པོ་ཚོས་རྩེད་མཚར་གྱིས་དགེ་སློང་ཁོང་མི་རབས་གསུམ་པའི་ཆགས་སྲེད་ལ་དགའ་བ་རེད་ཅེས་དང༌། དེ་མིན་སྙན་རྩོམ་ཡག་པོ་མང་བོ་འདུག་ཟེར་ལ། ང་ཚོས་དེ་ལྟར་དོན་མེད་དགོད་ཁ་འཆོར་པའི་ཚིག་ཉོག་འགའ་བཤད་ཞོར་རང་ཤག་ལ་སླེབས་སོང༌། མི་རབས་གསུམ་པའིསྙན་ངག་བཀླགས་ཚར་དུས་ཕལ་ཆེར་དེ་སྔ་དུས་དེབ་དང་དྲ་བར་བཀོད་ཟིན་པ་ཤ་སྟག་རེད་འདུག སྐབས་དང་པོ་དང་གཉིས་པའི་བགྲོ་གླེང་ཚོགས་འདུ་ལ་ཞུགས་མཁན་ཚོ་རྩོམ་པ་པོ་ཅུང་ལེགས་ཤོས་རྐྱང་རྐྱང་རེད་སྙམ། འཚོགས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་མ་ཤེས་མོད། གྲོལ་རྗེས་ཀྱི་དྲིལ་བསྒྲགས་ལ་གཞིགས་ན་ཧ་ཅང་ཆུང་ཆུང་རེད་འདུག དཔེར་ན། ཁོ་ཚོས་མི་རིགས་ཀྱི་ལ་རྒྱ་དང་རིགས་གཞུང་གཅེས་སྐྱོང་ལ་བགྲོ་གླེང་མིན་པར་ཆགས་སྲེད་ཀྱིས་དབང་དུ་སོང་བའི་རང་མོས་སྙན་ངག་ཟེར་བ་རེ་གྱེར་འདོན་བྱས་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་གྲོས་སོང་བ་འདྲ། རང་གི་བུ་རབས་ཚ་རྒྱུད་ཀྱི་ཀློག་རྒྱུ་ངོ་ཚ་དགོས་པ་ཞིག མི་རབས་གསུམ་པ་ཡིན་ཟེར་ནས་བྲིས་ཡོད་པ་མ་ཟད་དྲ་ཐོག་ལ་བཀོད་འདུག འདི་ཚོ་ཕལ་ཆེ་བ་སློབ་གྲྭའི་དགེ་རྒན་ཡིན་ནི་རེད་ཟེར། སྐད་ཆ་འདི་བདེན་ཚེ་དངོས་ནས་སེམས་ལ་ན་ཟུག་ཅིག་ལས་མི་སྟེར་ཁོ་ཐག་རེད། མི་རབས་གསུམ་པའི་ཐོག་མའི་རྐང་འཛིན་པ་སྐུ་ཞབས་ཁྲི་སེམས་དཔའ་དོན་རྐྱེན་དེའི་དབང་གིས་ཚོགས་པ་ནས་ཕྱིར་བུད་ཡོད་པ་མ་ཟད། མེ་ལྕེས་ཁོང་ཚོར་རྒུད་པའི་མི་རབས་ཞེས་ཐ་སྙད་འདི་བཏགས་ན་འོས་སྐོར་ཟུར་ཟ་བྱས་འདུག གང་ལྟར་ཁོང་ཚོས་འདུ་ཚོགས་ཀྱིས་ཐག་བཅད་པའི་ཆོད་དོན་གསུམ་ཟེར་བ་ཞིག་བྲིས་འདུག
༡ གྲྭ་བས་སྙམ་རང་མོས་སྙན་ངག་བྲིས་ཆོག་གམ། ལན་དུ། ཆོག
༢ བོད་ལ་ངེས་པ་དོན་གྱི་བུད་མེད་སྙན་ངག་པ་ཡོད་དམ་མེད། ལན་དུ། མེད།
༣ འཇུ་སྐལ་བཟང་གི་སྙན་ངག་གིས་ཡིད་ཚིམ་མམ། ལན་དུ། མི་ཚིམ།
ཞེས་བྲིས་འདུག དྲི་བ་འདི་གསུམ་ལས་གཉིས་པར། ངེས་པ་དོན་གྱི་བུད་མེད་སྙན་ངག་པ་མེད་ན་མི་རབས་གསུམ་པའི་ནང་དུ་ངེས་པ་དོན་གྱི་སྙན་པ་ཟེར་བ་ཞིག་ཡོད་དམ། གལ་ཏེ་ཡོད་ན་སྐྱབས་ཆེན་བདེ་གྲོལ་དང་ཚོམ་བུ་དགའ་བདེ། མདའ་བཙན་པོ་སོགས་ཡིན་དགོས་རྒྱུ་རེད། འོན་ཀྱང་ཁོང་ཚོ་ངེས་པ་དོན་གྱི་སྙན་ངག་པ་ཡིན་ཚེ། བུད་མེད་རྩོམ་པ་མོ་འོད་ཟེར་དང་མེ་སྒྲོན། བདེ་སྐྱིད་སྒྲོལ་མ། འཆི་མེད། དཔལ་མོ་སོགས་ཅིའི་ཕྱིར་མིན་ནམ། ད་དུང་མི་རབས་གསུམ་པའི་ཚོགས་མིའི་ཁྲོད་ཀྱི་བུད་མེད་རྩོམ་པ་མོ་ཚེ་རིང་སྐྱིད་ཀྱང་ངེས་པ་དོན་གྱི་སྙན་ངག་པ་མིན་ནམ། འདི་དག་ངེས་པ་དོན་གྱི་སྙན་ངག་པ་མིན་ཚེ་ངེས་པ་དོན་གྱི་སྙན་ངག་པ་ནི་མི་རབས་གསུམ་པ་ཕར་ཞོག བོད་ལ་དཔལ་དོན་འགྲུབ་རྒྱལ་དང་ལྗང་བུ། འཇུ་སྐལ་བཟང་ལྟ་བུ་རེ་ཟུང་ལས་གཏན་ནས་ཡོད་མི་སྲིད་དོ། །
འདི་ལྟར་བསམ་ཡོང་དུས། ཆོད་དོན་གསུམ་བཞག་པར་དགའ་འོས་ནའང༌། ཆོད་དོན་གསུམ་གྱི་ཁྱབ་རྒྱ་ཆུང་དྲགས་པས་སྐྱོ་རྒྱུ་ཞིག་འདུག མདོར་གྲིལ་ན་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་བོ་ཁྱོད་ཡིན་ང་ཡིན་སྐོར་ཞིག་མཉམ་དུ་འཚོགས་ནས་འདི་ལྟ་བུ་ཞིག་ལས་བཤད་རྒྱུ་མེད་པས། ང་ནི་ངུ་རྒྱུ་ཞིག་ལས་ཅི་ཡང་མི་འདུག དེ་བས་ཀྱང་ཡིད་སྐྱོ་བ་ཞིག་ལ། མི་རབས་གསུམ་པའི་ཚོགས་མི་རེ་རྐང་གླིང་དང་མར་ཁུ་རྒྱལ་མཚན། ཁྲི་སེམས་དཔའ་སོགས་ཟི་ལིང་གི་མགྲོན་ཁང་ཞིག་ཏུ་གཅེར་བུར་བུད་པའི་གནས་ཚུལ་ཞིག་འདུག་ལ། དེ་དག་ལ་མིག་དཔེར་བླངས་ཏེ་གྲྭ་གཟུགས་ཙམ་འཛིན་པ་དུར་ཐང་ཟེར་བ་ཡང་མང་ཚོགས་ཁྲོད་གཅེར་བུར་བུད་དེ། མི་མང་གིས་ཉེས་རྡུང་བཏང་བའི་གནས་ཚུལ་ཞིག་ཀྱང་བྱུང་འདུག
འདི་ཚོར་རྐྱེན་བྱས་ཏེ་མི་རབས་བཞི་བ་ཟེར་བའི་སློབ་ཆེན་སློབ་མ་སྐོར་ཞིག་གིས་ཀྱང་ཚོགས་པ་བཙུགས་ཡོད་པ་མ་ཟད། གཅེར་བུར་བུད་པའི་གནས་ཚུལ་ཞིག་ཀྱང་འདུག འདི་ལྟ་བུར་མཚོན་ན་གསར་དུ་འཚར་ལོངས་འབྱུང་བཞིན་པའི་སློབ་མ་དང་གཞོན་སྐྱེས་རྩོམ་པ་བོ་དག་གིས་མིག་དཔེར་ལྟ་གི་རེད། དེར་བརྟེན་ང་ཚོས་བོད་ཀྱི་སྲོལ་རྒྱུན་ལབ་ན་རེད། གཤིས་ཀ་བཟང་བོ་ལབ་ན་རེད། དེ་དག་བརླག་འགྲོ་རྒྱུར་སྐྲག་གི་འདུག སྤྱིར་ངས་སྲོལ་རྒྱུན་ཆ་ཚང་བ་གསེར་བཞིན་དུ་འཛིན་པ་མིན་མོད། འོན་ཀྱང་ཡོད་ཚད་སྟོང་འགྲོ་བར་ཕངས་སེམས་ཆེ། དེ་དག་ལས་ངེས་པར་དུ་ལེགས་པའི་ཆ་ཉར་དགོས་པ་དང༌། ཉེས་པའི་ཆ་ནི་འདོར་དགོས་པར་རིགས་སོ། །
ཁ་བརྡ་དྲ་ཚིགས་སུ་འགོད་པའི་རེ་བ་ཡོད།
རྡོ་འབུམ་དྲ་ཚིགས་ཞེས་པ་ལས་ཤར་དུང་རིའི་གློག་རྡུལ་པར་གཞི་ལེན་ཆོག་པར་འདུག
ཐུགས་རྗེ་ཆེ། ཁ་སང་གྲོགས་པོ་ཞིག་གི་བཀའ་དྲིན་སྐུ་དྲིན་དུ་ཤར་དུང་རི་ལག་སོན་བྱུང་སོང་། ཡག་པོ་དཔེ་མི་སྲིད་པ་ཞིག་འདུག ལ་རྒྱས་བྲིས་ཤིང་ན་ཟུག་ཅིག་བརྗོད་འདུག ཡིན་ནའང་། མི་རབས་གསུམ་པ་འདི་ཚོ་བྱ་བཙོག་གི དེར་བརྟེན་ངས་འདིར་བཀོད་པ་ཡིན།
དེ་ཙམ་ལགས།
ཨོ་་་་ཁྱོད་ཐོན་ཚད་རེད། ང་ཉལ་དགོས་བསམ་བསྡད་ཡོད། ཆུ་ཚོད་ཀྱང་དགའ་རབ་ཟིན་འདུག ཆུ་ཚོད་ཀྱང་ ༡༡་་སྐར་མ་ ༤༦ རེད། ངས་བལྟས་ན་ཁྱོས་མི་རབས་གསུམ་པ་ཡིན་ན་འདི་ཚོ་རྒྱུས་ཡོད་ཁུ་པ། ངས་འདི་ཚོའི་སྐོར་འདི་ལས་མང་ཙམ་ཤེས་ཀྱང་རྩོམ་ཡིག་གཅིག་གི་ནང་ཚང་མ་འདུ་དཀའ་རྒྱུ་རེད་བསམ་ནས་མ་བྲིས། རྗེས་ཕྱོགས་ཁོང་ཚོའི་ཚབ་མཚོན་སྙན་ངག་དང་བཅས་ཏེ་གླེང་ཆོག
སྐྱུག་བྲོ་གི་ཡ།
ཁོང་ཚོ་ནི་རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་གྱི་ཐོན་རྫས་ཡིན་པས། རྒྱབ་ཅུང་ཟད་ཇེ་དྲོར་སོང་བས་དྲོད་མ་ཐུབ་པར་གཅེར་བུར་བུད་པ་མ་ཡིན་ནམ། ལྟོ་ཅུང་ཟད་འགྲངས་རྗེས་ང་ཚོས་མི་ཤ་ཟ་འདོད་ཅེས་བཤད་ངེས་ལ། དེའི་རྗེས་ནས་སྲིང་མོ་དང་ཨ་མར་རྒྱོ་བ་ལས་སྐྱིད་པོ་ཅི་ཡོད་ཅེས་བཤད་མི་ཡོང་ངམ་བསམ་པ་ཞིག་འདུག གང་ལྟར་རྒྱ་ནག་གི་མི་རབས་གསུམ་པ་ཚོའི་བསམ་སྤྱོད་དེ་འདྲ་ཞིག་ལས་མ་མཐོང་། གཅིག་ཐང་ན་བོད་ཀྱི་མི་རབས་གསུམ་པ་ཚོར་དེ་ལས་ལྷག་གི་མཐའ་ལ་ཆད་རྒྱུའི་བློ་སྟོབས་ཡོད་སྲིད། དཔལ་འབྱོར་དང་ཆབ་སྲིད་གཉིས་ཀྱི་རང་དབང་གི་དམ་ལྷོད་མ་སྙོམ་ན་མིའི་འབྱུང་ཁམས་འཁྲུགས་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད། སྙིང་རྗེ། ལོ་གཞོན་དེ་ཚོས་ལྷག་ཏུ་ཅིག་དཀའ་གི་ཡོད་པ་འདྲ།
དགོངས་པ་མ་ཚོམས། མཆན་གྱི་སྔ་ཕྱིའི་གོ་རིམ་ཏོག་ཙམ་འཁྲུགས་སོང་། འདིའི་སྐོར་ལ་ཡུན་གྱིས་གླེང་ཆོག
མི་རབས་གསུམ་པའི་སྐོར་སྔོན་མ་ཐེངས་གཅིག་གླེང་མྱོང་། རྗེས་ལུས་ག་རེ་ཡིན་ན་བོད་པ་ལ་དེ་དགོས་པ་རེད། གང་ན་རྗེས་ལུས་ཡོད་ན་དེ་རུ་བོད་པ་ཡོད་པ་རེད། ངའི་བཤད་དོན་སྔོན་མ་བོད་འདི་ཆོས་དད་བྱས་དྲགས་ནས་རྗེས་ལུས་ཐེབས་པ་དང་། ད་ལྟ་མཚན་རིག་ལག་རྩལ་དང་ཤེས་ཡོན་ཆེས་ཡར་རྒྱུས་ཅན་གྱི་ནུབ་ཕྱོགས་པ་ཚོའང་ནང་ཆོས་ལ་གཞི་ནས་བྲོ་བ་རྙེད་ནས་དད་འགོ་བཙུགས་པ་དང་། དག་དག་ང་ཚོའི་གཞོན་རབས་ཤེས་ཡོན་པའི་མིང་ཁྱེར་ཀླད་སྟོང་ཚོས་དད་ལོག་དང་སྤྱོད་ལོག་མང་དུ་སྤེལ་ཡོང་བ་སླར་ཡང་བོད་འདི་ལྡོག་ཕྱོགས་ཀྱི་རྗེས་ལུས་ཐེངས་གཅིག་ཐེབས་རྒྱུ་ཡིན་པའི་སྔ་ལྟོས་རེད། གང་ལྟར་བོད་མི་ལ་དགོས་པ་རྗེས་ལུས་ཡིན་པ་འདྲ།
རྒྱ་མིའི་མེ་མདའི་ཁ་འོག་ཏུ་མི་རབས་གསུམ་པའི་ཚོགས་མི་ཚོས་སྤོབས་པ་ཆེན་པོའི་ངང་བོད་དོན་ཆེད་སྙུ་གུའི་མདུང་མོ་གཡུག་བཞིན་པར་རྗེས་སུ་ཡི་རང་ཡོད།
རྒྱལ་ཁབ་གང་ཞིག་གི་ནང་དུའང་མི་རབས་གསར་པ་དག་ལ་མི་མཐུན་པའི་འགལ་རྐྱེན་བྱུང་དང་འབྱུང་བཞིན་པ་དེ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན་པས་བློ་ཁ་མཐོ་བར་གྱིས་ཟེར་ནས་ངས་འདིར་རེ་སྐུལ་ཞུ་བཞིན་ཡོད།
ཕྱི་ལོགས་ཀྱི་མི་ཞིག་ནས་ངར་སྐད་སྟོང་སྒྲོགས་པ་ལས་ནང་ལོགས་ཀྱི་མི་ཞིག་གིས་ཚིག་གཅིག་བཤད་པར་རིན་ཐང་ལྡན།
དེ་རེད། གྲྭ་བ་ཞིག་གཅེར་བུར་བུད་པ་དེས་ཨ་རིག་དགེ་མཐོང་གི་མིག་ལམ་ལ་གཟན་པ་དེ་ཡང་བག་ཆགས་གསར་རྙིང་གི་འགལ་འདུ་ཞིག་རེད། གཅེར་བུར་འབུད་མཁན་གྱིས་དམིགས་ཡུལ་དེ་བཟུངས་ནས་གཅེར་བུར་བུད་པ་རེད། འདི་ཚོ་ཡང་སྲོལ་རྒྱུན་ལ་རྒོལ་བའི་རྣམ་འགྱུར་རེད། ངས་བལྟས་ན་གཅེར་བུར་འབུད་པ་དེ་ཡ་རབ་སྲོལ་རྒྱུན་དང་རྒྱབ་འགལ་ཟེར་བ་དེ་མ་རེད་སྙམ། དོན་དངོས་སུ་དེ་རང་ཉིད་མ་གྲང་ན་དེས་སུ་གཅིག་ལ་ཡང་གནོད་བསྐྱལ་བ་མེད་པས་འདི་ཙམ་གྱིས་མ་རབས་ཐ་ཆད་ལ་འཇོག་ག་ལ་རུང་། མི་རབས་གསུམ་པ་དེས་ད་ལྟ་བར་དུ་མི་རིགས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས་པར་རྔོ་མ་ཐོགས་ཀྱང་གནོད་པའི་ལས་ཀ་འདི་བྱས་སོང་ཟེར་བ་ཞིག་ངས་ནི་སྟོན་མི་ཐུབ།
གཅེར་བུར་འབུད་འདོད་པ་ཚོ་གཅེར་བུར་བུད་ཅིག སྐད་ཅོར་བརྒྱག་འདོད་པ་ཚོས་སྐད་ཅོར་རྒྱོབས་ཤིག དེ་གཉིས་ཀྱི་བར་ན་བསྟོད་སྨད་ཀྱི་དབྱེ་བ་འབྱེད་རྒྱུ་ཅང་མེད།
མི་རབས་གསུམ་པ་འདི་ནི་བོད་ཀྱི་མི་རབས་གསར་བའི་དཔུང་ཁག་ཅིག་དང་། བདག་ཚོགས་པའི་ཚོགས་མི་དག་ཀྱང་རིག་གསར་ལ་དགའ་བའི་དཔུང་ཁག་སྐོར་ཅིག་རེད། དེང་སང་བོད་ནང་དུ་དཔུང་ཁག་འདི་གཉིས་ནི་རིག་གནས་ཕྱོགས་ཀྱི་དཔུང་ཁག་ཆེན་པོ་གཉིས་ནའང་། དཔུང་ཁག་འདི་གཉིས་ཀྱི་བར་ལ་རྩོད་གཞི་ཞིག་བྱུང་སྟེ། མི་རབས་གསར་བའི་ཚོགས་མི་ཞིག་གིས་བདག་ཚོགས་པའི་ཚོགས་མི་ཞིག་ལ་འདི་འདྲ་བྲིས་འདུག
ཙན་དན་ཐལ་བར་བསྒྱུར་བའི་སྙིང་སྟོབས་དང་།།
དགྲ་དགའ་གཉེན་སྐྱོང་འགོང་བའི་དཔྱོད་ཤེས་སྟེ།།
བཤེས་ངོར་ཁུ་ཚུར་འཕྱུར་བའི་མི་བུ་དག།
འགོང་བའི་ཐལ་ཁ་ཆོད་པའི་གཏོར་མ་འབུལ།།
ཞོགས་པ་དཀྲུགས་པའི་ར་དུང་ངུ་བ་ན།།
མེ་ལྕེ་ཟེར་བའི་མུན་པའི་འཁོར་ལོ་འཁོར།།
འགྱིག་གི་སྐར་མ་ཟུར་ལྔའི་བྱང་སྐར་གྱིས།།
ཁྱི་ཡི་ཉི་གཞོན་ཤར་སླར་ཡང་ཤོར་རོ་ཟེར།
ད་དུང་ཚིགས་བཅད་འགའ་ཡོད། བློ་ངོར་གསལ་བོ་ཞིག་མི་འདུག
དེ་ཚོས་ཁོ་རང་ཚོར་མི་རབས་གསུམ་པ་ཞེས་འདོགས་དགོས་དོན་གང་ཡིན་ནམ། གང་ཞིག་ནས་བརྩིས་ཏེ་མི་རབས་གསུམ་པ་ཡིན་ནམ།
ཕལ་ཆེར་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་ཞིག་ནས་བརྩིས་པ་མིན་འགྲོ། དཔེར་ན། ཨ་ལགས་ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། དུང་དཀར་ཚང་། རྡོ་རྗེ་རྒྱལ་པོ་སོགས་མི་རབས་དང་པོ། དོན་གྲུབ་རྒྱལ་དང་། འཇུ་སྐལ་བཟང་། རེབ་གོང་རྡོ་རྗེ་མཁར། ཆབ་འགག་རྡོ་རྗེ་ཚེ་རིང་སོགས་མི་རབས་གཉིས་པ། དེང་སང་གི་མི་རབས་གསུམ་པའི་ཚོགས་མི་དག་མི་རབས་གསུམ་པ་ཡིན་ཟེར་གྱི་ཡོད་པ་འདྲ། དེ་མིན་མི་ཤེས།
ཁ་ཤས་ཀྱིས་མི་རབས་གསུམ་པ་ཟེར་བ་དེ་ཚོ་ནི་འོག་ནས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་མེ་འབར། ཀླད་ནས་བོད་ཀྱི་སྲོལ་རྒྱུན་གྱིས་ཁ་བཅད་པ་ན་སླ་ང་ཁོལ་མའི་ནང་གི་སྲན་རྡོག་སྲ་མོ་དེ་ཚོ་ཙག་ཙག་ཙག ཙག་སྒྲ་གྲགས་ཀྱི་ཡོད་པར་གད་མོ་འཆོར་གྱི་ཡོད་དམ་ཞེས་བཟང་སྤྱོད་ཀྱི་ཐོ་བ་འཕྱར་ཡོང་མོད། མི་རབས་གསུམ་པ་ཟེར་བ་དེའི་ཚོགས་མི་སུ་ཡིན་དང་སྐད་ཆ་ཅི་བཤད་ལ་ཞིབ་ཏུ་བརྩད་གཅོད་ཅིག་བྱེད་རྒྱུ་ཡིན། རེ་རྐང་གླིང་ཟེར་བ་དེའི་ཟིན་བྲིས་ལས་གསར་འགྱུར་དང་གློག་བརྙན། བརྙན་དཔར་ཁག་ཅིག་བལྟས་པ་མ་གཏོགས། དེ་ཚོའི་ཐུན་མོང་གི་མངོན་འདོད་དང་ཡིད་ཆེས་ལ་ཆ་རྒྱུས་ཞིབ་མོ་མེད། གྲྭ་བས་རང་མོས་སྙན་ངག་བྲིས་ཆོག་མིན་དང་། བོད་ལ་དོན་དམ་གྱི་བུད་མེད་སྙན་ངག་ཡོད་མེད། འཇུ་སྐལ་བཟང་གི་སྙན་ངག་གིས་ཡིད་ཚིམས་མིན་སོགས་གླེང་སྟངས་ལ་བལྟས་ན། དེ་ཚོ་ནི་ཁྲིམས་དཔོན་ཏག་ཏག་མིན་ནམ་བསམ་པ་ཞིག་སྐྱེས་ཡོང་། ཡིན་ནའང་གོང་དུ་བཤད་པ་ལྟར། ཞིབ་ཏུ་བལྟ་རྒྱུ་ཡིན།
སྙན་ངག་གི་ཁྲིམས་དཔོན་ཆེན་མོ་ཏག་ཏག་མིན་ནམ་ཞེས་བཅོས་རོགས་ཞུ།
མི་རབས་གསུམ་པའི་ནང་ལ་སྐྲག་ས་འཇིགས་ས་ཅང་མེད། མང་ཆེ་བ་ཆང་རེ་འཐུངས་ནས་ལབ་རེ་རྒྱག་མཁན་དག་དག་རེད། ངར་ནག་དེ་ཚོ་ནི་མི་རབས་གཉིས་པའི་དཔུང་ཁག་ནང་དུ་ཡོད། དཔེར་ན་ཞོགས་དུང་དང་བྱང་སྐར། མེ་ལྕེ་དང་གླག་མིག་སོགས་རེད། གླེང་གི་ཡིན་ན་འདི་ཚོར་ངོ་མ་གླེང་རིན་ཡོད། མི་འདི་ཚོའི་མང་ཆེ་བས་སྤྱིར་ཆང་མི་འཐུང་ལ་འཐུངས་ན་ཡང་ལོ་ནའི་བབ་ཀྱིས་ཚོད་ཟིན་མཁན་དག་དག་རེད། མི་རབས་གསུམ་པ་དེ་ཚོའི་ནང་ན་ཆང་རྐྱལ་མིན་པ་དང་ཆང་འཐུངས་རྗེས་རྡུང་རེས་མི་བྱེད་པ་ཕལ་ཆེར་མེད། གྲྭ་པ་གཅིག་གཉིས་ཤིག་ཡོད་ན་འདིར་མ་བགྲངས་ན།
མིན་འགྲོ མིན་འགྲོ ཡིན་འགྲོ ཡིན་འགྲོ། ཨ་ཡ་ཡ། མགོ་ན་གི་འདུག ཐང་ཆད་གི་འདུག ཉོབ་གི་འདུག
ཚེ་རིང་གི་བུས་མི་རབས་གསུམ་དབྱེ་སྟངས་དེ་ནི་ཁོ་རང་གི་ཀླད་པའི་ནང་ཤར་བ་དེ་རེད།
ཁོ་ཚོ་གཙོ་བོ་ ་་སྙན་ངག་གི་མི་རབས་གསུམ་པ་་་ ཞིག་རེད། དོན་གྲུབ་རྒྱལ་དང་འཇུ་སྐལ་བཟང་མི་རབས་སྔོན་མར་བརྩིས་ནས་ཁོ་ཚོ་མི་རེ་ཟུང་གི་རྩོམ་ནང་བཀོད་པ་མཐོང་སོང་། གཞན་ ཨ་ལགས་ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། དུང་དཀར་ཚང་། རྡོ་རྗེ་རྒྱལ་པོ་སོགས་མི་རབས་དང་པོ་རེད་ཟེར་ནས་བྲིས་ཡོད་པ་ཞིག་ད་སྔ་མཐོང་མ་སོང་ལ། རེབ་གོང་རྡོ་རྗེ་མཁར། ཆབ་འགག་རྡོ་རྗེ་ཚེ་རིང་གཉིས་མི་རབས་གཉིས་པའི་ནང་བཞག་པ་ཞིག་ཀྱང་མཐོང་མ་སོང་། མ་མཐོང་བ་ནི་མེད་པ་མིན་པས་ཁུངས་སྟོན་རོགས་གནང་། ཁུངས་མེད་ཀྱི་སྐད་ཆ་དེ་ཚོ་མ་བཤད་རོགས་གནང་།
འདི་ལྟར་བྱས་ནས་སྤྱི་ཚོགས་ཧྲིལ་བོ་ཞིག་དངོས་ཡོད་གནས་ཚུལ་ལས་ཐག་རིང་པོར་ཁྲིད་འགྲོ་པ་འདི་འདྲ་ཡ་ཆ། ད་རེས་འདི་ཁྱོད་ཀྱིས་མ་ཤེས་པར་ཤེས་མདོག་མདོག་གིས་བཤད་པ་ཐེངས་ལྔ་པ་དེ་རེད།
ཐེངས་དང་པོ་དེ་རྡོ་རིང་བའི་དེབ་ནང་གི་རྒྱལ་རོང་གི་དམག་དཔོན་གྱི་མིང་། གཉིས་པ་རྒྱལ་རོང་དང་འབྲེལ་བའི་སྐོར་ཤར་རྫ་བས་བྲིས་པ། གསུམ་པ། དགེ་ཆོས་ཀྱི་དེབ་ནང་དཔག་བསམ་ལྗོན་པ་དང་འབྲེལ་བའི་སྒྲུང་དེ། བཞི་བ། དོན་རྒྱལ་གྱིས་འཇམ་བཞད་དང་བླ་བྲང་སྐོར་བྲིས་པ། ལྔ་བ་དེ་འདིའི་མཆན་བཅུ་གཉིས་པ་སོགས་རེད། འདི་ཚོ་ངས་ཤེས་ས་ནས་ཁྱོད་ཀྱིས་ཤེས་མདོག་གིས་རྫུན་བཤད་པ་རྐྱང་རྐྱང་རེད། ད་ངས་མི་ཤེས་ས་ནས་ཁྱོད་ཀྱིས་རྫུན་ག་ཚོད་ཅིག་ཤོད་ཀྱི་ཡོད་དམ་སྙམ། མི་ཞིག་གིས་བལྟས་བལྟས་མངོན་མངོན་ན་རྫུན་བཤད་ཕྱིན་པ་ཡིན་ན་ངས་བཟོད་སྒོམ་བྱེད་དཀའ། དེ་ནི་ངའི་གཤིས་ཀ་རེད།
མི་རབས་གསུམ་པ་དེ་ཚོས་བྲིས་པ་མང་ཆེ་བ་ཆང་འཐུང་གི་གཏམ་དང་གཉིད་གོང་གི་གཡག་རེད། མི་བདེན་བསམས་ན་མཆོད་མེ་དྲ་ངོས་སུ་སོང་ན་ཤེས།
ཨོ། མི་རབས་དབྱེ་སྟངས་ནི་མི་རབས་དང་པོར་ཆབ་འགག་རྡོ་རྗེ་ཚེ་རིང་དང་རེབ་གོང་རྡོ་རྗེ་མཁར། དོན་གྲུབ་རྒྱལ་སོགས་བགྲངས། གཉིས་པར་འཇུ་སྐལ་བཟང་དང་ལྗང་བུ། སྨན་བླ་དང་ཞི་བདེ་ཉི་མ། གོང་གི་ཞོགས་དུང་དཔུང་ཁག་སོགས་བགྲངས། གསུམ་པར་སྐྱབས་ཆེན་བདེ་གྲོལ་དང་མཚོ་བུ་དགའ་བདེ། མདའ་བཙན་པོ་སོགས་བགྲང་གིན་ཡོད་པ་རེད།
ཀླུ་སྨྱོན། མི་རབས་གསུམ་པ་དེ་ཚོ་འཇིགས་སྐུལ་རིང་ལུགས་པ་མིན་པས་དེ་ཚོར་འཇིགས་དགོས་པ་དང་སྐྲག་དགོས་པ་ཅི་ལ་ཡོད། ཁྱེད་རང་གིས་ག་རེ་བྱས་ནས་ ་་སྐྲག་ས་འཇིགས་ས་ཅང་མེད་་་ ཟེར་ནས་བཤད་པ་ཤེས་ཀྱི་མི་འདུག
སྲོལ་རྒྱུན་གྱི་ལྟ་བའི་ཚེ་སྲོག་ལ་རྒོལ་མི་རྒོལ་གྱི་ཕྱོགས་ནས་བཤད་པ་ཡིན། མི་རབས་གསུམ་པའི་ཚོགས་མི་རེ་རྐང་གླིང་གཅེར་བུར་བུད་པ་དེས་སྲོལ་རྒྱུན་གྱི་སྲོག་ལ་རྒོལ་བར་མི་འདོད་པར་དེ་ལས་ལྡོག་སྟེ་སྲོལ་རྒྱུན་གྱི་ལྟ་བ་རྙིང་བ་དེ་ཚོ་འདས་ལོག་དང་གསོ་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། མི་གཅེར་བུར་འབུད་པ་དེ་ལྟ་བ་གསར་བ་ཞིག་མ་ཡིན་པར་ལྟ་བ་རྙིང་བ་རྙིང་ནག་ལོ་ངོ་ལྔ་སྟོང་སྔོན་གྱི་རྙིང་དྲི་ཁ་བ་ཞིག་རེད།
མི་གཅེར་བུར་འབུད་པ་དེའི་ཁུངས་གཏུགས་ས་དེ་དེང་རབས་རིག་གསར་གྱི་སྐྱག་དྲི་མ་འཐུལ་སའི་ཧྥི་ལི་པིན་དང་ཨ་ཧྥི་རུ་ཁའི་གདོད་མའི་ནགས་ཀློང་དུ་ད་དུང་རྙེད་རྒྱུ་ཡོད།
ཀླུ་སྨྱོན།
ཇི་ལྟར་རེད། གནས་ཚུལ་རྒྱས་བཤད་བྱོས། གནས་ལུགས་རློན་བཤད་བྱོས། ཉི་མ་འཁྱོལ་ཐབས་ཀྱི་སྐད་ཆ་དེ་འདྲ་བཤད་མ་ཡོང་། བལྟས་ནས་བསྡད་ཡོད།
རེད་ཡ། ཉི་མ་མ་འཁྱོལ་ནས་འདིར་ཡོང་གི་ཡོད་པ་རེད། ཉི་མ་འཁྱོལ་མཁན་སུ་ཞིག་འདི་རུ་ཡོང་ཨང་།
ཕ་ཡུལ་གྱི་ལོ་ལོན་ཚོ་སྡེ་བའི་མ་ཎི་ཁང་གི་གྱང་རྩ་རུ་འཚོགས་སྟངས་དང་འཚོགས་ནས་ཡར་ཁ་ཚང་གི་མནའ་མའི་སྲམ་གྱི་ཆེ་ཆུང་དང་མར་ཁ་ཚང་གི་ཞི་ལིའི་མགོ་སྐྲའི་རིང་ཐུང་བཤད་སྟངས་དེ་དྲན་ག ང་ཚོས་ཀྱང་དུས་སྐར་མང་ཆེ་བའི་ནང་དུ་ལོ་ལོན་དེ་ཚོའི་ལད་མོ་བྱེད་བཞིན་ཡོད་པ་རེད།
མི་དམར་ཧྲེང་ལ་དོན་པ་དེ་སྲོལ་རྙིང་ལ་རྒོལ་བ་ཞིག་མིན་པར་སྲོལ་རྙིང་ལ་ཕོག་པ་ཞིག་རེད།
མི་དམར་ཧྲེང་ལ་དོན་པ་དེ་འཆིང་བ་གང་ཞིག་ལས་གྲོལ་བའི་རྟགས་ཤིག་རེད་ལ་གུ་དོག་ཅན་གྱི་སྣང་ངོར་མ་ཤོང་བ་རེད།
མི་དམར་ཧྲེང་ལ་དོན་པ་དེ་འགའ་རེའི་སྣང་ངོར་སྤྱིར་བཏང་བའི་དོནདག་ཅིག་རེད་ལ་འགའ་རེའི་སྣང་ངོར་རྨམ་རྟོག་ཅིག་རེད།
མི་དམར་ཧྲེང་ལ་དོན་པ་དེ་འགའ་རེའི་སྣང་ངོར་རང་དབང་གི་ཚོར་བ་ཉམས་སུ་མྱོང་བ་ཞིག་རེད་ལ་འགའ་རེ་ལ་ལྟས་ངན་གྱིས་མྱིག་སྟོན་བྱས་པ་ཞིག་རེད།
མི་དམར་ཧྲེང་ལ་དོན་པ་དེ་འགའ་རེའི་སྣང་ངོར་རང་དབང་ཅེད་འཐབ་རྩོད་ཐེངས་ཤིག་རེད་ལ་འགའ་རེ་ལ་ངོ་ཚའི་གདོང་འབང་བཤུས་པ་ཞིག་རེད།
འདིར་མི་དམར་ཧྲེང་མང་པོ་ས་ལ་ཉལ་ནས་སྒྱུ་རྩལ་གྱི་ལྟད་མོ་སྟོན་གྱི་འདུག
འདིར་བུ་མོ་ཞིག་དམར་ཧྲེང་ལ་ཕྱིན་ནས་གཅེར་བུའི་མཛེས་སྡུག་ངོམ་གྱི་འདུག
འདིར་གངས་རླུང་ཁྲོད་བུ་མོ་དམར་ཧྲེང་མང་པོ་སེམས་ཅན་གྱི་པགས་པ་གོན་པ་ལས་གཅེར་བུར་འགྲོ་ན་དགའ་ཟེར་ནས་གཅེར་བུར་ཁྲོམ་སྐོར་ལ་འགྲོ་གི་འདུག
