སེང་རྡོར།
འཁོར་བ་འདི་ལ་གང་ལྟར་གཟིགས་ནའང་། །
དགའ་བའི་དངོས་པོ་ལྷག་ཙམ་མེད་མོད་ཀྱང་། །
བཅུ་དྲུག་བུ་མོའི་སྐུ་ཡི་བུ་ག་འདིར། །
རྒྱལ་བ་རྡོ་རྗེ་འཆང་དེའི་ལྷག་ཅིག་དུངས། །
ལན་བུ་ཤ་ལ་དྲུད་ན་བསྲན་མི་ཚུགས །
ནུ་མགོ་ཕོ་ལ་གཏུག་ན་སྡོད་མི་འགྲིག །
ཁ་རླངས་འདོམས་ལ་བཏབ་ན་ཤི་སྙམ་བྱེད། །
ལག་ཆུང་འོག་ལ་ཐུག་ན་བརྒྱལ་དུ་འཇུག །
ཚེ་ཡི་ཐོབ་ཆ་ཟེར་ཀྱང་འདི་ཀ་སྟེ། །
སྲིད་པའི་ལག་འབབ་ཟེར་ཀྱང་འདི་ཀ་སྟེ། །
འདི་ལ་དབྱངས་ཅན་སྦི་རག་མཆོད་བྱེད་པའི། །
ང་ཡི་མི་རབས་གསུམ་པ་ག་ལེར་ཕེབས། །
མཆོད་མེ་དྲ་བ་ནས་བླངས།
ལ་གཞའི་བཟོ་འདྲ་བོ་ལེན་མཁན་འདི་སུ་རེད། ད་ལོ་མི་ཚོས་སྡུག་ནད་མ་ཐེག་པར་ཡོད་དུས་གླུ་ལ་གཞས་འདྲ་བླངས་ནས་དགའ་སྡོད་སྟངས་ལ་བལྟས་ན་ལྟས་ངན་པ་བཀྲ་མི་མཁན་ཞིག་ཡིན་པ་ཐག་གིས་ཆོད་འདུག།
Good article! Tashi Delek!
སེང་རྡོར་ཟེར་བ་འདི་ནི་དེང་སང་བོད་ནང་གི་གཞོན་སྐྱེས་ཀླད་མེད་མགོ་སྟོང་མང་བོ་ཞིག་གི་སྣེ་ཁྲིད་ཆགས་བཞིན་ཡོད་པ་རེད། ཁོ་ལ་བཟང་ཆ་ཞིག་ཡོད་པ་ནི་ཚིགས་སྤྱོར་སྙན་ཆ་ཡོད་པ་མང་བོ་ཞིག་་བྲིས་དེ་མི་མང་བོ་ཞིག་གློ་ཡིད་དུ་དོགས་པ་མང་བོ་ཞིག་སློང་ཐུབ་པ་དེ་ལས། དེ་དག་གི་དཀའ་གནད་སེལ་ཐུབ་ཀྱི་མེད་པ་དེ་ཡིན། ད་ནི་འདི་ཁ་བརྡ་ཚང་གི་མགྲོན་པོ་ཆགས་བཞིན་ཡོད་དུས། འདིས་ཁ་བརྡ་ཚང་གི་ནང་གི་ཀླད་མེད་འུར་འགྲོག་ལ་དགའ་བ་ཁ་ཤས་ལ་སེམས་པ་རྣམ་དོག་ཇེ་མང་དང་རང་རློམ་ལས་དཔྱོད་པ་མེད་པའི་སྐད་ཆ་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བཤད་དེ་འོང་ངེས་ཡིན།
བོད། ལྷ་ྐླུ་གཉན་གསུམ་ལགས། རྩོམ་འདི་འཁྱེར་ཡོང་མཁན་ང་ཡིན། ཁ་བརྡ་ཚང་དང་འབྲེལ་བ་མེད།
