ངམ་རིང་ཡོན་ཏན་རྒྱ་མཚོ།
«དེང་རབས་ཅན་གྱི་རྒྱ་གར་»ཞེས་པའི་དབྱིན་དེབ་ལས་བསྒྱུར།
༡༨༥༨-༡༩༠༥
དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་རྒྱ་གར་ནང་མི་རིགས་རིང་ལུགས་ཀྱི་ཆབ་སྲིད་ལྟ་བའི་ཚོར་ཤུགས་ཇེ་ཆེར་འཕེལ་བ་དང་མཉམ་དུ་སྒྲིག་འཛུགས་ལྡན་པའི་མི་རིགས་རིང་ལུགས་ཀྱི་ལས་འགུལ་ཡང་འགོ་ཚུགས་ཡོད། ཕྱི་ལོ་ ༡༨༨༥ ལོར་རྒྱ་གར་ནཱ་ཤོན་ནཱལ་ཁཱོང་རེ་སི་(Nationnal Congress)«ཞེས་པའི་ཚོགས་པ་གསར་འཛུགས་»བྱས་ཤིང་ཚོགས་པ་དེའི་སྣེ་འཁྲིད་འོག རྒྱ་གར་མི་དམངས་ཀྱི་ངང་རྒྱུད་རིང་ལ་དཔའ་ངར་ཞུམ་པ་མེད་པའི་སྒོ་ནས་ཕྱི་རྒྱལ་བཙན་འཛུལ་བར་རང་བཙན་གྱི་འཐབ་རྩོད་བྱས་ཏེ་མཐར་ཕྱི་ལོ་ ༡༩༤༧ ལོའི་བོད་ཟླ་བརྒྱད་པའི་ཚེས་ ༢༥ ཉིན་ཁོང་རྣམས་རང་དབང་བདེ་དགའི་དཔལ་ལ་ལོངས་སྤྱོད་པའི་སྐལ་བཟང་ཐོབ་ཡོད།
ཕྱི་རྒྱལ་དབང་བསྒྱུར་བའི་ལག་རྗེས།
སྤྱིར་རྒྱ་གར་མི་དམངས་ཀྱི་མི་རིགས་རིང་ལུགས་ཀྱི་ལྟ་སྟངས་འཛིན་པ་ནི་ཕྱིའི་རྒྱལ་ཁབ་ཀྱི་དབང་བསྒྱུར་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན་མོད་ཀྱང༌། དབྱིན་གཞུང་གིས་ཁོང་ཚོར་བཙན་འཛུལ་བྱས་པ་དེས་རྒྱ་གར་མི་དམངས་ལ་མི་རིགས་ཀྱི་ལྟ་བའམ་ལ་རྒྱ་དམ་པོར་འཛིན་པར་ཕན་ཐོགས་ངེས་ཅན་ཞིག་བསྐྲུན་པ་མ་ཟད་དབྱིན་གཞུང་གིས་དབང་བསྒྱུར་དེས་ཕྱི་དངོས་པོའི་ཡར་རྒྱས་ཀྱི་ལས་འགུལ་ལ་སྨན་པའི་དགོས་མཁོ་བསྒྲུབས་ཡོད། རྒྱ་གར་དང་དབྱིན་གཞུང་གི་རྩ་བའི་འགལ་ཟླ་ནི་རྒྱ་གར་མི་དམངས་ཀྱི་ཁེ་ཕན་དང་དབྱིན་གཞུང་གཉིས་ཀྱི་ཁེ་ཕན་གྱི་འཐབ་རྩོད་ལ་ཞི་མཐུན་མེད་པ་དེ་ཡིན། དབྱིན་ཇིས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་ཆེད་རྒྱ་གར་དབང་བསྒྱུར་བྱས་ཡོད་ལ་དམིགས་ཡུལ་དེ་གཞི་རྩར་བཟུང་སྟེ་རྒྱ་གར་མི་དམངས་ཀྱི་བདེ་དོན་རང་ཉིད་ཀྱི་ཁེ་ཕན་ལས་སྣང་ཆུང་བར་བརྩིས་སྟབས་རྒྱ་གར་མི་དམངས་ཀྱི་རང་ཉིད་ཀྱི་ཁེ་ཕན་རྣམས།(Lankashire)«བཟོ་བསྐྲུན་མཁན་དང་ད»བྱིན་གཞུང་གི་ལོངས་སུ་སྤྱོད་བྱར་གྱུར་པ་ཤེས་རྟོགས་ཐུབ་ཡོད།