འདིར་ཕོ་མོ་དམར་ཧྲེང་མང་པོ་མཉམ་གཅིག་ཏུ་ཆུ་རྩེད་བྱེད་ཀྱི་འདུག
ཡིན་ན་ཡང་། སྤྱི་ཚོགས་ནི་སྔར་བཞིན་གྲག་འགུལ་ཅི་ཡང་མེད་།
དེའི་སྐོར་གླེང་མོལ་བྱེད་མཁན་ཡང་སུ་གང་ཡང་མི་འདུག
ང་ཚོས་མི་རབས་གསུམ་པའི་སྙན་ངག་གི་རིན་ཐང་ཁབ་ཀྱིས་བཙལ་དགོས་པ་འདི་ཅི།
མི་རབས་གསུམ་པས་ཆང་རེ་འཐུང་བ་དང་རེ་ཟུང་དམར་ཧྲེང་ལ་དོན་པ་དེ།
ང་ཚོའི་མིག་ལམ་དུ་རི་རྒྱལ་ལྷུན་པོ་བཞིན་འདི་ལྟར་ཆེ་དགོས་དོན་ཅི།
ཁྱེད་རང་གིས་མི་རབས་གསུམ་པའི་སྙན་ངག་ཀློག་སྐབས་མིག་བཙུམ་ནས་ཀློག་གི་མེད་པ་དང་།
མི་རབས་གསུམ་པའི་སྐྱོན་ལ་ལྟ་སྐབས་ཕྲ་མཐོང་ཆེ་ཤེལ་བཀོལ་ནས་ལྟ་གི་མེད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
མི་རབས་གསུམ་པ་འདི་ང་ཚོའི་མི་རབས་གསུམ་པ་ཡིན་པས་ཁོང་ཚོ་ལ་རང་དབང་དང་གུ་ཡངས་ཀྱི་ལམ་ཁ་ཕྱེ་རོགས།
ཁྱེད་ཚོ་ཚང་མ་ཟུར་དུ་འབུད་རོགས
ང་ཚོའི་མི་རབས་གསུམ་པ་ཡོང་གི་འདུག་ན་ཁོང་ཚོའི་ལམ་ཁ་མ་འགོག་རོགས།
མི་རབས་རྗེས་མ་ཡར་ལ་འགྱོགས་མཁན་ཞིག་མ་གཏོགས་མི་རབས་རྗེས་མའི་མགོ་ནས་གནོད་མཁན་ཞིག་རྩམ་ཟན་ཚོའི་ནང་ནས་མ་གཏོགས་མཐོང་མ་སོང་།
མི་རབས་གསུམ་པ་རྒྱལ་གྱུར་ཅིག
མི་རབས་རྗེས་མ་རྒྱལ་གྱུར་ཅིག
མི་རབས་གསུམ་པའི་སྐོར་གྱི་ཕྱག་གཉིས་པའི་རལ་གྲི་དེ་ཚོ་རྣོན་པོ་འདུག རལ་གྲི་རྣོན་པོ་དེ་འདྲ་འཕྱར་ན་རྨོངས་པའི་མགོ་བོ་དུམ་བུར་གཏོང་མིན་ལ་དོགས་པ་རྩ་བྲལ་རེད།
བདག་ལ་ནི་མི་རབས་གསུམ་པ་ཟེར་བའི་ན་ཆུང་ཚོ་ལ་ཁྱད་གསོད་གང་ཡང་བྱེད་འདོད་མེད། ཁོང་ཚོས་བསམ་བློ་ཞིག་བཏང་ནས་ལས་དོན་ཞིག་༼དོན་ལ་ཇི་ལྟར་ཡིན་ཡང་༽སྒྲུབ་བསམས་པ་དེ་ཚོ་ནི་ཡ་རབས་རེད། བཤད་རྒྱུ་གང་ཡང་མི་འདུག ཡིན་ན་ཡང་། ཡིན་ན་ཡང་། བོད་ནང་གི་ཆབ་སྲིད་དེ་ལ་བལྟ་རྒྱུ་ཞིག་ཏན་ཏན་ཡོད་རེད་བསམས། དེ་ནི་བོད་མི་ཚོས་ལོ་རྒྱུས་བཤད་༼དྲང་བདེན་གྱི་ཐོག་ནས་༽མི་ཆོག མི་རིགས་ཀྱི་འཐབ་རྩོད་བཤད་མི་ཆོག ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཤད་མི་ཆོག མ་འོངས་པའི་གནད་དོན་བཤད་མི་ཆོག བཙན་བྱོལ་གྱི་རྩ་བའི་བླ་མ་བཤད་མི་ཆོག འདི་ལྟར་བཤད་མི་ཆོག་པ་དེ་ཚོ་ཧ་ལམ་འདས་པའི་མི་ལྔ་བཅུའི་ཡུན་ལ་བསྡད་པ་རེད། དེ་ནས་སྙན་ངག་འདི་གཅིག་པུ་མ་གཏོགས་བཤད་ན་འདོད་པ་དང་བཤད་ན་ཆོག་པའི་བརྗོད་གཞི་ཞིག་མེད་སོང་བ་རེད། དེའི་ཁར་ “སྙན་ངག་”ཟེར་བ་འདི་ལ་དགའ་མཁན་དང་འདོད་མཁན་ཚོས། ཧ་ལམ་དེང་རབས་ཅན་ན་སྙན་ངག་ལས་ལྷག་པའི་ནོར་བུ་ཞིག་མི་འདུག་བསམས་པའི་བསམ་བློ་ནོར་འཁྲུལ་ཅན་གྱི་རྨང་གཞི་ཞིག་ལ་འཐམས་ཡོད་པ་རེད། དེའི་ནང་དུ་རང་གི་མགོ་བོ་འཁོར་ཟིན་དང་འཁོར་བཞིན་པ། འཁོར་བར་འགྱུར་བའི་གནས་ཚུལ་ཞིག་ཏན་ཏན་ཡོད་རེད། དེ་ནས་ཕྱི་རྒྱལ་གྱི་རིག་པའམ་རིག་གཞུང་དེའི་སྐོར་རེད། ད་བར་དུ་ཧ་ལམ་བོད་ཀྱི་གཞོན་སྐྱེས་ཚོས་ཕྱི་རྒྱལ་གྱི་སྐོར་ཤེས་པ་ནི་རྒྱ་ཡིག་བརྒྱུད་ནས་རེད། རྒྱ་ཡིག་ཐོག་རིག་པ་དག་ལ་ཤན་འབྱེད་དམ་འདེམ་གསེས་ཀྱིས་སླེབས་པ་རེད། དེས་ཀྱང་གུ་དོག་པོའི་སྒང་ལ་ཇེ་དོག་ལ་བཏང་ཡོད་པ་རེད་བསམས།
མི་རབས་གསུམ་པ་ཟེར་བ་དེར་ང་ཚོས་ངོས་འཛིན་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད་དེ། ཁོང་ཚོའི་ཁ་སྟབས་དང་དམིགས་ཡུལ། ཁོར་ཡུག་གསུམ་གྱིས་ང་ཚོར་ངོ་སྤྲོད་བྱས་ཡོད་པ་ནི། ཆགས་སྲེད་ཀྱི་སྙན་ངག་འབྲི་བ་དང༌། ཆགས་སྲེད་ཀྱི་བྱ་སྤྱོད་སྤེལ་བ་གཉིས་ཟུང་དུ་སྦྲེལ་ནས་སྙན་གྲགས་ལ་རེ་བཞིན་པའི་ཚོགས་སྡེ་ཆུང་ཆུང་ཞིག་རེད། ཡིན་ནའང༌། ཁོང་ཚོས་མི་རབས་གསུམ་པ་ཞེས་པའི་མིང་བྱང་ཆེན་པོ་ཞིག་གི་འོག་ནས་སྐྱོ་གར་དེ་ཚོ་འཁྲབ་ཀྱི་ཡོད་པ་རེད། མི་མང་པོས་ཁོང་ཚོར་མི་འདོད་པའི་རྣམ་འགྱུར་སྟོན་སའང་མིང་བྱང་རྫིག་པོ་འདི་རེད། ཨ་རིག་དགེ་མཐོང་གིས་བཤད་པ་ཅི་མ་བདེན། འདི་ཚོས་སྐྱུག་བྲོ་བའི་ལས་ཀ་རྐྱང་ལས་ཕན་ཐོགས་ཡོད་པའི་བྱ་བ་ཞིག་བརྩམས་མྱོང་མེད། མིང་བྱང་འདི་དང་འབྲེལ་ནས་བཤད་ན་དེ་བས་ཀྱང་ཅང་སྒྲུབ་མེད། འདི་ནི་མི་རབས་གསུམ་པའི་ཁ་སྟབས་རེད།
ཡང་མི་སྐོར་ཞིག་གིས་མི་རབས་གསུམ་པ་ནི་རིག་གཞུང་དར་རྒུད་དང་རྒན་གཞོན་མཁས་པའི་སོ་མཚམས་ཤིག་ཡིན་སྣང་བྱེད་པ་དེ་ཡང་ནོར་ནས་འདུག གང་ཡིན་ཟེར་ན། མི་རབས་གསུམ་པ་ནི་སྙན་ངག་པར་རློམ་པའི་གསར་བུ་སྐོར་ཞིག་རེད། དེ་ཡང་ཁ་གསལ་དུ་བཏང་ན། ཆང་འཐུང༌། ལབ་རྐྱལ། ཚུགས་མེད། འགན་མེད། ཤེས་ཡོན་གྱི་གནས་ཚད་ངེས་ཅན་མེད་པ་བཅས་ཀྱི་ཚིག་འདི་དག་གིས་ཁོང་ཚོའི་ཁ་སྟབས་ལ་སྡོམ་ཚིག་བཀོད་ཆོག་པ་ལྟ་བུ་རེད། འདི་ཚོའི་ནང་འདི་ནི་རིག་གནས་ལ་བྱས་པ་ཅན་ནོ་ཟེར་བ་ཞིག་མེད། འདི་ཚོས་ཆེད་དུ་བྱ་བའི་ལས་ནི། སྤྱི་ཚོགས་ཀྱིས་ང་ཚོ་ངོས་ལེན་བྱེད་དགོས། ང་ཚོར་སྙན་གྲགས་འབུལ་དགོས། ང་ཚོར་གདེང་འཇོག་བྱེད་དགོས་ཞེས་ཕར་ཨུ་ཚུགས་རྒྱག་པ་ཙམ་རེད། ཡིན་ནའང༌། འདི་ཚོས་བོད་སྐད་དང་བོད་ཡིག་ཤེས་ཀྱི་འདུག་ལ། དེར་ཤི་འཐམ་རོ་འཐམ་བྱེད་པའི་འདུན་པ་དེ་ཡག་པོ་རེད།
མི་རབས་གསུམ་པ་ཟེར་བའི་གསར་བུ་དེ་ཚོ་ནི། ཨུ་ཚུགས་བརྒྱབ་ནས་སྙན་ངག་པའི་མཚན་མཐོང་བརྩོན་ལེན་བྱེད་པའི་རེ་བ་སེམས་ལ་ཉར་མཁན་ཁག་ཅིག་རེད། ཡིན་ནའང༌། ད་ལྟའི་བར་ཁོང་ཚོས་གང་བྲིས་པ་དང་སྤེལ་བའི་སྙན་ངག་དེ་ཚོར་ནི། ཚབ་མཚོན་གྱི་ནང་དོན་དང་ཚབ་མཚོན་གྱི་རྩོམ་ཉམས་དོད་པ་གང་ཡང་བྱུང་མེད།
རིག་གནས་ཀྱི་རྨང་གཞི་བརྟན་པོ་མེད་པའི་སྨྱུ་གུ་འཆང་མཁན་ལས་དང་པོ་བ་ཞིག་ལ་དཔེ་འགེབས་ཀྱིས་བཤད་ན། ཁོང་ཚོའི་དམིགས་ཡུལ་མཐར་ཐུག་ནི། སྙན་ངག་པ་ཙམ་བྱ་རྒྱུ་དེ་རེད། དམིགས་ཡུལ་འདི་ནི་བོད་ཀྱི་རྩོམ་པའི་རིག་གནས་ཁྲོད་ནས་བཤད་ན། གཞི་རིམ་གྱི་ལམ་སྣེ་ཙམ་རེད།
མི་རབས་གསུམ་པ་ཡིན་ན། ཆགས་སྲེད་བརྗོད་བྱ་གཙོ་བོར་བྱེད་པ་དང༌། སྐྱ་སེར་གང་ཡིན་ཡང་ཁོར་ཡུག་གང་རུང་ནས་གཅེར་བུར་བུད་དེ་བསམ་བློ་དང་བྱ་སྤྱོད་གཅིག་མཚུངས་ཡིན་ཚུལ་སྟོན་རྒྱུ་དེ་མི་རབས་གསུམ་པ་ཟེར་བའི་ཚོགས་པའི་རྩ་དོན་གྲས་ཀྱི་གཅིག་ཡིན་པ་འདྲ། རེབ་གོང་གི་གྲྭ་པ་ཞིག་ཁྲོམ་ནས་གཅེར་བུར་བུད་པ་སོགས་ཀྱིས་རྐྱེན་བྱས་ཏེ། ཁྲི་སེམས་དཔའ་ཟེར་བའི་གསར་བུ་དེའི་རང་གི་གཤིས་ཀ་ངོ་མ་བསྐྱར་གསོའམ་ཕྱིར་སྟོན་བྱས་ནས་མི་རབས་གསུམ་པའི་ཚོགས་ཁོངས་ནས་ཕྱིར་ཐོན་བྱས་པ་ལྟ་བུ་རེད། དངོས་ནས་བཤད་ན། མི་རབས་གསུམ་པ་ནི། སྤྱི་ཚོགས་ལ་སྙན་གྲགས་སློང་མཁན་གྱི་སྤྲང་པོ་ཉམ་ཆུང་ཁག་ཅིག་རེད། མི་རབས་གསུམ་པ་ནི། སྤྱི་ཚོགས་ལ་ངོས་ལེན་གྱི་ཞུ་བ་འབུལ་བའི་སྟོང་སེམས་རིང་ལུགས་པ་ཁག་ཅིག་རེད། མི་རབས་གསུམ་པ་ནི། ཀླུ་སྨྱོན་གྱིས་བཤད་པ་ལྟར་གྱི་ཆང་གཏམ་གྱེར་མཁན་ཁག་ཅིག་རེད། འདི་ནི་ཁོང་ཚོའི་རིན་ཐང་རེད། འདི་ནི་ཁོང་ཚོའི་ཁ་སྟབས་རེད། སྙིང་རྗེ་བ་ལའང༌།
མཉམ་ཞོགས་མ་གཏོགས་ང་ཚོའི་དྲ་ངོས་འདིར་ཡང་མི་རེ་ཟུང་ལ་མི་རབས་གསུམ་པའི་བཟི་མདའ་ཕོག་ཚར་བ་དང་རིང་མིན་འཕོག་རྒྱུ་ཡིན་པ་རེ་འགའ་ཡོད། བཟི་མདའ་ཟེར་ན་ཤེས་ཀྱི་རེད་ལ། དགེ་འདུན་ཆོས་འཕེལ་དང་རག་ར་ཆོས་དར་གཉིས་ཀྱིས་མཚན་མོ་ཞིག་ལ་ཁ་བརྡ་རིང་མོ་ཞིག་བྱས་འདུག་ལ། དེ་དུས་དགེ་ཆོས་ཀྱིས་ཨ་རག་ཆུ་འཐུང་འཐུང་བྱས་པ་དང་། རག་ར་དེ་དུས་གྲྭ་གཟུགས་སུ་ཡོད་པས་ཆང་མ་འཐུངས། ཡིན་ན་ཡང་སྐབས་ཤིག་ནས་རག་ར་ཡང་ར་བཟི་བ་ལྟར་རིག་པ་ལྡབ་ལྡིབ་ཏུ་གྱུར་ཅིང་ཁ་ལྕེ་ད་མ་དིག་ཏུ་གྱུར་ནས་ང་ལ་ཉིད་ཀྱི་བཟི་མདའ་ལྟ་བུ་ཞིག་ཕོག་འདུག་ཞུས་པས། དགེ་ཆོས་ཀྱིས་ཁྱེད་རང་ང་ལ་སེམས་ཐག་ཉེ་བོ་བྱས་པ་དེས་བྱས་པ་རེད། འདི་ལ་བརྟེན་ནས་བླ་སློབ་ཐུགས་ཡིད་གཅིག་འདྲེས་ཟེར་བ་དེ་ཡོང་གི་ཡོད་པ་རེད། ཅེས་བརྗོད་ལུགས་རག་རའི་དགེ་ཆོས་ཀྱི་ལོ་རྒྱུས་སུ་ཡོད་པ་དེ་དྲན་སོང་ངམ། མི་རབས་གསུམ་པ་དང་སེམས་ཐག་ཉེ་བོ་མ་བྱེད་མ་གཏོགས། ་་་ ་་་ ཉི་མ་གཅིག་ལ་གཅེར་བུར་ཁྲོམ་ལ་རྒྱུགས་རྒྱུ་ཡང་སེམས་ལ་ཤར་ན་ཐང་ཀོ ཨ་མེ་རི་ཀ་ཚང་ལ་ཨ་མདོའི་འབྲོག་པ་ཚོ་ལ་འགྲོ་འགྲོ་འགྲོ་གི་མ་རེད་དོ།།ཕྱེད་ཀ་ཀུ་རེ་ཡིན་ལ་ཕྱེད་ཀ་བདེན་པ་ཡིན།
དྲ་གྲོགས་རྣམ་པ་ལགས། མི་རབས་གསུམ་པའི་སྙན་ངག་གི་དཔུང་སྡེ་ཆུང་ཆུང་འདིར་མི་རབས་གཉིས་པ་དང་མི་འདྲ་བའམ་རང་རྐྱ་འཕར་བའི་ཁྱད་ཆོས་གང་ཞིག་ཡོད་དམ། དཔེར་ན། སྒྱུ་རྩལ་དང་བསམ་བློ། དེ་བཞིན་རྩོམ་སྟངས་སོགས་ཀྱི་ཐད་ནས་བཤད་ཆོག་ལ། དེ་བཞིན་ལྟ་སྤྱོད་སོགས་ཀྱི་ཐད་ནསཀྱང་གླེང་ཆོག ཁོ་ཚོས་བོད་ཀྱི་སྲོལ་རྒྱུན་ལ་རྒོལ་གྱིན་པའི་རྣམ་པ་ཞིག་གོང་གི་དྲ་གྲོགས་ཚོའི་མཆན་བུ་དག་ལས་གླེང་འདུག འོན་ཀྱང་ཁོང་ཚོས་རྒོལ་སྟངས་གཅེར་བུ་བུད་པ་ཙམ་ལས་ཞིབ་གསལ་ཞིག་གླེང་མི་འདུག མི་རབས་གསུམ་པ་འདིར་སྙན་ངག་པ་མ་གཏོགས་དེ་ནང་སྒྲུང་གཏམ་པ་དང་དཔྱད་བརྗོད་པ། དེ་བཞིན་ཡིག་རྩོམ་ལས་གཞན་པའི་སྒྱུ་རྩལ་པ་སྟེ་གཞས་པ་དང་བྲོ་བ། རི་མོ་བ་སོགས་ཡོད་དམ།
ཡི་གེ་ཤེས་མི་ཤེས་དང་། སེར་སྐྱ་ཡིན་མིན་ཚང་མའི་ཁྲོད་ན་མཚན་མཐོང་འཚོལ་མཁན་གྱིས་ཁེངས་ནས་བསྡད་ཡོད་པས། མཚན་མཐོང་བཙལ་གྱི་ཡོད་མེད་ལ་མ་ལྟོས་པར་འདི་ཙམ་གྱིས་མི་རབས་གསུམ་པ་ལ་དམའ་འབེབས་གཏོང་ཨེ་ཐུབ།
ཡང་ཁ་ཤས་ཀྱིས་ཁོང་ཚོའི་རྩོམ་དང་ཁོང་ཚོའི་འཚོ་བ་གཉིས་མཉམ་བསྲེས་ཀྱིས་ཆགས་བཤད་དང་གཅེར་བུ་ཟེར་བའི་ཚིག་རེ་ཟུང་ལ་འཇུས་ཏེ་མི་རབས་གསུམ་པ་ཟེར་བ་དེ་མཐའ་གཅིག་ཏུ་དོང་ཞབས་སུ་རྫོང་ཐབས་བྱེད་བཞིན་འདུག མི་རབས་གསུམ་པ་ཟེར་བ་ནི་དེ་ཙམ་རེད་དམ། ཀླུ་སྨྱོན་གྱིས་ཉི་མ་འཁྱོལ་གྱི་མེད་ན་མི་རབས་གསུམ་པའི་སྐོར་ལ་ཞིབ་ཏུ་བསམ་ཞིབ་ཅིག་བྱས་རྗེས་ཁ་བརྡ་བྱེད་དུ་ཡོང་ན་དགའ། བརྗོད་གཞི་འདི་མི་རབས་གསུམ་པའི་སྐོར་རེད། ཁ་བརྡའི་ཐོག་ཏུ་ཉི་མ་མ་འཁྱོལ་ནས་ཡོང་གི་ཡོད་མེད་སྐབས་གཞན་ཞིག་ཏུ་བཤད།
འོ་ཡ། ཚང་མས་ཚང་ཁ་ཤིག་ཤིག་གིས་བརྗོད་གཞིའི་སྡུག་ས་རྐྱང་རྐྱང་གླེང་ཡོང་གི་འདུག
ལུག་ལ་གློ་བུར་དུ་བར་ཆད་བྱུང་ནས་འབའ་དབང་མ་བྱུང་མོད། ཁྱེད་ཚོས་མི་རབས་གསུམ་པ་གླེང་ནས་ཉི་མ་འཁྱོལ་ཐབས་བྱེད་ཀྱི་འདུག ལུག་གིཔས་ཐོས་ཚོད་དང་མཐོང་ཚོད་ལྟར་ན་མི་རབས་གསུམ་པའི་ཁྲོད་ན་ཤེས་ཡོན་པ་རེ་ཡོད་པ་འདྲ་མོད། བསམ་བློ་སྤྱི་ཚོགས་ཀྱི་དོན་དངོས་དང་རང་ཉིད་ཀྱི་ཚད་ཐིག་ལ་འབབ་ཀྱི་མེད་པ་འདྲ་ཞིག་རེད། མི་ཞིག་རེབ་གོང་ནས་གཅེར་བུར་བུད་དེ་བསམ་བློ་རྙིང་པ་རྒོལ་གྱིན་པའི་ཚུལ་བཟུང་བ་ནི་དེའི་དཔེ་མཚོན་གསལ་ཤོས་རེད། དངོས་གནས་བཤད་ན་བསམ་བློ་རྙིང་བ་རྒོལ་བ་བྱེད་འདོད་ཚེ་བསམ་བློ་དང་ལག་ལེན་ལས་ར་སྤྲོད་བྱེད་ཐུབ་དགོས་པ་ལས། གཅེར་བུར་བུད་པས་ཅི་ཕན། དོན་མེད་ཀྱི་སྟོང་སྐད་སྒྲོག་པ་དང་། འགྲུབ་མེད་ཀྱི་རྨི་ལམ་ལ་མགོ་བོ་འཁོར་རྒྱུར་དགའ་བ་འདི་ང་ཚོའི་རྩོམ་པ་པོ་ཚོའི་སྐྱོན་ཆེ་ཤོས་ཤིག་རེད་འདོད།
སྐྱོན་དེའི་འབྱུང་ཁུངས་ནི་རང་ཉིད་ལ་ཡིད་ཆེས་མེད་པར་དཔའ་ཞུམ་སྡར་མའི་སེམས་པ་དེ་རེད་འདོད། ཨ་་་་ཨ་མ་བསམ་ས་ནས་ལུག་གི་མི་སྐད་ཚོན་པོ་ཞིག་ཤོར་སོང་། དགོངས་དག
ངའི་སྤུན་མཆེད་ཅིག་དང་སྨྱུག་གྲོགས་ཤིག་མི་རབས་གསུམ་པའི་ཚོགས་མི་ཡིན་ཟེར་བཞིན་ཡོད་པས། ངས་དེ་ཚོའི་འགྲོ་འདུག་སྐོར་ཏོག་ཙམ་ཤེས་ཀྱི་ཡོད།
རང་རང་ས་ནས་རྩོམ་རེ་བྲིས།།
མཉམ་དུ་འཚོགས་ནས་ཆང་རེ་འཐུངས།།
ར་རེ་བཟི་རྗེས་རྡུང་རེས་བྱེད།།
གྲྭ་པ་ཡིན་ན་གཅེར་བུར་འབུད།།
ངའི་སྤུན་མཆེད་ཅིག་དང་སྨྱུག་གྲོགས་ཤིག་མི་རབས་གསུམ་པའི་ཚོགས་མི་ཡིན་ཟེར་བཞིན་ཡོད་པས། ངས་དེ་ཚོའི་སྐོར་ཏོག་ཙམ་ཞིག་ཤེས།
རང་རང་ས་ནས་རྩོམ་རེ་འབྲི།།
མཉམ་དུ་འཚོགས་ནས་ཆང་རེ་འཐུང་།།
ར་རེ་བཟི་ནས་རྡུང་རེས་བྱེད།།
གྲྭ་པ་ཡིན་ན་གཅེར་བུར་འབུད།།
མི་རབས་གསུམ་པའི་སྐོར་མང་ཙམ་ཤེས་ཀྱི་ཡོད་ལ། ཅི་ཙམ་གྱིས་མང་ནས་མང་དུ་ཤེས་ཡོང་དུས་སེམས་སྐྱོ་བའི་སྟེང་དུ་སྡུག་རྒྱུ་ཞིག་འདུག མི་རབས་ཟེར་བ་འདི་ཚོད་ཚོད་ལ་རང་དགར་དུ་བཏགས་ཆོག་ན། ནམ་ཞིག་ང་ཚོ་སྐོར་ཞིག་གིས་ཚོད་ཚོད་ལ་ང་ཚོ་མི་རབས་རྫོགས་ལ་ཁད་ཀྱི་མཐའ་མ་དེ་ཡིན། ད་འཇིན་རྟེན་ལ་སྡོམ་ཚིག་ཅིག་བརྒྱབ་ནས་མཇུག་བསྡུ་གི་ཡིན་ཟེར་ན། གང་འདྲ་ཡོད་ན།
ད་དུང་མི་རབས་གསུམ་པས་ཨུ་ཚུགས་ཀྱིས་ང་ཚོ་མི་རབས་གསུམ་པ་ཡིན་ཟེར་ནས་ས་བསྒྲགས་རྡོ་བསྒྲགས་བྱེད་སྲོལ་ལ་བལྟས་དུས། དེས་ཁོང་ཚོ་མི་རབས་གསུམ་པ་མིན་པ་མཚོན་གྱི་འདུག མི་རབས་གང་ཡིན་མིན་དང་རྩོམ་པ་བོ་དང་སྙན་ངག་པ་ཡིན་མིན་བརྩམས་ཆོས་ཀྱིས་དབྱེ་དགོས་ཤིང་། སྤྱི་ཚོགས་ཀྱིས་ཁ་གྲགས་ཡོང་གི་རེད་མ་གཏོགས། ང་སྙན་ངག་པ་ཡིན། མི་རབས་གན་དང་འདི་ཡིན་ཟེར་བ་ཞིག་ཨེ་ཡོད་ན། དམྱལ་བ་འདི་ཚོ།
མི་རབས་གསུམ་པའི་སྐོར་མང་ཙམ་ཤེས་ཀྱི་ཡོད་ལ། ཅི་ཙམ་གྱིས་མང་ནས་མང་དུ་ཤེས་ཡོང་དུས་སེམས་སྐྱོ་བའི་སྟེང་དུ་སྡུག་རྒྱུ་ཞིག་འདུག མི་རབས་ཟེར་བ་འདི་ཚོད་ཚོད་ལ་རང་དགར་དུ་བཏགས་ཆོག་ན། ནམ་ཞིག་ང་ཚོ་སྐོར་ཞིག་གིས་ཚོད་ཚོད་ལ་ང་ཚོ་མི་རབས་རྫོགས་ལ་ཁད་ཀྱི་མཐའ་མ་དེ་ཡིན། ད་འཇིན་རྟེན་ལ་སྡོམ་ཚིག་ཅིག་བརྒྱབ་ནས་མཇུག་བསྡུ་གི་ཡིན་ཟེར་ན། གང་འདྲ་ཡོད་ན།
ད་དུང་མི་རབས་གསུམ་པས་ཨུ་ཚུགས་ཀྱིས་ང་ཚོ་མི་རབས་གསུམ་པ་ཡིན་ཟེར་ནས་ས་བསྒྲགས་རྡོ་བསྒྲགས་བྱེད་སྲོལ་ལ་བལྟས་དུས། དེས་ཁོང་ཚོ་མི་རབས་གསུམ་པ་མིན་པ་མཚོན་གྱི་འདུག མི་རབས་གང་ཡིན་མིན་དང་རྩོམ་པ་བོ་དང་སྙན་ངག་པ་ཡིན་མིན་བརྩམས་ཆོས་ཀྱིས་དབྱེ་དགོས་ཤིང་། སྤྱི་ཚོགས་ཀྱིས་ཁ་གྲགས་ཡོང་གི་རེད་མ་གཏོགས། ང་སྙན་ངག་པ་ཡིན། མི་རབས་གན་དང་འདི་ཡིན་ཟེར་བ་ཞིག་ཨེ་ཡོད་ན། དམྱལ་བ་འདི་ཚོ།
དེ་རིང་ཉིན་གང་བོར་ཟིན་བྲིས་ལ་ལྟ་འདོད་བྱུང་ནའང་། ཉིན་གང་བོར་དྲ་ལམ་ཆད་འདུག རྒྱ་གར་འདི་ཚོ་སྐྱོ་གི་ཡ། ཁྱེད་ཚོ་ཨ་རི་བ་དེ་ཚོར་དེའི་དཀའ་ངལ་ཨེ་ཡོད་ཁུ
རང་སྒེར་གྱི་འཕྲུལ་ཆས་ཀྱི་ཡག་ཉེས་ཀྱིས་མ་གཏོགས། སྤྱིར་ན་དྲ་ལམ་ཆད་པའི་གནས་ཚུལ་དཀོན་པོ་འདུག ཡིན་ན་ཡང་དྲག་ཆར་རླུང་འཚུབ་ཀྱིས་གློག་སྐུད་བཅད་ནས་ཉིན་མང་པོར་གློག་མེད་པའི་གནས་ཚུལ་ཡོད་ཡོད་པ་རེད།
ཁྱེད་ཚོས་མི་རབས་གསུམ་པ་ཡ་གི་ཡ་གི་ཞིག་ནས་བརྩིས་ཡོང་གི་འདུག དེ་མ་རེད། ཁོང་ཚོས་རང་མོས་སྙན་ངག་གི་སྲོལ་འབྱེད་པ་བོ་རང་གྲོལ་ནས་བརྩིས་ཡོང་གི་འདུག གཉིས་པ་འཇུ་སྐལ་བཟང་དང་ལྗང་བུ་འཇོག་གི་འདུག གསུམ་པ་ཁོང་ཚོ་ཡིན་ཟེར་ནས་སོ་སོས་སོ་སོར་གོ་ས་མཐོ་པོ་ཞིག་སྟེར་ཨེ་ཐུབ་ལྟ་གི་འདུག་པཱ། མི་རབས་བཞི་བ་ཡང་དངོས་གནས་འདུག དེ་ཚོ་ཕལ་ཆེ་བ་སློབ་ཆེན་སློབ་མ་སྐོར་ཞིག་རེད།
ཡིན་རྒྱུ་རེད། དགེ་རྒན་ཚོ་མི་རབས་གསུམ་པ་བྱས། སློབ་མ་ཚོ་མི་རབས་བཞི་བ་བྱས། ནམ་ཞིག་ཕ་མ་ཚོ་མི་རབས་ལྔ་བ་བྱས། བུ་ཕྲུག་ཚོ་མི་རབས་དྲུག་པ་བྱས། ད་ཟོག་རྫི་ལུག་རྫི་ཚོ་ལ་མི་རབས་ཞེས་པའི་ཐ་སྙད་འདི་མི་ཐོགས་པ་འདྲ། ཁོང་ཚོས་སྙན་ངག་འབྲི་ཤེས་ནི་མ་རེད། སྙིང་རྗེ།
ཟོག་རྫི་ལུག་རྫི་ཚོའི་མང་ཆེ་བས་སྙན་ངག་འབྲི་མི་ཤེས་པ་བདེན་ན་ཡང་། མང་ཆེ་བས་ངག་ཐོག་སྙན་ངག་སྟེ་ལ་གཞས་ལེན་ཤེས་ལ་རྩོམ་ཡང་ཤེས། འདི་ཚོའི་མང་ཆེ་བ་སྦས་པའི་སྙན་ངག་པ་དང་དམངས་ཁྲོད་སྙན་རྩོམ་པ་དག་དག་རེད། འདི་ཚོར་མཐོང་ཆུང་བྱེད་རྒྱུ་མི་འདུག མི་རབས་གསུམ་པ་ཚོས་ཅིག་སྦྱངས་སྦྱངས་ནས་མཐའ་མར་ཁོ་ཚོ་མི་རབས་གང་ཞིག་ཏུ་གཏོགས་མིན་ཤེས་པ་ཙམ་བྱུང་དུས་དེ་ཡང་ང་རྒྱལ་ཞིག་ལ་རྩི་གིན་ཡོད་པ་རེད། མིའི་ལོ་ཚོད་ཀྱི་སྟེང་ནས་མི་རབས་དང་པོ་གཉིས་པ་གསུམ་པ་ཟེར་བ་དེ་ཚོ་ནི་གོང་གི་ཟོག་རྫི་བློ་མཐུན་དེ་ཚོས་ཀྱང་ང་ཚོ་ལས་ལྷག་པ་ཞིག་བགྲང་ཐུབ་ཀྱི་རེད། གང་ཡིན་ཟེར་ན། ཁོང་ཚོས་ཞོགས་པ་རེ་རེ་བཞིན་ཟོག་ལུག་གི་གྲངས་ཀ་བགྲང་བཞིན་ཡོད་པ་རེད། དེའི་ཕྱིར་ཁོ་ཚོའི་ནང་ལ་ལག་ཁྱེར་མེད་པའི་གྲངས་རྩིས་རབ་འབྱམས་པ་མང་པོ་ཞིག་ཡོད་པ་རེད། བསམ་བློ་ཞིག་ཐོངས་དང་། ཁོང་ཚོའི་མང་པོ་ཞིག་གིས་རང་གི་ལུག་ལྔ་བརྒྱ་དྲུག་བརྒྱའི་ཁྲོད་ཀྱི་གང་ཞིག་མི་ཚང་གཞན་པའི་ལུག་ཁྱུ་རུ་ཡོད་ན་མ་ནོར་བར་ངོས་འཛིན་ཐུབ་པ་རེད། འདི་ལ་རིག་པ་ཧ་ལས་པའི་རྣོན་པོ་ཞིག་མེད་ན་ཕར་བལྟས་ཚོད་ཀྱིས་སྨུག་སྨུག་རྭ་ཅོ་ཅན་ཡིན་པར་གཅིག་པ་ཡིན་པའི་ལུག་གཅིག་སྟོང་ལུག་ཁྲོད་ནས་ངོས་འཛིན་ཇི་ལྟར་བྱེད། བརྡ་རྟགས་རབ་འབྱམས་པ་དང་གྲངས་རྩིས་རབ་འབྱམས་པ་འདི་ཚོར་ང་ཚོས་གདེང་འཇོག་ཚད་མཐོ་བྱེད་འོས།
ལུག་རྫི་ཚོས་ལུག་རབས་དང་པོ་གཉིས་པ་སོགས་བགྲང་སྟངས་ཏེ། ལུག་རབས་དང་པོར་ལུ་གུ་ཞེས་འབོད། ལུག་རབས་གཉིས་པར་ལག་ག་ཟེར། ལུག་རབས་གསུམ་པར་ཐོང་ང་ཟེར། ལུག་རབས་བཞི་པར་ཤབ་གཟན་ཟེར། མི་རབས་གསུམ་པ་ཡིན་ཟེར་མཁན་ཚོར་ཡང་རིག་པ་དེ་ལུག་རྫི་བློ་མཐུན་ཚོའི་ས་ནས་རེག་པ་མིན་ན་གང་ཡིན། དེས་ན། མི་རབས་གསུམ་པ་དེ་ཚོ་ལུག་རྫི་བློ་མཐུན་ཚོ་ནས་མར་བརྩིས་པའི་སློབ་རིམ་གཉིས་པ་རེད། མི་རབས་བཞི་བ་ཡིན་ཟེར་མཁན་ཚོ་ནི་ལུག་རྫི་བློ་མཐུན་ཚོའི་སློབ་རིམ་གསུམ་པ་རེད། མིའི་རིགས་རིག་པར་ཞིབ་འཇུག་བྱེད་སྟངས་ཁ་གསལ་ཞིང་གོ་བདེ་བ་འཚོ་བ་དང་ཐག་ཉེ་བ་ཟེར་བ་དེ་འདི་འདྲ་རེད།
ང་ཚོ་མི་རབས་གསུམ་པ་ལས་ཆེས་ཆེར་སྐྱོ། ད་རུང་ཞིབ་འཇུག་གཏིང་ཟབ་མ་བྱས་པར་ཁ་ན་བཤད་འགྲོ་གི་འདུག གཙོ་བོ་ཁྱེད་ཚོ་ཡིད་རངས་ཀྱི་མེད་པ་དེ་ཆགས་སྲེད་ཀྱི་སྐོར། ཆང་འཐུང་བ། དམར་ཧྲེང་བུད་པ་སོགས་རེད། ད་ཁོ་ཚོའི་ཚོགས་མི་རེ་རེར་ཞིབ་འཇུག་གིས་སྡོམ་རྒྱག་རོགས་གནང་། མི་རེ་རེས་ད་བར་རྩོམ་ག་ཚད་ཅིག་བྲིས་འདུག དེའི་ནང་ཆགས་སྲེད་ཀྱིས་བརྒྱ་ཆ་ག་ཚོད་ཅིག་ཟིན་འདུག བརྒྱ་ཆ་ཉུང་ཤས་ཤིག་ལས་ཟིན་གྱི་མེད་ན་ཆགས་སྲེད་རྐྱང་རྐྱང་བཤད་ཀྱི་ཡོད་པ་འདྲ་བོ་ཞིག་བཤད་ན་ཡོངས་སུ་ནོར་པ་རེད། ཆེས་ཆེར་ནོར་བ་རེད།
