གླིང་ཚ་ཚེ་བརྟན་རྡོ་རྗེ།
ད་ལྟ་ངའི་བཟའ་བཏུང་ཨ་རི་བ་ཞིག་ལ་བརྟེན་ནས་ཡོད། འཛིན་བཟུང་བྱས་ནས་ཉིན་གསུམ་པ་རེད། ཨ་རི་བ་འདིའི་བཀའ་དྲིན་ལ་བརྟེན་ནས་ངས་ཡི་གེ་ཁ་ཤས་ཤིག་བྲིས་པ་ཡིན། འགྲོ་བ་མིའི་ཐོབ་ཐང་གི་ལས་མི་བོད་པ་ཞིག་ང་ལ་ཐུག་འཕྲད་དུ་སླེབས་སོང་། མི་རིང་བར་བལ་ཡུལ་གནས་སྡོད་བོད་མི་འགས་ང་ལ་ཟས་སོང་དང་གོན་པ་ཁུར་ནས་ཡོང་རབས་འདུག གཅིག་བྱས་ན་རྒྱ་ནག་སྲིད་གཞུང་ལ་སྤྲད་ཀྱང་སྲིད། དེ་ཉིན་ནས་ངས་ཞི་བའི་འཐབ་རྩོད་ཀྱི་འགོ་འབུས་པ་རེད།
དཔའ་རྒོད་ཁྱོད་ལ་གུས་འདུད་ཞུ། ནང་མི་བུ་ཕྲུག་དང་བཅས་པ་བློས་གཏོང་གནང་མཁན་ནི་མི་ལོ་ལྔ་བཅུའི་རིང་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་རེད།
ཁྱོད་ཀྱི་སྙིང་སྟོབས་དང་རིགས་ཞེན། ཆོད་སེམས་ནམ་ཡང་གུས་འདུད་ཞུ།
གླིང་ཚ་དཀའ་ངལ་དུ་ལྷུང་སོང། བོད་པ་ཞིག་ཡིན་པའི་ཆ་ནས་དང་ཁར་བོད་དོན་ཁུར་ཡོད་པའི་ཆ་ནས་དང། དངོས་སུ་ཞི་བགྲོད་རྒྱུན་རིང་བྱས་པའི་དབང་གི་དཀའ་ངལ་འཕྲད་པ་དེར་གདུང་སེམས་མཉམ་བསྐྱེད་ཀྱི་དཀའ་ངལ་འདི་ལས་གྲོལ་རོགས་བྱས་ན་བསམ་བྱུང། དཀའ་ངལ་འདི་ལས་གྲོལ་དགོས་ན་དངུལ་བསྡུ་རུབ་བྱས་ན་གླིང་ཚ་ཉོ་ཐུབ་གི་རེད། བལ་སྤྲང་དེ་ཚོར་དངུལ་སྤྲད་ན་ཕ་མ་ཡང་བསོད་ནུས་ས་རེད་བ། ངས་བསམ་ན་ང་རང་ནས་འགོ་གཙུག་སྟེ་དངུལ་ཕྲན་བུ་རེ་བསྡུས་ན་གླིང་ཚ་ལ་ཕན་ཐོག་ཡོད་པ་དངོས་ཡོད་རེད། སྤྱིར་གཏང་བྱས་ན་མགོ་བདེའི་བྱས་ལས་དེར་རྒྱབ་བསྐྱོར་བྱེད་མཁན་དཀོན་ནའང། བོད་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་བསྐྱེད་བྱས་ན་སྐྱོན་མི་འདུག་བསམ། དར་དམར་ཕྱར་བ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་འགྱུར་བ་མེད། དན་དངོས་ཐོག་དཀའ་ལས་རྒྱབ་པ་དེར་མིག་མཐོང་ཡོད་ཙམ་གདུང་སེམས་མཉམ་བསྐྱེད་ཡོད།