དེ་ཡང་མི་རིགས་རིང་ལུགས་ཀྱི་ལས་འགུལ་སྤེལ་བའི་རྩ་བའི་རྨང་གཞི་ནི་དབྱིན་གཞུང་གི་དྲག་གནོན་ཇེ་ཆེར་འགྲོ་བཞིན་པའི་དབང་བསྒྱུར་རམ་སྲིད་ཇུས་དེ་རྒྱ་གར་ཀྱི་དཔལ་འབྱོར་རྗེས་ལུས་ཐེབས་པའི་འབྱུང་རྐྱེན་གཙོ་བོར་གྱུར་ཡོད་པ་མ་ཟད། དེ་ནི་རྒྱ་གར་གྱི་དཔལ་འབྱོར་དང༌། སྤྱི་ཚོགས། རིག་གཞུང༌། ཤེས་ཡོན་ཆབ་སྲིད་སོགས་ཡར་རྒྱས་སུ་འགྲོ་བའི་འགོག་རྐྱེན་གཙོ་བོ་ཞིག་ཡིན་སྟབས་རྒྱ་གར་མི་དམངས་ཇེ་མང་ཇེ་མང་གིས་དོན་དངོས་ཀྱི་གནས་སྟངས་དེ་གསལ་རྟོགས་བྱུང་ཡོད། ལྷག་པར་དུ་གྲལ་རིམ་ཁག་དང་སྤྱི་ཚོགས་སྡེ་ཁག་ཚང་མས་ཁོང་ཚོའི་ཁེ་ཕན་རྣམས་ཕྱི་རྒྱལ་དབང་འཛིན་པའི་ལག་ཏུ་འགྲོ་བཞིན་ཡོད་པ་དང་དབྱིན་གཞུང་གི་ཞིང་བའི་ཐོན་རྫས་ཀྱི་ཆ་ཤས་མང་པོ་ཞིག་ས་ཁྲལ་སོགས་ལ་བསྙད་དེ་གཞུང་བཞེས་བརྒྱབ་པ་མ་ཟད་ཞིང་པའི་ལག་ནས་ས་ཁྲལ་ཆེན་པོ་བསྡུ་མཁན་ས་བདག་པ་དང༌། ཞིང་པའི་ས་ཞིང་འཕྲོག་སྟེ་མགོ་སྐོར་བསླུ་བྲིད་ཀྱིས་ཐབས་ལམ་སྣ་ཚོགས་སྒོ་ནས་ཁོང་ཚོར་བཤུ་གཞོག་གཏོང་མཁན་ཚོང་པ་དང་དངུལ་བུན་གཡར་པོ་རྣམས་གཞུང་འཛིན་སྡེ་ཁག་སྟེ་བདེ་འཇགས་ཉེན་རྟོགས་པ་དང་ཁྲིམས་ཁང༌། གཞུང་ཞབས་སོགས་ཀྱིས་སྒོ་ཀུན་ནས་བདག་སྲུང་བྱས་པ་རྣམས་གསལ་པོར་ཤེས་ཡོད། དཔེར་ན། ཞིང་པ་ཞིག་གིས་ས་བདག་དང་དངུལ་བུན་གཡར་པོའི་གཉའ་གནོན་ལ་ངོ་རྒོལ་བྱས་ཚེ་བདེ་འཇགས་ཉེན་རྟོགས་པ་དང་དམག་མི་སོགས་ཀྱིས་ཁྲིམས་དང་སྒྲིག་གཞིར་བསྙད་དེ་ཁོ་ལ་རྒོལ་ལན་སྤྲོད་ཀྱི་ཡོད།
ལག་ཤེས་མི་སྣར་མཚོན་ན་ཕྱི་རྒྱལ་གྱི་སྲིད་བྱུས་དེས་ཕྱི་རྒྱལ་འགྲན་རྩོད་པར་ཁོང་ཚོ་ཉམས་དམས་སུ་གཏོང་རྒྱུར་སྨན་པ་ལས་ཡར་རྒྱས་མཚོན་པའི་ཕན་འབྲས་གང་ཡང་ཡོང་ཐབས་མེད། ཕྱིས་སུ་དུས་རབས་ཉི་ཤུ་བའི་ནང་ལ་ཡང་གཞུང་གིས་ཁ་ཙམ་གྱི་ཁོང་ཚོར་ཤ་ཚ་བྱས་པ་ལས་དོན་དངོས་སུ་མ་རྩ་རིང་ལུགས་པ་དང་ལྷག་པར་དུ་ཕྱི་རྒྱལ་མ་རྩ་རིང་ལུགས་པའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། དེ་དུས་ཀྱི་བཟོ་གྲྭ་དང་གཏེར་ཁ། རྩི་ཤིང་འཛུགས་ལས་ཀྱི་ལས་མི་རྣམས་པས་གསལ་རྗེན་དུ་རྟོགས་ཡོད། དེར་བརྟེན་ལག་ཤེས་བཟོ་ལས་པ་ཚོས་དུས་སྐབས་ནམ་བྱུང་ལ་རང་ཉིད་ཀྱི་ལས་སྐལ་ཡར་རྒྱས་གཏོང་ཆེད་ཚོང་དོན་སྒྲིག་འཛུགས་འཛུགས་པ་དང༌། གཞུང་ལ་ལས་བཤོལ་ངོ་རྒོལ། རྔམ་སྟོན་ཁྲོམ་སྐོར་སོགས་ལས་འགུལ་སྣ་ཚོགས་སྤེལ་སྟབས་གཞུང་གིས་རང་དགའ་ཅི་བདེར་ཉེན་རྟོགས་པ་བེད་སྤྱད་དེ་ཁོ་ཚོར་རྒོལ་རྡུང་སྤྲོད་ཀྱི་ཡོད། ལྷག་པར་དུ་སྐབས་དེར་མི་དམངས་ལ་ལས་སྣེ་མེད་པའི་དཀའ་ངལ་ཇེ་ཆེར་འགྲོ་གི་ཡོད་སྟབས་དཀའ་ངལ་དེ་སེལ་བར་བཟོ་ལས་ཀྱི་ཐོན་རྐྱེན་ཀྱི་མྱུར་ཚད་མགྱོགས་པོ་དགོས་ལ་བཟོ་ལས་འཛུགས་བསྐྲུན་གྱི་མྱུར་ཚད་དེ་རང་དབང་ལྡན་པའི་གཞུང་ཞིག་གིས་བསྐྲུན་ཐུབ་པའི་ངོས་འཛིན་བཟོ་ལས་པས་བྱས་ཡོད།
