"མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།" རེབ་གོང་གི་སློབ་མ་ཚོའི་སྐད་འབོད། Posted on 2010-10-19 By 8 Comments on "མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།" རེབ་གོང་གི་སློབ་མ་ཚོའི་སྐད་འབོད། གསར་འགྱུར།
སྐད་ཡིག་ནི་སྙིང་སྟོབས་ཤིག་ཡིན། སྙིང་སྟོབས་ནི་སྐད་ཡིག་ཡིན། རེབ་གོང་རིག་པའི་ཡུག་གྱི་སློབ་མ་ཚོའི་སེམས་རྒྱུད་ན་སྐད་ཡིག་གི་སྙིང་སྟོབས་ཉམས་མེད་དུ་གནས་འདུག
ད་ལྟོས་ཨང་། ཐབ་བརྩོད་འདི་སྤང་ལ་མེ་ཆིལ་བ་བཞིན། མདོ་སྨད་ནས་སྟོད། སྟོད་ནས་དབུས། དབུས་ནས་གཙང་ལ་ཤོར་ནས། རྒྱ་གུང་ཁྲན་གྱི་ལག་ལ་མེ་རྡོག་ཤིག་ཐེབ་པ་ལྟར། ཉར་ན་འཚིག གློད་ན་ལྷོད་མི་ཐུབ། མཐར་རྒྱ་གུང་ཁྲན་གྱི་ལག་པ་དེ་འཚིག་པར་བྱེད། བོད་རྒྱལ་ལོ།
ཁ་བརྡས་གསར་འགྱུར་གྱི་དྲ་བརྙན་འདི་མི་ཚེ་སྲོག་ལ་མ་བལྟས་པར་གསར་འགྱུར་ཙམ་གྱི་ཆེད་དུ་སྤེལ་ནི་བློ་ཕམ་དང་། བོད་ནང་གི་རིགས་ཞེན་པ་དག་གིས་གཟབ་དགོས་པའི་ཕྱོགས་གཅིག་རེད། རང་དབང་ལུང་པར་ཡོད་པ་དག་སྐྲག་མི་དགོས་ན་ཡང་། གནས་ལུགས་དང་རྒྱལ་ཁྲིམས་མི་བརྩི་བའི་བཀག་སྡོམ་གྱི་ས་རུ་ཡོད་པ་རྣམས་ཀྱི་ཚེ་སྲོག་ལ་བརྩི་འཇོག་བྱ་དགོས་པའང་གསར་འགྱུར་ལས་རིགས་པ་དག་གི་འོས་འགན་ཡིན་ངེས། སྐད་འབོད་པ་དག་གི་གདོང་གསལ་བོར་མཐོང་མི་ཐུབ་པར་བཟོས་ན་གསར་འགྱུར་དུ་མི་འགྱུར་པའི་ངེས་ཡོད་མི་སྲིད་དོ།
སློབ་གྲོགས་ཚོ། ཁྱེད་རྣམས་ཀྱིས་རིག་གཞུང་ཞིག་གི་མདུན་ལམ་ལ་བསམས་ནས་ལས་འགུལ་སྤེལ་བ་རྗེས་སུ་ཡི་རིངས་བྱེད། འོན་ཏང་སྐབས་འཚོལ་རང་ལུགས་པ་དག་གིས་ཁྱེད་ཅག་གི་ཚེ་སྲོག་ཨ་སྒོར་གྱི་གྲངས་ཀ་རུ་བརྗེས་འདུག་པས། ཕྱིས་སུ་ལས་དོན་གང་འདྲ་སྤེལ་ཡང་རང་གིས་རང་ཉིད་སྲོང་སྐྱོབས་ཀྱི་ལས་སུ་སྣང་ཆུང་གཏན་ནས་བྱེད་མི་རུང་། འདིའི་རིགས་ནི་སྐབས་འཚོལ་རང་ལུགས་པ་དག་གིས་དཔལ་འབྱོར་སྒྲུབ་པའི་གོ་སྐབས་ཡག་ཤོས་དེ་ཡིན་པས། ཁོ་ཚོས་མིའི་ཚེ་སྲོག་ལ་སྣང་འཇོག་བྱེད་མི་སྲིད།
2008 ལོར་ཚོགས་པ་སྤྱི་སྒེར་མང་དག་ཅིག་གིས་གསར་འགྱུར་ཚོང་བསྒྱུར་སོགས་ལ་རྔམ་དྲག་པས། སྤུན་ཟླ་མི་རིགས་མང་པོ་ཞིག་རྒྱ་ལག་དུ་བཞག་པའི་བསླབ་བྱ་དེ་བརྗེད་མི་རུང་།
ན་ནིང་ 2008 ལོར་ཆབ་སྲིད་ཀྱི་ངོ་རྒོལ་དེ་ཆོལ་ཁ་གསུམ་ལ་ཁྱབ་པ་རེད། དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། ད་རེས་སྐད་ཡིག་སློབ་གསོའི་ངོ་རྒོལ་འདི་ཡང་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་རྒྱུ་ན། འདིས་བོད་ཀྱི་རིག་གནས་སློབ་གསོའི་གནད་དོན་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ངེས་ཡིན། ད་རེས་ཀྱི་འདི་ཁྲིམས་འགལ་དུ་མི་འགྱུར་བ་དང་། དྲག་ཟིང་དུ་མི་འགྱུར་བ། སྲིད་དོན་དུ་མི་འགྱུར་བའི་སྒོ་ནས་བོད་ཡོངས་ལ་ཁྱབ་ཐུབ་པར་སྨོན།