དར་དམར་འཕྱར་བར་ལ་དགག་བྱ་མེད། བོད་དར་དང་རྒྱ་དར་ལ་ཐོབ་ཐང་འདྲ་མཉམ་དགོས།
ཕར་རྒྱུགས་ཚུར་རྒྱུགས་ཟེར་བའི་སྤོབས་པ་ཆེ་བ་ལ།
ཡང་དངུལ་བསྡུ་རུབ་བྱས་ན་ཟེར་དུས། མེ་དཀར་ལགས་གཙོས་པའི་དྲྭ་གྲོགས་ཚོའི་ག་གེ་མོ་ཞིག་གི་མིང་ཁུར་ནས་ཡོངས་འབབ་བསགས་གི་འདུག་བསམ་པའི་ཀུན་སློང་ཁྱེར་མཁན་དེ་འདྲ་ཡོད་ངེས་པས། དངུལ་བསྡུ་རོགས་བྱས་ན་སུས་ལག་ཏུ་འཇོག་ཀྱང་ཁྱད་པར་མེད། ང་ཚོའི་ཁོང་གི་མཉམ་དུ་ཞི་བགྲོད་བྱེད་མ་ནུས་ཀྱང་དངུལ་ལོ་ཕྲན་བུའི་རོགས་བསྐྱོར་བྱེད་ཐུབ་པའི་རེ་བ་ཡོད། ཡང་ང་མི་གཅིག་ལ་དངུལ་མང་པོ་མེད་ཙང་ཚང་མས་བསྡུས་ན་ལེགས་པོ་ཡོང་ས་རེད་བསམ་པའི་བསམ་བློ་ཞིག་འཁོར་སོང། ཡང་མི་ཁ་ཤས་གི་གླིང་ཚ་སྡུག་གྱོང་རེད་འདོོག་འདོག་དེ་འདྲ་བཤད་མཁན་འདུག། བསམ་བློ་རྣལ་དུ་ཕབས་ནས་སྐད་ཆ་བཤད་དགོས་པ་ལས། གླིང་ཚ་ལ་ཁ་སྡང་ཙམ་ཕར་ཞོག། སྡང་མིག་ཙམ་ཡང་བལྟས་ན་ཤིན་ཏུ་མ་འོས་པ་ཞིག་རེད། དར་དམར་ཁྱེར་ཕྱོགས་ལ་བསམ་བློ་མ་འདྲ་བ་ཡོང་སྲིད། ཡིན་ན་ཡང་གླིང་ཚས་རང་གི་བདེ་སྐྱིད་བློས་གཏོང་བྱས་ནས་བོད་སྤྱི་པའི་ཆེད་དུ་མ་བསྐུལ་དང་བླངས་གྱི་འདི་ལྟར་ཉིན་གྲངས་མང་པོ་ཞིག་ལ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་འབད་བརྩོན་བྱས་པ་འདིའི་གྲུབ་འབྲས་ཐོན་མིན་ཧ་མ་གོ་ཀྱང། ཁོང་རང་ངོས་ནས་བློས་གཏོང་ཆེན་པོ་ཞིག་བྱས་ཡོད་པར་དེ་ང་ཚོའི་ཧ་གོ་དགོས་རྒྱུ་ལས། ཚིག་ངན་གྱི་ཞེ་ཤ་བཅད་ན་མ་འོས་པ་དང་སོ་སོར་ཡང་མི་སྤྱོད་ལས་འདས་པ་ཞིག་ཡིན་པར་ཤུགས་ལ་གྲུབ་ཡོད། སོ་སོའི་ལུས་ཐོག་ཏུ་དཔེར་བླངས་ནས་བལྟས་ན་ད་གཟོད་ཧ་གོ་ངེས། ཉིན་གཅིག་ལ་ཞི་བགྲོད་བྱོས་དང་གསལ་པོ་རྟོགས་ངེས། ཚོགས་པ་ཁག་གིས་སོ་སོའི་ལངས་ཕྱོགས་དང་མ་མཐུན་ན་དེར་སྐྱོན་བརྗོད་བྱེད་པའི་ཐོབ་ཐང་ཡོད། ཡིན་ན་ཡང་ཚོགས་མི་སྒེར་ངོས་ནས་མི་སྒེར་ལ་སྐྱོན་བརྗོད་བྱས་ན། རང་གི་ལུས་ལ་དཔེར་བླངས་ལ། གཞན་ལ་གནོད་པར་མ་བྱེད་ཅིག། ཅེས་པ་དེ་སེམས་ལ་བཟུང་དགོས།
མེ་དཀར་ལགས། དངུལ་ལོའི་བསྐོར་ཐོས་འོང་དུས་སྐྲག་པ་མ་རེད་དམ། མཆན་སྤེལ་མི་འདུག་བ།
དངུལ་གྱི་སྐོར་ལ་བསམ་བློ་གང་ཡང་འཁོར་མ་སོང་། གོང་དུ་ངས་ཕར་རྒྱུགས་ཚུར་རྒྱུགས་སོགས་བཤད་པ་ནི་ངའི་མཆན་གོང་མར་གཅིག་གིས་རྒྱ་གར་དང་ཨི་ཛི་རིལ་ལ་ལོགས་རྒྱུགས་ཟེར་འདུག་པར་ལན་བྲིས་པ་ཡིན། ད་ལྟ་མཆན་བུ་དེ་བསུབ་འདུག མ་གཞི་ཁ་སང་དེ་རིང་གཉིས་སུ་ཁ་བརྡའི་དྲྭ་བར་ངི་ཞིག་སྐྱོན་ཞུགས་པ་ཡིན་ནམ་མཆན་བུ་དང་མ་རྩོམ་སོགས་མང་དག་ཅིག་མཐོང་ལམ་དུ་མེད་པར་སོང་འདུ
ཨོ་ང་གཅིག་པོར་བྱུང་བའི་གནས་ཚུལ་ཡིན་ས་མ་རེད།
དྲ་གྲོགས་གཞན་མེ་ཏོག་དཀར་པོ་ལའང་གནས་ཚུལ་བྱུང་འདུག
དེང་སང་ཁ་བརྡ་དྲ་བའི་ནང་དུ་མཆན་བུའི་དུས་ཚོད་དེ་དུས་ཡུན་སྐར་ཆ་ཁ་ཤས་ལས་མི་འདུག
གང་ཤེས་བོད་ལ་རྒྱ་ནག་གིས་ཁ་པར་དང་དྲ་རྒྱ་སོགས་ལ་དམ་དྲག་ཤིན་ཏུ་ཆེན་པོ་བྱེད་བཞིན་པའི་སྒང་འདིར། རྒྱ་འདྲེ་དེ་ཚོས་ཁ་བརྡའི་དྲ་རྒྱ་ལའང་འདྲེ་ལག་རྙོབས་ཀྱི་ཡོད་པ་མིན་འགྲོ།
དེ་མིན་ཁ་བརྡའི་དྲ་རྒྱ་འདི་དེང་རབས་ཀྱི་དྲ་རྒྱའི་ནང་ནས་དོ་སྣང་ཆེ་ཤོས་བྱེད་ས་ཞིག་ཏུ་གྱུར་ཡོད།
མཚོ་ནག་ལ་བོད་རིགས་གཅིག་པ་ཅིག་ལ་དཀའ་ངལ་འཕྲད་སྐབས་བསམ་བློ་གཏོང་ཕྱོགས་དེ་ངོ་མ་ཡག་བྱུང་། ལངས་ཕྱོགས་དང་ལྟ་བ་དེ་གནས་ཚུལ་གཞན་ཞིག་རེད། སྐྱིད་སྡུག་མཉམ་མྱོང་གནང་བར་ངོ་མ་དགའ་བྱུང་། ཡིན་ཡང་ཚེ་རྡོར་ལ་དམ་བཅའ་ཞིག་ཡོད་པ་རེད། དེ་ནི་ཁོ་རང་གང་དུ་བཀག་ཉར་བྱས་ན་དངུལ་སྤྲད་པ་སོགས་བྱས་ནས་ཉོ་མི་ཆོག་པ་དེ་རེད། ནམ་ལྷོད་ན་ནམ་འགྲོ་བ་དང་གང་ནས་ལྷོད་ནས་དེ་ནས་འགྲོ་རྒྱུ་དེ་ཁོ་རང་གི་དམ་བཅའ་རེད། བྱས་ཙང་། ཁོང་གི་འཐབ་རྩོད་ཀྱི་བསམ་བློ་དང་ལག་ལེན་དེ་དངུལ་གྱིས་ཉོ་ཐུབ་པ་ཞིག་མ་རེད་ལགས། གསལ་བཤད་ཙམ་ཡིན། བུ་རྒོད་ཚེ་རྡོར་གྱི་བདེན་པ་ཉིད་རྒྱལ་གྱུར་ཅིག