ངེད་ཀྱིས་རྩོམ་འདི་བཀོད་དོན་ཡང་། རྩོམ་འདིར་བརྗོད་བྱ་ཐུན་མོང་མ་ཡིན་པ་ཡོད་མེད་དང་འདིས་བློ་སྒོ་འབྱེད་ཐུབ་མིན་ལ་མ་བལྟས་པར་།
བོད་ནང་གི་རྩོམ་འབྲི་བའི་རྩོམ་ཡིག་ལ་ཡང་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་འདུག་བསམ་པ་ཡིན། རྒྱུ་མཚན། དེ་རིང་སང་ཉིན། བོད་ནང་གི་སྐད་ཆ་ཕྱི་ལ་སླེབས་པ་དང་ཕྱི་ཡི་སྐད་ཆ་ནང་ལ་སླེབས་ཐུབ་ཀྱི་ཡོད་པས་ཡིན།
ལ་གཞས་ལ་མཐོང་ཆུང་མ་བྱེད་སྤུན་ཟླ། ལ་གཞས་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་པའི་རིག་གཞུང་ཞིག་ཡིན་པ་ད་དུང་ཤེས་མེད་དམ། དེང་སང་གི་རྒྱ་ནག་གི་བྱེད་སྟངས་ཏེ། བོད་པ་ལ་ལུང་ནས་ཐང་རྒོད་དང་ཀླུང་དུ་འབེབ་སྟངས་འདིར་བལྟས་ན། ལོ་འགའི་རྗེས་ནས་བོད་པ་ལ་གཞས་ལེན་ཤེས་མཁན་ཡང་དཀོན་པའི་གནས་སྟངས་ཤིག་ཆགས་ཀིན་མི་འདུག་གམ།
ང་རང་ལོ་ཆུང་ཡིན་དུས་ཀྱི་འབྲོག་པའི་བྱིས་པའི་རྩེད་མོ་གང་མང་ཞིག་ད་ལྟ་བོར་བརླག་ཏུ་འགྲོ་གིན་འདུག དེ་ནི་བྱིས་པ་ཚོ་མཉམ་རུབ་བྱས་ནས་རྩེད་མོ་རྩེད་སའི་རྩྭ་ཐང་ལ་ལྕགས་དྲ་བསྐོར་ནས་བྱིས་པ་ཚོ་མཉམ་རུབ་མེད་པ་ཞིག་བཟོས་པ་དེས་ལན་པ་མིན་ན་གང་ཡིན། ལ་གཞས་ཀྱང་དེ་བཞིན་ལོས་ཡིན། ལ་ལུང་ན་འབྲོག་པ་མེད་དུས་ལ་གཞས་རིག་གནས་ཀྱི་རྒྱུད་འཛིན་པ་ཡང་རང་ཤུགས་ཀྱིས་མེད་པར་འགྱུར་རྒྱུ་དང་། དེ་དང་བསྟུན་ནས་རྩ་ཆེའི་ལ་གཞས་རིག་གནས་ཀྱང་རྩ་མེད་དུ་འགྲོ་གི་རེད། དེའི་ཕྱིར་དྲ་ངོས་འདིར་ལ་གཞས་འབྲི་མཁན་ཡོད་ན་ཡང་ང་ངོ་མ་དགའ་བ་ཞིག་རེད། ལ་གཞས་ལེན་མཁན་མེད། ལ་གཞས་འབྲི་མཁན་མེད། ཐ་ན་ལ་གཞས་གླེང་མཁན་ཡང་མེད་པའི་དུས་ཚོད་འདིར། ཁྱེད་ཀྱིས་ལ་གཞས་འདྲ་བོ་ཞེས་མཐོང་ཆུང་དང་ཁྱད་གསོད་བྱེད་པ་འདི་ངོ་མ་ལ་གཞས་རིག་གནས་ཉམས་རྒུད་དུ་འགྲོ་བའི་དུས་ཚོད་འདི་ལ་མཛའ་བ་ཞིག་མ་རེད་ཡ། ངའི་སྙིང་ཉེ་བའི་སྤུན་ཟླ་ལགས།
