ཁྲང་ལིས་བརྩམས། མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ལས་བསྒྱུར།
————————
རྒྱ་ནག་གི་སྐབས་བཅུ་བདུན་པའི་རྒྱལ་ཡོངས་འཐུས་མིའི་ཚོཊ་ཆེན་ལ་དུས་རྒྱུན་འགལ་ཟླ་རུ་འགྲོ་བའི་ཕྱི་རྒྱལ་གྱི་དབྱེ་ཞིབ་དག་གི་ཁྲོད་དེ་སྔ་སྤྱི་ཡོངས་ཧང་སངས་དགོས་པའི་གནས་བབ་ཅིག་ཏུ་བསླེབས་ཡོད་པ་ནི་རྒྱ་ནག་དམར་ཕྱོཊ་ཚོགས་པའི་ཆབ་སྲིད་ཅུའུ་དང་ལྷག་པར་དེའི་དབུས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་འདེམས་སྒྲུག་ཐོག་ཡིན། དེ་ནི་གཞུ་དབྱིབས་ཅན་གྱི་རང་རྒྱལ་གྱི་ཆབ་སྲིད་འཁོར་ལམ་ཐག་གཅོད་བྱེད་ཀྱི་རྒྱུ་རྐྱེན་གཙོ་ཆེ་ཤོས་ཤིག་ཡིན། འདིས་གསར་འགྱུར་བརྒྱུད་ལམ་མི་ཉུང་བ་ཞིག་གིས་སྒྲིག་འཛུཊ་ལྟེ་གནས་འདི་ཚོ་ནང་གི་མི་སྒེར་གྱི་གོ་གནས་འགྱུར་བ་ལ་དོ་སྣང་སྤྲོད་དགོས་པའི་རྒྱུ་མཚན་གསལ་བཤད་བྱེད་ཀྱིན་ཡོད། དོན་དངོས་སུ་རྒྱལ་ཡོངས་འཐུས་མིའི་ཚོཊ་ཆེན་ནང་མཐོང་ཐུབ་པའི་སྣང་ཚུལ་གཅིག་ནི་རྒྱ་ནག་དབང་འཛིན་ལས་ཁུངས་ཚོས་ཛྲམཉམ་རུབ་ཀྱི་འགོ་ཁྲིདཛྲ་ལ་སྐད་ཆ་ནན་བཤད་ཇེ་ཆེར་གཏོང་བཞིན་པ་འདི་རེད། འདི་བཞིན་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་འཐུས་མིའི་ཚོཊ་ཆེན་ལ་ཕུལ་བའི་ཁོང་གི་སྙན་ཞུ་ནང་རྒྱ་ནག་དམར་ཕྱོཊ་ཚོགས་པས་ཛྲམཉམ་རུབ་ཀྱི་འགོ་ཁྲིད་དང་ཆབས་ཅིག་མི་སྒེར་སོ་སོར་འགན་འཁྲི་དག་ལས་བགོ་བྱས་ཏེ་ཚོཊ་པ་ནང་མི་སྒེར་རམ་མི་ཉུང་ཤས་ཤིག་གིས་སྲིད་དབང་སྒེར་གཅོད་བྱེད་པར་བཀག་འགོག་བྱ་དགོས་ཛྲཔའི་གསུངས་བཤད་གནང་ཡོད།
ཚོཊ་ཆེན་འདི་ལས་ཐོན་པའི་འཕེལ་རྒྱས་གལ་ཆེ་ཤོས་ཤིག་ནི་ཛྲམངོན་གསལ་ཆེ་བའི་རྒྱུད་འཛིན་པཛྲ་གཅིག་སྔོན་ཚུད་ནས་བསྐོ་བཞག་བྱས་ཟིན་པའི་ཚབ་དུ་རྒྱུད་འཛིན་འོས་མི་གསར་བ་གཉིས་བདམས་འདུག་པའི་མིག་དཔེ་འདི་རེད། འོས་མི་དང་པོ་གཉིས་ནི་མི་རབས་ལྔ་བའི་འགོ་ཁྲིད་ཞེས་ཟེར་བའི་དགུང་གྲངས་༥༤ཅན་གྱི་ཞི་ཅིན་ཕིན་དང་༥༢ཅན་གྱི་ལི་ཁེ་ཆིང་རེད། ཁོང་གཉིས་དེ་སྔ་ཆབ་སྲིད་ཅུའུ་ཨུ་ཡོན་ལྷན་ཁང་ནང་བསྐོ་བཞག་བྱས་ཡོད། དེ་མིན་དགུང་ལོ་༥༠ནང་ཡོད་པའི་ཚོཊ་མི་དྲུག་ལ་ཆབ་སྲིད་ཅུའུ་དང་ཡང་ན་དྲུང་ཡིག་ཁང་དུ་རྐུབ་སྟེཊ་རག་ཡོད་པ་རེད། འཆར་བཞིན་པའི་སྐར་ཆེན་འདི་ཚོ་བརྒྱད་པོ་མཉམ་རུབ་ཀྱིས་སྒོ་ནས་ཛྲརྒྱུད་འཛིན་ཚོཊ་ཆུང་ཛྲཞིག་གྲུབ་ཡོད། ཁོ་ཚོས་༢༠༡༢ཌ༢༠༡༣ ནང་མི་རབས་བཞི་བའི་འགོ་ཁྲིད་ཚོའི་ལག་ནས་གོ་གནས་ལེན་དགོས། འཕེལ་རྒྱས་འདི་ཚོས་རྒྱལ་ཁབ་འདི་འགོ་ཁྲིད་མཉམ་རུབ་ཀྱི་དུས་རབས་གསར་བ་ཞིག་ནང་འཛུལ་བའི་བརྡ་སྟོན་པ་དང་མཚུངས། འདིར་བརྟེན་ནས་རྒྱ་ནག་གི་སྲིད་དོན་གྱི་ཚད་གཞི་དང་སྒྲིག་སྲོལ་དག་འགྱུར་བ་གཏིང་ཟབ་པོ་ཐེབས་ཀྱི་ཡིན་པ་འདྲ། རྒྱ་ནག་གི་མ་འོངས་བར་མཚོན་ན་མཉམ་རུབ་ཀྱི་འགོ་ཁྲིད་ཞེས་པའི་དོན་ག་རེ་ཡིན། འདི་ནི་དགའ་སྟོན་རྟེན་འབྲེལ་གྱི་རྒྱུ་རྐྱེན་ཞིག་ཡིན་ནམ་ཡང་ན་སེམས་ཁྲལ་གྱི་གཞི་མ་ཡིན།
རྒྱ་ནག་ནང་སྟོབས་ཤུགས་ཐ་དག་བཟུང་བའི་འགོ་ཁྲིད་གཅིག་ནས་མཉམ་རུབ་ཀྱི་འགོ་ཁྲིད་ལ་ཆས་པའི་འགྱུར་ལྡོག་འདི་ནི་བརྒྱུད་རིམ་དལ་བོ་ཞིག་ཡིན། མའོ་ཙེ་ཏུང་གིས་དཀོན་མཆོག་ལྟ་བུའི་ཆེས་ཆེ་བའི་སྟོབས་ཤུགས་སྤྱད་དེ་དམིཊ་བསལ་དུ་རིག་གནས་གསར་བརྗེའི་སྐབས་རྒྱུད་འཛིན་ནི་དེ་སྔ་ཁོང་གི་སྐུ་སྒེར་གྱི་གནད་དོན་དང་འདྲ་བའི་བེད་སྤྱོད་བྱས་ཡོད། ཏིན་ཞའོ་ཕིན་གྱི་དུས་ལ་རྒྱ་ནག་གི་འགོ་ཁྲིད་ཀྱི་གོ་གནས་ནང་ཆབ་སྲིད་ཀྱི་རྒྱུད་འཛིན་དང་མི་རབས་ཀྱི་འཕོ་འགྱུར་འདི་མང་ཚོཊ་ཀྱིས་སེམས་ཁུར་བྱེད་སའི་གནད་དོན་ཞིག་ཏུ་གྱུར་བ་རེད། ཡིན་ནའང་། ཁོང་གི་ཆབ་སྲིད་ལས་རིགས་ཀྱི་མཚན་སྙན་དང་། ཁ་གཏད་གཅོག་དཀའ་བའི་ཆབ་སྲིད་ཀྱི་དཔུང་རོགས་ཚོའི་འབྲེལ་བ་ལ་བརྟེན་ནས་གནམ་སྡེའི་སྒོ་མོ་ཆེ་དོན་རྐྱེན་རྗེས་སུ་ཁོང་གིས་གལ་ཆེ་བའི་གོ་གནས་ཅི་ཡང་བཟུང་མེད་ཀྱང་ཁོས་མི་མཐུད་ཁོང་ནི་རྒྱ་ནག་གི་ཆེས་མཐོ་འགོ་ཁྲིད་ཡིན་པའི་ལས་འགན་གཉེར་བསྡད་པ་རེད། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་གཉིས་ཀ་ཚན་རིག་ལག་རྩལ་ཐད་ཀྱི་མཁས་པ་རེད། རྣམ་པ་གཉིས་ཆར་ཏིན་ཞའོ་ཕིན་ནང་བཞིན་ཡིད་དབང་འགུག་ནུས་ཀྱི་ཁྱད་ཆོས་དང་གསར་བརྗེའི་མཛད་འཕྲིན་ཡོད་པ་མ་རེད། ཡིན་ཡང་། ཁོང་རྣམ་གཉིས་ལ་འཛིན་སྐྱོང་གི་ཉམས་མྱོང་རྒྱ་ཆེན་པོ་ཡོད་པའི་ཁར། མཉམ་འབྲེལ་འཛུཊ་སྐྲུན་དང་ཆབ་སྲིད་ཀྱི་ཕམ་འཁུར་འགྲིག་རེ་ཐད་ལ་ཡག་པོ་ཡོད་པ་རེད། དེ་འདྲ་ཡིན་ནའང་། ཅང་དང་ཧུའུ་གཉིས་ནི་ཏིན་གྱི་མཆན་འགོད་རེད། རྒྱ་ནག་གི་མི་རབས་བཞིའི་འགོ་ཁྲིད་ཀྱི་འགྱུར་རིམ་འདིས་ཁོ་མོ་ཛྲམི་སྒེར་གྱི་དབང་བསྒྱུརཛྲ་གྱི་སྲིད་དོན་ནས་མཉམ་རུབ་ཀྱི་འགོ་ཁྲིད་ཕྱོཊ་སུ་གཅིག་མཐུན་རང་བཞིན་སྒོས་སྐྱོད་ཀྱིན་པ་དཔེ་མཚོན་གྱི་ལམ་ནས་གསལ་བཤད་བྱེད་ཀྱིན་ཡོད།