གཞན་ཡང་རྒྱ་གར་བའི་ཚོགས་སྡེ་གཞན་པ་ཁག་ཀྱང་དབྱིན་གཞུང་གི་སྲིད་བྱས་ལ་འདོད་བློ་ཁེངས་མེད་སྟབས་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱས་བཞིན་པའི་རྒྱ་གར་བ་ཤེས་ཡོན་ཅན་ཚོས་རང་ལ་གསར་དུ་ཐོབ་པའི་དེང་དུས་ཀྱི་ཤེས་ཡོན་བེད་སྤྱད་དེ་རང་གི་རྒྱལ་ཁབ་ཀྱི་ཡིད་སྐྱོ་བའི་དཔལ་འབྱོར་དང༌། ཆབ་སྲིད་ཀྱི་གནས་སྟངས་དེ་གསལ་བོར་ངོ་སྤྲོད་ཐུབ་པ་བྱས་ཡོད། ཕྱི་ལོ་ ༡༨༥༧ སྐབས་དབྱིན་གཞུང་གིས་རྒྱ་གར་དེ་བཞིན་དེང་རབས་དང་བཟོ་ལས་ཅན་དུ་བསྒྱུར། དབྱིན་གཞུང་གི་བཙན་འཛུལ་ལ་ཐོག་མར་རྒྱབ་སྐྱོར་བྱེད་མཁན་རྒྱ་གར་བ་ཁ་ཤས་ཙམ་དུ་མ་ཟད་ཐ་ན་ཕྱི་རྒྱལ་བ་འགའ་ཡང་ཕྱིས་སུ་བློ་ཕམ་བྱུང་ཡོད། དཔལ་འབྱོར་ལ་གཞིགས་ཚེ་རྒྱ་གར་བ་ཁ་ཤས་དབྱིན་གཞུང་གི་མ་རྩའི་རིངས་ལུགས་ཀྱི་སྲིད་བྱུས་དེས་དབྱིན་ཡུལ་བཞིན་རྒྱ་གར་གྱི་ཐོན་སྐྱེད་ནུས་ཤུགས་གོང་མཐོར་གཏོང་ཐུབ་པའི་རེ་བ་བྱས་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་དབྱིན་གཞུང་གིས་དབྱིན་ཡུལ་གྱི་མ་རྩའི་རིང་ལུགས་ཀྱི་སྲིད་བྱུས་ཀྱི་ལམ་སྣེ་འཁྲིད་པའི་ལམ་ལུགས་རྒྱ་གར་དུ་ལག་བསྟར་བྱས་པ་དེ་རྣམས་རྒྱ་གར་གྱི་དཔལ་འབྱོར་རྗེས་ལུས་དང་ཡུལ་དེའི་ཐོན་རྫས་ནུས་ཤུགས་གོང་མཐོར་གཏོང་བའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད། ཆབ་སྲིད་ཐོག་ནས་རྒྱ་གར་བ་ཤེས་ཡོན་ཅན་ཚོས་དབྱིན་གཞུང་གི་དེ་སྔོན་རྒྱ་གར་རང་སྐྱོང་གཞུང་ཞིག་གི་ཐོག་ནས་འཛིན་སྐྱོང་བྱ་རྒྱུའི་གཏམ་བཤད་དམ་ཁས་ལེན་རྣམས་བསྐྱུར་ཏེ་དབྱིན་གཞུང་གི་ཆེས་མཐོའི་མི་སྣ་དང་ཆབ་སྲིད་པ་ཚོས་ཁོ་ཚོའི་གཞུང་དམངས་གཉིས་མུ་མཐུད་རྒྱ་གར་དུ་གནས་རྒྱུའི་རྒྱུད་བསྒྲགས་བྱས་པ་རྣམས་གསལ་བོར་ཤེས་པ་མ་ཟད། ལྷག་པར་དབྱིན་ཇི་བཙན་རྒྱལ་བའི་ཆེས་མཐོའི་མི་སྣ་དང་རྩོམ་འབྲི་པ་ཚོས་རྒྱ་གར་མི་དམངས་ལ་དམངས་གཙོ་དང་རང་སྐྱོང་གི་གཞུང་སྤྲོད་པར་འོས་འཚམས་མེད་པ་ལ་བསྙད་དེ་གཏམ་བཤད་དང་གསར་ཤོག་མི་སྒེར་གྱི་རང་དབང་ཇེ་ཆེར་གཏོང་བའི་ཚབ་ཏུ་སྔར་བས་དམ་བསྒྲགས་ཆེ་བ་བཏང་ཡོད།