མི་རབས་གསུམ་པའི་ནང་ཆགས་སྲེད་ཀྱི་སྐོར་མང་པོ་འབྲི་མཁན་མདའ་བཙན་པོ་རེད། ཁོའི་རྩོམ་ནང་ཆགས་སྲེད་ཀྱིས་བརྒྱ་ཆ་ག་ཚོད་ཅིག་ཟིན་འདུག་གམ། ངས་དང་པོ་ཁོའི་ཕོ་མཚན་མོ་མཚན་གཉའ་རྩིད་སོགས་བེད་སྤྱོད་བཏང་བའི་སྙན་ངག་མཐོང་སྐབས་སྡུག་པ་གང་ཡང་མཐོང་མ་སོང་།
དམར་ཧྲེང་ལ་བུད་པ་དེའི་སྐོར་དང་པོར་སྐད་ཆ་མ་བཤད་སྔོན་ཁོ་ཚོར་ཁྱེད་རང་ཅིའི་ཕྱིར་གཅེར་བུར་བུད་པ་ཡིན་དྲི་བ་ཞིག་དྲིས་ནས་དེ་ནས་སྐད་ཆ་བཤད་ན་ལན་པོ་འདུག
མ་གཞི་རྒྱ་གཞུང་གིས་སློབ་སྦྱོང་སྤྲོད་སྟངས་ལ་བརྟེན་ནས་བསམ་བློ་གཏོང་སྟངས་ལ་ཏན་ཏན་ཁྱད་པར་ཡོད་རྒྱུ་རེད།
དགག་གི་ཡིན་ན་སྔོན་མའི་རྣལ་འབྱོར་དམར་ཧྲེང་དེ་ཚོ་དང་འབྲུག་པ་ཀུན་ལེགས་སོགས་ནས་དགག་ཞོག
བུ་མོ་ཞིག་ལ་རྣ་བ་གཅིག་མེད་ན་ལུས་པོའི་ཆ་ཤས་གཞན་པ་ཡོངས་རྫོགས་ཅི་ཙམ་མཛེས་ཀྱང་མཛེས་མའི་ནང་མི་འགྲོ་ཞིང་། ཁྲིམས་ཐོག་ལ་སོང་ནའང་ཐོབ་ཀྱི་མ་རེད། ཚན་རིག་གིས་བརྟག་ནས་ཀྱང་གོང་མཐོར་ཡོང་གི་མ་རེད། དེ་ཉིད་ཀྱིས་ཐག་བཅད་པ་རེད།
རྣ་ལུས་པོའི་བུང་ཚད་ཀྱི་བརྒྱ་ཆ་གཅིག་ཀྱང་མི་ཟིན་པའི་ཆུང་ཆུང་ཞིག་ཡིན་ལུགས་ཀྱིས་རྩོད་ས་མེད་རེད།
ཨ་ལགས་ཡེ་ཤེས་སོགས་ཨ་རི་རང་དབང་ལུང་བ་ནས་བསྡད་དེ་བྱས་སྟངས་འདི་མ་གཏོགས་མེད་ན།
མི་རབས་གསུམ་པ་ཡིན་ན་དེ་གུང་ཁྲན་གྱི་འོག་ནས་དམར་ཧྲེང་མར་འབུད་ན་མ་གཏོགས་གཞན་ཅི་འཇོན།
མི་རབས་གསུམ་པའི་སྔ་རྗེས་ཀྱི་ཚོགས་འདུའི་བསྒྲགས་གཏམ་དེ་ཚོར་མཆོད་མེ་དྲྭ་ཚིགས་ནས་མིག་བཤེར་ཙམ་བྱས་པ་ཡིན། མི་ཉུ་ཤུར་མི་ལོངས་པའི་ཚོགས་མི་བཅུ་གྲངས་ཀྱི་སྐད་ཆ་ལ་ཤུགས་རྐྱེན་ཆེ་དྲགས་པ་རེད་དམ། ཡང་ན་ཉི་མ་མ་འཁྱོལ་བར་སྡོད་པའི་བླ་རྒན་ཁ་ཤས་ལ་ཇུས་གཏོགས་མང་དྲགས་པ་རེད། མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་ལྟར། ཁོང་ཚོའི་བསྒྲགས་གཏམ་དུ་འཐད་ས་མི་འཐད་ས་གཉིས་ཀ་འདུག་མོད། ཡིན་ནའང་ཐོག་མར་ཀླུ་སྨྱོན་སོགས་ཀྱིས་ཁོང་ཚོའི་གཤིས་ཀ་ནི་ཆང་འཐུང་ནས་འཁོན་འཛིང་བྱེད་པ་གཅེར་བུར་འབུད་རྒྱུར་དགའ་བ་དང་། སྙན་ངག་གི་ནང་དུ་ཆགས་སྲེད་ཀྱིས་ཁེངས་འདུག་ཅེས་དམའ་འབེབས་གཏོང་བའི་སྐད་ཆ་འདི་ཚོའི་ཡང་ལྗིད་ཀྱི་རྒྱ་གྲངས་གསལ་བོར་ཆགས་ན། ད་གཟོད་རང་ཉིད་ཀྱི་བསམ་ཚུལ་ཞུ་རྩིས་ཡོད། དེ་མ་གཏོགས། ཉ་ཉོག་བསྲེས་ནས་བཤད་ས་མི་འགྲོ་བར་བཟོ་འཇོག་གི་རེད།
ད་ཨོ་ན་ངས་གསལ་བོར་བཤད།
མི་རབས་གསུམ་པས་ཆང་འཐུང་བ་དེ་སྐྱོན་ཆ་ཞིག་མིན་པར་ཆང་འཐུངས་རྗེས་ནང་ཕན་ཚུན་ལ་ཆང་དམ་གྱིས་གཞུ་རེས་བྱེད་པ་འདི་སྐྱོན་ཞིག་རེད།
མི་རབས་གསུམ་པས་ཆགས་སྲེད་སྙན་ངག་འབྲི་བ་དེ་སྐྱོན་ཞིག་མིན་པར་ཁྲིམས་འགལ་གྱིས་ཆགས་སྲེད་སྙན་ངག་སྤྱི་ཚོགས་སྟེང་བཀྲམས་པ་དེ་སྐྱོན་ཞིག་རེད།
མི་རབས་གསུམ་པ་གཅེར་བུར་འབུད་པ་དེ་སྐྱོན་ཞིག་མིན་པར་ཚོགས་མི་དགེ་ཚུལ་སློང་ཞིག་གིས་སྟོན་པའི་ན་བཟའ་མི་ཚོགས་ཁྲོད་དུ་རོ་ཤུན་དབྱུགས་དབྱུགས་བྱས་པ་དེ་སྐྱོན་ཞིག་རེད།
མཐའ་སྡོམ། མི་རབས་གསུམ་པ་ཡང་མི་རབས་ཤིག་ཡིན་པས་སྐྱོན་ཡོན་གཉིས་ཀ་ཡོད་ལ་ཡོད་ཆོག་པ་ཞིག་རེད།
འདི་མ་གཏོགས་བཤད་རྒྱུ་མེད་དམ།
མང་པོ་ཞིག་གླེང་རིན་འདུག་པས།
དགེ་མཐོང་། ངས་ལག་ཁྱེར་ཁ་པར་བརྒྱུད་ནས་ཨེར་དྲེལ་གྱི་དྲྭ་རྒྱ་བེད་སྤྱོད་གཏོང་བཞིན་ཡོད་མོད་དྲྭ་ལམ་ཆད་པ་དང་ཡུན་རིང་སྒུག་དགོས་པའི་སྐྱོན་ཞིག་རྒྱུན་དུ་འདུག ལག་ཁྱེར་ཁ་པར་བརྒྱུད་ནས་བེད་སྤྱོད་གཏོང་ཆོག་པའི་དྲྭ་ལམ་གཞན་ཚོ་ག་འདྲ་ཡོད་དམ། ཁྱེད་ལ་དེའི་སྐོར་བསམ་འཆར་ལེགས་པོ་རེ་བསྟན་རྒྱུ་མེད་དམ།
འོ་ཡ། དེས་ན་ཁྱོའི་བསམ་ཚུལ་ཐོག་ལ་མི་གཞན་པ་ཚོར་དྲན་ཚུལ་ཅི་ཞིག་ཡོད་པར་བལྟས་ཏེ་སང་ཉིན་བར་དུ་བསྒུག་རྒྱུ་ཡིན།
དེ་རིང་གི་མཐའ་སྡོམ་ལྟ་བུ་ཞིག་སྟེ། མི་རབས་གསུམ་པ་དེ་ཚོས་རང་མོས་སྙན་ངག་ཡིན་ཟེར་ནས་འབྲི་ཐེངས་གཅིག་ལ་ཤོག་ལྷེ་བཅུ་ཉི་ཤུ་ཅན་མང་པོ་ཞིག་བྲིས་ཡོད་ཀྱང་མང་པོ་ཞིག་ནད་མེད་འཁུན་བུ་ཙམ་དུ་ཟད། མི་རབས་གཉིས་པར་གཏོགས་པའི་ང་ལ་ཡང་ཆམ་པ་དེ་འདྲ་ཐེངས་མང་ཕོག་མྱོང་།
མི་རབས་གསུམ་པ་ཟེར་བ་འདི་དེ་འདྲའི་སྡུག་པོ་ཞིག་ཡིན་ན་འདི་མི་རབས་ཨང་དང་པོ་དང་གཉིས་པ་མ་ཡིན་པའི་ཨང་གསུམ་པ་སྟེ་མི་རབས་ཐ་མ་ཟེར་བའི་དོན་དུ་འགྲེལ་དགོས་པ་མིན་ནམ།
འདི་མིའི་སྤུས་ཀ་བཟང་ངན་གྱི་སྟེང་ནས་བཏགས་པ་ཞིག་མིན་ནམ།
ཨ། མགོན་ཕྱག ཁྱེད་ཀྱིས་ང་ལ་བཏབ་པའི་མཆན་འདི་ད་སོ་མར་བྐླགས་པ་ཡིན། ཁྱེད་ཀྱི་ལག་ཏུ་རལ་གྲི་ཞིག་ཨེ་ཡོད། ངས་རལ་གྲི་ཡོད་པ་ཞིག་མཐོང་མ་སོང་། ཡོད་ནའང་ཁྱེད་ཀྱིས་རལ་གྲི་གནམ་གཡུགས་བྱེད་པ་མ་གཏོགས་ཅི་ཤེས།
༡ ངས་རྒྱལ་རོང་དམག་དཔོན་གྱི་མིང་ལ་འབྲུག་ཐར་ཞེས་འབོད་ཀྱི་ཡོད་པ་དེའི་ཁུངས་གཏུགས་ས་ནི། འཇིགས་མེད་བསམ་གྲུབ་ཀྱིས་བརྩམས་པའི་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ་ཞེས་པ་དེ་ཡིན། ༢༠༠༠ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པ་ཞིག་རེད། དེབ་འདིའི་ཤོག་གྲངས་༥༠༩དང་ཐིག་ཕྲེང་༡༩སྟེང་‘‘རྒྱལ་རོང་དམག་དཔོན་འབྲུག་ཐར་ཞེས་པ་སོགས། གཙོ་གྲགས་ཁ་ཤས་ཟུར་འཚོགས་ཀྱིས་’’ཞེས་གསལ་བ་དེ་རེད།
༢) ཁྱེད་རང་གིས་རྒྱལ་རོང་གི་སྐོར་ཤར་རྫ་རིན་པོ་ཆེས་བྲིས་པའི་ཚིག་དུམ་ཞིག་དྲངས་ཡོད་པ་དེ། ངས་དོགས་སློང་ཞིག་བྱས་པ་ཡིན། རྒྱུ་མཚན་འདི་འདྲ་རེད། ངའི་ལག་ཏུ་སུ་ལ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ཞེས་པ་དེ་ཡོད། ༡༩༨༨ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཏུ་བཏབ་པ་ཞིག་ཡོད་པ་དེར་ཡང་ཡང་མཇལ་གྱི་ཡོད། དེབ་འདིའི་ནང་དུ་དེ་འདྲ་ཞིག་མི་འདུག་ཅེས་པ་ལས། ཁྱེད་ཀྱིས་ལུང་དྲངས་པ་དེ་བདེན་པ་མ་རེད་ཅེས་བཤད་མེད།
༣) དགེ་ཆོས་ཀྱིས་ཕྱི་རོལ་བ་ཚོར་དཔག་བསམ་ལྗོན་ཤིང་གི་སྐོར་བཤད་པ་དེ། དགེ་ཆོས་འདི་བ་ཚང་རེད་མ་རེད་ཀྱི་སྐོར་གནད་འགག་ཆེན་པོ་མི་འདུག ཁྱེད་ཀྱིས་རཀ་རས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་ཀྱི་ཚིག་དུམ་ཞིག་དྲངས་འདུག ཡང་ངས་མ་རེད་ཅེས་བཤད་མེད། ངས་ཁྱེད་ལ་ལན་ཏུ། ཀིརྟི་སྐྱབས་མགོན་གྱིས་མཛད་པའི་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཡིན་ནམ། བདེ་སྦྱིན་བཟང་མོས་བྲིས་པའི་ཨ་མདོའི་སྤྲང་པོ་ཡིན་ནམ། འོ་ན། རྡོ་བརྟན་རྒྱལ་གྱིས་དགེ་ཆོས་ཀྱི་ལོ་རྒྱུས་ཡིན་ནམ་ཞེས་དེ་ལྟར་བཏབ་ཡོད། ད་དུང་སྐད་ཆ་འདིར་སྣོན་པ་ཞིག་བརྒྱབ་ན་ཧོར་འཇིགས་ཀྱིས་ཤམ་བྷ་ལའི་སྐོར་ལ་ཅིག་བྲིས་པ་དེའི་ནང་དུ་དཔག་བསམ་ལྗོན་ཤིང་གི་སྐོར་དེ་དགེ་ཆོས་ཀྱིས་གསུངས་པ་ཞིག་བྲིས་ཡོད། མི་བདེན་ན་ནོར་མཛོད་སྤྱིའི་འདོན་ཐེངས་དང་པོ་ྐློག་རོགས།
༤)དོན་གྲུབ་རྒྱལ་གྱིས་བྲིས་པའི་འཇམ་བཞད་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་ཚིགས་བཅད་མ་དེ། ངས་དོན་གྲུབ་རྒྱལ་གྱིས་བླ་བྲང་གི་སྐོར་ལས་འཕྲོས་ཏེ་བྲིས་པ་ཞིག་རེད་ཅེས་བཤད་ཡོད། དེ་ལྟར་ཟེར་དགོས་པའི་རྒྱུ་མཚན་ནི་དོན་གྲུབ་རྒྱལ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཐོང་ཐོས་མདོར་བསྡུས་ཞེས་པའི་རྩོམ་འདི་ཐོག་མར་བླ་བྲང་གི་ལོ་རྒྱུས་ལས་འཕྲོས་ཏེ་ཚན་པ་གཅིག་འདུག ཚན་པ་གཉིས་པ་དེའི་ནང་དུ་འཇམ་བཞད་སྐུ་ཕྲེང་རིམ་གྱི་ལོ་རྒྱུས་བྲིས་ཡོད་པ་དེ་རེད། ཁྱེད་ཀྱིས་ཤེས་མདོག་མདོག་གིས་དོན་གྲུབ་རྒྱལ་གྱིས་དགེ་བཤེས་སྦྱིན་པ་བཅའ་འདྲི་བྱས་རབས་དང་། དགེ་བཤེས་སྦྱིན་པ་ཟེར་བ་འདི་ངའི་ཨ་ཕའི་དགེ་རྒན་ཡིན་རབས་བྲིས་འདུག ང་ལ་ཁྱད་པར་མེད་དེ། ངེད་གཉིས་ཀྱི་རྩོད་གཞི་འདི་ཅུང་རྒྱ་ཇེ་ཆེར་བཏང་ན། དོན་གྲུབ་རྒྱལ་གྱིས་དགེ་བཤེས་སྦྱིན་པས་མི་ཚད། བླ་བྲང་ཕྱོགས་ཀྱི་རྒྱུས་ཡོད་འགའ་རེར་བཅའ་འདྲི་བྱས་པ་ཐེ་ཚོམ་མི་འདུག དཔལ་དོན་གྲུབ་རྒྱལ་གྱི་གསུམ་འབུམ། པོད་གསུམ་པ། དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དེབ་དེའི་ཤོག་ངོས་༡༡༢ཐིག་ཕྲེང་༢༢སྟེང་། ‘‘ལྟ་སྐོར་དང་སློབ་སྦྱོང་བྱས་ནས་བླ་བྲང་དགོན་པའི་ལོ་རྒྱུས་མདོར་བསྡུས་ཤིག་སེམས་ལ་ངེས་ཤིང་། ནང་སྒོས་སུ་ཨ་ལགས་གླིང་ཚང་དང་དགེ་བཤེས་སྦྱིན་པ་ལ་སོགས་དེ་གའི་མཁས་པ་རྣམས་ཀྱི་གསུང་གླེང་ཐོས་’’ཞེས་བྲིས་ཡོད། ‘‘སོགས’’་སྒྲ་སྦྱར་བ་དེ་ཡང་ཤེས་པར་གྱིས།
༥) མི་རབས་གསུམ་པའི་སྐོར་རེད། ངས་‘‘ཕལ་ཆེར་’’ཞེས་པའི་ཚིག་འདི་བེད་སྤྱོད་བཏང་ཡོད། ཁོང་གིས་ཚེ་ཏན་ཞབས་དྲུང་དང་ཨ་ལགས་དམུ་དགེ་ཚང་དང་། དུང་དཀར་སྤྲུལ་བའི་སྐུ་དང་རྡོ་རྗེ་རྒྱལ་པོས་བྲིས་པའི་རྩོམ་མེད་པར་བསམས་ནས་ཁོང་ཚོ་མི་རབས་དང་པོའི་ནང་འཇོག་མི་ཆོག་ཟེར་གྱི་ཡོད་ཀྱང་། མཆོད་མེ་དྲ་རྒྱའི་ཐོག་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། ཞང་ཞུང་བ་ཆོས་དབང་གྲགས་པ་སོགས་ཀྱི་སྙན་ངག་འཁོད་འདུག ཁྱོད་ལྟར་ན་ཁོང་ཚོ་ནི་མི་རབས་དང་པོ་ཡིན་ཤས་ཆེ།
དེ་བཞིན་མི་རབས་གསུམ་པ་ཟེར་བ་འདི་སྙན་ངག་པའི་དཔུང་སྡེ་ཞིག་ཡིན་པ་ཤེས་ཀྱི་ཡོད། འདི་ཚོའི་ནང་དུ་བརྩམས་སྒྲུང་འབྲི་མཁན་རེ་ཟུང་འདུག་ལ། མི་རབས་གསུམ་པའི་མི་བུ་ཁ་ཤས་ལ་རྩོམ་རིག་གི་བྱ་དགའ་ཐོབ་ཡོད་པ་རེད། དེ་ཡིན། མི་རབས་གསུམ་པའི་སྐོར་ཕྱོགས་གཞན་ནས་གླེང་། དགོན་ཕྱག་ལགས། འདི་རིགས་ལ་མཆན་བུ་འབྲི་བའི་དགོས་པ་མེད་པར་མཐོང་ལ། དགག་རིན་ཡང་མ་མཆིས་པས་‘‘སྤྱང་ཀི་ལ་ཀི་དང་། ལག་རྫི་ལ་བརྡས་’’དྲངས་པའི་ངག་འཕྲིན་ཙམ་གྱིས་འཐུས་པར་བྱའོ།
རྒྱལ་རོང་གི་དམག་དཔོན་དེ་ལ་འབྲུག་ཐར་དང་མུ་ཐར་ཞེས་མིང་གཉིས་ཡོང་དགོས་དོན་དེ་དེའི་སྐབས་སུ་ཁོང་མན་ཇུའི་རྒྱ་དམག་དང་མཉམ་དུ་ཡོང་སྟབས་ཁོའི་བོད་མིང་ལ་འབྲུག་ཐར་ཡིན་ཡང་རྒྱ་ཡིག་གི་གདངས་ལ་མུ་ཐར་ཞེས་བྲིས་ཡོད་སྟབས་བོད་ཀྱི་ལོ་རྒྱུས་ཡིག་ཆ་འགར་ཡང་མུ་ཐར་ཞེས་རྒྱ་སྐད་ཀྱི་གདངས་དེ་ག་རང་བྲིས་པ་མིན་ནམ།
ཀླུ་སྨྱོན། ཆང་འཐུང་རྗེས་ཤེལ་དམ་གྱིས་གཞུ་རེས་བྱེད་པ་དེ་མི་རབས་གསུམ་པ་གཅིག་པོ་མིན་པར་ཆང་འཐུང་མང་པོ་ཞིག་ལ་ཡོད་པའི་སྐྱོན་ཞིག་རེད། དེ་ལ་མི་རབས་ཀྱི་ཁྱད་པར་ཞིག་ཨེ་ཡོད།
ཆགས་སྲེད་ཀྱི་སྙན་ངག་སྤྱི་ཚོགས་ཐོག་བཀྲམ་པ་དེ་ཁྲིམས་གང་དང་འགལ་ཡོད་པ་རེད།
ན་བཟའ་མི་ཚོགས་ཁྲོད་རོ་ཤུན་དབྱུགས་དབྱུགས་བྱས་པ་རེད་སུས་ཟེར་གྱི་འདུག ཡང་ན་ཁྱེད་རང་གིས་གསར་དུ་སྦྱར་བའི་ཐོག་འཇོག་གི་སྐད་ཆ་ཡིན།
ཆགས་སྲེད་ཀྱི་སྙན་ངག་རྒྱལ་དབང་ལྔ་པ་དང་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནས་བཟུང་སྟེ་ཨ་ལགས་ྐླུ་སྨྱོན་ཁྱེད་རང་གིས་ཀྱང་འབྲི་ཆོག་ས་ནས་མི་རབས་གསུམ་པས་བྲིས་པ་དེ་དེ་ཙམ་གྱི་ནག་ཉེས་ཤིག་ལ་ཅི་ལྟར་གྱུར་པ་རེད།
ཧོར་འཇིགས་ཀྱིས་ཆགས་སྲེད་ཀྱི་སྙན་ངག་སྒེའུ་ཁུང་གསེང་གི་མགྱོགས་བྲིས་ཟེར་བ་ཞིག་བྲིས་ཡོད། ནོར་འོད་འདོན་ཐེངས་དང་པོའི་ནང་བཀོད་ཡོད་པ་དང་། དེ་ནི་ངོ་མའི་ཆགས་སྲེད་ཀྱི་སྙན་ངག་ཅིག་ཡིན།
བཙུན་པ་གཅེར་བར་རྒྱུག་པ་འདི། །མི་རབས་ཐ་མའི་གདོན་ཡིན་པས། །བཟློག་གོ་དམར་ཆེར་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར། །ཀུ་རེ་ཡིན། བཙུན་པ་གཅེར་བུར་བུད་པ་དེ་འདུལ་བ་དང་བསྟུན་ན་ལྟུང་བ་སྡེ་ལྔའི་ནང་གི་འདོམས་བསྟན་པའི་ཉེས་བྱས་ཙམ་ལས་སྐྱོན་ཆེར་མེད་པ་འདྲ།
ཨ་ཁུ་ཀླུ་སྨྱོན། ཁོང་ཚོས་ཁྱེད་ལྟ་བུའི་རྩོམ་པ་བོ་སྐོར་ཞིག་མི་རབས་གཉིས་པ་ཟེར་བའི་གཏན་ནས་འཇོག་གི་མ་རེད། རང་མོས་སྙན་ངག་དེ་ཡང་ཁྱེད་ཀྱིས་གཏན་ནས་འབྲི་མི་ཤེས་པའི་འཁྲིག་སྤྱོད་སྐོར་དང་སྟུ་སྐོར་རེད། ཁྱེད་ཀྱིས་འདི་འབྲི་མི་ཤེས་བཞིན་དུ་ང་མི་རབས་གཉིས་པ་ཡིན་ཟེར་མོད། མི་རབས་གསུམ་པ་འཐད་ནི་མ་རེད།
མགོན་པོ་ཕྱག་གཉིས། ཁྱོད་ལ་ཕྱག་གཉིས་ཡོད་པ་མ་གཏོགས་སྨྱན་གཉིས་མི་འདུག་པ̒། གྲྭ་གཟུགས་ཙམ་འཛིན་པ་དུར་ཐང་འབོད་པ་གཅེར་བུར་བུད་པ་ས་གྲགས་རྡོ་གྲགས་རེད་ལ། གོང་གི་རྩོམ་ཡིག་དེའི་ནང་དུའང་གསལ་བོར་བཀོད་འདུག རྗེས་ཕྱོགས་མི་ཤེས་ན་གཞན་ན་དྲིས། མི་མཐོང་ན་སྒང་ལ་བུད། སྐད་ཆ་བཙན་གི་ར་སྤོ་མ་ལངས།
ཨ་རོ། དྲ་གྲོགས་སྐྱ་ཀ་ཁ། ཁྱོད་ནོར་སོང་། ད་ཐེངས་ངོ་མ་ནོར་སོང་། ངས་ང་མི་རབས་གཉིས་པར་བཞག་པ་ནི་ལོ་ཚོད་ཀྱི་ཆ་ནས་བཞག་པ་མིན་ན་དཀར་བོ་དགེ་བ། རྩོམ་རིག་ཤེས་བྱའི་ཆ་ནས་ང་ལྟ་བུ་གར་ཡང་གཏོགས་ཀྱི་མ་རེད། རྩྭ་མི་ཤིང་མིའི་གྲས་སུ་གཏོགས་ཀྱི་རེད།
ཁྱོད་ད་དུང་ཉལ་མེད་ནས།
ངས་ཁྱོད་མི་རབས་གསུམ་པའི་མིག་ནང་ནས་མི་རབས་གཉིས་པའི་ཁོངས་སུ་འཇོག་གི་མ་རེད། སྐྱག་འབུ་ཞིག་གི་ས་ནས་ཀྱང་འཇོག་འདུག་མི་ཤེས། དེ་མིན་ན་ཁྱོད་ཀྱིས་ལྟོས་ར། ཁོང་ཚོས་བོད་ལ་ངེས་པ་དོན་གྱི་བུད་མེད་སྙན་ངག་པ་མེད་ལབ་འདུག་ག
ངས་མི་ཤེས་ཀྱི་མ་གཏོགས། བུད་མེད་སྙན་ངག་གཅིག་ཀྱང་མེད་པ་ཡིན་རྒྱུ་མ་རེད།
མི་རབས་གསུམ་པའི་བརྩམས་ཆོས་མང་ཆེ་བ་མཇེ་དང་སྟུ་རེད་ལ། བུད་མེད་སྙན་ངག་མ་ཡིན་མདོག་སྟོན་པའི་ཚེ་རིང་སྐྱིད་ཀྱང་འདིའི་ནང་དུ་འཚང་འདུག འདིས་རང་གི་སྟུའི་ནང་དུ་ཞི་ལི་ཚོས་མཇེས་ཐོག་དང་བོར་རལ་སྐབས་ཀྱི་སྙན་ངག་ཅིག་འབྲི་ཐུབ་ན་མ་གཏོགས་མི་རབས་གསུམ་པའི་མོ་ཚོགས་མའི་ས་ནས་བཞག་མི་འདུག་ལ། བུད་མེད་སྙན་ངག་པ་ཡང་མ་རེད་ལབ་འདུག ལ་རྒྱ་མེད་ཁུ་ཡ། ཁོང་ཚོའི་ཚོགས་པའི་ནང་གི་བུད་མེད་གཅིག་པུ་དེ་ཡང་མར་འབུད་ཐབས་བྱེད་ཁུ།
ཁོ་ཚོའི་མི་རབས་འབྱེད་སྟངས་དེ་འདྲ་ཞིག་ཨེ་ཡིན་ནམ། ཁྱེད་ལ་བདེན་དཔང་རེ་ཡོད་དམ།
ཁོང་ཚོས་དངོས་སུ་བསྒྲགས་འདུག དྲ་ཐོག་ཚོར་སོང་ནས་ལྟོས། དེ་མིན་ན་མི་རབས་གསུམ་པ་ཟེར་བའི་དེབ་དེའི་སྟེང་སོང་ནས་ལྟོས་ར། ཁོང་ཚོས་བོད་ཀྱི་སྲོལ་རྒྱུན་སྙན་ངག་འབྲི་མཁན་ཚོ་གད་སྙིགས་ཀྱི་ཚད་དུའང་བཞག་མི་འདུག སྙིང་ལངས་ནི་ཞིག་རེད།
ཁོ་ཚོའི་བརྩམས་ཆོས་མང་ཆེ་བ་དེ་འདྲ་ག་ལ་ཡིན། སྐྱབས་ཆེན་བདེ་གྲོལ་གྱི་ཟིན་བྲིས་སུ་ཐེངས་ཤིག་སོང་དང་། དེ་ནས་ཁྱོད་ཀྱིས་རང་གིས་བྲིས་པ་འདི་ཚོར་གསལ་བཤད་ཅིག་བསྐྱོན་དགོས་ཆགས་ཀྱི་རེད། ངས་བསམས་ན་མི་ལ་ཐང་ཆད་རྒྱུ་ཡོད་པས། མི་རབས་གསུམ་པ་ཡང་དེང་སང་ཐོག་མའི་འབྲི་སྟངས་དེར་ཐང་ཆད་འདུག
ཨོ། ཁྱོད་ཀྱིས་ཁོ་ཚོའི་བསྒྲགས་གཏམ་གྱི་ཚབ་ཡིན་ཁུལ་གྱི་དེབ་དེར་བལྟས་ཡོད་ན་དེབ་དེས་གནས་སྐབས་ཤིག་གི་མ་གཏོགས་ཚབ་བྱེད་ཐུབ་ཀྱི་མ་རེད། འདི་ཚོ་ལོ་འགའི་རྗེས་སུ་ཁྱིམ་ཚང་ཙིག་ཚང་འདྲ་བ་རེའི་ནང་དུ་ལྷུང་དུས་སུ་གཞི་ནས་ཁ་རྩོག་ཕར་ཟད་ཡུན་རིང་ཁ་ཡང་གྲགས་རྒྱུ་མེད་པ་ཞིག་ཆགས་མིན་ཐེ་ཚོམ་མེད།
ངས་ར་དེ་ཟེར་གི ཁོང་ཚོས་སོ་སོས་སོ་སོ་ང་སྙན་ངག་པ་ཡིན། ང་མི་རབས་གསུམ་པ་ཡིན་ཟེར་ཁུ། དེ་གཞན་ཞིག་གིས་ཚུར་བཤད་དགོས་པ་ལས། ང་འདི་ཡིན་གན་ཡིན་ཟེར་དུས་ཅང་མེད་ཁུ་བསམ།
འདི་ཚོས་དང་པོར་ཚོགས་འདུ་རེ་བསྐོངས་ནས་ཅིག་བྱེད་ཀྱིན་ཡོད་ན་ཡང་བར་སྐབས་ཤིག་ནས་གྲགས་འགུལ་ཆེན་པོ་ཞིག་མེད་ཀི
ཨ་རོ། ཉིད་རྡ་ས་ན་ཡོད་དམ། བླ་བྲང་སྐལ་བཟང་དང་བློ་གྲོས་དཔལ་བཟང་གཉིས་ཀྱིས་ཅི་བྱེད་བཞིན་འདུག
ཡོད། བླ་བྲང་སྐལ་བཟང་ཡུན་རིང་ལ་མ་མཐོང་ཐལ། ནོར་གླིང་ཞིག་ལ་ཡོད་རབས་འདུག ཁོའི་བརྩམས་ཆོས་ཕལ་ཆེ་བ་བརྐུས་རྩོམ་རེད་ཟེར་ནས་ཁ་སང་ང་ཚོ་སྐོར་ཞིག་གིས་གླེང་བ་ཡིན།
བློ་གྲོས་དཔལ་བཟང་ནང་དུ་འཛུལ་ནས་ཅིག་ཀློག་མ་ཚར་ནས་བསྡད་འདུག ད་སྤྱི་ཚོགས་ཁྲོད་སོང་ནས་སྤྱི་དོན་རེ་སྒྲུབ་རན་རེད། གོ་ནོ་ཡིན་ན་རྡ་ས་ནས་ཁོའི་རང་ཞིག་ཡོད་ནི་མ་རེད་ཟེར་གི
ཁོའི་རང་ཞིག་ཟེར་ག་ཅི་རེད། དེ་མ་གོ་ཐལ།
ཁོའི་རང་ཞིག་ཅེས་པ་ཁོའི་ངར་ཞིག་ཅེས་བཅོས་རོགས།
ཁོའི་ངར་ཞིག་ཡོད་མེད་ཀྱང་མི་ཤེས་ཏེ། སྐད་ཆ་རེ་འདྲི་་རྒྱུ་ཡོད་དུས་དྲིས་དང་། མི་བཤད་རྒྱུ་ཡོད་མཁན་ཞིག་ངོ་མ་ཡིན།
འདྲིས་ཀྱིན་འདྲིས་ཀྱིན་མི་ཡ་རབས་དྲང་བདེན་ལ་དགའ་བ་ཞིག་ཀྱང་ཡིན་པའི་ཚོར་བ་འགོག་མེད་དུ་སྟེར།
ད་སྙིང་རྗེ་ཁྱིམ་ཚང་གི་ནང་ལ་ལྷུང་འདུག་ཟེར། སྔོན་མར་གཟན་སེར་པོ་གྱོན་པའི་གྲྭ་པ་ཕྱི་དྲོའི་ཁ་ཟས་ཀྱང་མི་ཟ་མཁན་ཞིག་ཡིན།
བློ་གྲོས་དཔལ་བཟང་གིས་ནུབ་ཕྱོགས་པའི་ཅིག་ཅིག་ཉིག་ཉིག་གི་སྐོར་ལ་ཡུན་རིང་སྦྱང་བ་རེད་ཟེར། ད་དུང་ནང་ཆོས་སྐོར་ནས་མི་སྐྱ་ཚོའི་ནང་གི་ཨ་ཡོད་ནང་གི་ད་ཡོད་ཅིག་ཡིན་རབས་འདུག ཁོ་དངོས་གནས་མི་ཡ་རབས་ཤིག་ཡིན་ས་རེད། སྐད་ཆ་བཤད་མྱོང་མེད། གླེང་མྱོང་ཡོད། རྫིག་པོ་འདུག
ཨོ། བློ་གྲོས་དཔལ་བཟང་ཟེར་བ་འདི་ལ་སྐྱེས་དམན་ཡོད་པ་རེད་དམ། བླ་བྲང་སྐལ་བཟང་གིས་སྨན་ཁདྷ་ཆུང་ཆུང་ཞིག་བཟུང་འདུག་ག
ཨོ། པེ་ཅིན་སློབ་ཆེན་ནས་ནུབ་ཕྱོགས་མཚན་ཉིད་རིག་པའི་རབ་འབྱམས་པ་ཡིན་ན་འབུམ་རམས་པ་ཡིན་ན་ཞིག་བླངས་པ་རེད། ཁོ་སློབ་གྲྭ་ན་ཡོད་དུས་ནས་གྲོགས་པོ་ཆགས་སོང་ལ། གྲྭ་པ་བྱས་ནས་མི་གཅིག་སྙིང་གཅིག་ལྟ་བུ་ཡིན། རྗེས་སུ་ལོ་མང་རིང་མ་འཕྲད། དེ་རྗེས་ལྷ་ས་ནས་ལམ་རོགས་འཚོལ་རོགས་ཀྱང་ཁོང་ཡིན། དེ་ནས་ཡང་ད་ལྟ་བར་དུ་མ་ཐུག ཁོའི་སྤུན་ཆུང་ཟླ་བ་ཚེ་རིང་དང་ཡང་མནའ་བཅད་ལྟ་བུ་ཡིན། རྗེས་སུ་ལོ་མང་རིང་མ་ཐུག རྗེས་སུ་རྒྱ་གར་ལ་གཅིག་འགྲོ་ཐུབ་ན་མ་ཐུག་ཐབས་མེད་ཡིན་ལ་ཉིན་ཞག་ཁ་ཤས་ལ་གླེང་མོལ་ཞིག་བྱེད་བསམ་ཡོད། ཡིན་ན་ཡང་ཆུང་མ་དེ་འགྲུལ་བར་བཟང་མིན་ད་ལྟ་མི་ཤེས། ཁོ་ལ་ཡོད་དུས་ཡོངས་རྫོགས་ཟོ་ཟེར་གྱི་རེད། མེད་དུས་ཆུ་རྐྱང་འཐུང་ནས་འདུག་གི་རེད། སྙན་ངག་ཚིག་བཅད་ཚོ་བྲིས་ན་མཁས་གྲུབ་དགེ་ལེགས་དཔལ་བ་ལྟ་བུ་ཞིག་ངོ་མ་རེད་སྣང་ཞིག་སྤྲོད་ཀྱི་རེད། ཡོངས་འཛིན་རྡོ་རྗེ་འཆང་ཚང་ཡང་བློ་གྲོས་ཀྱི་སྙན་ངག་གསུངས་ནས་ཐུགས་དགྱེས་མྱོང་ཡོད། ཡིན་ན་ཡང་ལོ་ཟླའི་འགྲོས་དང་བསྟུན་ནས་ཇི་འདྲའི་འགྱུར་ལྡོག་ཅིག་བྱུང་ཡོད་མ་ཤེས།