ཕྱོགས་གཅིག་ནས་ཉིད་ཀྱིས་ལ་གཞས་འདྲ་བོ་ཞེས་པ་དེ་སེང་རྡོར་ལ་མཐོང་ཆུང་བྱས་པའི་ཁུལ་རེད། དེ་བཞིན་སྔོན་མར་ང་ལ་ཡང་དྲ་གྲོགས་ཤིག་གིས་ཁྱོད་ཀྱིས་བྲིས་པ་འདི་ལ་གཞས་འདྲ་བོ་འདུག་ཅེས་མཐོང་ཆུང་དང་ཁྱད་གསོད་བྱེད་མྱོང་། གཅིག་བྱས་ན་ཁྱེད་གཅིག་མི་གཅིག་ཡིན་ན་ཐང་། གང་ལྟར་དོན་ངོ་མར་ལ་གཞས་འདྲ་བོ་ཞེས་པ་འདི་ནི་དྲ་ངོས་འདིར་རྩོམ་ཡིག་སྤེལ་མཁན་ལ་ངོ་མཚང་བྲུས་པ་ཙམ་ཞིག་མ་ཡིན་པར། བོད་ཀྱི་ལ་གཞས་རིག་གནས་ལ་མཐོང་ཆུང་དང་དམའ་འབེབ་བྱས་པ་ཞིག་རེད། དེའི་ཕྱིར་རྗེས་སུ་མི་གཞན་པར་མཐོང་ཆུང་བྱེད་ན་མཐོང་ཆུང་བྱེད་སྟངས་མཁས་པོ་ཞིག་གི་སྟེང་ནས་བྱས་ན་བཟང་གི་རེད་མ་གཏོགས། བོད་པའི་རྩ་ཆེ་བའི་རིག་གནས་ཤིག་གི་སྐེ་ལ་བཅིངས་ནས་མཐོང་ཆུང་བྱས་ན་ངོ་མ་མི་ལེགས་པར་བསམ།
དེ་རིང་ཁ་བརྡ་ཚང་ལ་འཆམ་འཆམ་དུ་ཡོང་ནས།།
སྔུན་གྱི་ཁ་བརྡ་བྱེད་རོགས་རྙིང་བ་ཚོ་ཐུག་སོང་།།
སུན་སྣང་ཡེ་ནས་མེད་པའི་ཨ་མདོ་བ་འདི་ཚོ།།
ད་དུང་རྩོད་པ་མཐོང་ནས་དགོད་བཞིན་དུ་བུད་སོང་།།
ཡིད་སྐྱོ་བའི་གནས་སྟངས་ཤིག་བོད་དུ་བསྟུད་མར་བྱུང་བཞིན་ཡོད་པ་ནི། ལོ་ངོ་དུ་མའི་གོང་དུ་ཞོགས་དུང་ཟེར་བའི་ན་གཞོན་རྩོམ་པ་པོ་ཞིག་གིས་སྨྱུག་ཁ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་མ་རྩ་ནང་ཆོས་ལ་སྡང་བའི་རྩོམ་ཡིག་གང་མང་ཞིག་སྤེལ་ནས་ཀླད་མེད་ཆོལ་ཆུང་འུར་འགྲོགས་བྱེད་རྒྱུར་དགའ་མཁན་མང་བོ་ཞིག་ཅལ་རྗེས་སུ་རྒྱུགས་དེ་འུར་གང་ཙམ་ཞིག་བརྒྱབ་སོང་། དུས་དེ་རིང་ཡང་སེང་རྡོར་ཟེར་བ་ཁྱེད་རང་གིས་རྟུལ་འཕོད་ཀྱི་དེབ་དེའི་བསླེང་དེ་འོང་བའི་འགུལ་ཤུགས་ཀྱང་ཀླད་སྟོང་ཁ་ཤས་ཀྱིས་བདེན་པར་བཟུང་དེ་རང་གི་རྣམ་དཔྱོད་ལ་སྤུ་གྲི་མི་བསྡར་བར་ཁ་ནས