རིག་གཞུང་ཁྱབ་ཁོངས་ཐོག་ནས་བཤད་ན་དབང་འཛིན་པ་ཚོས་ཤེས་ལྡན་མི་སྣ་དང་དེང་དུས་ཀྱི་ཤེས་ཡོན་དར་སྤེལ་གཏོང་བར་ལྟ་ཚུལ་ངན་པ་འཁྱེར་བ་མ་ཟད་ཐ་ན་ཁོ་ཚོར་འཁོན་འཛིན་དང་སྡང་ཟུག་ཡང་ཇེ་ཆེར་འཛིན་གྱི་ཡོད། མི་རིགས་རིང་ལུགས་ཀྱི་ཆབ་སྲིད་ལྟ་བ་གོང་མཐོར་གཏོང་བར་རྒྱ་གར་བ་མ་རྩ་རིང་ལུགས་དང་གྲལ་རིམ་གྱི་ཡར་རྒྱས་མྱུར་ཚད་མགྱོགས་པོ་མེད་མོད། འོན་ཀྱང་གྲལ་རིམ་དེ་དག་གིས་རང་ཉིད་བཙན་རྒྱལ་རིང་ལུགས་པའི་སྟངས་འཛིན་འོག་ཚུད་ཡོད་པ་རིམ་གྱིས་རྟོགས་པ་མ་ཟད། རྒྱ་གར་མ་རྩ་རིང་ལུགས་པའི་ཡར་རྒྱས་ཀྱི་འགོག་རྐྱེན་གཙོ་བོ་དེ་གཞུང་གི་ཚོང་ལས་དང་ཁྲལ་སྐྱེལ་འདྲེན་སོགས་ལ་ཐུག་ཡོད་པ་ར་སྤྲོད་བྱུང་ཡོད།
སྤྱིར་རྒྱ་གར་བའི་མ་རྩ་རིང་ལུགས་པའི་གྲལ་རིམ་གསར་འཛུགས་བྱས་ཙམ་ཡིན་སྟབས་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་ཆ་རྐྱེན་ཞན་པས་དེའི་ཞན་ཆ་རྣམས་དོ་མཉམ་པར་བཟོ་ཆེད་གཞུང་ངོས་ནས་མཐུན་འགྱུར་རོགས་རམ་བྱེད་དགོས་མོད་འོན་ཀྱང་རྒྱབ་སྐྱོར་གང་ཡང་བྱས་མེད། དེ་བས་བློ་ཕངས་པ་ཞིག་ལ་གཞུང་འཛིན་མི་སྣས་ཕྱི་རྒྱལ་བ་དཔལ་འབྱོར་ཡོང་ཁུངས་ལྡན་པའི་མ་རྩའི་རིང་ལུགས་པ་རྒྱ་གར་དུ་འབྱོར་བ་རྣམས་ལ་རྒྱབ་སྐྱོར་གང་ལེགས་བྱས་པ་མ་ཟད་རྗེས་ལུས་ཐེབས་པའི་བཟོ་ལས་ཀྱི་སྡེ་ཁག་ཡང་ཁོ་ཚོར་བདག་དབང་སྤྲད་ཡོད། རྒྱ་གར་བ་མ་རྩ་རིང་ལུགས་པ་རྣམས་དམིགས་བཀར་གྱིས་འདི་མ་རྩ་རིང་ལུགས་པའི་འགྲན་རྩོད་པ་འགོག་རྒོལ་བྱེད་ཀྱི་ཡོད་སྟབས་ཁོང་ཚོའི་རང་བཙན་འཐབ་རྩོད་ཀྱི་འཕེལ་ཤུགས་དང་བཙན་རྒྱལ་རིང་ལུགས་གཉིས་དབར་འགལ་ཟླ་ཚ་ངར་ཅན་ཞིག་ཆགས་ཡོད་པ་རྟོགས་པ་མ་ཟད་རང་མི་རིགས་ཀྱི་གཞུང་ཞིག་གི་ཚོང་ལས་དང་བཟོ་ལས་ཡར་རྒྱས་ཀྱི་མྱུར་ཚད་མགྱོགས་པོར་འགྲོ་བའི་ཆ་རྐྱེན་བསྐྲུན་ཐུབ་པའི་ངེས་ཤེས་ཀྱང་ཐོབ་ཡོད།
ང་ཚོས་གོང་དུ་ཤེས་གསལ་ལྟར་ས་བདག་པ་དང་སྡེ་དཔོན་རྣམས་ནི་ཕྱི་རྒྱལ་བཙན་འཛུལ་པ་དང་ཁེ་ཕན་འདྲ་མཚུངས་སུ་ཡོད་པའི་རྒྱ་གར་གྱི་སྤྱི་ཚོགས་སྡེ་ཁག་ཅིག་ཡིན་པས་ཁོ་ཚོས་བཙན་རྒྱལ་རིང་ལུགས་པའི་དབང་བསྒྱུར་མཇུག་མ་བསྒྲིལ་བར་དེའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་ཐ་ན་གྲལ་རིམ་དེ་དག་གི་ཁྲོད་ནས་མི་སྒེར་བྱེ་བྲག་པ་མང་པོ་ཞིག་མི་རིགས་ཀྱི་འཐབ་རྩོད་ལས་འགུལ་ནང་འཛུལ་ཞུགས་བྱས་ཡོད། མི་རིགས་རིང་ལུགས་པའི་ལྟ་བ་དར་རྒྱས་སུ་འགྲོ་བཞིན་པའི་ཁོར་ཡུག་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་དེ་མི་དམངས་མང་པོར་འབོད་སྐུལ་ཚད་མེད་བྱས་པ་དང༌། ལྷག་པར་དུ་རྩ་བའི་དབང་བསྒྱུར་ཀྱི་དྲག་གནོན་དར་ཁྱབ་དང་ཕྱོགས་ལྷུང་གི་སྲིད་བྱུས་དེར་རྒྱ་གར་བ་ཤེས་ལྡན་མི་སྣ་དང་རང་ཉིད་ཀྱི་ཆེ་མཐོང་གཙིགས་ཆེར་འཛིན་པའི་མི་དམངས