བློ་གྲོས་དཔལ་བཟང་ལ་བསྟོད་པ་གཏོང་མཁན་མང་པོ་འདུག ཚང་མ་འཇིགས་བསྡད་ཡོད་པ་རེད། ཡིན་ན་ཡང་ཉེ་སྔོན་སྙན་ངག་གི་དེབ་དེ་བཏོན་རྗེས་སུ་ཕོ་གསར་ལ་ལས་འབྲུག་གི་ཚོད་ཀྱི་ཆར་མི་འདུག་ཟེར་མཁན་མང་དུ་ཕྱིན་སོང་ང།
དེ་བདེན་པ་ཡིན་གྱི་རེད། རྡ་ས་ན་ཡང་ཁོ་ལྟ་བུ་གང་མང་ལོས་ཡོད། ཡིན་ན་ཡང་རྡ་སའི་ཡོན་ཏན་པའི་གྲས་སུ་བཞག་ཆོག་པའི་མི་ཞིག་ངོ་མ་ཡིན་བསམ།
ང་ཨ་ཁུ་ཀླུ་སྨྱོན་གྱི་སྐད་ཆ་གན་ལ་འཐད་པ་ཡིན། ཁོ་ངོ་མ་ཁོག་ན་ཤེས་ཡོན་ནའང་ཕྱི་རུ་ངར་མདོག་རྫིག་མདོག་མི་སྟོན་མཁན་ཞིག་རེད། ཤེས་ཡོན་པ་ཟེར་བ་དེ་འདྲ་ཞིག་ལོས་ཡིན་བསམ་སོང་།
ཁོང་ཆུང་མ་ནི་ཉམ་ཆུང་བའི་ཐོག་ཏུ་ཡག་མོ་སྒོ་ཡོད་ནི་རེད། སྐད་ངག་བདེ་ནི་རེད། ངོ་མ་ཡ་རབས་བཟང་གསུམ་འཛོམས་པའི་ཆུང་མ་ཞིག་རེད་ལ། མགྲོན་པོ་ཡོང་དུས་ཀྱང་འཛུལ་གྱི་ལེར་བསུ་གི་འདུག
ཨ་ཧ་བོ། བློ་གྲོས་དཔལ་བཟང་གི་ལག་ཏུ་ཤོར་སོང་བ་མ་གཏོགས་ང་ཡང་རྒྱུག་འདོད་ཡོད།
རིན་པོ་ཆེ་ལགས། ངོ་མ་བཤད་ན་རྡ་རམ་ས་ལ་ལ་ནི་དངོས་གནས་མཛུབ་མོ་འཛུགས་ཡོང་ས་ཞིག་ནི་མེད་ཡ། བློ་གྲོས་དཔལ་བཟང་འདི་ཚོ་དྲག་ན་གང་ཤེས། བསམ་བློ་ཞིག་བཏང་ཡོང་དུས། ནོར་གླིང་རེད། ཀིརྟི་གྲྭ་ཚང་རེད། ས་རཱ་སློབ་གྲྭ་རེད། དངོས་གནས་མཛུབ་མོ་འཛུགས་ས་ཞེ་དྲགས་མེད་ཡ། འདི་འདྲ་ལབ་ན་ད་ག་ལ་འགྲིགས།
སྤོབས་པ། ཚོད་ཚོད་ཅིག་བཤད་ཁུ་མ་འདུག ཡོད་ན་མེད་ན་ཆ་བོ་རྡ་ས་ཡོད་ཟེར་ཁུ་འདུག
རྡ་ས་མེད་ན་བཙན་བྱོལ་བོད་གཞུང་ན་ཡོད་རྒྱུ་མ་རེད།
རེད་ཡ། བོད་ནང་གི་ཕྱོགས་གང་ཐད་ཅིག་འཛོམས་བསྡད་ཡོད་པ་ཚོ་བྱ་བ་རེ་དང་ཁྱིམ་ཚང་རེས་རྐང་ལག་བསྡམས་ནས་རྡ་རམ་ས་ལ་རུ་བསླེབ་རྒྱུ་དཀའ་མོ་རེད། དེ་ཙམ་གྱི་བྱ་བ་ཡག་པོ་དང་ཡོན་ཏན་ཧ་ལས་པ་མེད་མཁན་སྐོར་ཞིག་གང་ནས་བསྡད་ན་གཅིག་པ་རེད་བསམས་ནས་རྒྱ་གར་ལ་ཡོང་གིན་ཡོད་པ་རེད་ལ། འདི་ཚོའི་གྲས་ནས་ས་ཆའི་ཚོད་ཀྱི་རི་དྭགས་ཟེར་བ་རིག་པའི་གནས་གཅིག་རེ་གཉིས་རེར་དགའ་རབས་བཤད་རྒྱུ་དང་གང་འཚམ་འབྲི་ཐུབ་པ་ཚོར་རྡ་སའི་མཁས་པ་ཟེར་ཆོག་གི་རེད། དེ་མིན་ཟམ་གདོང་ཚང་ལ་ཡོན་ཏན་ཡོད་རབས་ཟེར་ཡང་དྲི་བ་ནག་པོ་རེའི་སྣ་ནས་བླ་རྒན་ཡང་འདུག་ཐུབ་སྟངས་ཡོད་པ་མ་རེད། ལོ་འདི་སྙེད་ཅིག་ལ་རྡ་ས་ནས་ཆབ་སྲིད་ལ་འཁོར་བས་ནང་ཆོས་ཀྱི་མཚན་ཉིད་དང་ས་མཚམས་དེ་ཚོ་བླ་རྒན་གྱིས་ཀླད་པའི་ཕྱི་ལྟགས་ལ་ཡང་ཤར་ཐུབ་ཀྱི་མ་རེད།
རྡ་ས་རང་ནས་ཡོན་ཏན་པ་ཚད་ལྡན་ཞིག་འཚར་ལོངས་ཀྱི་འབྱུང་ཁུངས་དེ་ཙམ་མེད་ཐོག་ཡོན་ཏན་དངོས་གནས་ཡོད་མཁན་ཞིག་ལ་རྡ་རམ་ས་ལ་ནས་དཔེ་མཛོད་ཁང་ལ་ཆགས་ནས་གནས་སྐབས་སྡོད་མཁན་རེ་ཡོད་ན་ལས་དེ་མིན་ཁོར་ཡུག་དེ་ན་ལས་ཀ་མེད་པ་རེད། སྲིད་དོན་ལ་ཁ་གཡར་མཁན་དང་སེངྒེའི་གསོབ་ཅན་ཚོས་ཁེ་བཟང་རེ་རག་གི་ཡོད་རེད།
བླ་རྒན་འདི་སྲོལ་རྒྱུན་རིག་གནས་ལ་སྦྱངས་པ་ཡོད་ཐོག་དབྱིན་ཡིག་སོགས་ཀྱི་ཤེས་ཚད་ཡོད་སྟབས་གསར་བུ་ཚོས་གླགས་ཁེལ་གྱིན་མི་འདུག བླ་རྒན་ལ་ཁ་གཏོང་ཁུལ་བྱེད་ཀྱང་དོན་དུ་བླ་རྒན་ལ་ཧ་ཅང་ཞེད་ཀྱིན་འདུག དེ་མིན་ན་བླ་རྒན་གྱིས་སྒོ་སྒེའུ་ཁུངས་ཚང་མའི་ནང་ནས་དེབ་བཏོན་ཡོང་གི་འདུག་ཅེས་པའི་ཚིག་ཟུར་འདྲ་ཞིག་ལ་བརྟེན་ནས་རྡ་སའི་རྒྱུད་དུ་དེབ་འདོན་མཁན་ཧ་ཅང་ཉུང་དུ་ག་ལ་འགྲོ།
རེད་པ། ཚང་མ་ལྟོས་འཇོག་རེད། ཧོར་འཇིགས་ལ་ཡང་ལག་ཁྱེར་ལྗང་ཁུ་རེག་ཚར་འདུག་པས། ད་རིམ་བཞིན་རྡ་ས་ན་ཡོད་པའི་སྨྱུག་ཐོགས་ཚོ་ཡང་གཤོག་ཐོགས་སུ་འགྱུར་གྱི་རེད། ལོས་ཡིན་རེ། ཚང་མས་མི་ཚེ་སྐྱིད་པོ་ཞིག་བསམ་གྱིན་ཡོད་པ་གཅིག་འདྲ་རེད།
ཡ་ད་ཐང་ཆད་སོང་། གསར་བུ་གཉིས་ཀ་སང་ཉིན་གནངས་ཉིན་ཞིག་ལ་ཐུག་ཡ། ད་བདེ་མོ།
ཟམ་གདོང་འདི་མཁས་པ་ཡིན་པ་ཁས་ལེན་དགོས། ཡིན་ནའང་། མཁས་པའི་ཚོད་ཀྱི་ཆབ་སྲིད་པ་ཞིག་མ་རེད། དེ་བས་ཀྱང་གཏམ་བཤད་སྐབས་ཀྱི་ཤེས་བྱ་གཅིག་ཀྱང་ཤེས་ཀྱི་མི་འདུག ཁོས་ནམ་རྒྱུན་ས་གང་ནས་སྐད་ཆ་བཤད་ནའང་། མི་མང་ལ་མིག་གིས་མི་ལྟ་བར་ལག་ནང་དུ་ཅིག་བསྣོག་གི་འདུག ཐེངས་ཤིག་ཁོས་མི་མང་ལ་ཆུ་ཚོད་གཅིག་ལྷག་རིང་མང་བོ་མང་བོ་ཆོས་གཞུང་འདྲ་ཞིག་བཤད་ཐལ། དེའི་རིང་ལག་ཏུ་ཕྲེང་བ་བཟུང་ནས་དེ་ལ་མིག་ལྟས་ནས་བཤད་ཐལ། འདི་ངོ་མ་བྱིས་པ་བསམ་མེད་ཅིག་གིས་དགེ་རྒན་གྱི་མདུན་དུ་ཡིག་རྒྱུགས་གཏོང་བ་དང་འདྲ་གི མ་ཟད་སེམས་གནད་དུ་ཕབ་ནས་བཤད་གི་མི་འདུག ཁར་གང་ཡོང་ཡོང་ཞིག་བཤད་སོང་། དེར་བརྟེན་ཟམ་གདོང་སང་གི་ཉོག་བཤད་མ་གཏོགས་མི་ཤེས་ཟེར་མཁན་མང་གི་ལ། བློ་གྲོས་དཔལ་བཟང་གིས་ཟམ་གདོང་གི་ཉོག་བཤད་ལ་སུན་གི་ཟེར་མྱོང་ཡོད་པ་རེད་ཟེར་ནས་མི་ཞིག་གི་ཁ་ནས་གོ་སོང་།
གཟིམས་འཇགས་གནང་གོ།
ཁྱེད་ཚོས་གླེང་གླེང་བའི་མཐའ་མར་དོན་མེད་གཞན་ཞིག་གླེང་གི་འདུག ངས་བསམ་ན་ང་ཚོས་ ༼ གང་ལྟར་ཁོང་ཚོས་འདུ་ཚོགས་ཀྱིས་ཐག་བཅད་པའི་ཆོད་དོན་གསུམ་ཟེར་བ་ཞིག་བྲིས་འདུག
༡ གྲྭ་བས་སྙམ་རང་མོས་སྙན་ངག་བྲིས་ཆོག་གམ། ལན་དུ། ཆོག
༢ བོད་ལ་ངེས་པ་དོན་གྱི་བུད་མེད་སྙན་ངག་པ་ཡོད་དམ་མེད། ལན་དུ། མེད།
༣ འཇུ་སྐལ་བཟང་གི་སྙན་ངག་གིས་ཡིད་ཚིམ་མམ། ལན་དུ། མི་ཚིམ།
ཞེས་བྲིས་འདུག དྲི་བ་འདི་གསུམ་ལས་གཉིས་པར། ངེས་པ་དོན་གྱི་བུད་མེད་སྙན་ངག་པ་མེད་ན་མི་རབས་གསུམ་པའི་ནང་དུ་ངེས་པ་དོན་གྱི་སྙན་པ་ཟེར་བ་ཞིག་ཡོད་དམ། གལ་ཏེ་ཡོད་ན་སྐྱབས་ཆེན་བདེ་གྲོལ་དང་ཚོམ་བུ་དགའ་བདེ། མདའ་བཙན་པོ་སོགས་ཡིན་དགོས་རྒྱུ་རེད། འོན་ཀྱང་ཁོང་ཚོ་ངེས་པ་དོན་གྱི་སྙན་ངག་པ་ཡིན་ཚེ། བུད་མེད་རྩོམ་པ་མོ་འོད་ཟེར་དང་མེ་སྒྲོན། བདེ་སྐྱིད་སྒྲོལ་མ། འཆི་མེད། དཔལ་མོ་སོགས་ཅིའི་ཕྱིར་མིན་ནམ། ད་དུང་མི་རབས་གསུམ་པའི་ཚོགས་མིའི་ཁྲོད་ཀྱི་བུད་མེད་རྩོམ་པ་མོ་ཚེ་རིང་སྐྱིད་ཀྱང་ངེས་པ་དོན་གྱི་སྙན་ངག་པ་མིན་ནམ། འདི་དག་ངེས་པ་དོན་གྱི་སྙན་ངག་པ་མིན་ཚེ་ངེས་པ་དོན་གྱི་སྙན་ངག་པ་ནི་མི་རབས་གསུམ་པ་ཕར་ཞོག བོད་ལ་དཔལ་དོན་འགྲུབ་རྒྱལ་དང་ལྗང་བུ། འཇུ་སྐལ་བཟང་ལྟ་བུ་རེ་ཟུང་ལས་གཏན་ནས་ཡོད་མི་སྲིད་དོ། ། ༽་ཟེར་བ་འདི་གླེང་དགོས། འདི་གླེང་ན་ད་གཟོད་མི་རབས་གསུམ་པ་ངོས་ཟིན་ངེས་རེད།
ཨ་ལགས་༸ཐྲྤཀླུ་སྨྱོན་ཚང་གཙོ་བྱས་བའི་དྲ་གྲོགས་ཡོངས་ཀྱིས་མི་རབས་གསུམ་པའི་སྐོར་མང་པོ་ཞིག་བྲིས་འདུག ད་ཐེངས་ཚང་མ་ཡག་པོ་འདུག བརྗོད་གཞི་ལ་ཤི་འཐམ་རོ་འཐམ་རེད། རྗེས་ཕྱོགས་ཀྱང་འདི་ལྟར་བྱོས། ཞེ་གི་ངར་བ་རེད།
ཡིན་ནའང་། ངས་སྔོན་མ་ཞིག་ནས་འདི་ག་བཙན་བྱོལ་ནས་ཀྱང་མི་རབས་གསུམ་པ་ཞིག་སྐུ་འཁྲུངས་ན་བསམ་བསྡད་ཡོད། འདིའི་སྐོར་ལ་དྲ་གྲོགས་ཚོས་ཚིག་འགའ་བཤད་ན་ག་འདྲ་འདུག
ཚང་མ་ལྷག་བསམ་རྣམ་དག་རེད། ཐུགས་རྗེ་ཆེ།
མི་རབས་གསུམ་པ་ཚོ་ཆང་གིས་བཟི་ནས་གཅེར་བུ་བུད་པའི་བྱེད་སྟངས་འདི་གླེང་གཞི་གཙོ་བོར་འཇོག་གིན་འདུག མི་རབས་གསུམ་པས་བྲིས་པའི་རྩོམ་ཡིག་དེ་ཚོའི་ཐད་དགེ་སྐྱོན་རེ་གནང་ཐུབ་ན་ཡག་པོ་རེད། འདི་གནད་འགག་རེད། མི་རབས་གསུམ་པ་ཟེར་ན་མ་ཟེར་ན། སེམས་ཤུགས་ཆེན་པོ་ཏག་ཏག་རེད། ཁོང་ཚོས་ཁོང་ཚོའི་ཚོད་ཀྱིས་ཕྱག་ལས་གནང་གི་འདུག་སྟབས། དེ་ལ་དགའ་བསུ་ཡོད། རྒྱབ་སྐྱོར་ཡོད།
མི་རབས་གསུམ་པ་ནི་རྩོམ་རིག་ཚོགས་པ་ཤིག་རེད། དེར་བརྟེན་ཚོགས་མི་རེ་ཟུང་གིས་ཆང་འཐུང་ནས་རྡུང་རེས་བརྒྱག་པ་དང་(མི་ཚོགས་ཀྱི་གསེང་དང་ཡང་ན་རང་གི་ཁང་མིག་ཏུ) གཅེར་བུར་འབུད་པ་ཆགས་སྲེད་ཀྱི་ནང་དོན་འབྲི་བ་བཅས་ཚོགས་པ་ཧྲིལ་བོའི་ངོ་བོར་འཇོག་པ་ནི་ཆགས་སྡང་གི་སྐད་ཆ་རེད། དེ་ལ་རྒྱུ་མཚན་ཡོད་པ་ཞིག་མཐོང་མ་སོང་།
མི་རབས་གསུམ་པའི་ཆེས་ཉེ་ཆར་གྱི་བསྒྲགས་གཏམ་གཞིར་བཟུང་ན། ཁོང་ཚོའི་ཐོག་ན་དགའ་ས་ཞིག་ཡོད་པ་ནི། འདི་ཚོར་ “ང་ཚོ་མ་གཏོགས་གཞན་ཚང་མ་ནོར་བ་རེད་” ཟེར་བའི་གཅིག་གཅོད་དང་ཨུ་ཚུགས་ཀྱི་གཤིས་ཀ་དེ་ཆུང་བར་མངོན། དཔེར་ན།
༡ འདི་ཚོས་རྩོམ་རྩལ་སྣ་མང་ལ་དགའ་ཟེར།
༢ འདི་ཚོས་མང་ཚོགས་དང་ཐག་ཉེ་བྱེད་ཤེས།
༣ འདི་ཚོས་ཆེན་པོ་དོར་ནས་ཆུང་ཆུང་ལ་འཇུ་རྒྱུ་ཟེར།
༤ འདི་ཚོས་ཚོགས་པ་དང་མི་སྒེར་གྱི་འཚོ་བ་ཐ་དད་དུ་འབྱེད་ཤེས།
༥ འདི་ཚོ་སྐད་གཉིས་སྨྲ་བ་རྐྱང་རྐྱང་ཡིན་རུང་བོད་ཡིག་སྲོག་ལྟར་གཅེས།
༧རྒྱལ་བ་རིན་པོ་ཆེའི་ཐུ་འོག་ནས་འཚར་བའི་ TCV ནས་ཐོན་པའི་ན་གཞོན་དེ་ཚོ་མི་རབས་གསུམ་པ་ལ་མཚུངས་སྡུར་ཤིག་བྱོས་དང་། ཁྱོའི་སེམས་ལ་ཅི་ཞིག་ཤར་ཡོང་ངམ།
གཤམ་གསལ་ནི་མི་རབས་གསུམ་པ་ན་ནིང་རེབ་གོང་དུ་འཛོམས་པའི་ཚོགས་ཐོག་གི་སྐད་ཆ་མཆོད་མེ་ནས་གཅེས་སྒྲིག་བྱས་པ་ཡིན།
༡ མི་རབས་གསུམ་པའི་ཚོགས་མི་མདའ་བཙན་པོ་ལགས་ཀྱི་ལུས་སྨད་སྙན་ངག་དེ་ཚོགས་པ་འདིའི་སྙན་ངག་གི་མཚོན་བྱེད་མིན་པ་ཐག་བཅད་པ་དང་མཉམ་དུ་མི་སྒེར་སོ་སོ་ནས་ཁོའི་སྙན་ངག་དེའི་སྐོར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཟེར།
༢ ཚོགས་འདུའི་སྐབས་སུ་མི་རབས་གསུམ་པའི་སྙན་ངག་པ་མར་ཁུ་རྒྱལ་མཚན་གྱི་མི་སྒེར་གྱེར་འདོན་ཚོགས་འདུ<>ཞེས་པ་དེ་སྔར་གྱི་རེབ་གོང་དགེ་འདུན་ཆོས་འཕེལ་མཛེས་རིས་གླིང་ནས་རི་མོ་བ་གསེར་བྲག་དོན་གྲུབ་ཚེ་བརྟན་གྱི་ཁྱིམ་ལ་སྤར་དེ་མི་རབས་གསུམ་པ་ཐོག་དང་པོར་མང་ཚོགས་དང་ཉེ་བར་འབྲེལ་བའི་བྱ་འགུལ་ལྟ་བུ་ཞིག་སྤེལ་ཟེར།
༣ སྐྱབས་ཆེན་གྱིས་ད་ནས་བཟུང་མི་རབས་གསུམ་པས་རྩོམ་རིག་གི་ལོ་རྒྱུས་ཆེན་པོའི་དམིགས་གཞི་དེ་དོར་ནས་འདི་ཉིད་སྒེར་གྱི་ཚོགས་པ་ཞིག་བྱེད་པའི་གླེང་གཞི་བཏོན་ཏེ། ཚོགས་མི་ཡོངས་ཡིད་འཐད་བྱུང་སྟེ། མི་རབས་གསུམ་པ་དེ་སྙན་ངག་པ་བཅུ་བདུན་གྱི་བདག་ཉིད་ཅན་ཞིག་གིས་གྲུབ་ཡོད་པ་འཛམ་གླིང་ཡོངས་ལ་སྒྲོག་རྒྱུ་བྱས་འདུག
༤ མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདིས་བོད་ཀྱི་རྩོམ་སྟེགས་ལས་བླ་འཁྱམས་ཡིད་མྱོས་དང༌། མགོ་རྟིང་སློག་པ། དུས་ཡུལ་བསྣོལ་བ། ངོ་ལོག་བྱེད་པ་སོགས་ཀྱིས་མཚོན་པའི་རྩོམ་རྩལ་སྣ་མང་ལ་བསྟོད་གླུ་ལེན་བཞིན་དུས་ལས་འདས་པའི་རྩོམ་ཐབས་དང་འབྲེལ་ཐག་གཙང་བཅད་བྱས་ཏེ། མི་རིགས་ཀྱི་བླ་མེད་སེམས་གཤིས་ཉམས་སུ་ལེན་རྒྱུའི་ཆོད་སེམས་བརྟན་པོར་བཙུགས་པ་ཡིན།
ང་ཚོས་འདི་ནས་ཤེས་དགོས་པ་ཞིག་ལ་མི་རབས་གསུམ་པའི་ཚོགས་མི་མང་ཆེ་བ་སྐྱ་བོ་རེད་འདུག་ལ། མང་ཤོས་ཀྱིས་རང་མོས་སྙན་རྩོམ་མམ་གྲོལ་རྩོམ་འབྲི་གིན་ཡོད་པས། རང་མོས་སྙན་ངག་པ་ཚོའི་ངོས་ནས་བལྟས་པ་ཡིན་ན་བདེ་སྐྱིད་སྒྲོལ་མ་དང་ཚེ་རིང་སྐྱིད་ལྟ་བུའི་སྲོལ་རྒྱུན་སྙན་ངག་འབྲི་མཁན་ལ་གདེང་འཇོག་དེ་ཙམ་ཐོབ་ཀྱི་མ་རེད་ལ། དཔལ་མོ་དང་གཟུངས་ཕྱུག་སྐྱིད་ལྟ་བུས་རང་མོས་འབྲི་བཞིན་ཡོད་ཀྱང་རང་རང་གི་ཁྱད་ཆོས་ལྡན་པ་རེ་ད་དུང་འབྲི་ཐུབ་མེད་པའི་རིགས་ལ་དམིགས་ནས་བོད་ལ་བུད་མེད་སྙན་ངག་པ་མེད་པའི་ཁ་ཚོན་བཅད་པ་ཡིན་རྒྱུ་རེད་བསམས། དེ་ཙམ་ཞིག་མི་རབས་གསུམ་པ་ཚོའི་སེམས་ནང་ཤར་ལོས་ཐུབ། འདི་ཚོ་ཡང་རིགས་པ་སྤྱང་པོ་ཡོད་མཁན་དག་དག་རེད། ངས་མི་རབས་གསུམ་པའི་སྐྱོན་ཆའམ་མི་འདང་ས་ཞིག་མཐོང་བ་ནི་སྐྱབས་ཆེན་ལྟ་བུའི་ཚོགས་པ་འདིའི་ཚབ་མཚོན་དུ་བཞག་ཡོད་པ་དག་ལ་ཡང་ཡར་སྐྱེད་ཆེན་པོ་ཞིག་མེད་པ་དང་དེ་ལས་ལྡོག་སྟེ་ལོ་འདི་ཚོའི་རིང་ལ་སྐྱབས་ཆེན་དང་ལྷ་ཆེན་རྒྱལ་ལྟ་བུ་རྩོམ་པ་པོ་འཆར་སྒོ་ཡངས་པར་གྲགས་པ་འདི་ཚོས་གསར་བཏོད་ཀྱི་རྣམ་པས་ཕྱུག་པའི་རྩོམ་ཡིག་ཅི་ཡང་སྤེལ་ཐུབ་མེད་པ་འདི་རེད།
དེ་ཚོའི་བསྒྲགས་གཏམ་དེ་རིགས་ལ་ཧ་ལས་རྒྱུ་དེ་ཙམ་མི་འདུག དེ་ཚོས་ཚོགས་པའི་ངོས་ནས་དང་མི་སྒེར་ངོས་ནས་ཅིག་ཅིག་ཅིག་གི་བསྒྲགས་གཏམ་མུག་མུག་མུག་གི་བསྒྲགས་གཏམ་ཟེར་བ་མང་པོ་ཞིག་སྤེལ་འདུག བསྒྲགས་གཏམ་ཞེས་པའི་ཐ་སྙད་རྫིག་པོའི་འོག་ནས་དེ་ཙམ་གྱི་སྤྱི་ཚོགས་སྟེང་གདེང་འཇོག་ཐོབ་པའི་རྩོམ་ཡིག་དེ་ཙམ་སྤེལ་མི་ཐུབ་པ་དེར་དམིགས་ནས་བསྒྲགས་གཏམ་ལས་མང་པའི་བརྩམས་ཆོས་སྤེལ་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། ངོ་མ་སྐབས་རེར་དེ་ཚོའི་བསྒྲགས་གཏམ་དེ་ཁོ་ཚོའི་བརྩམས་ཆོས་ལས་མང་པའི་ཚོར་བ་ཞིག་སྟེར་གི
༡ མི་རབས་གསུམ་པ་ཟེར་མི་ཚང་མ་དམར་ཧྲེང་མར་ཁྲོམ་ལ་སོང་ནས་རྒྱ་ལམ་ནང་ནས་མཚན་མཐུན་འཁྲིག་སྤྱོད་བྱས་ཀྱང་རང་དབང་རེད། འོན་ཀྱང་མི་འདི་ཚོས་བོད་ཀྱི་མི་རབས་གསུམ་པ་ཞེས་སྤྱི་མིང་ཆེན་པོ་ཞིག་ཁྱེར་ནས་འཆལ་སྤྱོད་བསྟེན་ན་བློ་ཕམ་རེད། བོད་ཀྱི་མི་རབས་གསུམ་པ་ཞེས་མིང་ཆེན་པོ་འདི་ཁྱེར་ཚར་ནས་ངེས་པར་དུ་འགན་ཞིག་ཁུར་འོས་པ་མཐོང་། ཁོ་ཚོས་བོད་ཀྱི་མི་རབས་ཤིག་གི་ངོ་ཚབ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་མ་རེད་དམ། དེ་མིན་ན་མི་ཁ་ཤས་ཀྱིས་མི་རབས་ཤིག་གི་མིང་ཁྱེར་ནས་གང་བྱུང་མང་བྱུང་བྱས་ན་ཧ་ལམ་ངའི་མིང་གི་ཆ་ཤས་ཤིག་ཀྱང་མི་འདི་ཚོས་བྱེད་སྤྱོད་གཏོང་གི་ཡོད་པའི་སྣང་བ་འདུག
༢ རྒྱ་རིས་གང་ལས་པ་འགྲིག་ན་ཁས་ལེན་དགོས་པ་རེད་ལ། མི་འགྲིག་ནའང་ཁས་ལེན་རྒྱུ་ལས་ཐབས་ཤེས་ཡོད་པ་མ་རེད། དེ་ལས་མ་རིག་མ་གོ་ཚིག་གི་མཆོག་ཟེར་བ་ལྟར་ཁ་རོགས་བསྡད་ན་ཡག་པོ་ཡོད་རེད།
མི་རབས་གསུམ་པའི་ལོ་ཁ་ཤས་ཀྱི་གོང་གི་བསྒྲགས་གཏམ་ཐོག་ན་མི་འདོད་ས་ཁ་ཤས་འདུག་མོད། ཡིན་ནའང་སྐད་ཆ་དེ་དག་ན་ནིང་རེབ་གོང་གི་ཚོགས་ཐོག་ནས་བཅོས་སྒྱུར་བྱས་འདུག ཁོང་ཚོའི་བརྩམས་ཆོས་གང་ཞིག་ཡིན་རུང་ཀློག་འདོད་པ་དེ་ཚོ་ཀློག་གི་ཡིན། ཀློག་མི་འདོད་པ་དེ་ཚོ་འཇོག་གི་ཡིན། དེ་མ་གཏོགས་འདི་བྲིས་ཆོག་ལ་དེ་བྲིས་མི་ཆོག་ཅེས་རྒྱ་ནག་གཞུང་གི་ཡར་སྟེགས་ནས་བཙན་གཏམ་བཤད་རྒྱུ་ཅང་མེད། ཡིན་ནའང་། ཨ་རིག་དགེ་མཐོང་གིས་བཤད་པ་ལྟར། མི་རབས་གསུམ་པས་སུས་རང་མོས་སྙན་ངག་བྲིས་ཆོག་མིན་དང་། བོད་ལ་ངེས་དོན་གྱི་བུད་མེད་སྙན་ངག་པ་ཡོད་མེད་ཀྱི་ཐག་གཅོད་གཉིས་བྱས་འདུག་པ་དེར་སེམས་ནང་བདེ་བོ་ཞིག་མ་རེད། དེ་ངོ་མ་ཡིན་མིན་དང་ཐག་གཅོད་དེ་ནམ་བྱས་མིན་ལ་མུ་མཐུད་དུ་བརྩད་གཅོད་གཏོང་གི་ཡིན། མི་རབས་གསུམ་པའི་ད་ལྟ་མ་གཏོགས། འདས་པ་ལ་བརྩད་གཅོད་དང་རྩོད་པ་བྱས་ན་རྒྱུ་མཚན་ཨེ་ཡོད་བསམ།
མི་རབས་གསུམ་པའི་ཐོག་ན་འདོད་པ་མི་ཁེངས་ས་ཡོད་རྒྱུ་རེད་ལ། ཡོད་ཆོག་པ་ཞིག་ཀྱང་ལོས་ཡིན། ཀླུ་སྨྱོན་ལྟ་བུར་མཚོན་ན། ཁོའི་སྙན་ངག་ཡིན་ན་དེ་ཚོ་རྩ་ནས་བཀླགས་མ་མྱོང་ལ་ཀློག་གི་ཡང་མིན་པ་མ་ཟད། དེང་རབས་ཀྱི་འཚོ་བ་མཚོན་པའི་སྒྲུང་རྩོམ་ཡིན་ན་དེ་ཚོ་མཐོང་ན་ངོ་མ་སྐྱུག་མེར་ལངས་ས་རེད། ཀླུ་སྨྱོན་ལ་ལུའུ་ཞུན་དང་། བཀའ་བློན་ཁྲི་བའི་འོས་གཞི། དགེ་སྐོས་བཙན་པོ། དེང་རབས་རིང་ལུགས། བསམ་སྟོང་སོགས་རེ་རེའི་ཐོག་ནས་བསམ་པ་ཡར་སེམས་ཀྱིས་བསམ་ཚུལ་བཤད་པ་ཡིན་མོད། མི་འདིས་ཁ་བརྡའི་ཐོག་གི་ཁ་བརྡ་ནི་ཉི་མ་མི་འཁྱོལ་བའི་སྟོང་བཤད་ཅིག་ཏུ་བརྩིས་སོང་།
ད་ཡང་མི་རབས་གསུམ་པའི་ཚོགས་ཐོག་གི་བསྒྲགས་གཏམ་དང་གྲོས་ཆོད་དེ་ཚོར་ཧ་ལས་རྒྱུ་ཡོད་མེད་ཅིག་བཤད་ཡོང་གི་འདུག འདིར་སུ་ཞིག་ལ་ཧ་ལས་རྒྱུ་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་མེད་པར། དགེ་སྐྱོན་གྱི་བསམ་ཚུལ་གླེང་གི་ཡོད། ཀླུ་སྨྱོན་ཁྱོད་ལ་ཧ་ལས་རྒྱུ་ཅི་ཡོད། ཁྱོས་ཡུའུ་ཊུའུ་སྦུ་ཐོག་ཏུ་ཕྱི་རྒྱལ་ཚོར་ཆོས་བཤད་བརྒྱག་གི་ཡོད་པ་དེ་མཐོང་ནས་སེམས་འདྲ་སྐྱོ་སོང་མོད། སྒེར་ལ་གནོད་གཞིའི་སྐད་ཆ་མ་བཤད་པར་བསྡད་པ་ཡིན། ད་སྔོན་མི་ཞིག་གིས་ཁྱོད་ལ་༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་བོད་ཡིག་ཏུ་སྒྱུར་རྒྱུའི་རེ་སྐུལ་ཞུས་ཡོད་པ་ལྟ་བུ་རེད། ཁྱོད་ཚོ་ཆོས་པ་ཚོས་འཇོན་པའི་ཁ་སྟབས་འདི་བཞག་ནས། ད་དུང་བོད་མི་ཚོ་ཆོས་ལ་བརྒྱག་བསྡད་ཡོད་པའི་སྐད་ཆ་བཤད་མཁན་དེ་འང་ཁྱོད་ཡིན། མི་གོ་བ་ཅན་ལ་ཚིག་གཅིག་ཟེར་མོད། ཁྱོད་ལ་མཆན་བརྒྱ་བརྒྱབ་ཀྱང་གོ་རྒྱུ་མེད་པ་ཤེས་ཚོད་ཡིན།
མི་འདྲར་ཐུག་ན་ཐང་ཆད་ཡོང་གི། དྲ་གྲོགས་ཚོ་གནས་སྐབས་སུ་བདེ་མོ་བྱོས།
མི་རབས་གསུམ་པའི་སྐོར་གླེང་ནས་རྫོགས་རྒྱུ་མེད་པ་འདི་ནི་མི་རབས་གསུམ་པས་བོད་ནང་གི་གྲུབ་ཆ་གལ་ཆེན་པོ་ཞིག་བཟུང་ཡོད་པའི་རྟགས་རེད། ཁོ་ཚོ་ཡང་བྱིས་པ་ཆུང་ཆུང་ཞིག་བཞིན་དང་པོ་ནུར་ནས་འགྲོ། དེ་ནས་ཀོག་ནས་འགྲོ། དེའི་རྗེས་ལངས་ནས་འགྲོ དེ་ནས་རྒྱུགས་ཐུབ། དེ་ནས་མཆོངས་ཐུབ། མང་པོ་ཞིག་བྱས་ཡོང་དུས་ལབ་གླེང་ཡང་མང་པོ་ཞིག་ཡོད་པ་དེ་ཆོས་ཉིད་རེད།
ཁོ་ཚོའི་ནང་གི་སྐོར་ཞིག་གི་སྙན་ངག་དོན་གྲུབ་རྒྱལ་དང་འཇུ་སྐལ་བཟང་གི་སྙན་ངག་དང་མ་འདྲ་བར་སེམས་ཚོར་དམིགས་བསལ་བ་ཞིག་འདུག་སྙམ།
གྲོགས་པོ་ཚོ། མི་རབས་གསུམ་པའི་ཚོགས་མི་ཚོས་བྲིས་པའི་སྙན་ངག་རྩོམ་ཡིག་ལ་རིན་ཐང་ཡོད་མེད་གླེང་ཐུབ་ན་ཡག་པོ་འདུག ཁོང་ཚོ་གཅེར་བུར་བུད་པ་དང་ཆང་འཐུང་བ་ཙམ་གྱིས་ནག་པོ་ནག་རྐྱང་དུ་བརྩིས་ན་ག་ལ་འགྲིགས། ཁོང་ཚོ་ན་གཞོན་ཤ་སྟག་ཡིན་སྟབས་མ་འོངས་པར་བྱས་རྗེས་རེ་འཇོག་པའི་རེ་བ་ཡོད་སྟབས་ང་ཚོས་ཀྱང་ཁོང་ཚོར་དབུགས་དབྱུངས་གཟེངས་བསྟོད་རེ་བྱས་ན་ལེགས་སྙམ།
མི་རབས་གསུམ་པའི་སྐོར་ཤེས་འདོད་ཀྱིས་དྲ་གྲོགས་ཚོར་རེ་བ་བརྒྱབ་མོད་ད་བར་དུ་ཞིབ་གསལ་གསུང་མཁན་ཞིག་མ་རྙེད། དེ་རིང་ལྕགས་རྒྱས་གང་གསལ་ཞིག་བཤད་འདུག ངོ་མས་ཐུགས་རྗེ་ཆེ། མཐར་གཏུགས་དུས་ལྕགས་རྒྱ་ལས་ལྷག་པ་མི་འདུག