ཧཧ་
རྒྱ་ནག་ལ་སྤྲད་མི་སྲིད། མི་སྲིད་པའི་གནད་དོན་ཞིག་ལ་སེམས་འཁུར་བྱེད་ཁུལ་བྱས་བ་ནི་ནོར་འཁྲུལ་རེད། དེ་སྔ་ཚེ་རྡོ་ལས་ཡན་གྱི་ལྟ་བ་འཁུར་ནས་བལ་ཡུལ་ནང་བོད་མི་མང་པོས་ངོ་རྒོལ་བྱས་ཀྱང་རྒྱ་ནག་ལ་རྩིས་སྤྲད་མེད། དོན་ཚན་ལ་ངོས་ལེན་བྱོས་དང་། མགྱོགས་པོ་་གློད་རྒྱུ་རེད། གཅིག་ཡུལ་པ་རྣམས་དངུལ་ལ་མོས་བས་དངུལ་གྱི་ཆེད་དུ་ཅུང་འགོར་སྲིད། བདེ་མོ།
འགྱོགས་པོ་གློད་གྲོལ་ཡོང་བ་གྱུར།
ཁ་བརྡ་ཚང་ལ་ཁ་ཡག་མ་འབྱོར་ན།།
ཁ་བརྡ་ཙམ་གྱི་མཆན་དེ་བསུབས་ཚར་འདུག།
ཁ་བརྡ་སྙད་པའི་རང་དབང་མི་སྤྲད་ན།།
ཁ་བརྡ་ཚང་གི་ཁ་ལས་སྒུར་རྒྱུ་རེད།།
ཁོང་ལ་ཁ་རྡུང་བྱེད་མཁན་དེ་འདྲ་ཡང་འདུག དེ་ཚོ་ཆོ་མེད་ཟེར་བ་རང་རེད།
ཁ་བརྡ་དྲ་བས་ངའི་མཆན་པོ་བསུབ་ཚར་འདུག་གང་ཡིན་ནམ། རྗེས་སུ་མཆན་མ་སྤེལ་གསུང་བའི་བརྡ་རེད་བས།
མཆན་ཨང༼༩༽མདོ་སྨད་པ་བླུན་པོ་ལགས། ངས་ཟེར་ན་ཁོང་གི་འཐབ་རྩོད་དང་ལག་ལེན་དེ་དངུལ་གྱི་ཉོ་ཐུབ་པ་ལབ་མེད། ཁྱེད་གོ་ནོར་རེད་འདུག། ངས་ཟེར་ན་བལ་སྤྲང་དེ་ཚོར་དངུལ་སྤྲད་ནས་གླིང་ཚ་ཚུར་ལེན་དགོས་ཟེར་བ་ལས་གཞན་མིན། མཐའ་གཅིག་ཏུ་ཁོང་དཀའ་ངལ་འདི་མྱོང་འདོད་ཡོད་པ་ཞིག་ཡིན་རྒྱུ་མ་རེད། ཁོང་གི་ཆོད་སེམས་དང་ལག་ལེན་དེ་དངུལ་གྱི་ཉོ་ཐུབ་པ་ངས་གང་དུ་ཡང་ལབ་མེད་ལགས།
མཆན་ཨང༼༩༽མདོ་སྨད་པ་བླུན་པོ་ལགས། ངས་ཟེར་ན་ཁོང་གི་འཐབ་རྩོད་དང་ལག་ལེན་དེ་དངུལ་གྱི་ཉོ་ཐུབ་པ་ལབ་མེད། ཁྱེད་གོ་ནོར་རེད་འདུག། ངས་ཟེར་ན་བལ་སྤྲང་དེ་ཚོར་དངུལ་སྤྲད་ནས་གླིང་ཚ་ཚུར་ལེན་དགོས་ཟེར་བ་ལས་གཞན་མིན། མཐའ་གཅིག་ཏུ་ཁོང་དཀའ་ངལ་འདི་མྱོང་འདོད་ཡོད་པ་ཞིག་ཡིན་རྒྱུ་མ་རེད། ཁོང་གི་ཆོད་སེམས་དང་ལག་ལེན་དེ་དངུལ་གྱི་ཉོ་ཐུབ་པ་ངས་གང་དུ་ཡང་ལབ་མེད་ལགས། ངས་དགོངས་དག་ཞུ་གི་མིན། གང་ཡིན་ཟེར་ན་ཁྱེད་ཀྱི་གོ་ནོར་ལས་ངས་བཤད་ནོར་བྱས་མེད་པས་ཡིན།
ཁོང་ལ་བར་ཆད་མེད་པར་སྨོན།
ཁ་བརྡ་བརྩོམ་སྒྲིག་པར་ཞུ་རྒྱུར། སོ་སོར་དགའ་བའི་མཆན་བུ་སྤེལ་མེད་ན་མཆན་བུ་ཚང་མ་གསུབ་རྩིས་ཡོད་པས། ངས་བསམ་ན་ཁ་བརྡ་དྲྭ་ཚུགས་འདི་ནི་མི་མང་གིས་བསམ་ཚུལ་ལྷུག་པོ་ཕན་ཚུན་གོ་བརྡ་སྤྲོད་པའི་ཆེད་དུ་གཙུག་པ་ཞིག་ཡིན་པ་ལས། རང་འདོད་གྱི་ཕྱོགས་རེས་ལ་ཞེན་པའི་དྲྭ་ཚུགས་ཞིག་ཡིན་པར་ངོས་འཛིན་བྱས་མེད། མ་ཚད་དྲྭ་གྲོགས་ག་ཚོད་ཡོད་ཀྱང་ཕན་ཚུན་བསམ་འཆར་བརྗེ་ལེན་བྱེད་སའི་འཁོར་ཡུག་ཞིག་ལ་ངོས་འཛིན་བྱས་པ་ལས། སྒེར་གཅོད་རིང་ལུགས་པའི་ལུགས་སྲོལ་ཞིག་ཡིན་པ་འདོད་མེད། གལ་སྲིད་མཆན་བུ་གསར་པ་ཁྱེད་རང་འདོད་མོས་མེད་པར་དེ་ལྟར་སྤེལ་སྐབས་གསུབ་ན་ཁ་བརྡ་བརྩོམ་སྒྲིགས་པར་ཞུ་རྒྱུར། ཁྱེད་ཚོའི་ཁ་བརྡའི་དྲྭ་ཚུགས་འདི་གང་གི་ཆེད་དུ་གཙུགས་པ་ཡིན་ཅེས་པའི་འདྲི་ཚིག་འདི་དབང་མེད་དུ་ཡོང་གི་འདུག། ལན་གསལ་པོ་གསུངས་རོགས།
དྲྭ་གྲོགས་མེ་ཏོག་དཀར་པོ་ལགས། དར་དམར་ཕྱར་བར་དགག་བྱ་མེད་ན། དར་དམར་ཕྱར་བའི་བསྐུལ་འདེབས་དང་དར་དམར་ལ་དགའ་ཞེན་ཡོད་པས།
དར་དམར་ལ་དགའ་ཞེན་གཏན་ནས་མེད་དེ། བོད་པ་ཡིན་པས་སོ།།
ཁོང་རྒྱ་ནག་ལ་རྩིས་སྤྲད་མི་སྲིད་པ་མ་རེད།
དུས་རབས་འདིར་མི་སྲིད་པ་ཐམས་ཅད་སྲིད་པར་འགྱུར་སྲིད་ལ།
སྲིད་པ་ཐམས་ཅད་མི་སྲིད་པར་འགྱུར་སྲིད་པས
།ཚང་མའི་ཐུགས་བསམ་རེ་བཞེས་རོགས།
དཔའ་རྒོད་ཁོང་ཡང་མེད་པར་གྱུར་ན།
ང་ཚོའི་གྱོང་གུན་ཡིན་པས།
ཚང་མས་རྒྱབ་བསྐྱོར་དང་རོགས་རམ་རེ་གནང་རོགས་ཞུ
ད་གིན་ཞིག་ལ་མེཀ་སི་ཀོ་ཡིན་དུ་འཇིགས་སུ་རུང་ནད་ཡམས་ཤིག་ཁྱབ་ཚུལ་ཆེད་རྩོམ་ཞིག་འདུག་མོད། ད་ལྟ་མཐོང་ཡུལ་དུ་མེད་ཆགས་འདུག ག་རེ་ཡིན་ན། ནད་ཡམས་དེས་ཁ་བརྡའང་ཟིན་སོང་བ་ཨེ་རེད།