འཆར་བཞིན་པའི་མི་རབས་ལྔ་བའི་འགོ་ཁྲིད་ཚོར་མཚོན་ན་ཁྲིམས་མཐུན་གྱི་གོ་གནས་བརྗེ་སྤོར་འདི་ནི་མང་ཙམ་འབུར་དུ་ཐོན་པའི་སྣང་ཚུལ་ཞིག་ཡིན། ཁོང་ཚོར་མང་ཆེ་བར་འགོ་ཁྲིད་ཐད་ལ་རྒྱལ་ཡིག་གཅིག་མཚུངས་ཡོད་ནའང་གལ་ཆེན་དོན་ཆེན་གཅིག་ནི་ཆབ་སྲིད་དཔལ་འབྱོར་གྱི་རྒྱབ་ལྗོངས་དང་ལས་རིགས་ཀྱི་བགྲོད་ལམ་ཁ་ཁ་ཡིན། དཔེར་ན། འོས་མི་དང་ཤོས་ཞི་ཅིན་ཕིན་དང་ལི་ཁེ་ཆིང་གཉིས་ཀ་༡༩༧༠ལོའི་ལོ་དཀྱིལ་དུ་རྒྱ་ནག་དམར་ཕྱོཊ་ཚོཊ་པ་ནང་འཛུལ་ཞིང་འབུམ་རམས་པའི་ཕྱག་འཁྱེར་ཡོད། དམར་ཕྱོཊ་ཚོཊ་པའི་ཨུ་ཡོན་ལྷན་ཁང་ནང་ལོ་ངོ་བཅུ་ལ་བཞུཊ་པ་དང་ཞིང་ཆེན་རིམ་པ་གཉིས་ཀྱི་འཛིན་སྐྱོང་ཐད་ཚོཊ་པའི་དྲུང་ཆེ་བྱས་ཡོད། ཡིན་ཡང་། ཞི་ཅི་ཕིན་དེ་སྔ་ཉམས་མྱོང་ཁྱད་པར་འཕཊ་པའི་དམར་ཕྱོཊ་འགོ་ཁྲིད་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ལི་ཁེ་ཆིང་དེ་ལས་ལྡོག་སྟེ་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཕེབས་ཡོད། ཞི་ཡིས་རང་གི་ལས་རིགས་ཀྱི་གོམ་སྟབས་ཆེ་ཤོས་གྲོང་ཁྱེར་གྱི་དཔལ་འབྱོར་འཛིན་སྐྱོང་བརྒྱུད་ནས་སྤོས་ཡོད་ལ། ལི་ཡིས་ཁོང་གི་ཆབ་སྲིད་ཀྱི་ལས་རིགས་གཙོ་བོ་ཛྲརྒྱ་ནག་དམར་ཕྱོཊ་གཞོན་ནུ་མཉམ་འབྲེལཛྲ་བརྒྱུད་དེ་གོང་དུ་སྤེལ་འདུག ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ནང་གི་དཔལ་འབྱོར་ཡར་རྒྱས་ཆེས་ཆེར་ཕྱིན་པའི་རི་རྒྱུད་ཁ་ཤས་དཔེར་ན། ཧྥོ་ཅན་དང་ཀྲིག་ཅིང་། ཧྲང་ཧེ་ལྟ་བུ་དག་འཛིན་སྐྱོང་བྱས་ཡོད། ལི་ཡིས་ཞིང་ཆེན་གྱི་ཉམས་མྱོང་དག་ཐེངས་དང་པོར་དབུལ་འཕོངས་དང་ཞིང་ལས་གཙོ་ཆེ་བའི་ཧེེ་ནན་དང་དེའི་རྗེས་བཟོ་ལས་ཀྱི་བསྟི་གནས་ཆེ་ཤོས་ལའོ་ཉིན་དུ་བསཊ་ཡོད།
ཞི་དང་ལི་ཡི་ཐུན་མིན་གྱི་ཁྱད་ཆོས་འདྲ་མིན་དག་ནི་གོ་གནས་གསར་བ་ནང་ཁོ་ཚོའི་ལོ་རབས་ཀྱི་བསམ་འདུན་མཚོན་བྱེད་ཡིན། ཆབ་སྲིད་ཅུའུ་ནང་གི་ཚོཊ་མི་དང་པོ་རྣམས་ཕལ་ཆེ་བར་ཞིང་ཆེན་འཛིན་སྐྱོང་གི་ཉམས་མྱོང་གང་འཚམས་ཡོད་མཁན་ཡིན། ཆབ་སྲིད་ཅུའུ་ནང་གི་ཚོཊ་མི་ཚོར་ཞིང་ཆེན་གྱི་འགོ་གཙོའི་ཉམས་མྱོང་ཡོད་མཁན་གྱི་གྲངས་འབོར་སྐབས་བཅུ་བཞི་བའི་ཆབ་སྲིད་ཅུའུ་ནང་༡༠ (༥༠%)ཡོད་པ་ནས་སྐབས་བཅོ་ལྔ་བའི་ཆབ་སྲིད་ཅུའུ་ནང༡༣(༥༩%) སྐབས་བཅུ་དྲུག་པའི་ཆབ་སྲིད་ཅུའུ་ནང་༡༦(༦༧%) སྐབས་བཅུ་བདུན་པའི་ཆབ་སྲིད་ཅུའུ་ནང་༡༩(༧༦%)ལ་འཕར་ཡོད། བསྡོམས་རྩིས་འདིས་ད་ལྟའི་རྒྱ་ནག་གི་དབུས་དང་ས་གནས་གཞུང་བར་གྱི་འབྲེལ་ལམ་ལ་འགུལ་ཤུཊ་ཅན་གྱི་འགྱུར་ལྡོག་ཅིག་འགྲོ་བཞིན་པ་སྟོན་གྱི་ཡོད་ལ། རྒྱ་ནག་གི་སྲིད་དོན་ནང་ཞིང་ཆེན་འགོ་ཁྲིད་ཀྱི་གལ་ཆེན་ཆེ་རུ་འགྲོ་བཞིན་པ་སྟོན་གྱི་ཡོད།
ཆབ་སྲིད་ཅུའུ་དང་དྲུང་ཡིག་ཁང་དུ་འཆར་བཞིན་པའི་སྐར་ཆེན་བརྒྱད་ལས་བཞི་ཡིས་རང་གི་ལས་རིཊ་ཛྲརྒྱ་ནག་དམར་ཕྱོཊ་གཞོན་ནུ་མཉམ་འབྲེལཛྲ་གྱི་རིམ་པ་བརྒྱུད་དེ་གོང་སྤེལ་དུ་བཏང་ཡོད། གཞན་ཚོཊ་མི་བཞི་དཔོན་གནས་མཐོ་བོའི་ཁྱིམ་རྒྱུད་ནས་ཕེབས་པའི་ཛྲསྐུ་སྲས་ཛྲཚོ་ཡིན། ཚོཊ་མི་༣༧༡ ཡོད་པའི་དབུས་ཨུ་ཡོན་ལྷན་ཁང་ནང་ཁྱོན་བསྡོམས་འགོ་ཁྲིད་པ་༨༦འདིའི་སྔོན་གྱི་ཛྲརྒྱ་ནག་དམར་ཕྱོཊ་གཞོན་ནུ་མཉམ་འབྲེལཛྲགྱི་ཞིང་ཆེན་ནམ་རྒྱལ་ཁབ་ཀྱི་འགོ་ཁྲིད་དག་ཡིན། ཁོ་ཚོ་མང་ཆེ་ཤོས་ཀྱིས་རང་རང་གི་ལས་རིཊ་ཛྲརྒྱ་ནག་དམར་ཕྱོཊ་གཞོན་ནུ་མཉམ་འབྲེལཛྲ་གྱི་གཞི་རིམ་ཡན་ལག་དག་དང་ཞིང་ཆེན་ནང་གི་གྲོང་གསེབ་ཀྱི་འཛིན་སྐྱོང་དང་། སྲིད་དོན་ཚོཊ་པའམ་དྲིལ་བསྒྲཊ་ཀྱི་ལས་ཀ་བྱས་ཏེ་རིམ་བཞིན་ཡར་འཕར་ནས་ཡོང་བ་ཡིན། གཞན་ཚོཊ་མི་༣༢ནི་སྐུ་སྲས་ཚོ་ཡིན། ཁོང་ཚོར་ནམ་རྒྱུན་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་དངུས་རྩིས་འགྲོ་སོང་། ཕྱི་ལོག་ཚོང་འབྲེལ། ཕྱི་འབྲེལ་སྲིད་ཇུས། ཚན་རིག་དང་བཟོ་ལས་རིག་རྩལ། ཡང་ན་དམག་དོན་བཅས་ཀྱི་ཐད་ལ་ཉམས་མྱོང་གང་འཚམས་ཡོད།
ཤེས་ཡོན་གྱི་རྒྱབ་ལྗོངས་ལ་གཞིཊ་ན་མི་རབས་ལྔ་བའི་འགོ་ཁྲིད་ཚོ་མི་རབས་གསུམ་པ་དང་བཞི་བར་བསྡུར་ན་སྣ་མིན་སྣ་ཚོཊ་ཡོད། གཞན་ཕྱི་མ་གཉིས་ཀའི་འགོ་ཁྲིད་ཚོ་དེ་སྔ་ཚན་རིག་ལག་རྩལ་ཐད་ལ་མཁས་པ་ཡིན། འཆར་བཞིན་པའི་སྐར་ཆེན་འདི་ཚོར་ཆེད་ལས་ཀྱི་སྦྱོང་བརྡར་ཤིན་ཏུ་མ་འདྲ་བ་ཡོད། ཞི་ཅིན་ཕིན་དང་ལི་ཡོན་ཆའོ་གཉིས་ཁྲིམས་ལུགས་ལས་མཐར་ཕྱིན་པ་དང་། ལི་ཁེ་ཆིང་དཔལ་འབྱོར་རིག་པ་ལས་ཐོན། ཝང་ཁེ་ཤན་ལོ་རྒྱུས་རིག་པ་ལས་མཐར་ཕྱིན། པོ་ཞི་ལའེ་གསར་འགོད་རིག་པ་ལས་ཐོན། ལིན་ཅི་ཧྭ་ཚོང་འབྲེལ་འཛིན་སྐྱོང་ལས་མཐར་ཕྱིན་པ་དང་། ཝང་ཧུའུ་ཉིན་ཆབ་སྲིད་ཚན་རིག་ལས་མཐར་ཕྱིན་ཡོད། འདི་ནི་དེ་སྔའི་ཆབ་སྲིད་ཅུའུ་ཨུ་ཡོན་ལྷན་ཁང་དང་ཏག་ཏག་འགལ་ཟླ་རུ་ལངས་ཡོད། དེ་རུ་ཚོཊ་མི་དགུ་པོ་བཟོ་སྐྲུན་ཆེ་མོ་བའི་སྦྱོང་བརྡར་ལས་ཐོན་པ་ཡིན། དེ་མ་ཟད། སྐབས་བཅུ་དྲུག་པའི་དབུས་ཨུ་ཡོན་ལྷན་ཁང་ནང་ཕྱི་རྒྱལ་གྱི་ཤེས་ཡོན་སྦྱངས་ཏེ་ཕྱིར་ཕེབས་མཁན་མི་སྣ་༢༠ཡོད་པ་ནས་སྐབས་བཅུ་བདུན་པའི་དབུས་ཨུ་ཡོན་ལྷན་ཁང་ནང་མི་གྲངས་༣༦ ལ་འཕར་ཡོད། དཔེར་ན། ཤེས་ཡོན་བློན་ཆེན་ཀྲུའུ་ཅི་ཡིས་རང་གི་བཟོ་སྐྲུན་རིག་གནས་ཀྱི་འབུམ་རམས་པའི་ཕྱག་འཁྱེར་༡༩༨༤ལོར་ཨ་ལ་བྷ་ཎེ་ཡི་ནེའུ་ཡོག་མངའ་སྡེའི་གཙུག་ལག་སློབ་གྲ་◌ྭ་རུ་བླངས་ཡོད། ད་ལྟའི་རྒྱ་ནག་དམར་ཕྱོཊ་སྲིད་དོན་ཚོཊ་པ་དང་དྲིལ་བསྒྲཊ་ལས་དོན་གྱི་འགན་འཁུར་མཁན་ལི་ཡོན་ཆའོ་དང་ཝང་ཧོ་ཉིན་གཉིས་ཀས་ཀྱང་ཨ་རི་རུ་ཕྱོཊ་བསྐྱོད་མཁས་དབང་གི་ཚུལ་དུ་སློབ་གཉེར་མཛད་ཡོད་པ་དེ་རེད།
ཁེ་ལས་མཁས་ཅན་ཚོ་ནི་མངོན་བཞིན་པའི་ཕུལ་བྱུང་གི་སྡེ་ཚན་གཞན་ཞིག་ཡིན། སྐབས་བཅུ་དྲུག་པའི་དབུས་ཨུ་ཡོན་ལྷན་ཁང་ནང་ཁོང་ཚོ་མི་༩ཡོད་པ་ནས་སྐབས་བཅུ་བདུན་པའི་ཨུ་ཡོན་ལྷན་ཁང་ནང་མི་གྲངས་༡༨ བར་དུ་འཕར་ཡོད། ཁེ་ལས་མཁས་ཅན་འདི་ཚོ་མང་ཆེ་ཤོས་ད་ལྟ་རྒྱ་ནག་གི་སྐྲཁྱསྒྲགནས་རིམ་ཐོག་བསྡད་ཡོད་ཀྱང་། དོན་དངོས་སུ་སྒེར་གྱི་བཟོ་གྲ་◌ྭ་དང་ཉེན་མཆོངས་ནང་ཞུཊ་མཁན་ཉུང་ཉུང་ལས་མི་འདུག ཁོ་ཚོ་ཕལ་ཆེ་བ་ཧ་ཅང་གཞོན་རབས་པ་ཡིན། དེའི་ནང་དུ་སོ་ཞུའུ་ལིན། ཀྲུའུ་ཡན་ཧྥང་། ཝང་ཞའོ་ཆུའུ་བཅས་རེད། ཁེ་ལས་མཁས་ཅན་གཞོན་པ་ཚོ་དབུས་ཨུ་ཡོན་ལྷན་ཁང་དུ་ལྟོས་བཅས་ཀྱིས་ཇེ་མང་དུ་འགྲོ་བཞིན་པ་འདིས་མ་འོངས་པར་འདི་དག་གིས་རྒྱ་ནག་གི་སྲིད་དོན་ནང་གལ་ཆེ་བའི་ལས་འགན་ཞིག་བསྒྲུབ་སྲིད་པ་སྟོན་གྱི་ཡོད།
མི་རབས་ལྔ་བའི་འགོ་ཁྲིད་ཚོའི་ཁྲོད་དུ་ཆབ་སྲིད་ལས་རིགས་ཀྱི་ལམ་ཁ་འདྲ་མིན་ཡོད་པ་དང་ཆེད་ལས་དང་སློབ་གསོའི་རྒྱབ་ལྗོངས་མི་འདྲ་བ་མང་པོ་མཉམ་འགྲོ་བྱེད་བཞིིན་པ་འདི་ནི་རྒྱ་ནག་སྤྱི་ཚོཊ་ནང་ལོ་ངོ་༣༠ཁྲོམ་རྭའི་བཅོས་སྒྱུར་རྗེས་ཀྱི་རྒྱ་ཆེ་བའི་འགྱུར་ལྡོག་ཅིག་ཡིན། ཕྱོཊ་གཞན་ཞིག་ནས་གླེང་ན། རྒྱ་ནག་ལ་ཧ་ཅང་མགྱོཊ་འགྲོས་ཀྱི་ཁེ་གཉེར་མཁས་ཅན་གྱི་གྲལ་རིམ་དང་འགུལ་ཤུཊ་ཤིན་ཏུ་ཆེ་བའི་སྒེར་གྱི་ཁེ་ལས་སྡེ་ཚན་ཡོད། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་གཅིག་གིས་བརྗོད་པ་ལྟར་ན། རྒྱ་ནག་ནང་ཁེ་གཉེར་མཁས་ཅན་ས་ཡ་༥༠ཡས་མས་ཡོད་ཅིང་། དེ་དག་གིས