ཁ་བརྡ་ཚང་གི་གནས་ཚུལ་དུས་ཐོག་བཀོད་པ་ལ་སྙིང་ཁོང་རུས་བས་གཏིང་ནས་བཀའ་དྲིན་ཆེ་ཞུས་རྒྱ་ཡིན།
སློབ་མ་ཚོའི་བློ་སྟོབས་ཧ་ལས་པ་རེད།
སྐད་ཡིག་ནི་སྙིང་སྟོབས་ཤིག་ཡིན།
སྙིང་སྟོབས་ནི་སྐད་ཡིག་ཡིན།
རེབ་གོང་རིག་པའི་ཡུག་གྱི་སློབ་མ་ཚོའི་སེམས་རྒྱུད་ན་སྐད་ཡིག་གི་སྙིང་སྟོབས་ཉམས་མེད་དུ་གནས་འདུག
ད་ལྟོས་ཨང་། ཐབ་བརྩོད་འདི་སྤང་ལ་མེ་ཆིལ་བ་བཞིན། མདོ་སྨད་ནས་སྟོད། སྟོད་ནས་དབུས། དབུས་ནས་གཙང་ལ་ཤོར་ནས། རྒྱ་གུང་ཁྲན་གྱི་ལག་ལ་མེ་རྡོག་ཤིག་ཐེབ་པ་ལྟར། ཉར་ན་འཚིག གློད་ན་ལྷོད་མི་ཐུབ། མཐར་རྒྱ་གུང་ཁྲན་གྱི་ལག་པ་དེ་འཚིག་པར་བྱེད།
བོད་རྒྱལ་ལོ།
ཁ་བརྡས་གསར་འགྱུར་གྱི་དྲ་བརྙན་འདི་མི་ཚེ་སྲོག་ལ་མ་བལྟས་པར་གསར་འགྱུར་ཙམ་གྱི་ཆེད་དུ་སྤེལ་ནི་བློ་ཕམ་དང་། བོད་ནང་གི་རིགས་ཞེན་པ་དག་གིས་གཟབ་དགོས་པའི་ཕྱོགས་གཅིག་རེད། རང་དབང་ལུང་པར་ཡོད་པ་དག་སྐྲག་མི་དགོས་ན་ཡང་། གནས་ལུགས་དང་རྒྱལ་ཁྲིམས་མི་བརྩི་བའི་བཀག་སྡོམ་གྱི་ས་རུ་ཡོད་པ་རྣམས་ཀྱི་ཚེ་སྲོག་ལ་བརྩི་འཇོག་བྱ་དགོས་པའང་གསར་འགྱུར་ལས་རིགས་པ་དག་གི་འོས་འགན་ཡིན་ངེས། སྐད་འབོད་པ་དག་གི་གདོང་གསལ་བོར་མཐོང་མི་ཐུབ་པར་བཟོས་ན་གསར་འགྱུར་དུ་མི་འགྱུར་པའི་ངེས་ཡོད་མི་སྲིད་དོ།
སློབ་གྲོགས་ཚོ། ཁྱེད་རྣམས་ཀྱིས་རིག་གཞུང་ཞིག་གི་མདུན་ལམ་ལ་བསམས་ནས་ལས་འགུལ་སྤེལ་བ་རྗེས་སུ་ཡི་རིངས་བྱེད། འོན་ཏང་སྐབས་འཚོལ་རང་ལུགས་པ་དག་གིས་ཁྱེད་ཅག་གི་ཚེ་སྲོག་ཨ་སྒོར་གྱི་གྲངས་ཀ་རུ་བརྗེས་འདུག་པས། ཕྱིས་སུ་ལས་དོན་གང་འདྲ་སྤེལ་ཡང་རང་གིས་རང་ཉིད་སྲོང་སྐྱོབས་ཀྱི་ལས་སུ་སྣང་ཆུང་གཏན་ནས་བྱེད་མི་རུང་། འདིའི་རིགས་ནི་སྐབས་འཚོལ་རང་ལུགས་པ་དག་གིས་དཔལ་འབྱོར་སྒྲུབ་པའི་གོ་སྐབས་ཡག་ཤོས་དེ་ཡིན་པས། ཁོ་ཚོས་མིའི་ཚེ་སྲོག་ལ་སྣང་འཇོག་བྱེད་མི་སྲིད།
2008 ལོར་ཚོགས་པ་སྤྱི་སྒེར་མང་དག་ཅིག་གིས་གསར་འགྱུར་ཚོང་བསྒྱུར་སོགས་ལ་རྔམ་དྲག་པས། སྤུན་ཟླ་མི་རིགས་མང་པོ་ཞིག་རྒྱ་ལག་དུ་བཞག་པའི་བསླབ་བྱ་དེ་བརྗེད་མི་རུང་།
ན་ནིང་ 2008 ལོར་ཆབ་སྲིད་ཀྱི་ངོ་རྒོལ་དེ་ཆོལ་ཁ་གསུམ་ལ་ཁྱབ་པ་རེད། དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། ད་རེས་སྐད་ཡིག་སློབ་གསོའི་ངོ་རྒོལ་འདི་ཡང་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་རྒྱུ་ན། འདིས་བོད་ཀྱི་རིག་གནས་སློབ་གསོའི་གནད་དོན་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ངེས་ཡིན།
ད་རེས་ཀྱི་འདི་ཁྲིམས་འགལ་དུ་མི་འགྱུར་བ་དང་། དྲག་ཟིང་དུ་མི་འགྱུར་བ། སྲིད་དོན་དུ་མི་འགྱུར་བའི་སྒོ་ནས་བོད་ཡོངས་ལ་ཁྱབ་ཐུབ་པར་སྨོན།