“དུས་ལས་འདས་པའི་རྩོམ་ཐབས་དང་འབྲེལ་ཐག་གཙང་བཅད་བྱས་ཏེ། མི་རིགས་ཀྱི་བླ་མེད་སེམས་གཤིས་ཉམས་སུ་ལེན་རྒྱུའི་ཆོད་སེམས་བརྟན་པོར་བཙུགས་པ་ཡིན།”
ཚང་མས་ལྕགས་རྒྱ་ལ་སློབ་སྦྱོང་བྱེད་ན་ང་ལ་བསམ་འཆར་མེད་པར་རྒྱབ་སྐྱོར་ཡོད། ཡིན་ན་ཡང་ཏོག་ཙམ་སྒུགས་དང་།
དུས་ལས་འདས་པའི་རྩོམ་ཐབས་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར། རང་མོས་སྙན་ངག་འབྲི་སྟངས་ལ་གོ་བ་ཡིན་ན་འབྲི་སྟངས་དེ་དར་ཁྱབ་བྱུང་ནས་ལོ་ངོ་བརྒྱ་ལ་ཉེ་བ་ཞིག་འགྲོ་གིན་འདུག་པས། དེ་ནི་ད་དུང་དུས་ལས་མ་འདས་པའི་འབྲི་སྟངས་ཤིག་ཡིན་ནམ། མཚན་མའི་སྙན་ངག་འབྲི་བ་དེ་ལ་ཟེར་བ་ཡིན་ན་ནུབ་ཕྱོགས་སྤྱི་ཚོགས་སུ་འདོད་སྲེད་དམར་རྗེན་དུ་སྟོན་པའི་སྙན་ངག་དང་བརྩམས་སྒྲུང་རིགས་འབྲི་སྲོལ་དར་ནས་ཀྱང་ལོ་ངོ་བརྒྱ་ཕྲག་འགྲོ་གིན་འདུག་པས་དེ་ཡང་དུས་ལས་འདས་ཟིན་པ་ཞིག་ག་ལ་ཡིན།
མིའི་རིགས་ཀྱི་བླ་མེད་སེམས་གཤིས་དང་དུས་དང་འབྲེལ་བའི་རྩོམ་ཐབས་གཉིས་ལ་འགལ་ཟླ་ཅི་ཞིག་ཡོད་དམ། མིའི་རིགས་ཀྱི་བླ་མེད་གཉིས་ཀ་ཟེར་བ་འདི་དུས་ལས་འདས་པའི་རྩོམ་གྱིས་མ་གཏོགས་མཚོན་མི་ཐུབ་བམ། དོན་ངོ་མར་མི་རབས་གསུམ་པས་དུས་ལས་འདས་པའི་རྩོམ་ཡིག་ཅི་ཙམ་ཞིག་བྲིས་ཡོད། དཔེ་མཚོན་རེ་ཡོད་དམ། སྤྱིར་རྫོགས་པ་ཆེན་པོའི་གཞུང་དུ། དུས་གསུམ་དུས་མེད་དུས་ལས་འདས། །ཞེས་པ་ཞིག་ཡོད་ན་ཡང་། མི་རབས་གསུམ་པའི་རྩོམ་ཡིག་དུས་ལས་འདས་པ་དེ་ཚོ་དུས་གང་གི་ཁོངས་སུ་གཏོགས། ད་ལྟའི་དུས་ལས་འདས་པ་ཞིག་བྲིས་ན་མི་རྣམས་ཀྱིས་གོ་མི་ཐུབ་པའི་དཀའ་ངལ་ཏན་ཏན་ཡོད་ཀྱི་རེད། གཞན་འདས་པ་དང་མ་འོངས་པའི་དུས་ལས་འདས་པ་ཞིག་བྲིས་ན་ད་ལྟའི་མིའི་ལྟ་གྲུབ་དང་མཐུན་པ་ད་ལྟའི་དུས་དང་མཐུན་པ་ཞེས་པ་དེའི་ཁོངས་སུ་གཏོགས་པས། དུས་ལས་འདས་པའི་དུས་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས།
ནོར་བཅོས། བླ་མེད་གཉིས་ཀ། བླ་མེད་གཤིས་ཀ
བོད་ནང་གི་དྲ་གནས་མཆོད་མེའི་ཐོག་ཕྱིན་ན་མི་རབས་གསུམ་པའི་སྐོར་འདུག ཁོ་ཚོའི་ཚོགས་མིའི་མིང་ཚང་མ་དེ་རུ་རྙེད་ཐུབ། དེ་ནས་ཚོགས་མི་རེ་རེའི་སྙན་ངག་ཀྱང་དེ་རུ་འགའ་རེ་རྙེད་ཐུབ། ལྩགས་རྒྱས་ཀྱང་དེའི་ནང་གི་ཁོ་ཚོའི་ཚོགས་འདུ་དང་བསྒྲགས་གཏམ་སྔ་ཕྱི་གཞིར་བཞག་ནས་བྲིས་པ་གསལ་པོ་རེད། དྲ་གནས་གཞན་རྣམས་སུའང་ཁོ་ཚོའི་སྙན་ངག་ནམ་མཁའི་སྐར་ཚོགས་བཞིན་ཁྲ་ཆིལ་ལེར་བྱེད། སྐར་མ་འགའ་རེ་འོད་ལམ་ལམ། སྐར་མ་འགའ་རེ་གསལ་ཙམ་གསལ་ཙམ། སྐར་མ་འགའ་རེ་གསལ་ལ་མ་གསལ། སྐར་མ་འགའ་རེ་གསལ་རྒྱུ་མི་འདུག
ང་ཚོར་རིག་གནས་ཀྱི་སྡེ་ཁག་དུ་མ་ཞིག་ཡོད་པ་རེད། དཔེར་ན། གསོ་བ་རིག་པ། ལོ་རྒྱུས་རིག་པ། ཁྲིམས་ཀྱི་རིག་པ། ནང་ཆོས་རིག་པ་སོགས། དེ་ཚོ་ཚང་མའི་ནང་ནས་མི་མང་གི་ཁ་ན་དགེ་སྐྱོན་གླེང་སྟེ་འུ་རུ་རུ་གྲགས་བཞིན་པ་ནི་སྙན་ངག་པའི་སྡེ་ཁག་འདི་རེད་འདུག ཁོ་ཚོ་ཕལ་ཆེར་ཚོགས་པ་ཞིག་གི་ངོ་བོར་གྲུབ་ཡོད་པས་ཡིན་སྲིད།
དེ་བཞིན་དུས་ལས་འདས་པའི་དུས་དེ་དུས་རབས་ལ་གོ་བ་ཡིན་ན་དུས་རབས་གང་ལས་འདས་པའི་སྙན་ངག་ཅིག་འབྲི་རྩིས་ཡོད་པ་རེད། དུས་རབས་བཅུ་པ། ཉི་ཤུ་བ། ཉེར་གཅིག་པ། དུས་རབས་འདིའི་ནང་གི་རང་མོས་སྙན་ངག་འབྲི་སྟངས་ལ་གོ་བ་ཡིན་ན་དེ་ནི་མི་རབས་གསུམ་པའི་ཁྱད་ཆོས་ཤིག་རྩ་བ་དང་མ་ཡིན་པར་མི་རབས་གཉིས་པ་དང་གསུམ་པ་བཞི་བ་ཚང་མས་འབྲི་བཞིན་པ་ཞིག་ཡིན་ནོ།། མེ་ལོང་མའི་འབྲི་སྟངས་ལྟ་བུ་དུས་རབས་མང་པོའི་སྔོན་གྱི་འབྲི་སྟངས་ལ་གོ་བ་ཡིན་ན་མི་རབས་གསུམ་པའི་རྡོ་རིང་དུ་གྲགས་པའི་སྐྱབས་ཆེན་རང་ཉིད་ཀྱིས་སྲོལ་རྒྱུན་སྙན་ངག་དེ་འདྲ་མང་པོ་ཞིག་བྲིས་ཡོད་པས་དེ་ཚོ་གང་དུ་འཁྱེར། ང་ཚོས་དུས་རབས་མང་པོའི་སྔོན་གྱི་རྩམ་པ་ཟ་ཐུབ་ས་ནས། དུས་རབས་མང་པོའི་སྔོན་གྱི་འོ་ཇ་འཐུངས་ཐུབ་ས་ནས། དུས་རབས་མང་པོའི་སྔོན་གྱི་སྙན་ངག་འབྲི་སྟངས་ཤིག་དང་ལེན་བྱེད་མི་ཐུབ་པའི་རྒྱུ་མཚན་མ་མཐོང་། ངས་ཀྱང་སྔོན་ཆད་ཅིག་ལ་མེ་ལོང་མའི་འབྲི་སྟངས་ཀྱིས་ཅིག་མ་འདེངས་པའི་བསམ་ཚུལ་བཏོན་མྱོང་སྟེ། ཞིབ་ཏུ་བསམས་དུས་སྙན་ངག་ཟེར་བ་དེ་གཞུང་ལུགས་ཤིག་གིས་འཆིང་སྡོམ་བྱས་ནས་བསྡད་ཡོད་པ་ཞིག་མ་ཡིན་པར། མི་རང་རང་གི་བསམ་པའི་འཆར་སྒོ་ཡངས་མིན་ཞིག་གིས་འགག་འདུག་པའི་ངེས་ཤེས་ཟབ་མོ་ཞིག་ངང་གིས་སྐྱེས་བྱུང་།
ཉེ་ཆར། མི་རབས་གསུམ་པའི་ཚོགས་དཔོན་སྐྱབས་ཆེན་བདེ་གྲོལ་གྱིས་རྒྱལ་སྲས་ཆུང་ཆུང་ཞེས་པའི་བྱིས་སྒྲུང་སྐད་གྲགས་ཅན་དེ་བསྒྱུར་འགོ་བརྩམས་འདུག ཡིན་ནའང་བྱིས་སྒྲུང་དེའི་ནང་གི་ལེའུ་གཅིག་
མ་གཏོགས་བསྒྱུར་མི་འདུག རེ་རྐང་གླིང་གིས་ཀྱང་ཧྥ་རན་སིའི་སྙན་ངག་གྲགས་ཅན་ལྦན་པོ་ཟེར་བ་དེའི་སྙན་ངག་ཁ་ཤས་བསྒྱུར་ཡོད་པ་སོགས་ལ་གཞིགས་ན། འདི་ཚོས་ཤི་འཐམ་རོ་འཐམ་གྱིས་སྙན་ངག་གཅིག་པུ་འབྲི་གིན་མེད་པར། གང་ས་གང་ནས་བསམ་བློ་གཏོང་གི་ཡོད་པའི་བཟོ་འདྲ་པོ་འདུག མི་རབས་གསུམ་པ་ཟེར་བའི་ཚོགས་པ་འདི་བཙུགས་ནས་ལོ་ངོ་ཞེ་དྲག་རིང་པོ་ཞིག་ཞིག་འགོར་གྱི་ཡོད་པ་མ་རེད། གྲུབ་འབྲས་ཡོད་མེད་རྗེས་སུ་བལྟ་ཆོག་གི་རེད།
ཧ་ལས་རྒྱུ་ཡོད་མེད་ཀྱི་སྡང་སྡུག་སྟོན་པ་ལས། དུས་ལས་འདས་མ་འདས་ཀྱི་རྩོམ་ཐབས་ཀྱི་དོགས་སློང་འདི་མྱི་སྐད་རེད་བསམ། ཡིན་ནའང་དེ་ནི་མཐའ་གཅིག་ཏུ་སྐྱ་བོ་དང་གྲོལ་རྩོམ་གྱི་ཕྱོགས་ཞེན་གྱི་ཐོག་ནས་དོགས་སློང་བྱས་ན་གང་འདྲ་ཡིན་ནམ། བསྟོད་པའི་རྩོམ་ཐབས་དེ་འདྲ་ལ་ཟེར་གྱི་ཡོད་ཡང་སྲིད་དེ། གློ་བུར་དུ་དྲན་སོས་པ་ཞིག་ལ་ཁ་སྔོན་ཀླུ་སྨྱོན་དང་མཉམ་དུ་མི་ཞིག་གིས་རྒྱ་ནག་གི་ཀོ་མོ་རྭོ་ཡི་སྙན་ངག་ཅིག་ཡག་རབས་རྒྱན་རབས་བཤད་སོང་། ཀོ་མོ་རྭོའི་ལས་ཀ་ནི་མའོ་དང་ཏང་ལ་བསྟོད་གླུ་ལེན་རྒྱུ་དེ་རེད། མི་རབས་གསུམ་པས་ངོ་ལོག་གི་རྩོམ་ཐབས་ལ་དགའ་ཟེར་སྲོལ་ལ་བལྟས་ན་ངོ་བསྟོད་ཀྱི་རྩོམ་ཐབས་ནི་དུས་ལས་འདས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་དམ་བསམ་མོད། འདིའི་སྐོར་གསལ་བོ་ཞིག་ཤེས་འདོད་དང་རྩོད་འདོད་ཡོད་ན། ང་ཚོས་བོད་ཀྱི་དུས་བབ་ཀྱི་ཚེ་རིང་སྐྱིད་ལ་དྲིས་ན་ཁོང་ནི་མི་རབས་གསུམ་པའི་ཚོགས་མི་ཡིན་པས། དེ་ལ་ལན་ཞིག་ཡོད་རྒྱུ་རེད་བསམ།
ཀླུ་སྨྱོན་གྱིས་མི་རབས་གསུམ་པ་ལས་བདག་དཔེ་ཚོགས་ཀྱི་བཀྲ་རྒྱ་ཟེར་བ་དེ་ཚོས་སྲོལ་རྒྱུན་ལ་རྒོལ་ཐུབ་རབས་བཤད་སོང་། སྤྱིར་བཏང་རང་གི་སློབ་སྦྱོང་དང་དགའ་ཕྱོགས་ཀྱི་ཆ་ནས་མི་རབས་གསུམ་པ་ལས་བཀྲ་རྒྱ་ཟེར་བ་དེའི་གྲངས་ཀྱི་སྐད་ཆར་ཆ་ཡོད་ཡིན། འདི་ཚོས་མང་ཚོགས་ཀྱིས་ཡོང་སྒོ་སྒོར་རྡོག་ཁ་ཤས་ཀྱི་དོན་དུ་ནངས་དགུང་གི་གཉིད་ཐེབས་བཅག་ནས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱེད་པ་དེ་མཐོང་བཞིན་དུ། གྲོང་ཁྱེར་ནས་དུང་བུས་ཏེ་རོང་རྒན་འབྲོག་རྒན་ཚོ་གཉིད་ནས་དཀྲོགས་རྒྱུ་ཡིན་ཟེར་གྱི་ཡོད། མི་རབས་གསུམ་པ་ལས་ཁག་ཅིག་ནི་རོང་འབྲོག་གི་ས་ཁུག་ཀྱོག་གི་སློབ་གྲྭའི་དགེ་རྒན་རེད། དེ་བས་ཁོང་ཚོས་གོང་རིམ་ནས་སློབ་མའི་སློབ་དེབ་སྒྲིག་པ་དེས་སློབ་མར་དཀའ་ངལ་ཅི་ཞིག་སྤྲད་ཡོད་པ་ཤེས་ཀྱི་ཡོད། “མི་རབས་གསུམ་པས་ཐོག་དང་པོར་མང་ཚོགས་དང་ཐག་ཉེ་བའི་བྱ་འགུལ་སྤེལ་ལྟ་བུ་ཞིག་སྤེལ་”ཟེར་བ་དེར་གོ་རྒྱུ་ཆེན་པོ་ཞིག་འདུག་བསམ།
ད་ཐེངས་ཁྱོད་ཀྱིས་མི་རབས་གསུམ་པས་སྲོལ་རྒྱུན་ལ་རྒོལ་མི་ཐུབ་པ་ནི་ཁོ་ཚོའི་མཚང་ལྟ་བུ་ཞིག་ཏུ་བརྩིས་ཡོང་དུས། དེ་རིང་བསྐྱར་དུ་དྲན་གསོ་ཞུ་འདོད་ཅིག་ནི། ཁྱོས་དེ་ལྟར་བཤད་དོན་གྱི་ཀུན་སློང་གི་སྐོར་ཡིན།
ཁྱོད་དང་དེང་རབས་ཀྱི་སྐད་ཆ་བཤད་མཁན་ཟི་ལིང་གི་ཞོགས་དུང་ངམ་བཀྲ་རྒྱལ་གྱི་གྲས་ནི་སྲོལ་རྒྱུན་ལ་རྒོལ་མཁན་ཚོ་རེད། ངས་སྔོན་ནས་བཤད་ཟིན་པ་ལྟར་ང་ཁྱོད་ལ་ཆ་རྒྱུས་ཕྲན་བུ་ཡོད། ཁྱོའི་སེམས་ཀྱི་གཏིང་ན་སྐྱུག་བྲོ་བའི་བོད་ཟེར་བའི་བརྗོད་གཞི་འདིའི་ཐོག་ལ་སྐད་ཆ་བཤད་འདོད་འགོག་ཏུ་མེད་པ་ཞིག་ཡོད་པ་ངས་ཤེས་ཀྱི་ཡོད། དགེ་སྐོས་བཙན་པོ་ཟེར་བ་དེའི་ཆ་ཤས་རེད། བཀྲ་རྒྱལ་དང་ཁྱོད་ཚོས་སྤྱི་ཚོགས་གཙོ་གྲས་ཀྱི་ཤུལ་ན་ལུས་པའི་ལྟ་བ་ལྡོམ་པོ་འགའ་ལ་བདག་བརྒྱབ་ནས་རང་གི་སྤྱི་ཚོགས་ཆུང་ཆུང་ལ་ཁབ་གཙགས་འབིག་གཙགས་བྱེད་ཀྱི་ཡོད། དེང་སང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཚོ་མ་གཏོགས་དེང་རབས་ཀྱི་ལྟ་བ་བཤད་མཁན་ཉུང་ཉུང་རེད།
དེང་རབས་ཟེར་བ་དེ་བཤད་ན་མ་བཤད་ན་ནུབ་ཕྱོགས་ཀྱི་བློ་འབྱེད་རིང་ལུགས་(Enlightenment)ཟེར་བ་དེའི་ཐོན་རྫས་རེད། ནུབ་ཕྱོགས་ཀྱི་མི་ཚོས་དེང་སང་དུས་རབས་དེའི་བསམ་ཚུལ་ལ་ཁ་གཉེར་སྣ་གཉེར་བྱས་ཏེ་དེང་རབས་ཕྱི་མའི་ལྟ་བར་འཐམ་བཞིན་ཡོད། ཨ་རི་ན་ཁྱོད་ལ་ཆོས་བཤད་ས་ཁ་ཤས་ཡོད་པ་དེ་དེང་རབས་ཕྱི་དར་(post-modernism)གྱི་བཀའ་དྲིན་རེད། དེང་རབས་པ་ཚོས་ཁྱོའི་ཆོས་ལ་ཉན་མདོག་ཁ་པོ་མ་རེད།
སྐད་ཆ་འདི་དག་ཚང་མ་དེ་རིང་ཡང་སྐྱར་བཤད་དགོས་པ་ནི་འུ་ཐུག་ནས་ཡིན་མ་གཏོགས། ངེད་གཉིས་བར་ན་ཞེ་འཁོན་རྩོད་རྒྱུ་ཞིག་ཅི་ཡོད། སྐྱབས་ཆེན་ལ་ཡར་སྐྱེད་མེད་པ་མཐོང་བའི་མིག་ཁྱོད་ལ་ཡོད་ན། ཁྱོད་རང་ཉིད་ལ་ལྟ་བར་མེ་ལོང་ཞིག་ཅིས་ཀྱང་དགོས་པ་ཡིན།
མི་རབས་གསུམ་པའི་སྐོར་ཕལ་ཆེར་འདི་འདྲ་ཞིག་རེད། ད་ནི་ཁྱེད་ཀྱིས་ད་ལོ་རོ་ལས་བྱེད་སྟངས་ཀྱི་ཐོག་ནས་མགོན་པོ་ཕྱག་གཉིས་དང་མཉམ་དུ་སུ་ལ་ཤེས་རིག་ལྡན་པའི་རྩོད་པ་བརྒྱག་མཁན་གྱི་དེང་རབས་པ་སྐུ་ཞབས་མེ་རོ་སླར་ཡང་སླེབས་སོང་། སྤྲུལ་སྐུའི་ལམ་ལུགས་དགག་ཏུ་སླེབས་སོང་། ཁྱེད་ལྟ་བུའི་དེང་རབས་ཀྱི་སྤྲུལ་སྐུ་ཡོན་ཏན་པ་ཚོས་ཁོང་དང་མཉམ་དུ་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐོར་ལ་བཀའ་མོལ་གནང་ཐུབ་ན་ཡག་པོ་འདུག ང་ཚོའི་བར་ན་མི་མཐུན་སའི་འགག་རྩ་ཞིག་ཡོད་ལ་དེ་ནི་དེང་རབས་ཀྱི་སྔ་ཕྱིའི་འགལ་བ་ལ་ཐུག་ཡོད།
མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདིས་བོད་ཀྱི་རྩོམ་སྟེགས་ལས་”བླ་འཁྱམས་ཡིད་མྱོས”དང༌། “མགོ་རྟིང་སློག་པ” “དུས་ཡུལ་བསྣོལ་བ” “ངོ་ལོག་བྱེད་པ”སོགས་ཀྱིས་མཚོན་པའི་”རྩོམ་རྩལ་སྣ་མང”ཞེས་བཤད་པའི་ཚིག་འདིའི་ནང་དུ་དེང་རབས་ཕྱི་མའི་ཁྱད་ཆོས་སུ་བགྲངས་པའི་བསམ་ཚུལ་གྱིས་ཁེངས་ནས་ཡོད་པར་གཞིགས་ན། དུས་ལས་འདས་དང་མ་འདས་ནི་དེང་རབས་དང་དེང་རབས་ཕྱི་མའི་ཆ་ནས་བཤད་པ་མིན་ནམ་བསམ་པ་ཞིག་ཀྱང་འདུག ཡིན་ནའང་འདིའི་སྐོར་ལ་མུ་མཐུད་དུ་དོ་སྣང་བྱེད་རྒྱུ་ཡིན།
རེད་ཡ། སྐུ་ཞབས་ལྕགས་རྒྱ་ཡང་རང་གིས་བདེ་མདོག་གིས་དྲངས་པའི་ལུང་ཚིག་དེ་ཚོར་ད་དུང་ཐུགས་དོགས་སངས་མེད་པ་རེད། ཁ་གསལ་བོར་བརྗོད་ན་གོ་བ་ལོན་མེད་པ་རེད།
དེ་ལས་ཀྱང་ཆེས་གལ་ཆེ་བ་ཞིག་སྟེ། ”བླ་འཁྱམས་ཡིད་མྱོས”དང༌། “མགོ་རྟིང་སློག་པ” “དུས་ཡུལ་བསྣོལ་བ” “ངོ་ལོག་བྱེད་པ” ལ་སོགས་པའི་”ཐ་སྙད་ནག་པོ་”འདི་ཚོ་ནི་མི་རིགས་པ་གསལ་བོ་ཡིན་ཟེར་མཁན་མི་རབས་གསུམ་པའི་ལས་ཀ་ཞིག་མ་རེད་ལ། ད་དུང་”མིའི་རིགས་ཀྱི་བླ་མེད་སེམས་གཤིས་ཉམས་སུ་ལེན་”རྒྱུ་ཡིན་ཟེར་མཁན་དག་དག་གི་ལྟ་བའི་ཁུངས་གཏུགས་སའི་”སྐྱབས་འགྲོ་”དང་”སེམས་བསྐྱེད་”ཅིག་ཀྱང་རྩ་ནས་མ་རེད།
ཨོ། སྐུ་ཞབས་ལྕགས་རྒྱས་ང་དང་ང་ལྟ་བུ་ཚོ་མི་མ་ཤི་གོང་ལ་རོ་གྲས་སུ་བཞག་འདུག་པ་དེ་ངས་ཐོག་མ་ནས་ཤེས་ཡོད། དེ་ཡང་སྐྱར་བཤད་ན་མ་བཤད་ན་ང་ལ་ཁྱད་པར་ཅི་ཡང་མེད། རྗེ་མི་ལས། རོ་ཞེས་བྱ་མཐོང་ན་འཇིགས་པ་དེ། །དུས་ད་ལྟ་ལུས་ཀྱི་རྩ་ན་གདའ། །ཞེས་གསུངས་པ་མིན་ནམ།
ཨ་རོ་ཀླུ་སྨྱོན། ཐུགས་མ་ཕམ་དང་། ལྕགས་རྒྱ་འགྲམ་ནག་ཁོས་ལག་པའི་ཕྱི་ནང་གཉིས་ཀ་ཤ་ཡིན་ཞེས་ཁྱོད་ལ་བརྩེ་ཞེན་ཆེན་པོ་བྱེད་གི་འདུག་ག
དྲང་མོར་བཤད་ན་ང་ལ་མི་རབས་གསུམ་པའི་ཕྱོགས་སུ་སེམས་ཁྲལ་འདུག “བླ་འཁྱམས་ཡིད་མྱོས་”དང་”ཡུལ་དུས་བསྣོལ་བ་”ལྟ་བུ་ཐ་མག་མྱོས་རྫས་དང་སྨྱོ་ཆུ་འཐུང་མཁན་གྱི་ཚོར་སྣང་འཁྲལ་འཁྲུལ། “མགོ་རྟིང་སློག་པ”་དང་”ངོ་ལོག་བྱེད་པ་”ལྟ་བུ་རྒྱལ་ཁབ་མགོ་རྟིང་སློག་པ་དང་མི་རིགས་ཁ་བྲལ་བས་བེད་སྤྱོད་བྱེད་པའི་ཆབ་སྲིད་ཀྱི་ཁ་གཡང་འདི་འདྲ་ཚོད་མེད་དུ་བསྒྲགས་ནས། ཉི་མ་ཞིག་ལ་འདི་ཚོ་ཡང་གླུ་བ་བཀྲ་ཤིས་དོན་གྲུབ་དང་ནམ་མཁའ་བཞིན་དུ་རྒྱ་མི་དམར་པོའི་བཙོན་ཁང་དུ་འཁྲིད་པའི་ཉེན་ཁ་ཡོད་པ་རེད། ཁྱོད་ཚོས་ཆུ་ངོགས་གཏམ་རྒྱུད་ལ་ལྟ་མྱོང་ཡོད་པ་རེད། སུང་ཅང་གིས་ཀྱང་ཆང་ཞིམ་པོ་ཕོར་བ་འགའི་ངར་ཤུགས་ལ་བརྟེན་ནས། “ནམ་ཞིག་དགྲ་ཤ་ལེན་པའི་དུས་ཤར་ཚེ། །ཞིན་ཡང་གཙང་འགྲམ་ཁྲག་དམར་འཁྱིལ་ལ་ལྟོས། །”ཞེས་པའི་སྙན་ངག་བྲིས་རྐྱེན། དེ་དུས་ནས་རྒྱ་རྒན་འདི་ཚོ་དོགས་པས་གཟིར་བསྡད་ཡོད་པས་ལམ་སེང་བཙོན་ཁང་དུ་ཁྲིད་པ་མིན་ནམ། སུང་ཅང་ལ་མཚོན་ན་ལིང་ཧྲན་མཚོ་གླིང་གི་དཔའ་རྒོད་ཚོ་ལྟ་བུའི་རྒྱབ་རྩ་བཙན་པོ་རང་སྲོག་བློས་གཏོང་ཐུབ་མཁན་ཡོད་པ་རེད། མི་རབས་གསུམ་པ་ཚོར་སྐུ་ཞབས་ལྕགས་རྒྱ་ལྟ་བུ་ཕྱི་རྒྱལ་ན་སྣང་བར་གང་དྲན་གྱི་རྩོམ་ཡིག་སྤེལ་བ་ལ་རང་དབང་འབྱོར་བ་ཁ་ཤས་མ་གཏོགས་དོན་དམ་པའི་རྒྱབ་སྐྱོར་བ་སུ་གང་མེད་པ།
མི་རབས་གསུམ་པའི་སྐོར་གྱི་ཆང་འཐུང་དང་། རྡུང་རེས། ཆགས་སྲེད་ཀྱི་ཚིག་དེ་དག་དུས་ལས་འདས་ཏེ། ད་ནི་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྐོར་བཤད་ཡོང་བ་འདི་ཡང་ཁྱོའི་སྐད་ཆའི་འཕེལ་རིམ་དང་ཁྱད་པར་རེད། ཁྱད་པར་འདི་འདྲ་ཞིག་བྱུང་ན་འགྲིག་ཤག
ད་དུང་ཡོད། མི་རབས་གསུམ་པའི་གྲྭ་པས་རང་མོས་སྙན་ངག་བྲིས་ཆོག་མིན་ཐག་གཅོད་རྒྱུའི་དབང་ཆ་སྒེར་གཅོད་ཀྱི་ལྟ་བའི་ཁུངས་གཏུགས་ས་དེ་གང་ཡིན་ནམ། གྲྭ་པས་གདན་ས་གསུམ་ནས་སློབ་སྦྱོང་བྱེད་མི་ཆོག་པར་རང་རང་གི་ཕ་ཡུལ་དུ་རྒྱང་འབུད་དུ་གཏོང་མཁན་གྱི་སྲིད་དབང་སྒེར་གཅོད་པ་དེ་སུ་ཡིན་ནམ། སྲིད་དབང་སྒེར་གཅོད་ཀྱི་ལྟ་ངན་འདི་གཉིས་ལྟོ་སྦྱར་ནས་བསམ་གཞིག་རེ་བྱས་ཚེ་མི་རབས་གསུམ་པའི་’སྐྱབས་འགྲོ་”དང་”སེམས་བསྐྱེད་”དེ་ཡང་བོད་མི་རིགས་ལ་ཕན་པའི་སྐྱབས་སེམས་ཤིག་ཡིན་མིན་ད་དུང་དོགས་པ་ཡོད།
མགོ་རྟིང་སློག་པ་དང་ངོ་ལོག་གི་ཐད་ལ་སྲིད་ཇུས་ཀྱི་ཆ་ནས་གོ་བ་ལེན་པ་དེ་ཁྱེད་ཀྱི་བསམ་ཚུལ་རེད། སྤྱིར་བཏང་དེང་རབས་ཕྱི་མའི་ལྟ་བ་ནི་ཚན་རིག་དང་ཆོས་ལུགས་སོགས་ཀྱི་གཞུང་ལུགས་རྒྱ་ཆེན་པོ་དེ་དག་གི་གཅིག་གཅོད་ཀྱི་འཇིག་རྟེན་ལྟ་ཚུལ་རེད། ཚན་རིག་པ་ཚོར་ལྷ་ཡོད་པའི་འགྲེལ་བཤད་ཁ་ནས་ཁྲག་ཁྲག་བཞུར་བཞུར་བར་དུ་བཤད་ཀྱང་ཁས་ལེན་བྱེད་ཀྱི་མ་རེད། ཁོ་ཚོའི་བསམ་པར་ཁོང་ཚོའི་འཇིག་རྟེན་ལྟ་ཚུལ་ལས་ལྷག་གི་བདེན་པ་མེད་བསམ་གྱི་ཡོད་པ་རེད། ལྟ་ཚུལ་འདི་ལྟ་བུ་མགོ་རྟིང་སློག་མི་ཐུབ་རུང་ངོ་ལོག་བརྒྱག་མི་འོས་པ་ཅི་ཡོད། མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་ལྟར། ལྟ་ཚུལ་ཁག་ཁག་དང་རྩོམ་རྩལ་སྣ་མང་ལ་བརྩི་བཀུར་བྱེད་པ་ནི་མི་རབས་གསུམ་པའི་ཡིད་ཆེས་ཞིག་ཏུ་མཐོང་ནས་ཁོང་ཚོར་དགའ་སའི་སྐོར་བཤད་པ་ཡིན། ཡིན་ནའང་ཨ་རིག་དགེ་མཐོང་གིས་ཁོ་ཚོས་གྲྭ་བས་རང་མོས་སྙན་ངག་བྲིས་ཆོག་ཟེར་བ་དང་། ངེས་དོན་གྱི་བུད་མེད་སྙན་ངག་པ་མེད་ཅེས་བཤད་འདུག་ཟེར་བ་དེ་བློ་ངོར་བདེ་མ་སོང་། མུ་མཐུད་དུ་བརྩད་གཅོད་གཏོང་རྒྱུ་ཡིན་ཞེས་གོང་དུ་མཆན་བརྒྱབ་ཚར།
གཞན་ཡང་ཁོང་ཚོའི་རྩོམ་མང་ཙམ་བཀླགས་རྗེས་བསམ་ཚུལ་ཇེ་ལྷུག་ཏུ་བཏང་ནས་བཤད་ཆོག རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་རྗེས་ཀྱི་མི་རབས་ཚོའི་ཁྲོད་དུ་བླ་འཁྱམས་ཡིད་མྱོས་ཀྱི་མི་མང་ཙམ་ཡོད་པས། ངས་གོང་དུ་ཁོང་ཚོ་ནི་རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་གྱི་ཐོན་རྫས་ཡིན་པས། རྒྱབ་ཅུང་ཟད་ཇེ་དྲོར་སོང་བས་དྲོད་མ་ཐུབ་པར་གཅེར་བུར་བུད་པ་མ་ཡིན་ནམ། ལྟོ་ཅུང་ཟད་འགྲངས་རྗེས་འདི་ཚོས་མི་ཤ་ཟ་འདོད་ཅེས་བཤད་ངེས་ལ། དེའི་རྗེས་ནས་སྲིང་མོ་དང་ཨ་མར་རྒྱོ་བ་ལས་སྐྱིད་པོ་ཅི་ཡོད་ཅེས་བཤད་མི་ཡོང་ངམ་བསམ་པ་ཞིག་འདུག གང་ལྟར་རྒྱ་ནག་གི་མི་རབས་གསར་བའི་སྒྱུ་རྩལ་པ་ཚོའི་བསམ་སྤྱོད་དེ་འདྲ་ཞིག་ལས་མ་མཐོང་། གཅིག་ཐང་ན་བོད་ཀྱི་མི་རབས་གསུམ་པ་ཚོར་དེ་ལས་ལྷག་གི་མཐའ་ལ་ཆད་རྒྱུའི་བློ་སྟོབས་ཡོད་སྲིད། དཔལ་འབྱོར་དང་ཆབ་སྲིད་གཉིས་ཀྱི་རང་དབང་གི་དམ་ལྷོད་མ་སྙོམ་ན་མིའི་འབྱུང་ཁམས་འཁྲུགས་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད། སྙིང་རྗེ། ལོ་གཞོན་དེ་ཚོས་ལྷག་ཏུ་ཅིག་དཀའ་གི་ཡོད་པ་འདྲ་ཞེས་བཤད་པ་དེ་ལྟར་ཡིན།
ནོར་བཅོས།
སྤྱིར་བཏང་དེང་རབས་ཕྱི་མའི་ལྟ་བ་ནི་ཚན་རིག་དང་ཆོས་ལུགས་སོགས་ཀྱི་གཞུང་ལུགས་རྒྱ་ཆེན་པོ་དེ་དག་གི་གཅིག་གཅོད་ཀྱི་འཇིག་རྟེན་ལྟ་ཚུལ་ལ་ཁ་གཏད་བཅག་སྟེ་ངོ་རྒོལ་བྱེད་རྒྱུ་དེ་རེད་བཅོས་རོགས་ཞུ།
ད་ཐེངས་སྐུ་ཞབས་ལྕགས་རྒྱས་ངོ་མ་སེམས་ནང་འབབ་པ་ཞིག་བཤད་སོང་། ཐུགས་རྗེ་ཆེ། དཀྱེལ་ཡངས་ཀྱི་ལྟ་གྲུབ་འདུག ངོ་མ་དགའ་ནི་ཟིག་རེད། མི་རབས་གསུམ་པ་གཅིག་པོ་མ་ཡིན་པར་བོད་ཀྱི་རྩོམ་རིག་པའི་སྣ་མང་རྙོག་འཛིང་གི་སྐོར་ལ་དཔྱད་བརྗོད་མང་ཙམ་སྤེལ་ཐུབ་ན་ལེགས།
ངེད་གཉིས་ཀྱི་བར་ལ་གོ་བརྡ་འཕྲོད་པར་གྱུར་བ་དེ་ཡག་པོ་བྱུང་སོང་། གོང་དུ་གཡང་སྐྱབས་རྒྱལ་གྱིས་བཤད་པ་ལྟར་ཁྱེད་ཀྱི་སྐོར་ཁོང་ལ་དགོད་སྒྲ་ཁྲོད་དུ་ཡང་ཡང་གླེང་མྱོང་། གནས་སྐབས་སུ་ཁ་བརྡ་དང་ཁ་བྲལ་རྒྱུ་ཡིན་པས། རྗེས་མར་མཇལ་ཡོང་།