་ཚིགས་བདེ་མོ་རེ་དང་སྙན་མོ་རེ་བྲིས་པ་དེ་ལ་བདེན་ཁ་བཟུང་དེ་རྒྱུགས་བཞིན་པ་འདི་དག་ནི། རང་གི་རིགས་ལ་ཤ་ཚ་མེད་པའི་གཏམ་རྐྱང་རྐྱང་ལས། གནས་ལུགས་ཡོད་པ་ཞིག་གཏན་ནས་མ་ཡིན་ནོ། གལ་ཏེ། སྙན་ཆ་ཡོད་པ་དང་ཀློག་པ་ཙམ་གྱིས་ཡིད་ལ་བདེན་སྣང་རེ་སྟེར་གྱི་འདུག་པ་དེ་ལ་རྒྱུ་མཚན་ཚད་མར་བྱེད་ཀྱི་ཡོད་ན་ནི། ཕྱི་རོལ་གྲུབ་མཐའ་སྨྲ་བ་དེ་དག་གི་གཞུང་ལུགས་སུ་སློབ་སྤྱོང་བྱོས་དང་སེང་རྡོར་གྱི་བྲིས་པ་འདི་དག་ནི་དེའི་སྙན་ཆའི་ཆ་ཤས་ཤིག་ལས་མི་ཡོང་བ་ཡིན། སེར་རྡོར་ཁྱེད་རང་གིས་ཀྱང་ཆུ་བོ་ཆུང་ཆུང་གི་འུར་སྒྲ་དེའི་རང་རློམ་གྱི་སྤོབས་པ་དེ་ལ་བསམ་བློ་ཞིག་བཏང་ནས་འགྱུར་བ་ཞིག་གཏོང་ཐུབ་པ་ཡིན་ན་ད་གཟོད་ཁྱེད་རང་བོད་དུ་སྐྱེ་བའི་ལག་རྗེས་ཤིག་དངོས་སུ་འཇོག་ཐུབ་ངེས་རེད་འདུག
ང་རང་གི་ལྟ་ཚུལ་ནས་བཤད་པ་ཡིན་ན། ང་རང་སེང་རྡོར་ཞེས་པའི་སྒེར་ལ་རྩོད་རྒྱུ་གང་ཡང་མེད་མོད། འོན་ཀྱང་། ཁོ་རང་གི་རྩོམ་ཡིག་འབྲི་སྟངས་ནི་དངོས་ནས་སྙིང་རྗེ་བོ་ཞིག་འདུག་ན་ཡང་། ཁོ་རང་གི་རྩོམ་ཡིག་མང་ཆེ་བས་ནང་དོན་ནི་ཆོས་ལུགས་ལ་འགག་བཞིན་ཡོད་པ་དེ་རེད། ཆོས་ལུགས་ལ་འགག་པ་ནི་བོད་ཀྱི་རིག་གཞུང་ལ་འགག་པ་ཡིན་སྟབས། ངས་དེ་ལྟར་བྱེད་བཞིན་པ་ནི་བོད་ཀྱི་སྨྱུག་ཐོག་པ་ཞིག་གི་ད་ལྟའི་ལས་འགན་མིན་པ་དེ་བཤད་ཀྱི་ཡོད་པ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད་དོ། ཆོས་ལུགས་ལ་འགག་མཁན་ནི་རྒྱ་ནག་སྲིད་གཞུང་ལས་གཞན་ང་ཚོ་ལ་དགོས་ཀྱི་ཡོད་དམ། རྒྱ་ནག་སྲིད་གཞུང་ནི་ང་ཚོ་ལ་མི་དགོས་ཀྱང་ཁོང་ཚོས་དེ་ལྟར་བྱེད་ཀྱི་ཡོད་པ་ནི་དགོས་པ་ཞིག་གི་ཆེད་དུ་རེད། འོ་ན་སེང་རྡོར་དང་ཞོགས་དུང་སོགས་ཀྱི་གང་ཞིག་གི་དགོས་འཁོའི་ཆེད་དུ་དམིགས་ཀྱི་་ཡོད་པ་རེད་དམ།