དཔའ་རྒོད་ཁྱེད་ཀྱི་བཞེད་དོན་འགྲུབ་གྱུར་ཅིག
མང་པོ་མང་པོ་ཞིག་བཤད་ཤེས་ཀི་མེད།།
དེང་སང་ཁ་བརྡའི་དྲ་བ་སྨྱོན་པ་ཆགས་འདུག མཆན་བུ་མང་པོ་ཞིག་དོན་མེད་ནག་བསུབ་བཏང་ཚར་འདུག་ལ། ད་དུང་མཆན་བུ་མང་པོ་ཞིག་གོང་འོག་དཀྲུག་སོང་འདུག ཕྱིན་ཆད་དྲ་གྲོགས་ཚོ་ཁ་བརྡའི་དྲ་བར་ཞེ་མེན་མ་ལོག་ཉེན་འདུག
ཁ་བརྡའི་དྲྭ་ཚིགས་ཆེད། སྒྲོལ་མ་འབུམ་ཐེར། བར་ཆར་ལམ་སེལ་ཁྲི་ཚར། ཚེ་ཐར་གང་མང་གཏོང་ན་མྱུར་དུ་དྲག་སྐྱེད་ཡོངས་ངོ་འདུག
ཁ་བརྡ་སང་གིས་མཆན་བཀོད་བསམ་ན་འགོག་བསམ་ན་ཁོང་ཚང་གི་འདོད་པ་རེད། མཆན་འགོད་མཁན་དང་ལྟ་མཁན་ཚོས་དྲ་ཚིགས་འདི་ལ་རིན་འབབ་སྤྲད་ཡོད་པ་མ་རེད།
ཇ་མ་ལགས་ཇ་ཞིམ་པོ་འཐུང་ནས་བསྡོད། ཁ་བརྡ་ཚང་ལ་བོད་པ་ཚང་གི་བཀའ་དྲིན་གི་དངུལ་ལོ་ཆར་ལྟར་འབབས་རྒྱུ་ལས། གཞན་ཁ་བརྡ་ཚང་ལ་ཁེ་བཟང་མེད་ན་ཁ་བརྡ་དྲྭ་ཚུགས་གཙུག་གི་རེད་བས། ཇ་མ་ལགས། སོ་སོའི་སོ་སོར་དབུལ་པོ་མི་བཟོ་བ་ཐག་གི་ཆོད་རེད། ཇ་མ་ལགས། ཁྱེད་ནི་མ་བྱན་གི་འཇོན་ཐང་ལས་གཞན་ཐོབ་དང་གོ་སའི་རེ་བ་མེད་པ་འདྲ། སྙིང་རྗེ
ཇ་མས་བཤད་ན་ཇ་མ་བདེན།
མཚོ་ནག་བཤད་ན་མཚོ་ནག་བདེན།
ཁ་བརྡ་ཚང་ལ་རྒྱབ་སྐྱོར་ཡོད། ཁ་བརྡ་ནང་དུ་རང་དབང་གིས་གང་འདོད་པ་དེ་འབྲི་ན་འདོད་ཚེ་དངོས་མིང་འགོད་དགོས་པ་རེད། དེ་མིན་མེ་ཏོག་དང་མཚོ་ནག་ དགའ་དབང་སོགས་བོད་ལ་མི་སྲིད་པའི་མིང་ཆད་རྐྱང་རྐྱང་འཁུར་ཡོང་ནས་རང་དབང་བཀག་སྡོམ་བཤད་ན་དགནས་ལུགས་མ་རེད།
བོད་ཀྱི་དུས་བབ་ནང་དུའང་བསྟན་འཛིན་འགྱུར་མེད་ཟེར་བ་སོགས་རྒྱ་གཞུང་གི་ལག་ཆ་དྲ་འབུ་རེ་ཟུང་ཚོད་མེད་བཏང་ཚེ་བོད་ཀྱི་དུས་བབ་ཁྲིམས་ཁང་དུ་བསྐྱལ་རྩིས་ཡོད། ལོ་གཅིག་ལྷག་རིང་གི་བསྟན་འཛིན་འགྱུར་མེད་ཀྱི་མཆན་ཚང་མ་ཕྱོགས་བསྒྲིགས་ཀྱིས་ཉར་ཚགས་བྱས་ཡོད་པས་ཁྲིམས་ཁང་དུ་སླེབས་ན་བོད་ཀྱི་དུས་བབ་ཚང་གིས་དཀའ་རྒྱུ་རེད་ཡ།