མི་ལ་རས་པས་སྲིང་མོར་མཇེ་སྟོན་རྒྱུར་ངོ་མི་ཚ། འབྲུག་པ་ཀུན་ལེགས་ཀྱིས་ཀུན་ལ་མཇེ་སྟོན་རྒྱུར་ངོ་མི་ཚ། མི་རྟག་གཅེར་བུ་བ་རྣམས་མི་ཚེ་གང་བོར་གཅེར་བུར་འགྲོ འདི་དག་ཚང་མ་སེམས་ཀྱི་འཛིན་པ་ཞིག་ལས་གྲོལ་ཚར་བའི་རྟགས་ལས་གཞན་གང་ཞིག་ཡིན། མི་རབས་གསུམ་པའི་ནང་ནས་རེ་ཟུང་རེ་འཁྱུག་ཙམ་རིང་ལས་གཅེར་བུར་འགྲོ་མ་ཐུབ་པ་དེ་འཇིག་རྟེན་གྱི་བག་ཆགས་མཐུག་པོ་དེའི་ཆ་ཤས་ཀྱི་ཆ་ཤས་ཤིག་མ་གཏོགས་ད་རུང་དག་མེད་པའི་རྟགས་རེད།
ལྕགས་རྒྱ་འདི་བསམ་བློ་གུ་ཡངས་མདོག་ཁ་བ་ལ་དམར་ཧྲེང་གླེང་ཡོང་དུས་གྲང་བས་བསྡམས་པའི་དངོས་གཟུགས་བཞིན་འཁུམས་འགྲོ་གི་འདུག གནའ་བོའི་གྷི་རིག་གི་རིག་གཞུང་དར་རྒྱས་སྐབས་དམར་ཧྲེང་ལ་ལྟ་ཚུལ་གུ་ཡངས་པོ་ཞིག་ཡོད་པ་འདྲ་ཡང་། ལོ་རབས་ dark age ནག་པོའི་སྐབས་རིག་གནས་ཧྲིལ་བོ་ཉམས་ཆགས་ཕྱིན་སྟེ་མིའི་བསམ་བློ་ཡང་གུ་དོག་གི་ལམ་དུ་ཕྱོགས། དེ་རྗེས་ཡོ་རོབ་ཀྱི་རིག་གཞུང་སྐྱར་དར་སྐབས་དཀོན་མཆོག་གི་འཆིང་རྒྱ་ལས་བརྒལ་ཏེ་འགྲོ་བ་མི་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་གཏོང་བའི་མགོ་བཙུགས་ཤིང་རིག་གཞུང་སྐྱར་དུ་དར་སྐབས་འདིར་དམར་ཧྲེང་དེ་ཡང་ངོ་ཚ་ཞིག་ཏུ་བརྩི་མི་དགོས་པའི་བསམ་ཚུལ་ཞིག་སྐྱར་དུ་སྐྱེས།
ད་དེང་སང་ལྕགས་རྒྱ་འདིས་དེབ་རབས་ཕྱི་མའམ་འབྱུང་འགྱུར་དེང་རབས་ཡང་ན་གྲོལ་ཐབས་ཤིག་སྨྲ་བཞིན་དུ་དམར་ཧྲེང་སྐོར་ལ་ལྟ་བ་གུ་དོག་ཅིག་འཛིན་པ་འདི་གཅིག་བྱས་ན་ཁོ་རང་སྒེར་གྱི་སེམས་ཁམས་གྲུབ་སྟངས་ཀྱི་ལོ་རྒྱུས་ལ་འབྲེལ་བ་ཞིག་མེད་དམ་ཡང་སྙམ། ཁྱོད་ཆུང་ཆུང་སྐབས་ལ་མི་དམར་ཧྲེང་དེ་འདྲས་བཙན་གཡེམ་བྱེད་མྱོང་ཡོད་པ་མ་རེད་དམ།
ཀླུ་སྨྱོན་འདི་ཡང་སྙན་ངག་བྲིས་གི་བྲིས་གི་བསམ་བློ་ཆུང་དུ་ཆུང་དུ། གུ་དོག་ཏུ་དོག་ཏུ་འགྲོ་གི་འདུག་པས་འདི་ཕལ་ཆེར་ལོ་ཞད་ཅིག་མིན་འགྲོ་སྙམ། བསམ་སྤྱོད་གཉིས་ཀ་རང་གཤིས་ལྷུག་པ་ཞིག་མ་ཡོང་ན་རྩོམ་ཡག་པོ་ཞིག་འབྲི་རྒྱུར་ཡང་འགོག་རྐྱེན་ཞིག་འཕྲད་ཀྱི་མེད་དམ་སྙམ་ཡང་ཆི་གོ
ཀོ་མོ་རོ། ལྕགས་རྒྱས་གསུངས་པ་ལྟར་ཤ་གུང་ཁྲན་དང་ཁྲག་གུང་ཁྲན་རེད། གུང་ཁྲན་གྱི་མགྲིན་པ་ཡོད་ན་མེད་ན་ཞིག་ཡིན་པས་ཁོའི་རྩོམ་ལ་རིན་ཐང་ཞིག་གླེང་རྒྱུ་ཡོད་མེད་མི་ཤེས།
ཀོ་མོ་རོའི་སྐད་ཆ་གཅིག་སེམས་ན་ད་རུང་བརྗེད་མེད་པ་ཞིག་ནི།
གཞོན་སོ་དཀར་གྱི་སྐབས་སུ་གང་ཞིག་འབྲི་ཤེས་མཁན་ཚང་མ་སྙན་ངག་པ་རེད།
དོན་དམ་པའི་སྙན་ངག་པ་ཞིག་ཡིན་མིན་རྒན་མགོ་དཀར་གྱི་དུས་སུ་སླེབས་སྐབས་ཤེས་ཟེར་བ་འདི་རེད།
ཀླུ་སྨྱོན་འདི་ཀོ་མོ་རོའི་སེམས་ནང་གི་སྙན་ངག་པ་ངོ་མ་དེ་ཡིན་ན་ཁྲིག་ཁྲིག་མེད་གི
གསར་བུ་ཚོ། ཀའོ་མོ་རོ་ད་ལོས་ཡིན། འཇུ་སྐལ་བཟང་གིས་བསྒྱུར་པའི་མའོ་ཙེ་ཏུང་གི་སྙན་ངག་སྦྲང་ཆར་སྟེང་བཀོད་ཡོད་པ་ཞིག་གིས་མི་གང་མང་ཞིག་གི་ཡིད་དབང་འཕྲོགས་སོང་ཟེར་ལ། མི་དེ་ཆབ་སྲིད་པ་ནག་ཉེས་ཅན་ཡིན་མིན་ལ་མ་ལྟོས་པར་སྙན་ངག་ནི་སྙན་ངག་རང་རེད། སྙན་ངག་གི་ཡག་ཉེས་གླེང་དུས་སྙན་ངག་རང་ངོས་ནས་ལྟ་རྒྱུ་མ་གཏོགས་དེ་འབྲི་མཁན་གྱི་ལོ་རྒྱུས་སྔོགས་པ་ནི་མ་བཅོལ་བའི་ལས་ཀ་ལ་འཇུས་པ་རང་རེད། མེ་ཏོག་ཅིག་མཛེས་མི་མཛེས་གླེང་དུས་ཁྱོད་ཀྱིས་དེ་སུས་བཏབ་མིན་དེ་དེ་ཙམ་གལ་ཆེན་པོར་བརྩི་གིན་མེད་པ་དང་གཅིག་པ་རེད་ཡ།
སྒོ་གསུམ་གཞན་དབང་དུ་ཤོར་ཕྱིན་དེའི་བྲིས་པའི་རྩོམ་ལ་རིན་ཐང་ཞིག་རྙེད་དཀའ་འོ། ཡག་པོ་རེ་ཟུང་ཡོད་ཀྱང་སྲིད།
མའོ་ཙེ་ཏུང་གིས་སྙན་ངག་རྫིག་མདོག་ཁ་སེ་རེ་འབྲི། དཔྱད་ན་དེ་འདྲ་དེ་འདྲ་རེད། དཔེ་བཞག་ན། ་་དུས་རབས་གཅིག་ལ་གྲགས་ཆེ་བའི།། གནམ་བསྐོས་རྒྱལ་པོ་ཇིང་གར་ཡང་།། མདའ་མོས་བྱ་གླག་གསོད་ལས་ཅི་མི་ཤེས།། སྐྱེས་བུ་ཕུལ་བྱུང་བགྲང་དགོས་ན།། དེང་གི་དུས་རབས་འདི་ལ་ལྟོས་་ ཞེས་བྲིས་ཡོད་ཀྱང་ཇིང་གར་རྒྱལ་པོའི་རྣམ་དཔྱོད་ཀྱི་ཟུར་ཙམ་ཡང་མའོ་ལ་མེད། ཇིང་གར་གྱིས་མདའ་མདུང་ལ་བརྟེན་ནས་འཛམ་གླིང་གི་སུམ་ཆ་དབང་བསྒྱུར། མའོ་ཡིས་དེང་རབས་མཚོན་ཆ་ལ་བརྟེན་ནས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་ཐུབ་ཙམ་བྱུང་། ཇིང་གར་གྱིས་མཁས་པ་དང་སྒྱུ་རྩལ་བ་སོགས་གོང་དུ་བཀུར་ནས་བློ་འདྲི་ས་བྱས་པ་དང་མི་རིགས་གང་ཞིག་གི་ཆོས་དང་རིག་གཞུང་ལ་ཡང་བསྟུན་མཁས་བྱས་པས་དབང་སྒྱུར་གྱི་དུས་ཡུན་ཡང་རིང་པོ་རེད། མའོ་ཡིས་གནའ་བོའི་བཙན་རྒྱལ་གྱི་རྒྱལ་པོ་ཨ་ལག་ཟན་ཌིར་ཆེན་པོ་དང་། ཇིང་གར་རྒྱལ་བོ་སོགས་ཀྱི་ཆ་ཙམ་ལ་ཡང་འགྲན་ག་ལ་སྤོབས།
དེས་ན་ཁོ་པའི་སྙན་ངག་འདི་ཡང་ཚིག་རྫིག་ཙམ་ལ་དོན་སྟོང་པ་རེད།
མི་དེས་བྲིས་པའི་སྙན་ངག་དང་མི་དེའི་མི་ཚེའི་ལོ་རྒྱུས་གཉིས་དོ་མ་མཉམ་ཚེ་མི་དེའི་སྙན་ངག་ལ་སོགས་པའི་བརྩམས་ཆོས་ལ་ཡང་རིན་ཐང་མེད་པར་རྩི་བ་འདི་ལ་མོས་མཐུན་བྱེད་མི་ཐུབ། དཔེར་ན། སློབ་དཔོན་དབྱུག་པ་ཅན་ཞེས་པ་དེ་ཡང་ཕྱི་རོལ་བའི་མཁས་པ་ནོར་དད་དང་མོ་དད་ཀྱིས་རྐུབ་ཚོས་བསྡད་ཡོད་པ་ཞིག་རེད། ནོར་དང་མཛེས་མའི་ཕྱིར་དུ་རྒྱལ་བོའི་ཕོ་བྲང་དུ་སོང་ནས་འདོད་ཆགས་མེ་བཞིན་འབར་བའི་རྒྱལ་སྲས་གཞོན་ནུ་ཕོ་མོ་ཚོའི་འདོད་ཆགས་འཕེལ་ཕྱིར་དུ་སྙན་གཞུང་མེ་ལོང་མ་བརྩམས་པ་ཞིག་ཡིན་པ་ལོ་རྒྱུས་སུ་ཡོངས་གྲགས་དང་། མེ་ལོང་མའི་རྩོམ་པ་པོའི་ལོ་རྒྱུས་ལ་རེ་ཞིག་བསམ་བློ་མ་བཏང་བར་མེ་ལོང་མ་རང་ངོས་ཀྱིས་བོད་མི་རིགས་ཀྱི་སྙན་ཚིག་རིག་པ་འདི་ཅི་ཙམ་ཞིག་གོང་འཕེལ་དུ་བཏང་ཡོད་པར་བསམས་ཚེ་སློབ་དཔོན་འདི་ལ་ངོ་མ་ལག་གཉིས་ཐལ་མོ་སྦྱོར་དགོས་པའི་ཚུལ་དུ་ཡོད་པ་དང་། ཐག་ཉེ་ས་ནས་དགེ་འདུན་ཆོས་འཕེལ་ལྟ་བུའི་རིན་ཐང་ཅན་གྱི་བརྩམས་ཆོས་མང་བའི་མཁས་པ་འདི་ཡི་མི་ཚེའི་ལོ་རྒྱུས་ལ་དཔྱད་ན་སྐབས་རེར་རྒྱ་གོ་མིན་ཏང་གི་ཕོགས་གཟན་ཡིན་པ་འདྲ་བོ། སྐབས་རེར་བུ་མོ་མ་རེག་དུས་འགྱིག་གི་བུ་མོ་ཚོར་རྒྱོ་བསྡད་ཡོད་པ་འདྲ་བོ་མི་ཡ་རབས་ཚུལ་ལྡན་ཞིག་གི་མི་ཚེའི་འགྲོ་སྟངས་ལས་རིང་དུ་བརྒལ་བ་ལྟ་བུ་ཞིག་མཐོང་ཡོང་གི་རེད་དེ། ཡིན་ན་ཡང་། ང་ཚོས་ཁོང་གིས་མི་ཚེའི་ནང་དུ་ཡ་ང་སྐྱུག་བྲོ་བའི་ལས་ཀ་ཇི་འདྲ་ཞིག་བྱས་ཡོད་མེད་དེ་ཁོང་གི་སྒེར་གྱི་དོན་དག་ཅིག་ཏུ་བརྩིས་ནས་ཕྱོགས་གཞན་ཞིག་སྟེ་ཁོང་གིས་མེ་བཞིན་འབར་བའི་རྣམ་དཔྱོད་བེད་སྤྱོད་ཀྱིས་བེེཌྰུརྱའི་བུམ་པ་ལྟ་བུའི་རྩོམ་ཡིག་ཇི་འདྲའི་མང་པོ་ཞིག་བརྩམས་གནང་མཛད་པའི་སྐོར་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་པ་མིན་ནམ།
མགོན་པོ་ཕྱག་གཉིས་ལགས། ང་ཆུང་ཆུང་ཡིན་དུས་ལམ་བར་ཞིག་ནས་འབྲོག་པ་མི་རྒན་ཞིག་གིས་ངའི་ལག་ནས་ཤིང་ལེབ་དུམ་བུ་ཞིག་ཁོང་ལ་མ་བྱིན་རུང་དགོད་ཞོར་དུ་བཙན་འཕྲོག་བྱས་པའི་ཉིན་མོ་དེ་ནས་བཟུང་། ཁྲིམས་ཟེར་བ་འདིའི་སྐོར་ལ་དོ་སྣང་ཡོད་པར་གྱུར། རང་དབང་དང་མཉམ་དུ་འོས་འགན་ཞིག་ཀྱང་ཡོད་པ་ཤེས་དགོས། ཁྱོད་ནི་རང་ཁྱིམ་དུ་གཅེར་བུར་འབུད་འདོད་ན་དེ་ཁྱོའི་རང་དབང་རེད་ལ། ཡང་སྤྱི་ཚོགས་ཐོག་ཏུ་གཅེར་བུར་འབུད་རྒྱུ་ཡིན་ཟེར་ན་དེ་ལ་སྤྱི་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་ཞིག་ལོས་ཡོད། སྤྱིར་དམར་ཧྲེང་ནི་ངས་མི་རབས་གསུམ་པའི་སྐོར་ལ་གཞི་འཛིན་སའི་སྐད་ཆ་གཙོ་བོ་ཞིག་མིན། ངས་བཤད་འདོད་པ་ནི་རྒྱ་ནག་ཏུ་དེང་སྐབས་ཁ་ཤས་ཀྱིས་སྤྱི་ཚོགས་ཀྱི་མདུན་ནས་འཛེམས་བྱ་གཏོར་བའི་ (testing the limits of taboo) སྒྱུ་རྩལ་གྱི་ཚོད་ལྟ་ཞིག་བྱེད་བཞིན་ཡོད་པ་དེའི་སྐོར་ལ་ཡིན། མི་ཤ་ཟ་བ་ནི་དེའི་དཔེ་མཚོན་ཞིག་རེད། ད་སྐབས་ང་ལ་ལས་བྲེལ་ཏོག་ཙམ་འདུག་པས་འདིའི་སྐོར་རྗེས་ནས་བཤད།
རྟོག་པ་ལྷ་དང་མཉམ་རུང་། སྤྱོད་པ་མི་དང་བསྟུན་དགོས་ཟེར་བའི་སྐད་ཆ་ཞིག་ཡོད་པ་ལྟར་རེད། ཆོས་པ་མི་ལས་བལྟས་ན་འཁོར་བ་སྨྱོན་པ་རེད། འཁོར་བས་བལྟས་ན་མི་ལ་སྨྱོན་པ་རེད། མི་ལ་འགྲིག་གམ་འཁོར་བ་འགྲིག་ནི་སོ་སོའི་མཐོང་སྟངས་ཀྱི་ཁྱད་པར་ཙམ་རེད། ང་རྟོག་པ་བཤད་མཁན་གྱི་ཆོས་པ་མིན། ང་ཁྲིམས་ལུགས་བཟོ་མཁན་གྱི་སྤྱི་འཐུས་མིན། ང་མི་སེར་ཡིན། ངས་བསམ་ཚུལ་ཙམ་བཤད་པ་ཡིན།
མི་རབས་གསུམ་པའི་ཚབ་མཚོན་བརྩམས་ཆོས་འགའ།
ངལ་རྫིའི་སྙན་ངག་རིང་མོ། འདོད་ཁམས།
སྐྱབས་ཆེན་བདེ་གྲོོལ་གྱི་སྙན་ངག་རིང་མོ། འཇིག་ཉེན་གྱི་ཚོར་བ་ཐོག་མ།
རེ་རྐང་གླིང་གི་སྙན་ངག་རིང་མོ། སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ།
གཉན་གྱི་ལག་རྩལ་རིང་མོ། ལག་རྩལ།
སོགས་ཡོད།
མི་རབས་གསུམ་པ་ནི་བོད་ནང་གི་རྩོམ་རིག་ཚོགས་པ་ཞིག་ལས་ཅི་ཡང་མིན་ལ་ན་གཞོན་རྩོམ་པ་པོ་དག་གིས་ཁེར་རྐྱང་དང་ཁ་ཐོར་གྱི་རྣམ་པ་མ་བཟོད་པར་ཐོག་མར་ཇ་ཁ་ཆང་ཁ་ནས་ཚུགས་ཤིང་རྗེས་སུ་རིམ་གྱིས་བོད་ཀྱི་ཆེད་བཀོལ་བརྡ་ཆད་ཅིག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད། ང་ཚོས་གླེང་འོས་པ་ནི་ཁོ་ཚོས་བོད་ཀྱི་རྩོམ་རིག་ལ་ལག་རྗེས་ག་འདྲ་ཞིག་འཇོག་འོས་པ་དེ་ཡིན་པ་ལས་ཆང་འཐུང་བ་དང་འདོད་པར་ཞུགས་པ་སོགས་གླེང་བ་ནི་དགོས་མེད་ཀྱི་ཉོག་གཏམ་དུ་ཆགས་འགྲོ་གི་ཡོད་པ་རེད།ཡིན་ནའང་དེ་གླེང་ནའང་མི་ཆོག་རྒྱུ་ཅི་ཡང་མེད།
གྲྭ་རྐྱང་ང་ཚོགས་ཆོས་གྲལ་འགྲོ་དགོས་པ་དང་ལྷོ་ཕྱོགས་སེ་ར་དགོན་ནས་སྤེལ་ཀོབ་གཞིས་གྲོང་ཁག་ནས་གློག་དང་དྲ་ལམ་ཡག་པོ་མེད་པའི་དཀའ་ངལ་གྱིས་རྟག་ཏུ་བསུན་པོ་བཟོ་བཞིན་འདུག་པས། དྲ་ཐོག་ཏུ་ཡོང་ཁོམ་མ་བྱུང་བར་དུས་ཡུན་ཅུང་ཙམ་འགོར་བའི་རིང་ཨ་ཁུ་ཀླུ་སྨྱོན་དང་ལྕགས་རྒྱ་འགྲམ་ནག སྤོབས་པ། ཚེ་རིང་བུ། མགོན་པོ་ཕྱག་གཉིས། གླེན་པ་ལུག སྐྱ་ཀ་ཁ། སྙན་བཟང་གཡུང་དྲུང་ཚེ་རིང་སོགས་ཀྱི་ཕྲན་གྱི་མི་རབས་གསུམ་པ་གླེང་དུ་ཤོག་ཅེས་པའི་སྐོར་ལ་མཆན་བུ་མང་བོ་བཏབ་འདུག་པར་སྙིང་ནས་ཐུགས་རྗེ་ཆེ།
འདིར་ཕྲན་གྱིས་ལྕགས་རྒྱ་འགྲམ་ནག་གིས་བཤད་པ་ལྟར་མི་རབས་གསུམ་པའི་བྲིས་པའི་རྩོམ་ཡིག་ཅིག་བཀླག་རྒྱུར་དགོས་པ་ཆེན་པོ་མཐོང་སྟེ་འདིར་འབྲི་བར་བྱའོ། །
མདའ་བཙན་པོས་བྲིས་པའི་མཇེ་སྙན་ངག《ཁང་བ་འདིའི་ནང་ནས།》ཞེས་པའི་སྙན་རྩོམ་དེར་རོལ་མྱོང་ཐེངས་ཤིག་བྱ།
ཁང་བ་འདིའི་ནང་ནས།
ངས རང་གི་རྐང་སྣམ་ཁ་སྐོར་སྒྱིད་ཁུགས་སུ་ཕུད་ནས
མཇེ་ངན་འདི་རྩ་བ་ནས་གཅོད་ཐབས་མི་འདུག་ཅེས
ཆགས་སྲེད་སྒྱེ་གང་དང་མཉམ་དུ་སུ་ཞིག་ལ་སྒུག་དགོས
ཁ་བ་འདིའི་ནང་ནས
ངས རང་གི་རླིག་རྩུད་ཡོད་ཚད་ཐག་པ་ཞིག་ཏུ་བརྒྱུས་ནས
མྱོས་བུམ་ལྷུག་ལྷུག་བྱེད་པའི་བུ་མོ་ཞིག་ལ
འདི་ཁྱོད་ཀྱི་རྐམ་སྣམ་ཁ་ཐིག་བྱོས་ཞེས
བརྩེ་དུང་སྤར་མོ་གང་དང་ལྷན་དུ་སྟེར་སྲིད་དམ
ཁང་བ་འདིའི་ནང་ནས
ངས བུ་མོ་ཞིག་གི་མཆུ་སྒྲོས་ལ་མཆུ་སྒྲོས་གླན་གྱིན
རང་གི་ཕོ་མཚན་མོའི་མོ་མཚན་ལ་ཤེད་ཀྱིས་རྫོང་གིན
དམྱལ་བའི་སྡུག་བསྔལ་འདི་ནས་བོར་འགྲོ་ལ
བདེ་བའི་ཞིང་ཁམས་འདི་ནས་རྙེད་འགྲོ་ཞེས
སྙིང་ཉེ་བའི་བུ་ཆུང་ཞིག་འཇོག་ཐུབ་བམ
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ལས་བཤུས།
རེད་ཡ། གོང་གི་སྙན་ངག་དེ་ནི་མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་ཅིག་རེད་ལ། ཁོང་ཚོའི་ཚབ་མཚོན་སྙན་ངག་མང་ཆེ་བ་འདི་ལྟ་བུའི་འཁྲིག་ཚིག་དང་བཙོག་བཤད་རེད། འདི་ལྟ་བུའི་སྙན་ངག་ཅིག་རྗེས་ཕྱོགས་མདའ་བཙན་པོའི་བུ་མོས་ཇི་ལྟར་ཀློག་གམ། ཡང་ན་ཁོང་གི་ཕ་མ་གཉིས་ཀྱིས་རང་གི་བུས་འདི་ལྟ་བུའི་སྙན་ངག་འདི་ལྟ་བུ་ཞིག་བྲིས་འདུག་ཟེར་ནས་དགའ་ས་འགྲོ་འམ།
ངས་ཆུ་ཚོད་མང་བོ་ཞིག་ལ་སྒུག་ནས་སྡད།ཡིན་ཡང་ལྕགས་རྒྱ་འགྲམ་ནག་ཨ་ལགས་ཀླུ་སྨྱོན་སོགས་གཉིད་ལ་ཤོར་སོང་ནི་ཡིན་པ་འདྲ།གོ་རྒྱུ་ཚོར་རྒྱུ་མི་འདུག ད་ཡིན་ན་གྲྭ་རྒན་ང་ཉོབ་སོང་།
ངས་སྤེལ་བའི་རྩོམ་ཧྲུལ་”རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་བའི་སློབ་ཆུང་དགེ་རྒན་འགའ་”ལ་ལྟ་ཚུལ་ཅི་ཡོད།
དྲ་གྲོགས་ཁ་བ་དཀརཔོ་ལགས །
རླབས་ཆེ་བའི་མི་རབས་གསུམ་པ་དང་ཅོལ་ཆུང་བའི་སློབ་ཆུང་དགེ་རྒན་འགའ་”ལ་ལྟ་ཚུལ་དམིགས་གསལ་ཅི་ཡང་མེད །གང་ཡོད་པ་དེ་ཕྲན་གྱི་ཟིན་བྲིས་སུ་བཤད་ཚར་ཡོད །འུ་གཉིས་ཀས་འཆར་གཞི་གཅིག་པ་འདྲ་བོ་མཐོང་སོང་ །ཁྱོས་བལྟས་ན་དེ་འདྲ་ཞིག་ཨེ་རེད །
མི་རབས་གསུམ་པའི་སྡོམ་ཚིག་ཅིག་བྲིས་པ་འདི་ལྟར་རེད །
ང་ཚོ་ནི་པད་མར་ཆགས་པའི་བུང་བ་དེ་མིན །
ང་ཚོ་ནི་མཛེས་མ་སྐེད་པ་ཡོད་མེད་ལ་དཔྱད་མཁན་དེ་མིན །
ང་ཚོ་ནི་《རྒྱུགས་ཤིག་དང་》《མཆོངས་ཤིག》ཟེར་མཁན་དེའང་མིན །
ང་ཚོ་ནི་《མེ་ལོང་མའི》དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ་དེའང་མིན །མི་རབས་གསུམ་པས་འདི་ལྟར་བྲིས་འདུག་ལ །ཁོ་ཚོའི་དངོས་གནས་ཁ་བཤད་ཙམ་མིན་པར་ལག་ལེན་དུ་བྱེད་ཐུབ་ཚེ་མི་རབས་གསུམ་པ་ངེས་པ་དོན་གྱི་མིང་གྲགས་ཅན་ཞིག་ཏུ་འགྱུར་བར་གདོན་མི་ཟ ། དེ་མིན་པར་ཚགས་སྲེད་སྐོར་གླེང་ནས་ནམ་ཡང་མཚན་སྙན་རྒྱས་མི་སྲིད །
ཨ་རིག་དགེ་མཐོང་ལགས། མི་རབས་གསུམ་པའི་སྐོར་གླེང་ནས་གང་མཚམས་ཞིག་ལ་སླེབས་འདུག གོང་གི་མཆན་ཚང་མ་ཀློག་མ་ཐུབ་ཀྱང་ཁྱོད་ལའང་བློ་སྐྱེད་ཅིག་འབྱོར་ཡོད་ལས་ཆེ། དེ་འདྲ་ཞིག་བྱུང་ཡོད་པའི་སྨོན་ལམ་འདེབས་ཡ།
ཁྱོད་ཚོས་མི་རབས་གསུམ་པ་གླེང་གླེང་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཤར་དུང་རུ་འབྲི་མཁན་མི་རབས་གསུམ་ཡིན་ན། ཞི་ལི་འདི་ཚོ་ལག་མ་ཆགས་ནོ་མིན་ནས། བུ་རབ་དག་དག་མ་རེད་ན་དཀར་རོའི་དགེ་བ།
དྲགྲོགས་འབིག་ལགས །
《ཨ་རིག་དགེ་མཐོང་ལགས། ཁྱོད་འདི་ངོ་མས་མི་ལས་ངན་ཞིག་རེད་ཡ། ཁ་བརྡ་འདི་མི་ཆེ་རུ་ཆེ་ཚད་ཀྱི་རྩོམ་ཡིག་མ་གཏོགས་འགོད་ས་ཞིག་མིན་པ་མིན་འགྲོ། འདི་ལྟར་བཤད་ན་ཁྱོའི་སེམས་ཤུགས་སྔར་ལས་ཆགས་སྲིད་མོད། དོན་དངོས་ཐོག་དེ་འདྲ་ཞིག་མཐོང་སོང་། ཡིན་ནའང་ཤུགས་རྒྱོབ་དང་ཉིན་མ་ཁོས་ཚོས་ཁྱོའི་རྩོམ་ཡིག་བཙལ་ནས་ཡོང་གི་རེད། 》ཁྱོས་ཁ་སང་ང་ལ་འདི་ལྟར་ལབ་ནོ་ད་ཡིན་ན་ཕལ་ཆེར་ལུང་བསྟན་འདྲ་བོ་ཅིག་ཆག་སོང་ །
དྲ་གྲོགས་འབར་ཞུན་ལགས །
ཁྱོས་སྙན་ངག་ཁ་ཤས་ཤིག་བྲིས་ནས་ད་བར་དུ་བདུན་ཕྲག་འགའ་ཕྱིན་ཡང་ད་འབར་རྒྱུ་མེད་པ་ཅི་རེད ། ནང་ལ་ཆུ་ཤོར་ཡོད་པ་འདྲ ། དེ་མིན་ན་མི་རབས་གསུམ་པའི་སྐོར་གླེང་དུ་ཤོག་ལོ ། །
སྟག་སྨྱོན་ཁྱོད་འདི་ངོ་མ་ཧོན་ལོག་ནི་མིན་ན་ལྟ་རྒྱ་ཐོས་རྒྱ་ཆུང་བ་ཐག་བཅད་ཐུབ །
ད་ལོའི་ཤར་དུང་རི་འབྲི་མཁན་ཚོ་མི་རབས་གསུམ་པ་ཡིན་པ་ཁྱོས་གང་ནས་ཤེས་སོང་།
དམྱལ་བ་བོ་ཚོད་དཔག་བྱས་ནས་བཤད་འདུག དེ་མིན་ཁོ་ཚོས་དེ་འདྲའི་ལ་རྒྱ་འབྲི་ཐུབ་ན་ངས་ཁོ་ཚོའི་བླ་བཙག་ནས །ཁྱོས་ད་ལོའི་ཤར་དུང་རི་ཨེ་རིག
ད་གྲོགས་མྱི་ལྡིང་གིས་བཤད་པའདི་གནལ་ལ་ཅུང་ཙམ་ཁེལ་འདུག་སྙམ་ངས་འདིར་བཀོད །《མི་རབས་གསུམ་པ་ནི་སྙན་ངག་པར་རློམ་པའི་གསར་བུ་སྐོར་ཞིག་རེད། དེ་ཡང་ཁ་གསལ་དུ་བཏང་ན། ཆང་འཐུང༌། ལབ་རྐྱལ། ཚུགས་མེད། འགན་མེད། ཤེས་ཡོན་གྱི་གནས་ཚད་ངེས་ཅན་མེད་པ་བཅས་ཀྱི་ཚིག་འདི་དག་གིས་ཁོང་ཚོའི་ཁ་སྟབས་ལ་སྡོམ་ཚིག་བཀོད་ཆོག་པ་ལྟ་བུ་རེད། འདི་ཚོའི་ནང་འདི་ནི་རིག་གནས་ལ་བྱས་པ་ཅན་ནོ་ཟེར་བ་ཞིག་མེད། འདི་ཚོས་ཆེད་དུ་བྱ་བའི་ལས་ནི། སྤྱི་ཚོགས་ཀྱིས་ང་ཚོ་ངོས་ལེན་བྱེད་དགོས། ང་ཚོར་སྙན་གྲགས་འབུལ་དགོས། ང་ཚོར་གདེང་འཇོག་བྱེད་དགོས་ཞེས་ཕར་ཨུ་ཚུགས་རྒྱག་པ་ཙམ་རེད། ཡིན་ནའང༌། འདི་ཚོས་བོད་སྐད་དང་བོད་ཡིག་ཤེས་ཀྱི་འདུག་ལ། དེར་ཤི་འཐམ་རོ་འཐམ་བྱེད་པའི་འདུན་པ་དེ་ཡག་པོ་རེད།
མི་རབས་གསུམ་པ་ཟེར་བའི་གསར་བུ་དེ་ཚོ་ནི། ཨུ་ཚུགས་བརྒྱབ་ནས་སྙན་ངག་པའི་མཚན་མཐོང་བརྩོན་ལེན་བྱེད་པའི་རེ་བ་སེམས་ལ་ཉར་མཁན་ཁག་ཅིག་རེད། ཡིན་ནའང༌། ད་ལྟའི་བར་ཁོང་ཚོས་གང་བྲིས་པ་དང་སྤེལ་བའི་སྙན་ངག་དེ་ཚོར་ནི། ཚབ་མཚོན་གྱི་ནང་དོན་དང་ཚབ་མཚོན་གྱི་རྩོམ་ཉམས་དོད་པ་གང་ཡང་བྱུང་མེད།
རིག་གནས་ཀྱི་རྨང་གཞི་བརྟན་པོ་མེད་པའི་སྨྱུ་གུ་འཆང་མཁན་ལས་དང་པོ་བ་ཞིག་ལ་དཔེ་འགེབས་ཀྱིས་བཤད་ན། ཁོང་ཚོའི་དམིགས་ཡུལ་མཐར་ཐུག་ནི། སྙན་ངག་པ་ཙམ་བྱ་རྒྱུ་དེ་རེད། དམིགས་ཡུལ་འདི་ནི་བོད་ཀྱི་རྩོམ་པའི་རིག་གནས་ཁྲོད་ནས་བཤད་ན། གཞི་རིམ་གྱི་ལམ་སྣེ་ཙམ་རེད།
མི་རབས་གསུམ་པ་ཡིན་ན། ཆགས་སྲེད་བརྗོད་བྱ་གཙོ་བོར་བྱེད་པ་དང༌། སྐྱ་སེར་གང་ཡིན་ཡང་ཁོར་ཡུག་གང་རུང་ནས་གཅེར་བུར་བུད་དེ་བསམ་བློ་དང་བྱ་སྤྱོད་གཅིག་མཚུངས་ཡིན་ཚུལ་སྟོན་རྒྱུ་དེ་མི་རབས་གསུམ་པ་ཟེར་བའི་ཚོགས་པའི་རྩ་དོན་གྲས་ཀྱི་གཅིག་ཡིན་པ་འདྲ། རེབ་གོང་གི་གྲྭ་པ་ཞིག་ཁྲོམ་ནས་གཅེར་བུར་བུད་པ་སོགས་ཀྱིས་རྐྱེན་བྱས་ཏེ། ཁྲི་སེམས་དཔའ་ཟེར་བའི་གསར་བུ་དེའི་རང་གི་གཤིས་ཀ་ངོ་མ་བསྐྱར་གསོའམ་ཕྱིར་སྟོན་བྱས་ནས་མི་རབས་གསུམ་པའི་ཚོགས་ཁོངས་ནས་ཕྱིར་ཐོན་བྱས་པ་ལྟ་བུ་རེད། དངོས་ནས་བཤད་ན། མི་རབས་གསུམ་པ་ནི། སྤྱི་ཚོགས་ལ་སྙན་གྲགས་སློང་མཁན་གྱི་སྤྲང་པོ་ཉམ་ཆུང་ཁག་ཅིག་རེད། མི་རབས་གསུམ་པ་ནི། སྤྱི་ཚོགས་ལ་ངོས་ལེན་གྱི་ཞུ་བ་འབུལ་བའི་སྟོང་སེམས་རིང་ལུགས་པ་ཁག་ཅིག་རེད། མི་རབས་གསུམ་པ་ནི། ཀླུ་སྨྱོན་གྱིས་བཤད་པ་ལྟར་གྱི་ཆང་གཏམ་གྱེར་མཁན་ཁག་ཅིག་རེད། འདི་ནི་ཁོང་ཚོའི་རིན་ཐང་རེད། འདི་ནི་ཁོང་ཚོའི་ཁ་སྟབས་རེད། སྙིང་རྗེ་བ་ལའང༌།》ཅེས་པ་འདི་ངོ་མ་ངའིབསམ་བློ་དང་ཅུང་ཙམ་མཐུན་གྱིན་འདུག
Dear all, please don’t write useless things. Writers have to write useful things, so all the people in the our society will listen them, agree them and respect them. other wise writers are like jobless as just talking about something without aim.
Ok?
ཨ་རིག་དགེ། ང་རྒས་དྲགས་པ་མ་རེད། ཁྱེད་ཀྱིས་བཤད་པ་ལྟར་ལྟ་རྒྱ་མཐོང་རྒྱ་ཆུང་དྲགས་པ་རེད་། ས་འདི་ནས་ལྟ་འདོད་ཀྱང་རིག་རྒྱུ་མི་འདུག ཉན་འདོད་ཀྱང་ཐོས་རྒྱུ་མི་འདུག ཐོས་རྒྱུ་དང་མཐོང་རྒྱུ་རེ་ཡོད་པ་ཁ་བརྡའི་ནང་གི་ཁྱེད་ཚོའི་སྐད་ཆ་ཙམ་རེད། འོན་ཀྱང་འདིར་རྟ་སྒ་བཤད་དུས་གླང་སྒ་བཤད་ནས་བསྲེས་ཡོང་གི་འདུག་པས་གསལ་ཐག་ཆོད་ཅིག་ལྟ་རྒྱུ་དང་རིག་རྒྱུ་མི་འདུག མི་རབས་གསུམ་དང་ཤར་དུང་རུ་ཟེར་བ་གཉིས་ཀའང་ཁྱེད་ཚོའི་ཁ་ནས་མ་གཏོགས་གོ་མ་མྱོང་། གོང་དུ་མདའ་བཙན་པོ་ཟེར་མི་ཞིག་གི་མཇེ་རྩོམ་དྲངས་འདུག་ཀྱང་དེ་ལ་སྙན་ངག་གི་ཉམས་གང་ཡང་མེད་ཚིག་སྒྲིག་ཤི་བོ་ཞིག་ལས་ཅི་ཡང་མ་རེད། དེ་འདྲ་སྙན་ངག་ཟེར་ན་ཀུང་ཁྲན་ཏང་གིས་བོད་ཀྱི་སྙན་ངག་གི་བསྟན་པ་བསྣུབ་ཚར་བའི་བདེན་དཔང་ཡིན་པ་འདྲ། ངས་དང་པོ་ཆགས་སྲེད་ཀྱི་སྐོར་ཡིན་པས་མི་ཚོས་འཕྱ་དམོད་བྱེད་ཀྱི་ཡོད་པ་ལས་ཚིག་གང་ལེགས་ཤིག་བྲིས་ཡོད་ངེས་རེད་བསམ་ཡོད། ཚིག་ལ་ལྟ་རྒྱུ་དང་དོན་ལ་ལེན་རྒྱུ་མེད་པའི་ངོ་ཚ་ཁྲེལ་མེད་ཀྱི་གདོང་བ་ཕྱིར་སྟོན་རྒྱུར་འདང་བརྒྱག་མེད་མཁན་ཞིག་ལས་ཅི་ཡང་ཡིན་ཚོད་མི་འདུག
ཆགས་སྲིད་ལ་དགའ་བ་དང་གནམ་གཤིས་དྲོ་དུས་དམར་ཧྲེང་མར་བུད་ནས་འགྲོ་ཡ་རབས་དང་མ་རབས་གང་ཡང་མ་རེད། དེ་ཆ་རྐྱེན་ཞིག་གི་འོག་ནས་བྱུང་བའི་གོམས་གཤིས་ཤིག་རེད། མི་རབས་གསུམ་པའི་མི་ཁ་ཤས་གཅེར་བུ་བུད་པ་དེར་ཡ་མཚར་བའམ་ཞེ་སྡང་བ་མེད། ང་འདུག་སའི་མཚོ་འགྲམ་འདི་ན་གཅེར་བུར་བུད་ནས་ཉི་མར་དྲོ་བསྡོད་མཁན་དང་ཡང་གཅེར་བུར་མཛེས་མ་ཚོས་སྤོ་ལོ་རྩེད་ནས་འདུག་མཁན་ཆད་རྒྱུ་ཡོད་པ་མ་རེད། འདི་ནས་གཅེར་བུ་བུད་དེ་མཚན་མ་བསྟན་ནས་འགྲོ་རྒྱུར་ངོ་ཚ་དང་ཡ་མཚན་བྱེད་མཁན་ཡོད་པ་མ་རེད། འོན་ཀྱང་གཅེར་བུ་མཐོང་ན་དེ་ལ་ཧོན་ཐོར་ནས་མིག་གདངས་ཏེ་ལྟ་མོ་ལྟ་མཁན་བྱུང་ན་གཞི་ནས་འཛམ་བུ་གླིང་མཐོང་མ་མྱོང་བའི་མི་ཁུང་བུ་ཞིག་ནས་ཐོན་ཡོང་བ་མིན་འགྲོ་བསམ་ནས་ཁྱེད་ལ་ལྟ་མོ་ལྟ་མཁན་རུབ་ཡོང་གི་རེད།
ངས་མི་རབས་གསུམ་པའི་མི་སྣ་ཚོ་གཅེར་བུ་འབུད་སྟངས་ཀྱི་ཀུན་སློང་དང་དམིགས་ཡུལ་དེ་ཐབས་རྡུགས་ཤིག་མཐོང་གི་འདུག ཡ་མཚན་དང་ངོམ་སོ་ཡང་ན་ལྟ་བ་གསར་བ་དང་མི་རབས་གསར་བའི་གམིགས་བསལ་གྱི་ཁྱད་ཆོས་མཐུན་མོང་མ་ཡིན་པའི་ཡ་མཚན་ཞིག་ཡིན་མོད་མདོག་བྱས་ན་ཕྱི་མིས་མཐོང་ན་ང་ཚོ་ལ་མཐོང་ཆུང་བྱེད་རྒྱུ་རེད། ལུང་བ་གཞན་པ་ཚོའི་ནང་གི་རྒྱུན་སྤྱོད་ཅིག་ང་ཚོའི་མི་རབས་གསུམ་པ་ཟེར་བས་སྔར་ཡོད་མ་མྱོང་བའི་དཔའ་རྟགས་དང་མཁས་ཉམས་ཤིག་ཡིན་མདོག་གིས་ངོམ་ཡོང་དུས་ཞབས་འདྲེན་རེད། གཅེར་བུ་འབུད་པར་མཁས་པ་དང་སྙན་ངག་པ་ཡིན་དགོས་མེད། ཆགས་སྲིད་ལ་དགའ་བའང་ཚད་མཐོའི་མཁས་རྟགས་ཤིག་མ་ཡིན་པའང་མ་ཤེས་པར་བོད་དུ་དཔེ་གསར་ལྟ་བུ་བྱས་ཡོང་དུས་ཞེ་སྡུག་ཡོང་གི་འདུག གཅེར་བུ་འབུད་འདོད་དུས་འབུད་ཆོག་གི་རེད། འོན་ཀྱང་གཅེར་བུར་ཡང་བུད་པ་ཡིན་མདོག་མདོག་གིས་སྤོབས་པ་དང་ང་རྒྱལ་དམིགས་བསལ་ཞིག་གི་ཆེད་ཡིན་ལྐུགས་རྟགས་དང་འཛམ་གླིང་མ་མཐོང་བའི་ཁུང་བུའི་ནང་གི་མི་རིགས་ཤིག་ད་སོ་མ་ཁུང་སྒོ་བུད་པ་ལྟ་བུའི་བག་ཆགས་ཤིག་སྟེར་་་་་་་་་་་་་་་་་་། གཅེར་བུ་འབུད་རྒྱུར་ང་ཡང་དགའ་བོ་ཡོད། ཚ་བ་ཆེ་དུས་གཅེར་བུར་བསྡོད་དང་སྐྱིད་པོ་དཔེ་ཡོད་པ་རེད། ངའི་མོ་ངོ་ཤེས་པ་དེའི་ནང་ལ་འགྲོ་དུས་བུ་མོ་ལོ་ཉུ་ཤུ་ཅན་ཞིག་ཡོད་པ་དམར་རེངས་མ་ནང་ནས་ཡར་མར་འགྲོ་བསྡད་ཀྱི་འདུག དེ་ལ་ཧ་ལས་ནས་ལྟ་མོ་ལྟོས་ན་ཞབས་འདྲེན་ཞུས་པ་རེད། མཚོ་འགྲམ་ལ་འགྲོ་ན་གཅེར་བུར་མ་བུད་ན་ང་ཚ་ཡོང་གི་རེད། དེ་ལ་སྤོབས་པ་དང་ང་རྒྱལ་བྱེད་པ་དེ་ཡ་མཚན་རེད། དེ་གཟུགས་པོ་འཕྲོད་བསྟེན་གྱི་ཆེད་དུ་རེད།
བཤད་རྒྱུ་གཅིག་བརྗེད་འདུག བུ་མོ་ཚོར་གཟུགས་པོ་ཡག་པོ་ཡོད་ན་གཅེར་བུ་འབུད་དུས་ང་རྒྱལ་དང་སྤོབས་པ་ཆེན་པོ་བྱས་ནས་ངོམ་གི་རེད། དེ་མིན་གཅེར་བུ་འབུད་རྒྱུ་ཁག་པོ་མ་རེད་ལ་ངོམ་རིན་མེད་པ་ཞིག་རེད། འདོམ་རྩིད་སོགས་ལ་བདག་པོ་ཡག་པོ་བཟོས་མེད་ན་གཅེར་བུ་མ་བུད་ན་ཡག་གི་རེད་ཅེས་མདའ་བཙན་སོགས་ལ་བཤད་རོགས། ཉུང་མཐའ་གཟུགས་པོ་མ་འཁྲུས་པར་གཅེར་བུ་མ་འབུད་ཅེས་མི་རབས་གསུམ་ལ་ངའི་རེ་བ་འདི་ལབ་རོགས།
དང་པོ་ལབ་རྒྱག་ཆང་ལ་དགའ་བ་དགོས།།
གཉིས་པ་ཆགས་སྲེད་ཚིག་ལ་བྱང་བ་དགོས།།
གསུམ་པ་གཅེར་བུར་རྒྱུ་བའི་སྤོབས་པ་དགོས།།
འདི་གསུམ་ཚང་ན་མི་རབས་གསུམ་པ་ཡིན།།
མི་རབས་གསུམ་པའི་བསམ་བློའམ་ལྟ་བ། ཕྱག་ལེན་སོགས་སོགས་ཐམས་ཅད་ཆགས་སྲེད་དང་གཅེར་བུར་འབུད་པ་ཙམ་དུ་ངོས་འཛིན་པའི་བླ་རྒན་ཁྱེད་ཚོ་ནི་རྒྱ་ནག་གི་ཁ་དཔེར་རྒུན་འབྲུམ་ཟ་མ་ཐུབ་པས་རྒུན་འབྲུམ་སྐྱུར་གི་ཟེར་མཁན་ཤ་སྟག་སྟེ། རང་དབང་ལུང་བ་ནས་ཁ་ཤོམ་འཐེན་པ་ལས་ཕྱིར་བོད་ནང་དུ་ལོག་ནས་མི་རིགས་ལ་ཕན་པའི་དོན་རེ་བསྒྲུབ་ན་མི་ལེགས་སམ།
ལྷག་པར་དུ་ཀླུ་སྨྱོན་ཟེར་བའི་དེང་རབས་ཀྱི་ཁྱད་ཆོས་མངོན་པར་འཛོམས་པའི་གྲྭ་བ་དེས་ནི་དབྱེན་སྦྱོར་དཀྲུག་ཤིང་གི་བསམ་པས་ཀུན་ནས་བསླངས་ཏེ་མི་རབས་གསུམ་པའི་ལས་ཀ་གཙོ་བོ་ནི་ཆང་འཐུང་རྒྱུ་དེ་ཡིན་པ་དང་། མི་རབས་གསུམ་པའི་དགའ་ཕྱོགས་ནི་གཅེར་བུར་འབུད་རྒྱུ་ཡིན་པ། མི་རབས་གསུམ་པའི་སྙན་ངག་གི་བརྗོད་བྱ་ནི་ཆགས་སྲེད་ཡིན་པ་སོགས་ཀྱི་གཏམ་འཆལ་བསྒྲོགས་ཏེ་བོད་ཀྱི་གཞོན་ནུའི་ཚོགས་པ་འདིའི་མགོ་ལ་ཞྭ་མོ་ཞིག་སྐོན་ཨེ་ཐུབ་ལྟ་བཞིན་ཡོད་པར་བལྟས་ན་དམིགས་ཡུལ་གཞན་པ་ཞིག་ཀྱང་ཨེ་ཡོད་སྙམ་པ་ཞིག་ཏུ་མཐོང་། ཀུན་གྱིས་ཤེས་གསལ་ལྟར། མི་རབས་གསུམ་པ་བ་དག་ནི་ཤེས་རབ་ལ་བརྩི་མཐོང་བྱེད་ཅིང་། སྙན་ངག་འབྲི་བར་གོམས་ཡོད་པ། རང་མི་རིགས་ལ་ཞབས་ཞུ་སྒྲུབ་པའི་ལས་ཁུངས་དག་ན་ལས་ཀ་གཉེར་མཁན་ཤ་སྟག་ཡིན་པས་ཁོ་ཚོས་བོད་ཀྱི་གཞོན་ནུ་ཚོ་ཚོགས་པའི་སྐབས་དང་བསྟུན་ནས་ཆང་རེ་གཉིས་འཐུང་བ་ཇེ་ཆེར་བཏང་ནས་ཁྱད་གསོད་ཀྱི་ཚིག་དེ་འདྲ་ལབ་ཕོད་ན་ཁོ་རང་གིས་གོང་ས་མཆོག་དང་བོད་ཀྱི་ཆོས་དང་རིག་གནས་དེ་ཚོང་རྫས་ལྟ་བུར་ངོས་བཟུང་ནས་སྐྲ་སེར་བ་ཚོའི་ངོ་འཚོ་པའི་ཐབས་རྡུགས་ཀྱི་གནས་བབས་དེ་ལ་འགྲེལ་ཇི་ལྟར་རྒྱག ཤ་མར་ཁྲག་ལ་རྔམས་པའི་གྲོང་ཆོག་པ་དག་འགྲང་སོང་ན་ཁ་ནས་ཅི་ཤོར་མི་ཤེས་པ་འདི་ཅི། ཁོ་ཚོ་རང་ས་མ་ཟིན་པར་གཞན་སར་འབྲོ་མཁན་ཚོ་ལ་སྐད་ཆ་ཚོན་པོ་དེ་འདྲ་ལབ་པའི་དབང་ཆ་སུས་སྤྲད།
ལས་བྲེལ་གྱི་དབང་གིས་ཡུན་རིང་ལ་དྲ་ཐོག་ཏུ་ཡོང་ཁོམ་མ་བྱུང་། དེའི་སྟབས་ཀྱིས་ངའི་ཡུལ་གྲོགས་ཨ་རིག་དགེ་མཐོང་གིས་བྲིས་པའི་མི་རབས་གསུམ་པ་གླེང་དུ་ཤོག་ཅེས་པའི་སྐོར་ལ་ཆེ་ཆུང་རྒན་གཞོན་ཚང་མས་གླེང་གླེང་འདུག་ལ། དེར་བརྟེན་ནས་འབིག་གིས་བརྗོད་པ་ལྟར་ཨ་རིག་དགེ་མཐོང་ལའང་བཟང་ངན་གཉིས་ཐད་ནས་བློ་སྐྱེད་ཡག་པོ་རེ་རག་ཡོད་བསམ།
སྐུ་ཞབས་རྡོ་རྗེ་དབང་ཕྱུག་གིས་བཞག་པའི་སྡོམ་ཚིག་དེ་ནི་ད་ལྟའི་མི་རབས་གསུམ་པའི་དངོས་ཡོད་སྣང་བརྙན་དང་མཐུན་པའི་སྡོམ་ཚིག་ཅིག་རེད་སྙམ། དེ་མིན་མི་རབས་གསུམ་པ་ཐུན་མོང་གིས་བཏོན་པའི་མི་རབས་གསུམ་པ་ཞེས་པའི་དེབ་ལ་བལྟས་ན་བྱེད་སྟངས་ཁ་ཤས་ཤིག་གི་སྟབས་ཀྱིས། ཁོང་ཚོའི་དོན་དངོས་ཀྱི་དམིགས་འདུན་དང་ལངས་ཕྱོགས་རྒྱུན་འཁྱོངས་ཡོང་གི་མེད་པ་མ་གཏོགས། བསྒྲགས་གཏམ་ལྟར་ན་ཁོང་ཚོའང་མི་འཇོན་ན་མ་གཏོགས་རྒྱུག་གི་འདུག འདུར་གི་འདུག་བསམ་བསམ་ཞིག་འདུག་ལ། མི་རིགས་ཀྱི་ལ་རྒྱ་ཅན་དག་དག་རེད་ཀྱང་བསམ། ཡིན་ནའང། ང་ཚོས་དུས་གཏན་དུ་ཁས་ལེན་ཐབས་བྲལ་བ་ནི་ཁོང་ཚོས་མི་རབས་གསུམ་པའི་དེབ་ནང་གི་ཐག་ཆོད་པ་གསུམ་དེ་ཡིན་ལ། ང་ནི་དེ་ལ་མཐའ་གཅིག་ཏུ་རྒོལ་བའི་གྲས་ཡིན། ངར་ངར་རྫིག་རྫིག་གིས་འགྱང་ཡོང་བའི་ཚོགས་སྡེ་འདིས་དེ་ལྟ་བུའི་སྡོམ་ཚིག་ཅིག་ལས་འཇོག་མི་ཤེས་ཚེ་ཁོང་ཚོ་བསྟོད་ན་མི་འགྲིག སྨད་ན་མི་འགྲིག་པ་ཞིག་རེད།
མི་རབས་གསུམ་པའི་སྐོར་གསལ་བོ་ཞིག་མི་ཤེས། དེ་ཡང་གཙོ་བོ་སྙན་ངག་ལ་དེ་ཙམ་དོ་དབྱིངས་མེད་པས་ལན་ཚུལ་ཁ་སང་སྔོན་ནས་ཞུས་ཟིན། གོང་གི་མཆན་བུ་ཚང་མ་བཀླགས་ཐུབ་མ་སོང་ལ་བཀླགས་ཀྱང་དེ་འདྲ་ཞིག་ཏུ་མཐོང་སོང་། གང་ལྟར་མཆན་བུའི་ནང་ནས་ཁ་གསལ་དང་གནད་དུ་འཁེལ་བའི་གླེང་སློང་བྱེད་མཁན་ལྕགས་རྒྱ་མགྲན་ནག་གཅིག་བུ་རེད་བསམ་པ་འདྲ་བོ་ཞིག་བྱུང་། གཞན་ཚང་མ་མགྲིན་བརྒྱ་གཞས་གཅིག་ལྟ་བུ་ཞིག་རེད། ད་ཡིན་ན་ཨ་རིག་དགེ་མཐོང་གི་ཟིན་བྲིས་གཞན་ཞིག་ལ་སྒུག་ནས་བསྡད་ཡོད། སྐད་འདི་དྲ་གྲོགས་ཚོས་ཨ་རིག་དགེ་མཐོང་ལགས་ལ་འཕྲོད་ཐུབ་པ་བྱེད་རོགས། ཐུགས་རྗེ་ཆེ།
མི་རབས་གསུམ་པར་གླེང་རིན་མི་འདུག དེ་ལས་ཤར་དུང་རིའི་སྟེང་དུ་རང་ཉིད་བློས་བཏང་གིས་རྩོམ་ཡིག་སྤེལ་མཁན་ནུབ་བྱང་མི་རིགས་སློབ་གླིང་གི་གསར་བུ་ཚོའི་སྐོར་གློངས་དང་དགེ་མཚན་ལྡན། མི་རབས་གསུམ་པའི་སུ་གཅིག་གིས་ཤར་དུང་རིའི་སྟེང་དུ་རྩོམ་ཡིག་རྣོ་ངར་ཅན་སྤེལ་མེད་པ་འདི་ནི་ཁོ་ཚོའི་སྟོང་གཏམ་དེ་ཚོར་ས་ཆོད་ཅི་ཙམ་ཞིག་ཡོད་པའི་ཚད་ཐིག་ལྟ་བུ་རེད། ཤར་དུང་རི་གློངས། ནུབ་བྱང་ཚང་རྗོད། འདི་ལོའི་ཞི་རྒོལ་སྐབས་ནུབ་བྱང་ཚང་ཁྲོམ་སྐོར་ལ་སོང་བའི་འདྲ་པར་དང་དེ་རྗེས་ཀྱི་རྩོམ་ཡིག་ལ་ཅིག་ལྟོས་དང་། ངོ་མ་ངར་བ་རེད། མི་རབས་གསུམ་པའི་ཚོགས་མི་སུ་ཞིག་ཁྲོམ་སྐོར་ལ་སོང་འདུག སུ་ཞིག་གིས་ཞི་བའི་ངོ་རྒོལ་གྱི་སྐོར་ལ་རྩོམ་ཡིག་སྤེལ་འདུག ཁོ་ཚོ་སུས་བཟུང་བསྡད་པ་རེད། མི་རབས་གསུམ་པའི་རྐུབ་ནས་འགྱོགས་རྒྱུ་མི་འདུག རྐུབ་ན་སྐྱག་པ་མ་གཏོགས་མི་འདུག འདུག་མི་ཐུབ་ན་སྐྲ་ནས་འཐེན་ཨེ་ཐུབ་ལྟོས། དེ་ཚོའི་མགོ་སྐྲ་ཏོག་ཙམ་རིང་བསམ།
བསམ་ཚུལ་འདོད་གཞན་དང་མི་འདྲ་ཞིག་ཡོད་སྲིད་ཅིང་དེ་ཙམ་གྱི་མི་རབས་ཞིག་ཡིན་པས་ཁྱབ་བ་མེད་།
དབང་བོ་ནད་ཀྱི་དཀྲིགས་པས་སྨྱོན་རྣམས་ཆོ་ཅན་། མི་རབས་ཞིག་ཡིན་པར་ཐལ་། བསམ་ཚུལ་འདོད་ཚུལ་གཞན་དང་མི་པར་མ་ཚད་ངོ་ཚ་དེ་ལས་མེད་པའི་ཕྱིར་།
བསམ་ཚུལ་འདོད་ཚུལ་གཞན་དང་མི་འདྲ་བ་ཞིག་ཡོད་སྲིད་ཅིང་དེ་ཙམ་གྱི་མི་རབས་ཞིག་ཡིན་པའི་ཁྱབ་བ་མེད་།
དབང་བོ་ནད་ཀྱི་དཀྲིགས་པས་སྨྱོན་པ་རྣམས་ཆོ་ཅན་། མི་རབས་ཞིག་ཡིན་པར་ཐལ་། བསམ་ཚུལ་འདོད་ཚུལ་གཞན་དང་མི་པར་མ་ཚད་ངོ་ཚ་དེ་ལས་མེད་པའི་ཕྱིར་།
ཨ་མྱྀ་ལྡིང་ཚོ་། ཁ་བརྡ་ཁང་འདི་ན་ཨ་ཁུ་ཚོ་མ་གཏོགས་ཨ་ཅེ་ཚོ་མེད་པ་འདི་ཅི་ཡིན་། གཅེར་པུ་པ་ཚོའི་ཁ་གཙོག་ལ་ཉན་གི་འགྲོ་ཚར་བ་ཡིན་ན།
ང་ཚོས་དངོས་གནས་མི་རབས་གསུམ་པ་ཞེ་དྲག་གླེང་བ་རེད་མོད། ཁོང་ཚོ་དངོས་གནས་བྱས་ན་གླེང་རིན་དེ་ཙམ་མི་འདུག
ད་ཡིན་ན་ཁ་བ་དཀར་བོས་བརྗོད་པ་ལྟར་ཤར་དུང་རི་གླེང་དུ་འགྲོ དེ་དངོས་གནས་གླེང་རིན་ཡོད་པ་ཞིག་རེད། ང་གཙོ་བྱས་པའི་གྲྭ་པ་ཚོ་འཇང་དགུན་ཆོས་ལ་འགྲོ་དགོས་པས་གནས་སྐབས་རིང་ཁྱེད་ཚོར་ཁ་བརྡ་བྱེད་རོགས་ཇེ་ཉུང་དུ་འགྲོ་སྲིད་ཀྱང་། འཇང་དགུན་ཆོས་ཚར་རྗེས་ང་དམྱལ་བའི་སྐྱེ་ནས། མགྱོགས་པོ་ཡོང་ནས་ཁྱེད་ཅག་ལ་ཁ་བརྡ་རེ་བྱ་ཨེ་ཐུབ་ལ་ལྟ།
དྲ་གྲོགས་འབིག གནས་སྐབས་ཟིན་བྲིས་སྤེལ་ཐུབ་ས་མ་རེད། རྗེས་ཕྱོགས་ངས་ཟིན་བྲིས་ཤིག་འབྲི་ཁུལ་བྱ། ཁྱོད་ཀྱིས་གསེག་རེ་འབྲི་ཁུལ་བྱོས། ལྕགས་རྒྱས་བཤད་པ་ལྟར་རྗེས་ཕྱོགས་ངས་གནད་དོན་གཞན་ཞིག་གི་སྟེང་དུ་ཚ་བསྐུས་ཏེ། སྦལ་ཁ་ཚོར་གླུ་ལེན་དུ་འཇུག་ཆོག
འབིག གནས་སྐབས་རིང་ཟིན་བྲིས་སྤེལ་ཐུབ་ས་མ་རེད་མོད།
འཇང་དགུན་ཆོས་ཚར་རྗེས་ངས་ཟིན་བྲིས་རེ་འབྲི་ཁུལ་བྱ། ཁྱོད་ཀྱིས་གསེག་རེ་འབྲི་ཁུལ་བྱོས། ངེད་གཉིས་ཀྱིས་ལྕགས་རྒྱས་བཤད་པ་ལྟར་ཚ་བསྐུས་ཏེ། སྦལ་བ་ཚོར་གླུ་ལེན་དུ་འཇུག་ཆོག
གནས་སྐབས་བདེ་མོ།
འཇང་དགུན་ཆོས་ནས་ཕྱིར་བསླེབས་དུས་ཁྱོད་མི་ལ་སྦལ་བའི་འདུ་ཤེས་འཇོག་མཁན་ཞིག་ནས་མི་ལ་མིའི་འདུ་ཤེས་འཇོག་མཁན་ཞིག་ཏུ་གྱུར་ཡོད་ན་ཅི་མ་རུང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཆོས་གྲགས་ཡབ་སྲས་ཀྱིས་རྣམ་འགྲེལ་སྡེ་བདུན་ལ་སོགས་པར་མི་ལ་སྦལ་བའི་འདུ་ཤེས་ཞོགས་གསུངས་ཨེ་ཡོད་ན། ལྕགས་རྒྱ་འགྲམ་ནག་ནི་དེ་ཚོའི་རྣམ་གཞན་ལ་ཆ་རྒྱུས་མེད་པའི་མི་སྐྱ་ཞིག་རེད།
རབ་ཏུ་བྱུང་བས་རབ་ཏུ་བྱུང་བར་སྤྲེའུ་ལྟར་འཁྱུག་རྩལ་ལྡན་ཞེས་བརྗོད་པའི་ལས་ཀྱིས་སྐྱེ་བ་ལྔ་བརྒྱར་སྤྲེའུར་སྐྱེས་པའི་ལོ་རྒྱུས་ལ་གཟིགས་ཨེ་མྱོང་། གྲྭ་ས་ན་ས་ལམ་གྱི་རྣམ་གཞག་མ་གཏོགས་ལས་འབྲས་ཀྱི་རྣམ་གཞག་ལ་སློབ་སྦྱོང་བྱེད་སྲོལ་སྔོན་མ་ནས་ཅུང་ཟད་དཀོན་པ་འདྲ། རྒྱལ་དབང་བཅུ་གསུམ་པའི་དུས་སུ་ཕ་བོང་ཁ་པས་ལམ་རིམ་གསུང་ཆོས་གནང་དྲགས་ནས་གྲྭ་པ་ངེས་འབྱུང་ཅན་མང་དུ་བྱུང་བར་དགེ་བཤེས་ཁག་ཅིག་གིས་བོད་གཞུང་ལ་སྙན་སེང་ཞུས་ཏེ་ཕ་བོང་ཁ་བར་ལམ་རིམ་གསུང་མཚམས་བཅད་ཞོགས། གྲྭ་པའི་ང་རྒྱལ་ཆག་འགྲོ་གི་འདུག་ཟེར་ནས་བཀའ་བཏང་ལུགས་ཀྱི་ལོ་རྒྱུས་ཀྱང་གོ་རྒྱུ་འདུག
བོད་མི་ཞིག་རྒྱ་ལ་རྒོལ་བ་མ་ཡིན་པར་གཅེར་བར་བོད་ལ་རྒོལ་སོང་སེར་བ་འདི་གླེང་རིན་ཞིག་མི་འདུག བོད་པ་ཚོ་དོན་ཆེ་རེ་གལ་ཆེན་ལ་མི་བརྩི། དོན་ཆུང་གལ་ཆེན་ལ་བརྩི་ནས་ཉི་མ་འགྲོ་ཐབས་བྱེད་པའི་སྲོལ་ངན་འདི་དོར་དགོས་ཀྱི་འདུག ད་དུང་བོད་ཀྱི་རྩོམ་ཕྱོགས་གི་ནང་ཁུལ་འཐབ་བརྩོད་འཇིགས་རན་འདུག
བོད་དོན་གླེང་ན་གླེན་བཤད་ཞིག། སྤྱི་ཚོགས་གླེང་ན་ནང་ཁུལ་སྐྱོན་བརྗོད་ཞིག། ངོ་མ་སྐྱོབས་ཐབས་མེད་པའི་བོད་པ་འདི་ཚོ། མི་འཐུད་ནས་འདི་ལྟར་འགྲོ་འདོད་དམ?
ཁ་བ་དཀར་པོ་ལགས། དངོས་གནས་བཤད་ན་ངས་མི་སྦལ་བའི་འདུ་ཤེས་འཇོག་མ་མྱོང་། གོང་གི་སྐད་ཆ་དེ་ངའི་དྲ་གྲོགས་ལྕགས་རྒྱ་ལ་རྩེདམཚར་དུ་སྨྲས་པ་ཡིན། འོན་ཀྱང་། གྲྭ་ས་ན་ལས་འབྲས་ཀྱི་རྣམ་གཞག་ལ་མྱོང་གོམས་ཆུང་ན་ཁྱེད་ཚོ་ཡོད་སའི་ཕྱི་གླིང་དག་ན་དེ་ལས་ཉུང་རྒྱུ་རེད་བསམ། གང་ལྟར་བྱས་ཀྱང་བདེ་མོ།
སོངས་ན་རྣམ་འགྲེལ་ཡག་པོ་ཞིག་རྩོད། ཡིན་ན་ཡང་ལོ་སྟོང་ཕྲག་སྔོན་གྱི་ཕྱི་རོལ་བ་ལ་མ་གཏོགས་དེང་སང་བེད་སྤྱོད་མེད་པའི་གྲས་དེ་ཚོའི་ཆེད་དུ་དཀའ་ལས་མ་རྒྱག དེ་ལས་ཚན་རིག་སྦྱོངས།
དཔེར་ན་གྲངས་ཅན་པའི་འདོད་པ་དགག་པ་ལྟ་བུ་དེ་ཚོ་དེང་སང་སུ་ལ་མཁོ། གྲངས་ཅན་པའི་བསྟན་པ་འཇིག་ཚར་ནས་ཀྱང་རྒྱུན་རིང་ཞིག་སོང་ཟིན་པས། ད་དུང་གྲངས་ཅན་པ་ཕྱོགས་སྔར་བླངས་ནས་ཁྱོད་ཀྱིས་འདི་ཟེར་ན་ངས་ལན་འདི་འདེབས་ཟེར་བཞིན་རྐང་པས་ས་རྡུང་བ་འདི་ནི་རོ་ཐོག་ནས་དཔའ་གླུ་ལེན་པ་དང་ཤིན་ཏུ་མཚུངས།
སྐྱབས་ཆེན་བདེ་གྲོལ་གྱི་སྐད།
རང་དབང་གི་ལུང་བ་ནས་དགོས་རྒྱུའི་དོན་དེ་མི་རྩོད་པར་མི་དགོས་རྒྱུའི་དོན་དེ་འདྲ་བརྩད་ན་ཡིད་ཕངས་པ་ཞིག་རེད། ངེད་ཚོས་ད་ལྟའི་གནས་བབས་འདིའི་འོག་ནས་འདི་ལྟ་བུའི་ལས་འགུལ་སྤེལ་ཐུབ་པར་ཡིད་ཚིམས་ཡོད།
ང་ཚོའི་ཁོར་ཡུག་མི་འདྲ་བས་འཚོ་སྟངས་དང་གནས་སྟངས་ཀྱང་མི་འདྲ་བ་རེད། ཁོ་ཚོའི་དོན་གྱི་གནད་ནི་གཅེར་བུར་བུད་པ་དང་ཆགས་སྲེད་ཀྱི་སྐོར་བྲིས་པ་སོགས་སྲོལ་གང་ཞིག་དང་མི་མཐུན་ཟེར་ནས་ཁ་ཆུ་ཙམ་གཙུབས་པ་དེ་རེད། ཕལ་ཆེར་དེ་ལ་སྡང་བ་ནི་ཉམས་ལེན་གྱི་གནད་བོར་ཏེ་འཇིག་རྟེན་ཆོས་བརྒྱད་ལ་ཟས་བཞིན་རོལ་བའི་བཙུན་པ་མགོ་རིལ་སྐོར་ཞིག་སྟེ་ཁོ་ཚོས་གོང་ས་མཆོག་དང་ནང་བ་སངས་རྒྱས་པའི་ལྟ་སྤྱོད་ཡ་ཡོ་ཙམ་ཕྱི་ཡི་ཆས་སུ་ཁྱེར་ནས་འཚོ་ཚིས་ཙམ་འགྲུབ་རྗེས་ཉི་མ་མ་འཁྱོལ་བར་ཡར་མར་གྱི་གཏམ་མང་པོ་ལབ་པ་ཙམ་ལས་ཅི།
ཀླུ་སྨྱོན་ལ་ཞུ་བ་དེ་གྲ་རྫུན་བླ་རྫུན་ལ་བརྫིས་ནས་བཞུགས་འཁྲི་མཐོ་བོའི་སྟེང་ན་ཚང་མར་ཐེ་གཏོགས་བྱེད་གི་ཡོད་ཟེར་མཁན་ཞིག་རེད། ཁོ་ནི་མི་མགོ་བདེ་འཕྲུལ་བདེ་ཞིག་རེད་དེ་སྔོན་ཆད་ཁ་བརྡ་དྲ་བ་ནས་ཁོའི་རྩོམ་ཞིག་མཐོང་རྗེས་ཞེ་མེར་བར་བྱས་སོང་།
སྒྱུ་རྩལ་རྩོམ་རིག་མི་ཤེས་པ་འགས་ཆུའི་ཁ་ཡི་ལྦུ་བ་བཞིན་རྩོམ་ཡིག་ཟེར་བ་དེ་ལ་རང་གིས་བློ་ལས་ཚད་མཇལ་གྱིན་འདུག རྩོམ་བྲིས་ཤེས་པ་ཙམ་ལ་སྙན་ངག་གི་བསླུ་བྲིད་ཐེབས་ཡོད་པ་མ་རེད་ལ། དེའི་རིགས་ད་དུང་གང་ལ་ཡང་བགྲངས་མི་འོས།
མི་རབས་གསུམ་པ།(སྙན་ངག་རིང་མོ)
——————————————————————————–
སྐྱབས་ཆེན་བདེ་གྲོལ།
༡
ཡབ་ཀྱི་མིག་ཆུ ཡུམ་གྱི་རྔུལ་ཆུ
ཁྲག་གིས་བཏུམས་པའི་མ་ཎི་ཡིག་དྲུག
མངོན་སུམ་གྱི་བར་དོ ཐ་སྙད་ཀྱི་བར་དོ
རླངས་འཁོར་གྱི་དུང་བརྡས་དཀྲོག་གིན་པའི
རི་སྤྱང་དག་གིས ཁ་བའི་ཐང་དང་ཤེལ་གྱི་རི་བོ་ཧྲུག་ཆག་ཏུ་བཏང་ཤུལ་ན
མི་རབས་གསུམ་པས ཨ་རག་འཐུང་བཞིན འཁྲིག་པ་སྤྱོད་ཀྱིན
ཞེ་སྡང་ལྟ་བུའི་བསང་ཕུད་ཀྱིན
རུལ་མྱགས་སུ་གྱུར་བའི་སྐད་ཆ་བཤད་ཀྱིན
རང་ཉིད་ཚུད་པའི་སྐྱེས་ཕོ་མོ་ཚོའི་ཀླད་པ་དཀྲུག་གིན་ཡོད
རྣམ་ཤེས་པགས་པ་ལྟར་བཤུས་རྗེས་ཀྱི་ལུས་པོ་གཉོར་གྱིན་ཡོད
གང་ས་གང་ལ བྲང་ངོས་སུ སྒལ་གཞུང་དུ
འདོམས་སུ དབྱངས་ཅན་མའི་རྒས་གཉེར་གྱི་སྲུབས་སུ
ཉི་འོད་ཀྱི་གསེང་དུ ཆང་ཁང་དུ མགྲོན་ཁང་དུ
སྨད་ཚོང་མ་སངས་རྒྱས་སྒྲོལ་མའི་སྐྲ་གསེབ་ཏུ
རྩྭ་དང་ཆུ་ཡི་ཁོང་བར
ཤ་ཚོན་པོ་དང་གློག་དམར་བོའི་ནང་དུ
ཆུང་མའི་མཆུ་སྒྲོས་དང་དཔོན་པོའི་མདུན་དུ
སྙན་ངག་འབྲི་བཞིན་ཡོད མི་རབས་གསུམ་པས
སྙན་ངག་རྡུལ་ཕྲ་རབ་དང་འདྲ་བ་འབྲི་བཞིན་ཡོད
ནམ་རྒྱུན མི་རབས་གསུམ་པ
རེ་སྦྲ་སྨུག་པོའི་ཁོང་གསེང་ཉི་ཟེར་ཕྲ་མོས་དབྲལ་བ་ཇི་བཞིན
གཟིག་མོ་ནགས་ལས་ཤོར་བ་ཇི་བཞིན
ཐོག་དམར་བོས་བྲག་དམར་གཏོར་བ་ཇི་བཞིན
རང་གི་ལང་ཚོ་ལས་ལམ་ལ་ཆས་དུས
གཞུང་ལས་ཁང་ནང་གི ཆུ་རྒོད་ཀྱིས་ལྒང་བུ་ཡོངས་སུ་གང་བའི
བོད་མི་ལས་བྱེད་པ་རྩོད་པར་དགའ་བ་ཚོས
ཁོ་ཚོ་ནི་ཁྱི་རེད ཁོ་ཚོ་ནི་འདྲེ་རེད
ཁོ་ཚོ་ནི་ཅི་ཡང་མ་རེད
ཁོ་ཚོ་དོན་གྲུབ་རྒྱལ་གྱི་བ་སྤུའི་བུ་ག་ལའང་མི་དོ་ཟེར
ཨ་ཨ འགྲམ་ལྕག་གིས་བཟོས་པའི་གནས་ལུགས
སྒྲུབ་བྱེད་ལ་ཁྱེར་ཡོང་བའི་མནའ་ཚིག
དམར་གསོད་ལ་གོམས་པའི་ལག་པ
འོལ་ཚོད་ཀྱིས་སྤུངས་པའི་གཞུང་ལུགས
ཚ་བས་ངར་བའི་ཁྲིད་སྟེགས
འདི་དག་ཐལ་རྡུལ་བཞིན་དྭངས་པའི་རྗེས་སུ
མི་རབས་གསུམ་པ་བྱིས་པ་ཚོའི་ཆེད་དུ་ཉི་མ་བཞིན་འཆར་ཞིང
མི་རབས་གསུམ་པས སྙན་ངག་གི་ཆེད་དུ་ཚེ་འཕོ་བའི་སྟ་གོན་ཡང་གྲུབ་ཟིན
༢
དབྱར་ཁ ཆར་ཆུ་མོད་པའི་དུས་ཚིགས
འོན་ཏེ་མི་རབས་གསུམ་པའི་མིག་ཆུར་ཐན་པ་བྱུང
དགུན་ཁ ལྷགས་རླུང་རུས་པར་ཟུག་པའི་དུས་ཚིགས
འོན་ཏེ་མི་རབས་གསུམ་པའི་ཁྲག་རྩས་མེ་སྟག་གཙུབས
སྟོན་ཁ རྩྭ་མགོའི་ཉི་འོད་འཐོར་བའི་དུས་ཚིགས
འོན་ཏེ་མི་རབས་གསུམ་པའི་གླུ་སྒྲས་སྤྲིན་དཀར་སྲེག
དཔྱིད་ཁ མེ་ཏོག་འཛུམ་བཞད་གྲོལ་བའི་དུས་ཚིགས
འོན་ཏེ་མི་རབས་གསུམ་པའི་སེམས་ཁ་འཁྱག་པས་བཟུང
གདོད་ནས་མ་བཅོས་པའི་རང་བྱུང་གི་ཆོས་ཉིད་དེ
སྲང་ལམ་གྱི་རས་ཧྲུལ་ཞིག་ལྟར་རླུང་གིས་ཁུར་ནས
ཁྱོད་ཀྱི་སྒེའུ་ཁུང་གི་ཐེམ་པར་དལ་བུར་ལྷུང་དུས
བརྩེ་སེམས་ཀྱིས་སྨྱོས་པའི་མི་རབས་གསུམ་པ་ཚོས
གྲོང་ཁྱེར་གྱི་སྒལ་གཞུང་དུ་མེ་བཙའ་འཇོག་ཅིང
