བོད་འགྱུར།
རྟ་ནག་སྐལ་བཟང་ལུང་རིགས།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།
ཡིག་ཆ་ཨང་། ༤༣༥
རྒྱལ་ སྲིད་སྤྱི་ཁྱབ་ཁང་གིས་ལག་བསྟར་བགྱིས་པའི༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་མི་རིགས་རང་སྐྱོང་ལྗོངས་སམ་མི་རིགས་རང་སྐྱོང་ཁུལ་གྱི་རྩ་ཁྲིམས༽གཏན་ འབེབས། ༢༠༠༥ལོའི་ཟླ ༥ ཚེས ༡༡ ཉིན་རྒྱལ་སྤྱི་ཁྱབ་ཁང་གི་ཐེངས་གྱ་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ ཚོགས་བརྒྱུད་ནས་སྤྱི་བསྒྲགས་མཛད། ༢༠༠༥ལོའི་ཟླ ༥ ཚེས ༣༡ ནས་དངོས་སུ་ལག་བསྟར་མཛད།
སྲིད་བློན། བུན་ཅ་པོ། ༢༠༠༥ལོའི་ཟླ ༥ ཚེས ༡༩ ཉིན།
རྒྱལ་ སྲིད་སྤྱི་ཁྱབ་ཁང་གིས་ལག་བསྟར་བགྱིས་པའི༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་མི་རིགས་རང་སྐྱོང་ལྗོངས་སམ་ཁུལ་གྱི་རྩ་ཁྲིམས༽ཆོད་དོན་གཏན་འབེབས།
དོན་ ཚན་དང་བོ། ༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་རྩ་ ཁྲིམས༽ཀྱི་ཆོད་དོན་ཐག་གཅོད་གཞིར་བཟུང་ནས། མི་རིགས་རང་སྐྱོང་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ སུ་འགྲོ་བའི་སླད་དུ་གྲོགས་དན་མཛད་དགོས་ཤིང་། མི་རིགས་ཚང་མ་དར་རྒྱས་ཀྱི་ལམ་ཆེན་གྱི་བསྐུལ་འདེད་བགྱིད་པའོ།།
དོན་ ཚན་གཉིས་པ། མི་དམངས་སྲིད་གཞུང་སོ་སོས ༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་རྩ་ ཁྲིམས༽ལག་ལེན་དུ་གདབ་ཕྱིར་ཤུགས་ཕུད་དགོས་པ་མ་ཟད། ཁྲིམས་ལུགས། ཁྲིམས་སྲོལ། མི་རིགས་སློབ་གསོ་དྲིལ་བསྒྲགས་ཀྱི་སྲིད་ཇུས་སོགས་ཁྲིམས་ལུགས་གཏན་འབེབས་ གཞིར་བཟུང་ནས་ལག་ལེན་དུ་གདབ་དགོས་པ་དང་།
གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་གྱི་གནད་དོན་འོས་ཤིང་འཚམས་པའི་སྒོ་ནས་ཐག་གཅོད་མཛད་པ། འཕེལ་རྒྱས་དང་། འདྲ་མཉམ། རོགས་རེས་མཛད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་ལམ་སྲ་བརྟན་དུ་ གཏོང་བའོ།། མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་བགྱི་བ་དང་།
མི་རིགས་ཁ་བྲལ་ཏུ་གཏོང་བའི་བྱ་སྤྱོད་བཀག་སྡོམ་བྱ་དགོས་སོ།།
དོན་ ཚན་གསུམ་པ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བགྱི་བ་ནི་སྤྱི་དམངས་སྤྱིའི་འགན་འཁྲི་དང་། སྤྱི་དམངས་སྤྱིའི་ལས་དོན་ཡིན། མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་སྲིད་གཞུང་གིས་ས་གནས་རང་གི་མི་རྣམས་ལ་ རྩ་ཁྲིམས་དང་། ཁྲིམས་ལུགས་འགན་སྲུང་བྱེད་དུ་གཞུག་པ་དང་། ལག་བསྟར་བྱེད་དུ་གཞུག་པ།
གུས་བརྩི་བྱེད་དུ་གཞུག་པ་བཅས་བགྱིས་ཏེ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་དགོས་པའོ།།
དོན་ ཚན་བཅུ་དགུ་བ། རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་གྱི་ལོ་དགུའི་སློབ་གསོའི་ལས་དོན་ཁྱབ་ བརྡལ་དུ་སྤེལ་བར་གྲོགས་དན་མཛད་དེ། ན་གཞོན་ཡིག་རྨོངས་གཙང་བསལ་བྱ་བ་དང་། རྒྱུན་ཆད་མེད་པར་སློབ་གྲྭའི་ཆ་རྐྱེན་ལེགས་པར་བསྒྲུབ་པའོ།། མི་རིགས་རང་སྐྱོང་ས་ཁུལ་གྱི་དཀྱིལ་སྙིང་དུ་རྒྱུན་སྡོད་སློབ་གྲྭ་འཛུགས་པར་ ནུས་ཤུགས་གང་ཡོད་གདོན་དགོས།