་ཁྱོན་བསྡོམས་རྒྱ་སྒོར་ཁྲག་ཁྲིག་ཆེན་པོ་བཅུ་ཡི་རྒྱུ་དངོས་གཉེར་ཡོད། ཁོ་ཚོས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་གསུམ་ཆའི་གཅིག་འབུལ་བཞིན་ཡོད། རྒྱ་ནག་སྲིད་གཞུང་གིས་གཉེར་བའི་ཚོང་ལས་སྒྲིག་འཛུཊ་མང་ཆེ་བས་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཕྱི་ལོག་ཚོང་འབྲེལ། འཛམ་གླིང་ཁྲོམ་རྭའི་རྒྱ་སྐྱེད་ཁྲོད་མ་དངུལ་ཧ་ཅང་འབོར་ཆེན་ཞིག་བཞག་ཡོད་པ་རེད། ངོས་གཞན་ཞིག་ནས་ཁྲོམ་རྭའི་འགྱུར་ལྡོག་མྱུར་འགྲོས་ཁྲོད་དུ་རྗེས་ལུས་སུ་ལྷག་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྡེ་ཚན་དག་སྟེ་དཔེར་ན། ཞིང་པ། ཡུལ་སྤོར་ངལ་རྩོལ་བ། དབུལ་འཕོངས་ཀྱི་གྲོང་གསེབ་པ། རྒན་གཡོལ་བ་བཅས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་དྲང་བདེན་ཆེད་དགོས་འདུན་འདོན་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། བློ་ཕམ་ཡིད་ཆད་ཀྱི་སྡེ་ཚན་འདི་ཚོ་མང་དུ་འཕེལ་བཞིན་པ་འདི་ཉེ་བའི་ལོ་འདི་ཚོར་རྒྱལ་ནང་དུ་མང་ཚོགས་ཀྱིས་ངོ་རྒོལ་བྱེད་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བའི་བདེན་དཔང་ཡིན།
རྩོད་པ་བྱ་ཆོག་པ་ཞིག་ནི་ཕུལ་བྱུང་གི་ཁེ་ལས་སྡེ་ཚན་ཁེ་གཉེར་མཁས་ཅན་ཚོ་དང་གཉོམ་ཆུང་གི་སྡེ་ཚན་གཉིས་ཀས་མི་སྒེར་གྱི་དཔལ་འབྱོར་ཁེ་ཕན་དང་རྩ་ཁྲིམས་ནང་གི་ཐོབ་ཐང་དག་ཇི་ལྟར་ཡར་རྒྱས་གཏོང་དགོས་པ་དང་སྲུང་སྐྱོབ་བྱ་དགོས་བ་ཤེས་རྟོགས་བྱུང་ཡོད། འདི་ནི་དེ་སྔའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གང་དང་བསྡུར་ན་ཡར་རྒྱས་ཕྱིན་ཡོད། སྤྱི་ཚོཊ་དང་དཔལ་འབྱོར་སྡེ་ཚན་འདྲ་མིན་འདི་ཚོས་རྒྱལ་ཁབ་ཀྱི་གོ་གནས་འགོ་ཁྲིད་ཡོད་པའི་ཚབ་མཚོན་ཅན་གྱི་ཆབ་སྲིད་སྡེ་ཚན་དག་འཚལ་དེ་མ་འོངས་བ་ནང་ཁོ་ཚོའི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་འཚོལ་དུ་འགྲོ་མཁན་འཕེལ་བཞིན་ཡོད། སྡེ་ཚན་འདི་གཉིས་ཀའི་འགྲན་བསྡུར་གྱི་ལས་དོན་གྲོས་རིམ་དག་ནི་མཚོ་རྒྱུད་དང་ནང་ཁུལ་གྱི་ཞིང་ཆེན་ཚོའི་ཁེ་ཕན་མི་འདྲ་བ་དག་འདྲ་མཉམ་དུ་བཟོ་རྒྱུ་དེ་ཡིན། འདིས་འགོ་ཁྲིད་མཉམ་རུབ་ཀྱི་རྒྱ་ནག་ཅིག་མངོན་ཏེ་སྤྱི་ཚོཊ་དང་དཔལ་འབྱོར་གྱི་ཁོར་ཡུག་གསར་བ་ཞིག་བསྐྲུན་པར་སྲིད་ཇུས་ལག་བསྟར་བྱེད་དགོས་པར་སྐུལ་འདེད་བྱེད་ཀྱིན་ཡོད། དཔེར་ན། ཉེ་ཆར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་་ཁྲིམས་ནང་རྒྱུ་དངོས་ཀྱི་ཐོབ་ཐང་བཟོ་བཅོས་གནང་བ་དང་སྐབས་བཅུ་བདུན་པའི་རྒྱལ་ཡོངས་འཐུས་མིའི་ཚོཊ་ཆེན་གྱི་དཔལ་འབྱོར་གྱི་དམིཊ་ཡུལ་དུ་གྲོང་ཁྱེར་གྱི་ཁེ་གཉེར་མཁས་ཅན་ཚོའི་ཁེ་ཕན་ལ་ཡོངས་སུ་དམིཊ་ཏེ་༢༠༢༠ལོར་གཁངརེ་རེ་ལྡབ་བཞིར་གཏོང་རྒྱུ་བཟོས་ཡོད། དེའི་ལྡོག་ཕྱོཊ་ནས་ཞིང་པ་ཚོའི་དཔྱ་ཁྲལ་འདྲ་མིན་མེད་པར་གཏོང་རྒྱུ་དང་འཆམ་མཐུན་གྱི་སྤྱི་ཚོཊ་ཤིག་བསྐྲུན་པའི་སྡིངས་ཆ་བསྐྲུན་པ་བཅས་ནི་ཞིང་གྲོང་གི་སྡེ་ཚན་ལ་དོ་འཁུར་གནང་བ་མཚོན་ཡོད། དེར་བརྟེན། མཉམ་རུབ་ཀྱི་འགོ་ཁྲིད་ནི་འགྲན་རྩོད་ཀྱི་ཆབ་སྲིད་ཤོག་ཁག་ཚོ་ནང་ཞིབ་བཤེར་དང་ཆ་སྙོམས་བྱ་ཐབས་བརྒྱུད་སྟོབས་ཤུཊ་བགོ་རེས་ཀྱི་འཕྲུལ་ཆས་མ་ལག་ཡིན་པ་མ་ཟད། འགུལ་ཤུཊ་དང་མང་མོས་ཀྱིས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་གཏན་འབེབས་བྱ་སྤྱད་ཡིན། འདི་བརྒྱུད་ནས་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་སྣ་མིན་སྣ་ཚོགས་ཀྱི་སྤྱི་ཚོཊ་དང་ཟུར་བཀོལ་རི་རྒྱུད་རྣམས་མཚོན་ཆོག སྲིད་ཇུས་དག་གིས་ནུས་པ་ཡོད་ཚད་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད གཁངཇེ་མཐོར་གཏོང་རྒྱུའི་ཆེད་དུ་དམིཊ་ཡོད་པའི་སྐབས་འདིར། མཉམ་རུབ་འགོ་ཁྲིད་ཀྱིས་བཅོས་སྒྱུར་དུས་རབས་ནས་བཟུང་ཉམས་རྒུད་དུ་ཕྱིན་པའི་ཁོར་ཡུག་སླར་གསོ་བར་རིན་གོང་ཧ་ཅང་མཐོ་སྟབས་འབྲས་བུ་ཉུང་ངུ་ལས་ཐོབ་མི་སྲིད་སྙམ།ཚབ་ཏུ་དེས་སྤྱི་ཚོཊ་དྲང་བདེན་དང་དཔལ་འབྱོར་ཕན་ནུས་ལྡན་པའི་སྲིད་ཇུས་བཟོ་བར་ལམ་ཁ་སྟོན་སྲིད།
དེའི་མི་མངོན་པའི་ནུས་པ་ལ་མ་ལྟོས་པར་མཉམ་རུབ་འགོ་ཁྲིད་ཀྱིས་རྒྱ་ནག་དམར་ཕྱོཊ་ཚོཊ་པར་གལ་ཆེ་བའི་གདོང་ལེན་བྱེད་དགོས་པ་གཉིས་བསྟན་ཡོད། སྲིད་ཇུས་ཆ་ནས་ཁེ་ཕན་དག་གི་རྩོད་རྙོག་དང་སྲིད་ཇུས་འགྲན་བསྡུར་གྱིས་གཅིག་བྱས་ན་གནད་དོན་ཐག་གཅོད་པའི་བརྒྱུད་རིམ་ཇེ་རིང་དུ་གཏོང་བ་དང་རྙོག་དྲ་ཚ་རུ་བཟོ་ངེས་ལ། ཐ་ན་ཐག་གཅོད་དཀའ་བའི་ཚད་དུ་བསྐྱལ་བར་སྣེ་ཁྲིད་སྲིད་པ་རེད། མཚམས་ཤིག་རྒྱ་ནག་ལ་ཐག་གཅོད་དཀའ་བའི་གནད་དོན་དཔེར་ན་ཐོན་ཁུངས་བསྐྱར་བགོ་བྱེད་པ། མི་དམངས་འཕྲོད་བསྟེན་ཁང་གསར་རྒྱག ཁོར་ཡུག་སྲུང་སྐྱོབ། དངུལ་སྒོར་འགྲོ་སོང་གི་བསྒྱུར་བཅོས། ཕྱི་ལོག་ཚོང་འབྲེལ་གྱི་རྩོད་རྙོག་བཅས་འཕྲད་སྲིད། འདིར་བརྟེན་ནས། རྒྱ་ནག་གི་འགོ་ཁྲིད་ཚོས་མང་མོས་ཡོང་བར་དཀའ་ངལ་ཆེ་རུ་འགྲོ་བ་ཚོར་སྲིད་ཀྱི་རེད། ཆབ་སྲིད་ཐད་ནས་མི་འབོར་བསྡོམས་རྩིས་མི་འདྲ་ནའང་རྒྱ་ནག་གི་འགོ་ཁྲིད་མཐོ་པོ་ཚོར་སློབ་གསོ་དང་འཛིན་སྐྱོང་གི་རྒྱབ་ལྗོངས་ཡོད་པ་འདིས་མང་མོས་ཀྱི་ཆབ་སྲིད་སྐྱོང་བར་ལེཊ་སྐྱེས་འབུལ་སྲིད། ཡིན་ཡང་། རྒྱ་ནག་གི་དེང་རབས་ལོ་རྒྱུས་ཀྱིས་ཆབ་སྲིད་ཀྱི་འགོ་ཁྲིད་ཚོ་ལས་རིཊ་འདྲ་མིན་ཐད་ཉམས་མྱོང་ཡོད་པ་རྣམས་ནམ་རྒྱུན་དངངས་འཚབ་དང་རྩོད་རྙོག་གི་འབྱུང་ཁུངས་ཡིན་པ་བསྟན་ཡོད། དེར་མ་ཟད། བརྒྱུད་འཛིན་པ་གཉིས་བདམས་པའི་མིག་དཔེ་འདིས་འགོ་ཁྲིད་ཀྱི་ཁྱད་ཆོས་མཚོན་བྱེད་དམའ་བ་སྟོན་པར་སྐུལ་ལྕག་གཏོང་བའི་ཚབ་ཏུ་འབུར་དུ་ཐོན་པའི་ལས་དོན་དང་འགྲན་བསྡུར་བྱེད་པར་སྐུལ་ངེས།
ཡིན་ཡང་། ང་ཚོའི་འགོ་ཁྲིད་གསར་བ་ཚོར་ལས་རིཊ་དང་རྒྱལ་ཡིག ཉམས་མྱོང་བཅས་མི་འདྲ་བ་ཡོད་རྐྱེན་འགྲན་རྩོད་ཅན་གྱི་ཕུལ་བྱུང་སྡེ་ཚན་ཚོས་སྲིད་གཞུང་ལེཊ་པར་སྐྱོང་ཆེད་ཞི་བདེའི་མཉམ་གནས་ཀྱི་ལམ་ཁ་འཚོལ་དགོས་པ་རྟོཊ་ངེས་པ་རེད་ཞེས་རྩོད་པ་བྱ་ཆོག་གི་རེད། རྒྱལ་ནང་སྤྱི་ཚོགས་བརྟན་ལྷིང་གི་ཐུན་མོང་གི་ཁེ་ཕན་དང་རྒྱ་ནག་འཛམ་གླིང་གི་གར་སྟེཊ་སྟེང་འཆར་བའི་རེ་འདུན་གྱིས་མཉམ་རུབ་ཀྱི་འགོ་ཁྲིད་འདི་ལག་ལེན་བསྟར་རུང་བ་དང་རྒྱུན་འཁྱོངས་བྱ་ནུས་པ་བཟོ་སྲིད། དེ་འདྲ་ཡིན་ནའང་།་ རྒྱ་ནག་པའི་སྲིད་དོན་འདི་ད་ནི་ྐླད་གོར་བསྡོམས་རྩིས་ཀྱི་རྩེད་མོ་ཞིག་མིན། རྒྱ་ནག་གི་མཉམ་རུབ་འགོ་ཁྲིད་འདི་ནང་ཁུལ་ཙམ་ལ་གྲཊ་པའི་དམངས་གཙོ་འདིར་ཁ་ཕྱོཊ་ཡང་དག་པ་ཞིག་སྟོན་ཆེད་ཧ་ཅང་གལ་ཆེ་བ་མ་ཚད། འཛམ་གླིང་སྟེང་མི་འབོར་ཆེས་མང་བའི་རྒྱལ་ཁབ་འདིའི་འཛིན་སྐྱོང་ཇི་ལྟར་འགྱུར་ལྡོག་དང་འཕེལ་རྒྱས་སུ་འགྲོ་བ་ཕྱིར་མངོན་གྱི་ཡོད། འགོ་ཁྲིད་མི་སྒེར་གཅིག་གིས་ཐག གཅོད་བྱེད་པའི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་རིང་ལུཊ་ཀྱི་ལོ་རྒྱུས་རིང་པོ་ལ་ལྟོས་ན། མཉམ་རུབ་ཀྱི་འགོ་ཁྲིད་འདིས་མདུན་སྐྱོད་ཀྱི་གོམ་སྟབས་ཆེན་མོ་ཞིག་མཚོན་ཡོད།
ཨ་རོགས། དྲ་དཔོན་དགེ་རབ་ལགས། ངས་ཁྱེད་ལ་རྩོམ་ཡིག་ཅིག་བསྐུར་ཡོད། ཡིག་ལན་ཙམ་ཡང་མེད་པ་ཅི་ཡིན་ནམ།