སྤང་ལྗོངས་ཀྱི་བར་སྣང་ལ་སྙན་ངག་སྤུར
སྙན་ངག་ལས་འཐོར་བའི་བྱ་སྤུ་དང་འོད་ཁྱིམ
མཐོ་ས་ནས་མཐོ་སར་ཁྱེར་ཏེ་སྟོང་བོའི་ངོ་བོར་ཐིམ
དེ་ནི་ཁྱོད་ཀྱིས་འདོད་ཆགས་དང་བཅས་པའི་མིག་གིས་འཛིན་ཐབས་བྲལ་ཞིང
གཏི་མུག་དང་བཅས་པའི་པར་ཆས་ཀྱིས་ཀྱང་ལེན་ཐབས་བྲལ་ལོ
ཁ་གཡང་དང་བསྟོད་ཚིག་གིས་བཟོས་པའི་འོ་མར་རུལ་བས
འགྱིག་གི་མཆོད་མེ་དག་ལ་མེ་ཁ་གསོ་དུས
མེ་ལྕེབས་ཀྱི་གཤོག་རྩེར་འགོས་པའི་ཚིག་རྒྱན་དག
མུན་པ་མཐུག་པོའི་ཁོང་གསེང་ནས་ག་ལེར་འཚིག
གཞོབ་དྲི་དེ་དབྱངས་ཅན་ལྷ་མོའི་དངོས་གྲུབ་ལ་འཁྲུལ་མཁན་ནི
མི་རབས་གསུམ་པ་མ་ཡིན་ཏེ མི་རབས་གསུམ་པའི་ཁ་སྤྲོད་དུ་སྡོད་པའི
པར་ཤིང་ལྟ་བུའི་རྒན་པོ་དག་གོ
ཧོལ་རྒྱུགས་དང་ཕྱོགས་ལྷུང་གིས་གྲུབ་པའི་མཇུག་མ་རིང་བོས
ཁྲོན་པའི་ཟླ་བ་སེར་བོ་ལེན་པར་རྩོམ་དུས
ཤིང་ཕྲན་གྱི་ཡལ་ཀར་ཁེན་པའི་ཆུ་ཐིགས་དག
མཚན་མོ་རིང་བོའི་མིག་ཀོང་ནས་དལ་བུར་ཟགས
ཅལ་སྒྲ་དེ་སྐྱེས་བུ་དམ་པའི་རྡོག་སྒྲ་ལ་འཁྲུལ་མཁན་ནི
མི་རབས་གསུམ་པ་མ་ཡིན་ཏེ མི་རབས་གསུམ་པའི་ཁ་སྤྲོད་དུ་སྡོད་པའི
ཁྲམ་པ་ལྟ་བུའི་བྱིས་པ་དག་གོ
དུས་རབས་ཀྱི་ཟློས་གར་ཁང་ཆེན་དེ་རུ
མི་རྣམས་རིན་གོང་དམན་པའི་སྤ་སེ་ཐོགས་ནས་ལྟད་མོ་ལྟ་བར་ཡོང་དུས
མི་རབས་གསུམ་པས་མདོ་འཛིན་པ་དང་ཨ་ཙ་ར་མེད་པའི
བརྩེ་དུང་གི་གཏམ་རྒྱུད་འཁྲབ མཚོན་དོན་དང་བརྗོད་སྙིང་མེད་པའི
གཅེར་བུའི་ལུས་པོ་ངོམ མཆོད་བྱ་དང་མཆོད་ཡུལ་མེད་པའི
སྙན་ངག་གི་མཆོད་གསོལ་བྱེད
མི་རྣམས་ཀྱི་དགོད་སྒྲ་ཟློས་གར་ཁང་ཆེན་དེ་རུ
འབུ་སྦྲང་འགའ་དང་ལྷན་ཅིག་བཙོན་དུ་ཚུད་ཅིང
སྐབས་འགར་འདྲེ་སྲིན་འཁྱམ་པོ་ཞིག་ལྟར་སང་སང་གྲགས
༣
གཡུ་ཡི་གཞོང་བ་ཞིག་གས་ཆག་སུ་སོང་བ་ཇི་བཞིན
ཁྱོད་ཀྱི་སྤང་ལྗོངས་གྱོ་མོ་དང་རྫ་ཆག་གིས་གང་ཞིང
བདག་གི་ནམ་མཁའ་དུ་སྤྲིན་ནག་པོས་བསྒྲིབས
རྒྱ་གླ་བ་ཞིག་དང་འདྲ་བའི་སྐྱེས་པོ་ཞིག་མིག་དང་ཁ
སྐྲ་དང་བྲང་ཁ་བཅས་ཐལ་རྡུལ་སྐྱ་བོས་གཡོགས་ཏེ
ཅི་ཞིག་ལ་སྐྲག་པ་བཞིན་བྲོས་ནས་ཡོང
དེའི་རྗེས་ན མི་རེ་རེས་ལག་ཏུ་ཆང་ཕོར་རེ་ཐོགས་ཤིང
བུད་མེད་རེས་ཕྲུ་གུ་རེ་ཁྲིད་ནས་འོངས་དུས
ལོ་རྒྱུས་ཀྱི་དེབ་ཐེར་ངོས་ནས་དུས་རབས་ཉེར་གཅིག་པ་མངོན་ཡོང་བ་ལས
མི་རབས་གསུམ་པ་མངོན་མི་འོངས་ཏེ
ཁོ་ཚོས་སྙན་ངག་ལས་བླངས་པའི་ལྕགས་སྒྲོག་དག་གིས
རང་ཉིད་དམ་དུ་བཅིངས་ནས
དེའི་ལྡེ་མིག་ཁྱོད་ལ་གཏད་ཟིན
ཀྱེ་གྲྭ་བ ལྡེ་མིག་ཁྱོད་ལ་གཏད་ཟིན ཀྱེ་བུད་མེད ལྡེ་མིག་ཁྱོད་ལ་གཏད་ཟིན
ཁོ་ཚོས་མེ་ལོང་སིལ་བུར་བཅག་ནས་རང་ལུས་ལ་ལྟ་བཞིན་ན་རེ
“སྙན་ངག་ནི་རྒྱན་ཆ་མ་ཡིན་པར་ཚེ་སྲོག་ཡིན་པས
ངེད་ཅག་ད་ལྟ་སྙན་ངག་ཏུ་གྱུར་ཟིན
གནའ་བོའི་ཅོང་སྒྲ་དེ་རླངས་འཁོར་གྱི་དུང་བརྡ་ཞིག་ཡིན་པའི་དབང་དུ་བཏང་ན
ད་ལྟ་ངེད་ཅག་གིས་ཀྱང་འཕྲུལ་ཆས་ཀྱི་མི་ཞིག་ལྟར་དེ་ལ་རྡུང་ག་རྒྱག་ཆོག”
ད་ལྟ གནས་མོ་འཁྱམས་ཟིན ཤིང་ཁང་བརྡིབས་ཟིན
འཇག་རྩྭའི་གསེབ་ཀྱི་བྱེ་མའི་བུ་གར
བརྩེ་དུང་གི་གཏམ་རྒྱུད་དག་དལ་མོར་ཐིམ
ཚ་འཁྲུལ་གྱིས་ཟིན་པའི་ས་གཞི་འདི
ཚ་འཁྲུལ་གྱིས་ཟིན་པའི་མི་རབས་གསུམ་པ་དང་མཚུངས་ཏེ
སྟབས་ཉེས་ན ཆུ་ཐིགས་པ་གཅིག་འཐོབ་པའི་ཕྱིར་ཏུ
རང་སྲོག་མི་གཅོད་པའི་ངེས་པའང་བྲལ་ལོ
མི་རབས་གསུམ་པ།
ང་ཚོ་ཚང་མ་མི་རབས་གསུམ་པ་ཡིན་ནམ།
ང་ཚོའི་མི་རབས་ཇི་ཙམ་དུ་ཐོན་ཡོད་དམ།
ཨ་ཙི་སྙན་ངག་པའི་མི་རབས་གསུམ་པའི་ས་མཚམས་དེ།
བན་བུན་བཞིན།
རབ་རིབ་ལྟར།
ང་ཚོའི་མི་རབས་འདི་ཇི་ཙམ་ཞིག་ཏུ་སླེབས་ཡོད་དམ།
ང་ནི་དུས་རབས་འདིའི་མི་རབས་གསུམ་པ་ཡིན།
ངས་སྙན་ངག་མི་ཤེས་ལ།
ཡོད་ཚད་གླེང་ཡང་མི་ཤེས།
འོན་ཀྱང་།ངས་རང་ཉིད་ངོ་ཤེས།
སྐུ་ཞབས་སྐྱབས་ཆེན་གྱིས་མི་རབས་གསུམ་པ་དང་དེའི་ཁ་གཏད་པ་ཚོར་བྲིས་པའི་”བསྒྲགས་གཏམ།”
དུས་རབས་ཀྱི་ཟློས་གར་ཁང་ཆེན་དེ་རུ
མི་རྣམས་རིན་གོང་དམན་པའི་སྤ་སེ་ཐོགས་ནས་ལྟད་མོ་ལྟ་བར་ཡོང་དུས
“མི་རབས་གསུམ་པས”་མདོ་འཛིན་པ་དང་ཨ་ཙ་ར་མེད་པའི
“བརྩེ་དུང་གི་གཏམ་རྒྱུད་འཁྲབ” མཚོན་དོན་དང་བརྗོད་སྙིང་མེད་པའི
“གཅེར་བུའི་ལུས་པོ་ངོམ” མཆོད་བྱ་དང་མཆོད་ཡུལ་མེད་པའི
སྙན་ངག་གི་མཆོད་གསོལ་བྱེད
“མི་རབས་གསུམ་པས ཨ་རག་འཐུང་བཞིན འཁྲིག་པ་སྤྱོད་ཀྱིན”
“ཅལ་སྒྲ་དེ་སྐྱེས་བུ་དམ་པའི་རྡོག་སྒྲ་ལ་འཁྲུལ་མཁན་ནི”
མི་རབས་གསུམ་པ་མ་ཡིན་ཏེ “མི་རབས་གསུམ་པའི་ཁ་སྤྲོད་དུ་སྡོད་པའི
ཁྲམ་པ་ལྟ་བུའི་བྱིས་པ་དག་གོ”
གོང་དུ་མི་རབས་གསུམ་པ་གླེང་རིན་མི་འདུག དེ་ལས་ཤར་དུང་རིའི་སྟེང་གི་ཞོགས་དུང་སོགས་གླེང་དུ་འགྲོ་ཞེས་པ་དེར་ཕྲག་དོག་གི་ཚོར་བ་རྣོ་བའི་སྐུ་ཞབས་སྐྱབས་ཆེན་ལམ་སེང་རླུང་ནད་དྲག་པོ་ཞིག་གིས་བརྒྱལ་འདུག་པ་དེ་ཁོ་ཚོའི་དུས་ལས་འདས་པའི་སྐྱབས་འགྲོ་དང་སེམས་བསྐྱེད་དེ་དག་གི་ཐོན་འབྲས་ཤིག་ལོས་ཡིན། སྔོན་མར་ཞོགས་དུང་གིས་མི་རབས་གསུམ་པས་ཅང་འཇོན་གྱིན་མི་འདུག་བརྗོད་མ་ཐག་སྐྱབས་ཆེན་གྱིས་སྙན་ངག་པ་ཆེན་མོ་ཞེས་པའི་ཐ་སྙད་འདི་དང་ལྷན་ཅིག་ཏུ་ཁྲེལ་དང་ངོ་ཚ་ཡོངས་སུ་སྤངས་ནས་ཁྱོས་སྐྱག་པ་ཟོ་ལྟ་བུའི་ཚིག་སྦྱོར་འཇིགས་སུ་རུང་བ་དག་དག་བྲིས་ཏེ་རེ་ཞིག་གངས་ཅན་པའི་སྡེ་རུ་སྐྱབས་ཆེན་དེ་མི་དེ་འདྲའི་རླུང་རྐྱལ་ཞིག་རེད་ཨང་ཞེས་དབུགས་རིང་འཐེན་དགོས་པ་ཞིག་བཟོས་པ་རེད། དོན་ངོ་མར་མི་གཞན་གྱིས་མི་རབས་གསུམ་པར་དེ་ལྟ་བུའི་སྐུལ་ལྕག་བྱེད་དུས་དེ་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མི་རབས་གསུམ་པའི་དཔའ་རྒོད་ཚོ་བསྐོངས་ཏེ་ང་ཚོས་བོད་པ་ཚང་ལ་ཕན་པའི་ལས་ཀ་ཅི་ཞིག་རྩོམ་དགོས་ཀྱི་འདུག་ཅེས་གྲོས་བསྡུར་བྱེད་དགོས་ཀྱང་། མི་རབས་གསུམ་པ་ཚང་ངོ་མ་ལག་ལེན་གྱིས་ཕོངས་ཏེ་རང་ལ་ཤ་ཚས་མ་བཟོད་པར་སྐུལ་ལྕག་བྱེད་མཁན་དག་གི་ཕྱོགས་སུ་དྲི་ངན་འཐུལ་བའི་ཨ་རག་གི་དམ་བུ་སྟོང་བ་དག་ཁ་མེད་མིག་མེད་དུ་དབྱུགས་ཅི་ཐུབ་བྱས་འདུག ཐོག་མར་སྐུ་ཞབས་སྐྱབས་ཆེན་གྱིས་ཚངས་མགུར་དང་ཤོག་དངུལ་ལྟ་བུའི་རྩོམ་ཡིག་སྤེལ་ཏེ་གངས་ཅན་པའི་སྨྱུག་ཐོགས་པའི་སྡེ་རུ་གྲགས་འགུལ་ཅུང་ཟད་བསླངས་པའི་དུས་དང་ད་ལྟའི་འཁྱམ་པོ་ཆང་འཐུང་དག་དག་བསྡུ་རུབ་བྱས་ཏེ་ཁྲེལ་མེད་པར་གཅེར་རྒྱུག་དང་ངོ་ཚ་མེད་པར་འཁྲིག་སྦྱོར་རྩོམ་ཡིག་རང་གི་མ་དང་སྲིང་མོའི་མདུན་དུ་འབྲི་བའི་སྨྱོ་སྤྱོད་གཉིས་རང་གིས་ད་དུང་དོ་མཉམ་པར་འདོད་པ་དང་གཞན་ལ་ཡང་དེ་ལྟར་འདོད་དགོས་པའི་བཙན་སྐུལ་བྱེད་པ་ནི་སྐུ་ཞབས་སྐྱབས་ཆེན་གདོན་ཆེན་བཅོ་བརྒྱད་ལ་མ་གཏོགས་པའི་དུས་རབས་ལས་འདས་པའི་གདོན་ཆེན་པོ་ཞིག་གིས་བཟུང་བ་ལོས་ཡིན།
ཀླུ་སྨྱོན།
ཁྱོའི་དགེ་སྐོས་བཙན་པོ་དེ་དྲིལ་བསྒྲགས་བྱེད་དུ་བོད་ནང་གི་དྲ་ཐོག་ཏུ་འགྲོ་ཐུབ་ས་ཞིག་ནས། ཁྱོད་ལ་མི་རབས་གསུམ་པའི་ཐོག་ན་དེ་འདྲའི་འདོད་པ་མི་ཁེངས་ས་ཞིག་ཡོད་ན། མཆོད་མེའི་ཐོག་ཏུ་སོང་སྟེ་ཁོང་ཚོར་ཁ་ཐུག་ཏུ་མི་བཤད་པ་ཅི་ཡིན། སྦལ་བ་གླུ་ལེན་ཚོའི་སྐྱོར་དཔོན་བྱས་ནས་འདུག་པ་འདི་བློ་ལ་འབབ་པོ་ཞིག་མ་རེད།
སྐུ་ཞབས་སྐྱབས་ཆེན་གྱི་ངོམ་འོས་པའི་འབྲས་བུ་དེ་དེང་སང་ཁོའི་རྩོམ་ཡིག་གི་སྟེང་ན་མེད་པར་ལོ་འགའི་སྔོན་མཆོད་མེ་དྲ་ཚིགས་གསར་བཏོད་ཀྱིས་སྨྱུག་ཐོགས་པའི་སྡེ་ཞིག་གསོ་སྐྱོང་བྱེད་བཞིན་པ་དེ་ཁོ་ན་རེད། ཡིན་ན་ཡང་། མི་རབས་གསུམ་པ་གསར་འཛུགས་བྱས་ཏེ་མི་སུ་ཞིག་གིས་མི་རབས་གསུམ་པར་དོགས་འདྲི་རེ་བྱས་ཚེ་དེ་ཚོར་ཁྱི་དང་ཁྱི་མོ་ཞེས་གཤེ་གཤེ་གཏོང་ཅི་ཐུབ་བྱེད་པ་འདི་ནི་དུས་རབས་ལས་འདས་པའི་བསམ་བློ་པ་ཡིན་ཟེར་མཁན་ཞིག་གི་ལྟ་གྲུབ་དང་སྦྱོར་ཐབས་མི་འདུག མི་རབས་གསུམ་པ་མིན་ན་སྐྱབས་ཆེན་ད་ལྟ་ཅིག་ལ་སླེབས་བསྡད་ཡོད། སྐྱབས་ཆེན་གྱིས་མི་རབས་གསུམ་པར་སྣེ་ཁྲིད་བྱས་པ་འདི་ནི་དགེ་ཆོས་ཀྱིས་ནུབ་བོད་ལེགས་བཅོས་ཚོགས་པའི་ཚོགས་མི་བྱས་ནས་བོད་ལ་ཡོང་བ་དང་འདྲ་བར་རང་ཉིད་ལྷ་ཡུལ་ནས་དམྱལ་ཁམས་སུ་སྤྱུགས་པ་རང་རེད།
སྐྱབས་ཆེན་གྱིས་མི་རབས་གསུམ་པ་ཟེར་ནས་བསྒྲགས་མེད་རྒྱུ་ན། སྐྱབས་ཆེན་ཚད་ཅིག་ལ་སླེབས་ཡོད་ཟེར་བ་དེ་ལ་བལྟས་ན་ཁྱེད་རང་སྐྱབས་ཆེན་ལ་འདང་ཞིག་ཡོད་པ་འདྲ། འོན་ཀྱང་། ང་ཚོས་ཕྱི་ལོག་ནས་ཁ་ཤོབ་འཐེན་པ་ལས་ཁོང་ཚོས་བོད་ནང་དུ་རང་གི་ནུས་ཚོད་ཀྱི་བོད་ཡིག་གི་སྲོག་ཤིང་འདི་ལ་འཐམ་ནས་ལས་ཀ་རེ་བྱས་པ་དེ་ནི་དངོས་ནས་བྱས་རྗེས་དང་རླབས་ཆེན་རེད། ཁོང་ཚོ་ལ་ནག་ཉེས་རེ་ཡོད་པས་དབང་དུ་བཏང་ཡང་། ནག་ཉེས་དེ་ལ་བསམ་ཤེས་བྱེད་ཐུབ་པའི་ཉིན་མོ་ཞིག་ཁོང་ཚོ་ལ་ཡོད་ངེས་པ་རེད་ཅེས་ང་ཚོས་ཡིད་ཆེས་བྱས་ཀྱང་ཆོག ང་ཚོ་ཡུལ་གྱར་བ་དག་གིས་ཁོང་ཚོ་ལ་ཐུན་མོང་གི་ཆིག་སྒྲིལ་ཞིག་ཡོད་པ་དེ་ལ་སློབ་སྤྱོང་བྱས་ན་རེད།
སྐྱབས་ཆེན་ལ་སོགས་པའི་མི་རབས་གསུམ་པ་འདི་ཚོར་མི་རབས་གསུམ་པ་ཁྲི་ལོར་ཤོག་ཟེར་བའི་རིག་གསར་སྐབས་ཀྱི་བསྟོད་གླུ་མ་གཏོགས་འགྲོ་ས་མེད་པ་དེ་ནི་མི་བཞི་ཤོག་ཁག་དང་མའོ་ཡི་ལྟ་བ་ཞིག་རྩ་ལམ་ན་ད་དུང་མངོན་མེད་དུ་ཡོད་པའི་རྟགས་མཚན་ཞིག་རེད། ཁོ་ཚོས་ཤེས་དགོས་པ་ཞིག་ནི་མི་གཞན་པས་ཁོ་ཚོར་སྐྱོན་བརྗོད་བྱེད་པ་དེ་ནི་ཁོ་ཚོའི་ཐོག་མའི་དམིགས་ཡུལ་བཞིན་ཁོ་ཚོ་སྤྱི་ཚོགས་སྟེང་ནས་སྐྱེས་ཁ་གཞན་གྱིས་མ་ཤེས་རྒས་པ་རང་གིས་མ་ཚོར་བར་བོར་བརླག་ཏུ་སོང་མེད་པར་སྤྱི་ཚོགས་ཀྱིས་ཁོ་ཚོ་ཁ་མིག་གིས་འཚོ་བཞིན་པའི་ཡག་རྟགས་ཤིག་རེད། སྐྱབས་ཆེན་གཙོ་བྱས་པའི་མི་རབས་གསུམ་པ་ཚོས་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་འདི་ངོ་ཤེས་ན་འདི་ལས་སྤྱི་ཚོགས་ཀྱི་རེ་བ་དང་སྤྱི་ཚོགས་ཀྱི་བསམ་བློའི་འཕེལ་རིམ་ཞིག་མཐོང་ཐུབ་ཀྱི་རེད། དེ་ལྟར་མིན་ནར་དམར་པོའི་སྲིད་གཞུང་གི་བྱེད་སྟངས་རང་ལག་ལེན་གྱིས་རང་དང་ལྟ་སྤྱོད་མི་མཐུན་པ་ཚོ་དགག་གསོད་གཏོང་ཅི་ཐུབ་བྱེད་པ་འདི་ནི་དུས་རབས་ལས་བརྒལ་པའི་བསམ་བློ་དང་གྲུབ་མཐའི་སྲོལ་འབྱེད་དུ་རློམ་པ་དག་དག་གི་བྱེད་སྟངས་ལས་ཆེས་རིང་དུ་བརྒལ་འདུག ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་དག་གིས་ཡོངས་སུ་ལེན། །ཞེས་པའི་ལེགས་བཤད་འདི་ནི་གནའ་ནས་ད་བར་གྱི་ཤེས་ལྡན་པ་རིགས་པ་གསལ་བོ་ཡོད་ཟེར་མཁན་ཚང་མས་མདུན་ཅོག་སྟེང་དུ་བཤམ་ཆོག་པའི་བསམ་བློ་འབྱེད་པའི་ལྡེ་མིག་ཆེས་བླ་ན་མེད་པ་ཞིག་ཏུ་ཁས་མི་ལེན་ནམ།
གོང་དུ་སྐྱབས་ཆེན་གྱི་སྐད་བསྐུར་ཡིན་ཟེར་བའི་ཉོག་བཤད་དེ་སྐྱབས་ཆེན་རང་གི་ཁ་ནས་ཐོན་པའི་ཚིག་ཅིག་ཡིན་མིན་མི་ཤེས་ལ། གལ་སྲིད་ཡིན་ན་ནི་རྒྱ་ནག་གཞུང་གིས་ཏྰ་ལའི་བླ་མའི་རེ་འདུན་དེ་དོན་ལ་གནས་མི་གནས་ལ་བསམ་བློ་སྤུ་ཙམ་ཡང་མི་གཏོང་བར་མི་རིགས་ཁ་བྲལ་བའི་ཞྭ་མོ་ནག་པོ་དེ་གཡོག་རྐྱང་བྱེད་པའི་ངན་ཤུགས་དེ་སྐུ་ཞབས་སྐྱབས་ཆེན་གྱི་མགོའི་སྐྲ་ལོ་ནས་མཇུག་རྐང་སེན་གྱི་བར་དུ་བར་མེད་ཁྱབ་ཡོད་པ་གསལ་སྟོན་མིན་ན་གང་ཡིན་ཏེ། ཀླུ་སྨྱོན་གྱིས་བཤད་པ་དེ་དག་དོན་ལ་གནས་མེད་ཚེ་མེད་པའི་གནས་ལུགས་གསལ་བཤད་བྱེད་དགོས་ཀྱང་དེའི་ཚབ་ཏུ་ཀླུ་སྨྱོན་བླ་གྲྭ་ཡིན་མིན་གྱི་ཉོག་བཤད་ཁུར་ཡོང་འདུག
ཨ་རོ
དྲ་གྲོགས་ཚོ་མི་རབས་གསུམ་པ་ནི་རྩོམ་པ་པོ་ཅུང་ལེགས་ཤོས་དང་ཕལ་ཆེར་དགེ་རྒན་རེད་འདུག དེའི་ཕྱིར་ངས་ཁོ་ཚོས་བྱ་སྤྱོད་དེ་ལྟར་བྱས་ན་མི་ལེགས་ཚུལ་བརྗོད་པ་ཡིན་།དེ་མིན་ང་ཁོ་ཚོ་ལ་མི་དགའ་དོན་མེད་པ་མ་ཟད །ཁོ་ཚོ་འགའ་རེའི་བྲིས་པས་སྙན་ངག་ནི་ཉིན་མཚན་མེད་པར་ཀློག་ན་ད་དུང་བྲོ་བ་ཡལ་་རྒྱུ་མེད་པ་འདྲ་བ་ཞིག་རེད།
བོད་པ་ཚོ་ཐབས་སྐྱོ་བོ་རེད། སྐྱོན་ལ་མ་གཏོགས་ལྟ་ཤེས་ཀྱིན་མི་འདུག
མི་ནག་ཐབས་སྐྱོ་བོ་རེད། བྱེ་བྲག་ཏུ་མི་བགར་བར་བོད་པ་ཚོ་ཞེས་རྒྱུགས་པ་ལེབ་རྡུང་བྱེད་བཞིན་འདུག
ལྕགས་རྒྱ་འགྲམ་ནག ད་ལྟ་དྲ་ཐོག་ན་ཡོད་དམ། ངས་ཁྱོད་ལ་མི་རབས་གསུམ་པའི་སྐོར་གྱི་དོགས་འདྲི་ཞིག་བྱེད། གལ་སྲིད་ངས་ང་ཚོ་སྐོར་ཞིག་མི་རབས་ལྔ་བ་ཡིན་ཞེས་བརྗོད་དེ། ད་ལྟའི་མི་རབས་གསུམ་པ་དང་བཞི་བ་གཉིས་ཀ་རྒས་ཚར་བའི་ཚུལ་བསྟན་ན་ཁྱེད་ཀྱིས་དེ་ལ་ལྟ་སྟངས་གང་འདྲ་འཛིན་ནམ།
ཐེངས་ཁ་ཤས་སུ་ཁྱེད་ལ་རེ་སྐུལ་བྱས་ཟིན་པ་ལྟར། གལ་སྲིད་གསར་འགྱུར་ལས་རིགས་ནི་ཁྱེད་ཀྱི་འདོད་ཕྱོགས་དང་དགའ་ཕྱོགས་གཙོ་བོ་ཡིན་ན། སང་ལོའི་སློབ་སྦྱོང་གི་གོ་སྐབས་དེ་ཚགས་ཚུད་པོ་ཡོང་ཆེད། ད་ལྟ་ནས་དབྱིན་རྩོམ་ཀློག་རྒྱུར་ལྷོད་གཡེང་མ་བཏང་ན་དགའ་རྒྱུ་རེད་བསམ། ཁྱེད་ཀྱི་བསམ་ཚུལ་དེའི་སྐོར་ལ་རབ་འབྱོར་ལགས་ཀྱིས་བྲིས་པའི་སྙན་ངག་གིས་སྤྱི་ཚོགས་ལ་འགན་ཅི་ཞིག་འཁུར་ཐུབ་བམ་ཞེས་པའི་རྩོམ་འདི་དང་དེའི་མཆན་རྣམས་ངེས་པར་དུ་ཀློག་རོགས་ཞུ་རྒྱུ་ཡིན། རྩོམ་ཡིག་དེ་འབྲེལ་ཐག་འདི་ནས་ཀློག་ཐུབ། http://www.khabdha.org/?p=16
ཀླད་པ་མཁྲེགས་པོ་རྡོ་འདྲ་བ་མང་པོས་འཚང་ཁ་རྒྱག་ས་འདིར་གནས་སྐབས་ཡོང་གི་མིན།
བླ་བྲང་གི་བླ་མ་ཞིག་གིས།
རྡོ་རྗེ་འཛིན་པའི་གོ་སར་འཁོད་པའི་དུས། །
རྡོ་ལྟར་གྱོང་བའི་གདུལ་བྱ་སྐོར་ལོག་ཚོ། །
རྡོ་ལོག་ཚུན་ཆད་འཕངས་ནས་བཏུལ་བར་བྱས། །
ཞེས་པ་ལྟར་གནང་ན་མི་ལེགས་སམ།
དྲ་གྲོགས་ཚོ་རེ་རེ་བཞིན་”བྲོ་མོར”་མ་ཕེབས་ན་དགའ། བྲོ་མོ་ནི་ཨ་མདོའི་ཡུལ་གྲུ་འགར་མནའ་མ་གསར་བ་ཚོས་རང་གི་མག་པ་དང་ཡང་ན་ཨ་ཁུ་ཨ་ནེ་བཙན་པོ་ཚོའི་ཁ་ཡ་མ་ཡོང་བར་རང་ཡུལ་དུ་བྲོས་བྱོལ་ལ་སོང་བར་བརྗོད་པའི་བརྡ་རྙིང་ཞིག་རེད།
ནགས་ཚང་ཞི་ལིའི་སྐྱིད་སྡུག་གི་ནང་དུ་བྲོ་མོར་འགྲོ་མཁན་བུ་མོ་ཞིག་དང་མོའི་བྱིས་པ་དམར་འབྱར་གཉིས་གདུག་རྩུབ་ཅན་གྱི་སྤྱང་ཚོགས་ཀྱི་ལག་ཏུ་ལྷུང་བའི་སྐོར་ཡ་ང་བ་དེ་ཀློག་ཨེ་མྱོང་། ངས་ཁྱོད་ལ་སྐྲག་བསྐུར་བ་མིན་ཡང་བྲོ་མོར་འགྲོ་གི་ཡིན་ན་ལམ་ནས་སེམས་ཆུང་བྱོས། སྒྲོལ་མ་འདོན་གྱིན་སོངས་དང་སྐྱོན་མེད་འགྲོ། ངས་ཀྱང་འདི་ནས་ལྷ་ཆོས་སྐྱོང་སྲུང་མར་སྐྱབས་འཇུག་རེ་ཞུ།
དྲ་གྲོགས་འདང་ཅན་ཚེ་རིང་གི་བུ་ཡང་ངའི་ཁ་ལ་མ་ཉན་པར་བྲོ་མོར་བུད་སོང་ལ། ཉིན་དེ་ནས་བཟུང་གོ་རྒྱུ་གྲགས་རྒྱུ་ཅི་ཡང་མི་འདུག ལམ་ནས་ཅིག་གིས་ཟོས་སོང་བ་ཨེ་ཡིན་བསམས་ནས་ང་ནི་གཉིད་ཀྱང་ཡག་པོ་ཞིག་ཁུག་གིན་མི་འདུག ཁྱོད་ཚོའི་དེའི་སྐོར་ནས་སྐད་ཆ་ལྡོམ་པོ་རེ་མ་གོ་འམ། ཁོ་བྲོ་མོར་འགྲོ་ཉིན་དེར་ཁ་བ་སབ་སིབ་ཅིག་ཀྱང་འབབ་བཞིན་འདུག་ལ། ནམ་རྒྱུན་ཁ་བ་འབབ་དུས་སྤྱང་ལྟོགས་ཚོ་རི་འདབས་སུ་འབབ་ཀི་རེད། ད་དེ་ཚོ་གླེང་རྒྱུ་མང་དྲགས་ན་ངའི་མིག་ལམ་ལ་ཅིག་ཤར་གི་འདུག ཨ་ཨ་ཨ།
མགོན་པོ་ཕྱག་གཉིས་ལགས། དེ་འདྲ་མ་གསུངས་རོགས། ཁྱེད་ཀྱིས་མཐའ་གཅིག་ཏུ་མི་རབས་གསུམ་པར་བསྟོད་ར་གཏོང་བ་དེ་སེམས་བསམ་པའི་གཏིང་ནས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག ཁོང་ཚོར་བཟང་ཆ་ཡོད་ལ། ཞན་ཆའང་མཐོང་གི་འདུག ཁྱེད་ནི་བསམ་ཚུལ་མི་མཐུན་པ་ཁས་ལེན་བྱེད་མི་ཐུབ་མཁན་ཞིག་མིན་པའི་ཡིད་ཆེས་ཡོད།
ནོར་བཅོས། ཁྱོད་ཚོའི། ཁྱོད་ཚོས།
ཁྲི་སེམས་དཔའ་མི་རབས་གསུམ་པའི་ཁོངས་ནས་ཕྱིར་འབུད་སྟངས་དང་། སྐྱབས་ཆེན་གྱིས་མི་རབས་གསུམ་པ་ནི་ཚོགས་མི་བཅུ་བདུན་གྱི་བདག་ཉིད་ཅན་དུ་གཏན་འབེབས་བྱེད་སྟངས་བཅས་རྣམ་དབྱེ་བཞི་པ་དགོས་ཆེད་དང་ལས་སུ་བྱ་བ་གཉིས་ཀྱི་བར་ན་བརྗོད་འདོད་ཀྱི་སྐད་ཆ་ཁ་ཤས་ཡོད་རུང་། རྒྱུ་མཚན་ཆེར་མ་མཐོང་བར་བཏང་སྙོམས་སུ་བཞག་ཡོད། གང་ལྟར་མི་རབས་གསུམ་པ་ཐེ་བའི་བོད་ཡིག་འབྲི་མཁན་གྱི་དྲ་གྲོགས་གཅིག་ཀྱང་བོར་བརླགས་སུ་སོང་ན་གྱོང་གུད་ཡིན་པའི་ཚོར་སྣང་ཡོད།
མི་རབས་གསུམ་པའི་གྲངས་ཀ་དང་གྲོས་ཆོད་དོན་ཚན་བཅུ་བདུན་གྱི་གྲངས་ཀ་མཉམ་པ་འདི་རྣམ་དབྱེ་གཉིས་པ་ཡིན་ནམ་བཞི་བ་ཡིན།
ཀླུ་སྨྱོན། ཁ་བར་དཀར་མར་གྱི་མིང་ཐོག་ནས་གྲུབ་རྟགས་སྟོན་གྱི་མ་འདུག ཚིག་རྩོད་བརྒྱབ་ནས་ཅི་བྱེད་བསམ་པ་ཡིན། དོན་ལ་གཞོལ་ས་ཞིག་མི་འདུག་གམ།
ལྕགས་རྒྱ་འདིས་ཚིག་གི་ནང་ནས་དོན་འཚོལ་དགོས་པའི་གནས་ལུགས་ཙམ་ཡང་དྲན་གི་མེད་པ་འདྲ། ཨ་རོ་ང་ནང་བཞིན་ལོ་ཚོད་ལ་འདྲ་ཞིག་ཡོང་གི་མེད་ནི་མིན་ན།
ཀླུ་སྨྱོན། རང་ལ་སྐྱར་ཞིབ་ཏོག་ཙམ་བྱེད་ཤེས་པར་འགྱུར་བཞིན་པ་འདི་མཐོང་ན་བར་ཐག་ཇེ་ཉེ་རེད། དེ་མིན། ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་སྟེ། བར་ན་ཁ་བརྡ་མེད་པ་འདྲ་ཞིག་ཏུ་མཐོང་སོང་།
གང་ལྟར་ངེད་ཅག་གིས་བོད་ཀྱི་སྐད་ཡིག་དར་སྤེལ་ལ་འགན་ལེན་བྱེད་མཁན་གྱི་གང་ཟག་ཅི་ཙམ་མང་བ་དེའི་ཚོད་ཀྱི་བོད་ཀྱི་སྐད་ཡིག་ཕྱུག་པོར་འགྱུར་ངེས་ཡིན་སྟབས། བོད་ཀྱི་སྐད་ཡིག་གཅེས་མཁན་གང་ན་སུ་ཡོད་ཚང་མ་ལ་དགའ་བསུ་དང་སྣེ་ལེན་ཡོད། དེ་མིན་བོད་ཀྱི་སྐད་ཡིག་ལ་དུངས་ཞེན་མེད་མཁན་ཚོ་ནི། དངོས་ནས་ཐབས་སྐྱོ་བོ་རེད། དམིགས་གསལ་གྱི་བོད་ལ་སྐྱེས་ནས་བོད་ཡིག་དང་བོད་སྐད་མི་ཤེས་པའི་མི་དེ་ཚོ།
Hey Guys now this topic is finished. i am still listening your guys .
maybe everyone slept . before sleep listen this song . if you guys like music .
རེད་ཡ། ང་གཅིག་པོ་མ་ཡིན་པར་ཚང་མས་ལག་པ་སྙིང་ཁར་བཞག་སྟེ་རང་རང་གི་མི་ཚེའི་ལོ་རྒྱུས་ནང་དུ་དཀར་ཐིག་ཅི་ཙམ་འདུག ནག་ཐིག་ཅི་ཙམ་ཞིག་འདུག་བརྟགས་ན་མཚམས་རེར་དགོད་བྲོ་ཞིང་སྐབས་རེར་ངུ་ཤོར་དགོས་པ་ཅི་འདྲ་ཞིག་མང་ཨང་།
yes you are right . but i dont wanna to think about my past . its finished. its down .
right . still you are not sleep ?
sttil early here
it’s 5:34 and i always go to bed around 12:00pm
རྩོམ་ཡིག་འདི་ལ་མཆན་བུ་ ༡༩༩ བཏབ་འདུག་པས་གཅིག་བསྣན་ན་ ༢༠༠ འབུད་ཀྱི་འདུག་པས་མཆན་འདི་བཏབ་པ་ཡིན། མི་རབས་གསུམ་པ་ལ་ཞན་སྐྱོན་གྱི་ཆ་ཡོད་པ་བཤད་མ་དགོས་པ་ཞིག་རེད། དེའི་ཕྱིར་སྐྱོན་བརྗོད་བྱེད་དུས་ཀྱང་མིག་མཐོང་ལག་ཟིན་གྱི་སྐྱོན་མངོན་གསལ་དང་ཚབས་ཆེ་ཁག་ལ་ཡོ་སྲང་གི་སྐྱོན་བརྗོད་བྱེད་འོས་པ་ལས། ཁ་མེད་སྣ་མེད་ཀྱིས་གང་དྲན་དྲན་བཤད་མི་འོས། དཔེར་ན་བོད་པའི་ཕ་མ་ཞིག་གིས་རང་གི་ཕྲུ་གུ་ལས་ཉེས་བརྡུང་བཏང་བར་དཔེ་བཞག་ན་ཡང་། ཉེས་པ་འདི་ག་རེ་བྱས་ནས་ལས་ཡིན་ཞེས་
ནོར་ཁྲུལ་དེ་ཆེད་དུ་གསལ་བོ་བཤད་ནས་ཉེས་བརྡུང་གཏོང་བ། ཡང་ཉེས་བརྡུང་གཏོང་སྐབས་ཀྱང་དབང་པོ་ཡན་ལག་སྐྱོན་ཆགས་མི་ཤོར་བའི་གཟབ་ནན་གཙོ་འཛིན་གྱིས་རྐུབ་སོགས་ཉེན་ཁ་མེད་སའི་ཤ་མཐུག་སར་འབྲབ་པ་ལས། མིག་དང་སྙིང་གི་ཐོག་ལ་ཨེ་ཁེལ་ལྟ་གི་མེད་པ་དང་གཅིག་མཚུངས་རེད། འདིར་མཆན་འདེབས་སྐབས་ཀྱང་རྩ་དོན་འདི་བརྗེད་མི་ཉན་པ་ཞིག་རེད་སྙམ།
I wish u all enjoy the UNs Human Rights declaration Day with this music; Everybodys free (to feel good)
http://www.youtube.com/watch?v=9moNN3MBWEo&feature=related