ས་ཁུལ་གྱི་སློབ་འབྲིང་དཀྱུས་མར་མི་རིགས་སྐད་ཡིག་གི་འཛིན་གྲྭའམ་མི་རིགས་ སློབ་འབྲིང་གསར་དུ་བཙུགས་ཏེ་འཕེལ་རྒྱས་སུ་གཏོང་དགོས་པ་མ་ཟད། སློབ་ཁྲིད་དང་བདག་གཉེར་གྱི་ཚད་གཞི་ས་ཁུལ་རང་ཉིད་ཀྱི་སློབ་གྲྭའི་ཆ་རྐྱེན་དང་ མཐུན་པ་ཡོང་བ་བྱ་རྒྱུ།
དོན་ཚན་ཉེར་གཉིས་པ། མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་དར་སྤེལ་དང་བེད་སྤྱོད་ཀྱི་བདག་དབང་ལ་འགན་ སྲུང་བྱ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ཚད་ལྡན་ཅན་དང་། ཚད་གཞི་ཅན་དུ་བསྒྱུར་ནས་བརྡ་འཕྲིན་ལམ་དུ་ཁྱབ་སྤེལ་གཏོང་དགོས་པར་མ་ཟད། རྒྱལ་ཡོངས་ཀྱི་སྤྱི་སྐད་དུ་གྱུར་བའི་རྒྱའི་སྐད་ཡིག་ཁྱབ་བརྡལ་བྱ་བར་ཡང་འབད་ པ་བྱ་དགོས།
རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་གྱི་གྲངས་ཉུང་མི་ རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག་གི་སློབ་ཚན་གཏན་ལ་ཕབས་སྟེ། “སྐད་གཉིས་བསླབ་གཞི་སྟེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག་གི་བསླབ་གཞི་ཞིབ་འཇུག་དང་། གསར་གཏོད། བསྒྱུར་སྒྲིག་དང་དཔེ་སྐྲུན་ལ་གྲོགས་དན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་བསླབ་ གཞི་སྒྱུར་སྒྲིག་དང་།
བརྟགས་དཔྱད་ཀྱི་སྒྲོམ་གཞི་གསར་སྐྲུན་བྱ་བར་རྒྱབ་སྐྱོར་མཛད་དགོས་པར་མ་ཟད། མི་རིགས་སྐད་ཡིག་དང་རྒྱ་ཡིག་གི་ཤེས་ཚད་མཐོན་པོ་ཡོད་པའི་སྐད་གཉིས་དགེ་རྒན་ སྐྱེད་སྲིང་བྱ་བར་རོགས་སྐྱོར་བྱེད་པའོ།།
དོན་ཚན་ཉེར་བཞི་བ། གོང་རིམ་མི་དམངས་སྲིད་གཞུང་གིས་སྲིད་ཇུས་དང་མ་དངུལ་ཟུང་སྦྲེལ་གྱིས་མི་རིགས་ རང་སྐྱོང་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་སུ་ གཏོང་བ་དང་། རིག་གནས་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས། མི་རིགས་རང་སྐྱོང་ས་ཁུལ་གྱི་རིག་གནས་དར་སྤེལ་ལ་ཞབས་འདེགས་ཞུ་བའི་རྣམ་གྲངས་ སྲ་བརྟན་དང་།
གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་རྫས་བདག་སྐྱོང་དང་དར་སྤེལ་བྱ་དགོས་སོ།། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གསར་འགྱུར་པར་ལས་དང་། རླུང་འཕྲིན། གློག་བརྙན། བརྙན་འཕྲིན་ལེ་ཚན་གྱི་སྐད་བསྒྱུར་ཚང་མ་གྲངས་ཉུང་མི་རིགས་རང་སྐད་ཀྱི་ལམ་ནས་ གཏོང་བར་རོགས་རམ་བྱེད་དགོས།
གྲངས་ཉུང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ སྲོལ་རྒྱུན་རིག་གནས་མུ་མཐུད་ནས་དར་སྤེལ་དང་། སྲོལ་རྒྱུན་གྱི་ལུས་རྩལ་ལས་འགུལ། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འདུ་ཚོགས། གཟི་བརྗིད་དང་ལྡན་པའི་མི་རིགས་ཀྱི་རིག་རྩལ་གསར་གཏོད། ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་འཚོ་བ་བཅས་ཡར་ལྡན་དུ་འགྲོ་ཆེད་རྒྱབ་ སྐྱོར་ཤུགས་ཆེན་བྱ་བ་དང་བཅས་སོ།།