་རྣམས་ཀྱི་རང་ཉིད་གྲལ་རིམ་གང་དུ་གཏོགས་མིན་ལ་མ་ལྟོས་པར་ཡར་ལངས་བྱས་ཡོད། ཕྱི་རྒྱལ་དབང་སྒྱུར་བས་རང་ཉིད་གྱི་མངའ་འོག་ཏུ་གྱུར་བའི་མི་དམངས་ཀྱི་སེམས་སུ་གཡོལ་མེད་ངང་རྒྱལ་གཅེས་པའི་ལྟ་བའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྟབས་ཕྱི་རྒྱལ་དབང་སྒྱུར་བའི་ངོ་བོར་མཚོན་པའི་དབྱིན་ཇིའི་གཞུང་གིས་མི་རིགས་རིང་ལུགས་ཀྱི་རྣམ་འགྱུར་ཐོན་ཡོད།
མདོར་ན་རྒྱ་གར་ནང་བཙན་རྒྱལ་རིང་ལུགས་ཀྱི་ཁ་གཏད་གཅོག་ཆེད་སྟོབས་ཤུགས་ཆེ་བའི་མི་རིགས་རིང་ལུགས་ཀྱི་ལས་འགུལ་སྤེལ་ཏེ་ནུས་ཤུགས་ཇེ་ཆེར་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་པའི་ཆབ་སྲིད་ཀྱི་ཁྱད་ཆོས་སམ་རང་གཤིས་དང་དེའི་གནོད་ཚབས་ཆེ་བའི་ཤུགས་རྐྱེན་དེ་རྒྱ་གར་མི་དམངས་ཀྱི་འཚོ་བའི་ཐོག་ལ་ཐེབས་པའི་མཇུག་འབྲས་ཤིག་ཡིན་པར་འཁུམས། ལས་འགུལ་དེ་ནི་རང་མི་རིགས་ནང་ཁུལ་གྱི་གྲལ་རིམ་དང་སྤྱི་ཚོགས་སྡེ་ཁག་གི་དབྱེ་འབྱེད་སོགས་དོར་སྟེ་ཚང་མ་གཅིག་བསྡུས་ཀྱིས་ཐུན་མོང་གི་དགྲ་བོར་ཁ་གཏད་གཅོག་པའི་ལས་འགུལ་ཞིག་ཡིན་སྟབས་ང་ཚོས་དེ་ལ་མི་རིགས་རང་ལུགས་ཀྱི་ལས་འགུལ་ཞེས་བརྗོད་ཆོག
རྒྱལ་ཁབ་ཀྱི་ཆབ་སྲིད་འཛིན་སྐྱོང་དང་དཔལ་འབྱོར་གཅིག་སྡུད།
དུས་རབས་བཅུ་དགུ་པ་དང་ཉི་ཤུ་པ་ཡས་མས་སུ་རྒྱ་གར་དེ་བཞིན་གཅིག་སྡུད་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་རྣམ་པར་འགྲུབ་བཞིན་ཡོད་སྟབས་མི་དམངས་ཁྲོད་མི་རིགས་རིང་ལུགས་ཀྱི་ལྟ་བའི་ཚོར་ཤུགས་འཕེལ་རིམ་མགྱོགས་པོར་གྱུར་ཡོད། དབྱིན་གཞུང་གི་རྒྱ་གར་ཁྱོན་ཡོངས་ལ་གཅིག་མཚུངས་ཀྱིས་དེང་དུས་ཀྱི་ལམ་ལུགས་ལྡན་པའི་གཞུང་བཙུགས་ཏེ་མཐར་རྒྱལ་ཁབ་དེ་བཞིན་ཆབ་སྲིད་འཛིན་སྐྱོང་གཅིག་སྡུད་བྱས་ཡོད། ས་གནས་དང་གྲོང་གསེབ་ཁག་གི་རང་ཁ་རང་འཚོ་ཐུབ་པའི་དཔལ་འབྱོར་རམ་འཚོ་རྟེན་ལམ་ལུགས་རྩ་མེད་བཟོས་ཏེ་རྒྱ་གར་ཁྱོན་ཡོངས་དེང་དུས་ཀྱི་ཚོང་དོན་དང་བཟོ་ལས་གསར་འཛུགས་བྱས་པ་དེས་མི་དམངས་ཀྱི་དཔལ་འབྱོར་དང་འཚོ་ཐབས་རྣམས་གཅིག་མཚུངས་སུ་གྱུར་སྟབས་རྒྱ་གར་གྱི་ཡུལ་གྲུ་ཕྱོགས་གང་སར་འཚོ་གནས་བྱེད་བཞིན་པའི་མི་དམངས་ཀྱི་དཔལ་འབྱོར་དང་འཚོ་ཐབས་ཕན་ཚུན་ཤིན་ཏུ་ལྟོས་བཅས་ཆེན་པོར་གྱུར་ཡོད། དཔེར་ན། གལ་ཏེ་རྒྱ་གར་གྱི་ཡུལ་བྱེ་བྲག་པ་ཞིག་ལ་མུ་གེ་དང་དཔལ་འབྱོར་འཚོ་ཐབས་ཀྱི་དཀའ་ངལ་འཕྲད་ཚེ་རྒྱ་གར་ཡུལ་གྲུ་གཞན་ཚང་མའི་བཟའ་ཆས་ཀྱི་སྤུས་ཚད་དང་རིན་གོང་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