མེ་ཏོག མཚོ་ནག དགའ་དབང་ཞེས་པ་འདི་དག་བོད་ཀྱི་བརྡ་ཆད་མིན་པ་དང་། མདོ་ཁམས་པ་ཞེས་པ་བོད་ཀྱི་བརྡ་ཆད་ཡིན་སྟངས་བཤད་རོགས་གནང་།
ཁབརྡ་ཚང་སྐུ་ཚེ་རིང་བའི་ཆེད་དུ་ངས་ཀྱང་བར་ཆད་ལམ་སེལ་ཚར་གྲངས་ཁ་ཤས་ཤིག་སྟོན་ཡིན།
སྤྱིར་སྟངས་བྱས་ན། ཁ་བརྡའི་ཚང་གི་སྒྲིག་ལམ་ཞིག་ཡོད་ཡོད་པ་རེད། དེ་ལས་འགལ་མི་ཉན། འོན་ཀྱང་ཁ་བརྡ་ཚང་འདི་བོད་ཀྱི་སྨྱུགས་ཐོགས་པ་རྣམས་དང་ཆབ་སྲིད་པ་རྣམས་ཀྱི་གླེང་སྟེགས་ཆེ་ཤོས་ཤིག་ཡིན་པས་དེ་ཡི་ནང་དུ་ལེགས་ཉེས་བྱས་ཐལ་ལས་སོགས་ཅུང་ཞིག་བྱུང་བ་ལ་དེ་ཙམ་ཧ་ལས་དགོས་པ་མི་འདུག དེས་ན། ཁ་བརྡ་ཚང་ནས་ཀྱང་དགོངས་པ་ཆེ་བཞེས་ཀྱིས་མཆན་འགོད་ལོངས་མེད་པར་མ་གསུབ་རོགས་ཞེས་ཞུ་འདོད་བྱུང། འོན་ཀྱང་གསུབ་དང་མི་གསུབ་ཀྱི་དབང་ཆ་ནི་ཁ་བརྡ་ལ་ཡོད་རེད། གལ་ཏེ་གསུབ་རྐྱང་བྱས་ཀྱང་ང་ཚོས་དེར་ངོ་རྒོལ་དེ་ཙམ་བྱེད་ཐུབ་ཀྱི་མ་རེད་སྙམ། འོན་ཀྱང་འདི་རིགས་མང་དུ་བྱུང་བ་ཡིན་ན་ཉིན་གཅིག་ཁ་བརྡ་དེ་ཡང་ཁ་བརྡ་མི་བྱེད་པར་མཉམ་བཞག་གི་ཀློང་དུ་བཞུགས་རྒྱུ་ལས་མ་འདས།
ང་ནི་ཁ་བརྡའི་ནང་དུ་རྩོམ་སྤེལ་མ་མྱོངས་ལ་དེ་ལྟའི་ཡོན་ཏན་ཀྱང་མེད། འོན་ཀྱང་ང་ཡི་ཁ་འདོན་ནི་ཁ་བརྡའི་དྲ་རྒྱ་འདི་ཡིན། ཁྱེད་སྐུ་ཚེ་བརྟན་པར་ཤོག
མདོ་ཁམས་པ་ཞེས་པ་འདི་ཡང་གནས་ལུགས་ཀྱི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་ཡིན་པ་འདྲ། གལ་སྲིད་རང་འདོད་གྱིས་མཆན་འགོད་པས་དངོས་མིན་སྨྲོས་དགོས་གི་ཡོད་ན། ཁྱེད་ཀྱི་མིང་འདི་གང་དུ་བཞག། སྤྱིར་གཏང་མིང་ལ་དངོས་མིང་དང་བཏགས་མིང་གཉིས་ཡོད། བཏགས་མིང་དེ་ལ་ཡང་འདྲ་བ་རྒྱུ་མཚན་དུ་བྱས་པ་ཞིག་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས་ཡོད། མཚོ་ནག་དང་མེ་ཏོག་དང་དགའ་དབང་ལ་སོགས་པའི་བཏགས་མིང་དེ། འདྲ་འབྲེལ་གང་རུང་གི་ཁུང་དུ་འཛུལ་མེད་པར་ཁག་ཐེབ་གི་ཨ་ཡོད། ཡིན་ན་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་ཀྱང་མིང་ལ་བཏགས་མིང་དང་དངོས་མིང་གཉིས་ཕྱེས་ཡོད། དངོས་མིང་ནི་ཡེ་གདོད་མ་ནས་ཐོག་པའི་མིང་ལ་ཟེར། བཏགས་མིང་ལ་སྔར་གོང་དུ་བཤད་པ་ལྟར་གཉིས་ནང་ནས་འདྲ་བ་རྒྱུ་མཚན་དུ་བྱས་པ་ནི་དཔེར་ན་ཁྱི་ལ་སེངྒེ་བཏགས་པ་ལྟར་བུ་དང། འབྲེལ་བ་རྒྱུ་མཚན་དུ་བྱས་པ་ནི་ཤིང་ལ་ཤུག་པ་བཏགས་པ་ལྟར་བུ་དུ་མ་ཞིག་ཡོད་ཀྱང། ཁྱེད་ཀྱི་སྤྱོད་ཡུལ་ལས་འདས་ཟིན་དུས་འགྲེལ་ཀྱང་དོན་མི་རྟོགས། རྒྱུ་མཚན་དེས་ན་བདག་ཅག་གི་སྟོན་པས་ཀྱང་བཏགས་མིང་བཀག་མི་ཆོག་པའི་བཀའ་ཡོད་དུས། མདོ་ཁམས་པས་བཀག་ཀྱང་ཁོག་གི་ཨ་ཡོད་ན། ཅེས་པ་ནི་འདྲི་ཚིགས་ཡིན།
ངའི་མཆན་མང་པོ་ཞིག་གསུབ་སོང་། རྒྱུ་མཚན་ནི། དེང་སང་སྟངས་འཛིན་བྱེད་མཁན་ཤར་ཕྱོགས་ཁུག་རྟ་ལགས་ཡོད་པས་རེད་ཟེར། ཁོང་གིས་དབུ་མའི་ལམ་ལ་བསྟོད་པ་མེད་པའི་དབུ་མའི་ལམ་དང་འབྲེལ་བའི་མཆན་དང་རྩོམ་ཚང་མ་བསུབ་རྒྱུའི་ཁས་ལེན་ཟླ་བ་ཚེ་རིང་འགྲམ་ནས་བླངས་པརེད་ཟེར། ད་ཡང་འདི་གསུབ་ཏག་ཆོད་རེད་། ལྟོས་ད།
མིང་ངོ་མ་ལ་བློ་བཟང་ཆོས་འབྱོར་ཟེར། མི་འདི་ལྟོས་ཤིག་བསྒུག་ཤིག
བློ་བཟང་ཆོས་འབྱོར་ཕོ་རོག་དཀར་པོ་གཉིས། རྡ་རམ་ས་ལར་ལ་རྒྱུགས་ལུང་རྒྱུགས་རེད། ཤ་དང་ཆང་གིས་མྱོས་དུས་མི་རིགས་ཀྱི། འཐབ་རྩོད་རྡོག་རོལ་གཏོང་བཞིན་བཟི་གཏམ་གྱིས། སྤྱི་ཚོགས་ཕན་བདེ་གཏོར་ལ་དུས་ཀུན་རྔམས། འདིས་དོན་རང་ཉིད་ལྟོ་བ་བགྲངས་ན་བསམ། མ་ལེགས་རང་ཉིད་ཕམ་པའི་སྡུག་གིས་མནར།
གཏམ་བརྗོད་རང་དབང་མེད་ན་གུང་ཁྲན་ཏང་གི་དྲ་རྒྱའི་བུ་སྤུན་དུ་གྱུར་ངེས། གཞན་གྱི་བསམ་འཆར་ཡག་འདུག་་ལ་མ་བལྟོས་པར་ཉན་ན་ཡག་པོ་ཡོད།