ནུབ་ཕྱོགས་ཀྱི་ལྟ་བ་དང་ཤེས་ཡོན།
དུས་རབས་བཅུ་དགུ་བའི་ནང་ནུབ་ཕྱོགས་པའི་ལྟ་བ་དང་དེང་དུས་ཀྱི་ཤེས་ཡོན་དར་ཁྱབ་ཆེན་པོ་བྱུང་བར་བརྟེན་རྒྱ་གར་བ་མི་ཉུང་བ་ཞིག་གིས་དེང་རབས་ཀྱི་ཤེས་རིགས་དང་དམངས་གཙོ་དང་མི་རིགས་རིང་ལུགས་པའི་ཆབ་སྲིད་ལྟ་ཚུལ་སོགས་ལ་དོན་གཉེར་བྱས་ཡོད་པ་མ་ཟད་སྐབས་དེའི་ཡོ་རོབ་རྒྱལ་ཁབ་ཁག་གི་མི་རིགས་རིང་ལུགས་པའི་ལས་འགུལ་ལ་ཆེ་བསྟོད་དང་སློབ་སྦྱོང་བྱ་རྒྱུའི་འགོ་བཙུགས་ཏེ་(Rousseau Pain, John Stuar mill)«ལ་སོགས་པ་དང་དེ་མིན་ཡོ་རོབ་»ཀྱི་བསལ་བློ་རིགས་པ་བ་འགའ་ཁོངས་ཚོའི་ཆབ་སྲིད་ལམ་སྟོན་པ་ཆགས་ཡོད་ལ། MAZZINI, GARIBALDI )«དང༌། »IRVISH« ཡི་མི་རིགས་རིང་ལུགས་པའི་འགོ་འཁྲིད་རྣམས་ཁོང་ཚོའི་ཆབ་སྲིད་»ཀྱི་དཔའ་བོར་གྱུར་ཡོད།
རྒྱ་གར་གྱི་ཤེས་ཡོན་ཅན་དེ་དག་ནི་རང་ཉིད་ཕྱི་རྒྱལ་བའི་མངའ་འོག་ཏུ་གྱུར་བ་དེར་ངོ་གནོང་བའི་ཚོར་ཤུགས་སླེབས་མཁན་ཐོག་མ་ཡིན། ཤེས་ལྡན་མི་སྣ་དེ་དག་གི་བསམ་བློ་དེང་རབས་ཅན་དུ་གྱུར་བ་མ་ཟད། ཕྱི་རྒྱལ་དབང་བསྒྱུར་བའི་ཤུགས་རྐྱེན་ངན་པ་རྣམས་ལ་ཡང་ཞིབ་འཇུག་བྱེད་ཐུབ་ཀྱི་ནུས་པ་དང་འཇོན་ཐང་ཡོད་པས་ཁོང་ཚོར་རྒྱ་གར་དེ་བཞིན་སྟོབས་ཤུགས་ལྡན་ལ་དེང་རབས་ཅན་གྱི་གཅིག་སྡུད་རྒྱལ་ཁབ་ཤིག་འཛུགས་རྒྱུའི་བློ་སྟོབས་ཚད་མེད་སྐྱེས། དེར་བརྟེན་ཤེས་ལྡན་མི་སྣ་དེ་དག་གི་ཁྲོད་ནས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་རྣམས་ཀྱིས་འགོ་ཁྲིད་དེ་མི་རིགས་རིང་ལུགས་ཀྱི་ལས་འགུལ་ཚོགས་པ་བཙུགས་གནང་མཛད་ཡོད།
གསལ་བོར་ཤེས་དགོས་པ་ཞིག་ལ་རྒྱ་གར་བ་དང་དབྱིན་གཞུང་གཉིས་ཀྱི་ཁེ་ཕན་འཐབ་རྩོད་ཀྱིས་དོན་རྐྱེན་སློང་བའི་མི་རིགས་རིང་ལུགས་ཀྱི་ལས་འགུལ་དེ་བཞིན་དེང་དུས་ཤེས་ཡོན་ལམ་ལུགས་ཀྱིས་བསྐྲུན་པ་ཞིག་མིན། དེང་དུས་ཀྱིས་ཤེས་ཡོན་དེས་རྒྱ་གར་བའི་ཤེས་ཡོན་ཅན་ཚོར་ནུབ་ཕྱོགས་པའི་ལྟ་བའི་ཐོག་ལ་དོན་གཉེར་བྱས་ཐོབ་མི་རིགས་རིང་ལུགས་པའི་ལས་འགུལ་གྱི་སྣེ་ཁྲིད་དེ་ལས་འགུལ་དེ་བཞིན་དེང་དུས་དང་མང་གཙོའི་ཁ་ཕྱོགས་སུ་བསྐྱོད་པའི་ནུས་པ་སྤྲད་ཡོད། འོན་ཀྱང་གཞུང་འཛིན་དཔོན་རིགས་ཁག་གིས་གཞི་རིམ་སློབ་གྲྭ་དང་ཆེས་མཐོའི་སློབ་ གྲྭའི་ནང་སློབ་མ་རྣམས་ཕྱི་རྒྱལ་བཙན་འཛུལ་བའི་སྲིད་ཀྱིས་དཀའ་ངལ་དང་ལེན་དང་བཀུར་ཞུ་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད།
ཨེ་ཤཱ་ཡའི་ (Asia)«ནང་གི་རྒྱལ་ཁབ་རྒྱ་ནག་དང་ཧིན་»ཊོ་ནཱ་ཤི་ཡ་(Indonashia)«དེ་བ»ཞིན་ལྷོ་ཨ་ཧ྄ཕེས་རི་ཀ།(Afirica)«ལ་སོགས་པའི་ཡུལ་གྲུ་ཁག་གི་ནང་དེང་དུས་ཤེས་ཡོན་གྱི་ཁོར་ཡུག་སློབ་གྲྭ་ཆེ་ཆུང་གི་ག»ཞི་ཁྱོན་དེ་ཙམ་ཆེན་པོ་མེད་ཀྱང་ཡུལ་གྲུ་དེ་དག་གི་ནང་དེང་དུས་ཀྱི་ལྟ་བ་དང་མི་རིགས་རིང་ལུགས་པའི་ཞེན་ཁོག་དར་ཁྱབ་ཕྱིན་ཡོད་པས་རྒྱ་གར་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་ཡང་དེང་དུས་ཀྱི་ཤེས་ཡོན་དར་སྤེལ་གཏོང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།
དེང་དུས་ཤེས་ཡོན་གྱིས་རྒྱ་གར་བ་ཤེས་ལྡན་རྣམས་ལ་འདྲ་མཚུངས་དང་མཐུན་ཚོགས་ཀྱི་ལྟ་ཚུལ་དང་ཁེ་ཕན་བསྐྲུན་ཡོད་ལ་བྱ་བཞག་འདིའི་ཐད་དབྱིན་ཡིག་ནི་དེང་དུས་ཀྱི་ལྟ་བ་དང་ཤེས་ཡོན་དར་འཕེལ་གཏོང་བ་རྣམས་ཀྱི་ལག་ཆ་གཙོ་བོར་གྱུར་བ་མ་ཟད་དེ་ནི་རྒྱ་གར་ནང་སྐད་རིགས་མི་འདྲ་བའི་ཡུལ་གྲུ་ཞིག་གི་ཤེས་ལྡན་མི་སྣའི་བར་འབྲེལ་མཐུད་དང་བསམ་ཚུལ་བརྗེ་རེས་བྱེད་པའི་ཟམ་པ་ལྟ་བུར་གྱུར་ཡོད། འོན་ཀྱང་མི་རིང་བར་དབྱིན་ཡིག་དེ་བཞིན་མི་དམངས་སྤྱི་ལ་དེང་རབས་ཀྱི་ཤེས་ཡོན་དར་སྤེལ་གཏོང་བར་འགོག་རྐྱེན་ཞིག་ཏུ་གྱུར་བ་མ་ཟད། དེ་ནི་གྲོང་ཁྱེར་ནང་གི་ཤེས་ཡོན་ཅན་དང་གྲོང་ཁྱེར་དེ་དག་གི་མི་དམངས་བྱིངས་དང་ལྷག་པར་གྲོང་གསེབ་ཁག་གི་ཡུལ་མི་རྣམས་དང་འབྲེལ་ཐག་རྒྱང་དུ་གཏོང་བའི་བར་གྱང་ལྟ་བུར་གྱུར་ཡོད་པར་བརྟེན་རྒྱ་གར་ཀྱི་ཆེས་མཐོའི་མི་སྣ་(Dadabhai Nadroji, sayyid Ahmed Khan «དང་ »Tilaka hP Gandhiji)«ལ་སོགས་པའི་དཔོན་རིགས་ཚོས་རྒྱ་གར་»ཀྱི་ཤེས་ཡོན་ལམ་ལུགས་ནང་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཆེ་ཙམ་གཏོང་རྒྱུའི་འབད་བརྩོན་གནང་ཡོད། མདོར་ན། མི་དམངས་ཀྱི་དོ་ཁུར་ལ་བརྟེན་དེང་དུས་ཀྱི་ལྟ་བ་དང་ཤེས་ཡོན་རྒྱ་གར་རང་གི་སྐད་ཡིག་དང་རྩོམ་རིག་ཐུན་མོང་གི་སྐད་ཡིག་གསར་ཤོག་བརྒྱུད་ནས་དར་སྤེལ་བྱས་ཡོད་དོ།།
མི་དམངས་ཀྱི་ཐོབ་ཐང་སྲུང་སྐྱོབ།
ཐོག་མ་ཉིད་ནས་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་རྒྱ་གར་བ་ཤེས་ལྡན་རྣམས་དམངས་གཙོའི་ལམ་ལུགས་ལ་འགོག་ཏུ་མེད་པའི་ཡིད་དབང་འཕྲོག་པ་མ་ཟད་མི་དམངས་ཀྱི་ཐོབ་ཐང་གཏམ་བརྗོད་དང༌། གསར་ཤོག་དང་བསམ་བློ་འདུ་འཛོམས་རང་དབང་སོགས་ལ་དོ་ཁུར་ཆེན་པོ་སླེབས་ཡོད་པར་བརྟེན་གཞུང་གིས་མི་དམངས་ཀྱི་ཐོབ་ཐང་དེ་དག་ག་དུས་འཕྲོག་པར་བརྩམས་ཀྱང་ཁོ་ཚོས་དེ་དག་གི་ཆེད་དུ་འཐབ་རྩོད་བྱས་སྟབས་མི་རིགས་རིང་ལུགས་ཀྱི་ཆབ་སྲིད་ལས་འགུལ་གྱི་གྲུབ་འབྲས་ལ་བརྟེན། དུས་དེ་ཙམ་ནས་བཟུང་དམངས་གཙོའི་ལྟ་བའི་གཞི་རྩ་མི་དམངས་སྤྱི་དང་བྱེ་བྲག་རྣམ་དཔྱོད་ལྡན་པའི་རྒྱ་གར་བའི་བསམ་བློའི་ནང་ཚུགས་ཡོད། མདོར་ན་དམངས་གཙོའི་རང་དབང་གི་འཐབ་རྩོད་ནི་མི་རིགས་རིང་ལུགས་ཀྱི་རང་བཙན་འཐབ་རྩོད་ཀྱི་བྲལ་དུ་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད་དོ།།
ངམ་རིང་ཡོན་ཏན་རྒྱ་མཚོ་ལགས། ཁྱེད་རང་གིས་དེ་སྔ་བོད་བསྒྱུར་གནངས་པ༼དུད་འགྲོའི་གཞིས་ཀ༽ཞེས་པའི་ཕྱག་དེབ་དེ་ PDF ་ནང་ནས་ཀློག་ཐུབ་པ་ཞིག་མཁོ་འདོན་གནང་ཐུབ་བམ། གང་ལ་ཟེར་ན། དེབ་དེ་ལོ་མང་སྔོན་ཐེངས་གཅིག་བཀླགས་མྱོང་། དེ་རྗེས་མཇལ་ལམ་དུ་མ་གྱུར། གྲོགས་པོ་མི་ཉུང་བས་དེབ་དེ་རྩད་གཅོད་ཀྱང་ཞུ་ཡི་འདུག་པས་འདི་ལྟར་ཞུ་ཡི་ཡོད་ལགས།
ངམ་རིང་ཡོན་ཏན་རྒྱ་མཚོ་མཆོག་ལ་བོད་སྐད་དག་ཆ་ཚད་ཐུབ་ཕྱིར། ཚིག་ཁ་ཤས་ཞུ་དགོས་པར་བསམ་བློ་འཁོར། བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་ཡོངས་ན། མངས། ཞེས་པ་མང་པོ་དང་། དམངས་ཞེས་པ་དམན་པའི་དོན་ལ་བྲིས། རྒྱ་གར་བ། ཞེས་པ་ལུང་སྐད་དང་། སྔར་གྱི་བོད་སྡད་དུ། རྒྱ་གར་པ། ཞེས་པ་སྔར་གྱི་ལུང་སྐད་བཞིན། སུབ་ཅུ་པ་ནས་བཤད་པ་ལྟར་སི་ཏུ་པཎ་ཆེན་གྱིས་རྒྱས་བཤད་མཛད། འཕྲོག་པ་མ་ཟད། ཅེས་པར་པ་ལ་ར་ཡིག་ཆད་ཡོད་པ། འཕྲོག་པར་མ་ཟད། ཅེས་འབྲི་ན་བོད་མཁས་པ་རྣམས་ཀྱི་བྲིས་པ་དང་མཐུན། གསལ་བོར་ཤེས་དགོས་པ་ཞིག་ལ་རྒྱ་གར་བ་དང་དབྱིན་གཞུང་། ཞེས་པརགསལ་བ་ལ་ན་རོ་སྦྱར་ན། གསལ་པོ། ཞེས་དགོས་མི་དགས་སམ། ཨིན་ཞེས་པའི་སྒྲ་འཐོན་པར་་ད་བ་ཡ་བྲིས་པ་དོན་མེད་མི་འདུགམ།
་
སྟོད་ན། རྔམས་རིང་། ཞེས་ལུང་པ་ཞིག་ཡོད། དེ་ན་ཡིན་པའི་གྲྭ་གཞོན་རྟགས་བསལ་ཡག་པོ་ཤེས་པ་ཞིག་ཡོད་ལོ་ངོ་༦༦རེ་གྲངས་སྔོན་གྱི་སྐད་ཆ་ཡིན།
སྲིན་པོ་རྫ་རྒན་ལགས། ཁྱེད་ཀྱིས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། ཕྲན་ལ་དུད་འགྲོའི་གཞིས་ཀའི་དེབ་གཟུགས་ཁོ་ན་ལས། དེ་མིན་གློག་འཕྲུལ་ནང་རྩ་བ་ནས་མེད། དགོངས་འགལ་མེད་པ་ཞུ། དེ་བཞིན་དུ་རྒན་བློ་བཟང་ལགས། གལ་ཆེའི་དགོངས་ཚུལ་གསུངས་བར་ཐུགས་རྗེ་ཆེ། ཕྱིས་སུ་ཟབ་ནན་བྱེད་ཀྱི་ཡིན།