མདོ་སྨད་པ་རྒྱ་མཚོ།
ལྷ་མིའི་རྣམ་འདྲེན་གོང་ས་ཡིད་བཞིན་ནོར། །
གང་དེས་སྲིད་ཀྱི་ཐམ་ག་རླབས་པོ་ཆེ། །
མང་པོས་བཀུར་བའི་སྲིད་ཀྱི་ཁ་ལོ་བ། །
གཞོན་སྐྱེས་དྭངས་རྩེ་བློ་བཟང་སེང་གེར་གནང་། །
སྲིང་སྐྱོང་ཁོང་ནི་མཁྱེན་ཡོན་འཇོནཐང་གིས། །
མང་པོའི་ཡིད་ཆེས་སྤུངས་པའི་ཁྲི་འཕང་ལ། །
གོང་བཀུར་རེ་བས་བཏེགས་པ་དོན་ལྡན་ཞེས། །
བདག་གིས་ད་གཟོད་མགྲིན་པ་བཏེགས་ནས་སྨྲ། །
གཞོན་སྐྱེས་རྒྱ་མཚོའི་ཀློང་ན་ཤེས་ཡོན་གྱི། །
འདབ་ལོ་ཡོངས་སུ་གྲོལ་བ་མང་དག་ལས། །
འོས་འོག་ཁྲི་ཕྲག་བརྩེགས་པའི་ཞུ་ཡིག་གིས། །
མགོ་ནག་སྲིད་སྐྱོང་རྗེ་བོར་གཅིག་ཏུ་བསྔགས། །
སྲིད་དོན་མཛད་འཕྲིན་ཉི་མ་གཞོན་ནུའི་ཟེར། །
བྱང་ལྟའི་ཁུང་བུའང་འོད་དུ་བྱེད་པའི་གཟི། །
རི་མོ་གཡས་སུ་འཁྱིལ་བའི་གདེང་ཀ་ན། །
གྲུབ་འབྲས་འོད་ཀོར་འཕྱོ་འདི་ཅིས་མི་མཚར། །
ཤེས་ཡོན་རིག་གཞུང་གདུགས་དཀར་རྩིབས་སྟོང་བ། །
དགུང་དུ་འདེགས་པའི་དགོངས་བཞེས་རི་མོའི་བྱིན། །
དམངས་ཀྱི་སེམས་རྩ་འཁོལ་བའི་གཞིར་བཏབས་པའི། །
ཚུལ་དེ་ཕལ་བའི་བློ་ཡིས་འཆུན་པ་དཀའ། །
མི་ལོ་བརྒྱ་ཕྲག་རྗེས་ཀྱི་ལོ་གཉིས་གོང་། །
སྲིད་དབང་རྩིས་སྤྲོད་འགྱུར་བའི་ཡོ་ལང་ཞིག །
འཕྱུར་བར་བསྙད་པའི་ཁ་དང་ལག་པ་དག །
འགུལ་མེད་རི་མོའི་དབྱིངས་སུ་ཐལ་བར་བྱས། །
རྒན་གཞོན་ཁུར་བརྩོན་ཡོ་འཁྱོག་ཆེན་པོ་ཞིག །
འཐོར་ཤིག་གཞི་རྩར་བལྟ་བའི་དཔྱད་མཁན་དག །
ཁ་ལག་གཉིས་ཀ་འཛོལ་བའི་མཐའ་སྣེ་ཡང་། །
ལག་ལེན་གོ་སྟབས་གཅིག་གིས་རྨག་མེད་བཅོམ། །
གཏན་ཚིགས་གཏམ་གྱི་ཁུགས་པ་རེ་རེ་ལ། །
སྤྱི་དོན་འཛུམ་པ་གྲོལ་བའི་མཛེས་སྡུག་ལ། །
གསར་བཏོད་ལས་གཞིའི་འདབ་ལོ་གྲོལ་བ་འདིས། །
དམངས་ཀྱི་སེམས་ལ་ངལ་གསོའི་འཛུམ་མདངས་བྱུག །
མི་ལོ་ལྔ་ཡི་སྲིད་ཀྱི་ཁྲི་སྟེགས་དེ། །
ལྔ་བཅུའི་ལོ་ངོར་མདུན་གཟིགས་རྒྱང་ཤེལ་གྱིས། །
སྔར་མེད་ཁ་ཕྱོགས་གསལ་བའི་འཆར་འགོད་ལ། །
རེ་བའི་མེ་ཏོག་ཉིན་མཚན་མེད་པའི་འཛུམ། །
ཡོངས་སུ་གྲོལ་བའི་སྒོ་མོ་བརྒྱ་ཕྲག་ཕྱེས། །
ཤིན་ཏུ་རྨོངས་པ་ཨུ་ཚུགས་ནད་རོ་ཡིས། །
ཕྱི་ནང་ཟོས་པའི་ལུས་ཅན་འགའ་ཞིག་གིས། །
གཟུ་ལམ་སྨྲ་བ་ངན་གྱིས་དམོད་པ་ཡང་། །
དོན་ལ་མཛད་རྗེས་གླེང་བའི་གཏམ་དུ་སྣང་། །
འདས་སོང་བགྲང་བྱ་གཉིས་ཀྱི་དུས་ཐུང་རིང་། །
ཡིད་ཆེས་སྟོང་ཕྲག་གཅིག་ཏུ་བརྒྱུས་པའི་སྟོབས། །
གངས་ཅན་གཡང་གི་གཤོང་བ་ཡངས་པོ་ནས། །
འོད་དུ་བསྐྱིལ་ལ་བཀའ་དྲིན་ལན་བརྒྱར་འབུལ། །
སྤྱན་རས་གཟིགས་དབང་ཡིད་བཞིན་ནོར་བུ་ཡིས། །
གཅིག་མིན་དུ་མར་བསྔགས་པའི་གཞི་དེ་ཡང་། །
སྲིད་སྐྱོང་མཛད་འཕྲིན་བརྩེགས་པའི་ཁུགས་པ་དག །
དོན་ལྡན་འབྲས་བུས་ཕྱུག་དེར་གཟིགས་པ་ཉིད། །
སྲིད་སྐྱོང་མཛད་འཕྲིན་ཕྱི་ནང་མཇལ་བྱས་ཏེ། །
ཡིད་རབ་ཚིམ་པའི་སེམས་པའི་རི་ལུང་ནི། །
དགའ་སྤྲོའི་རླུང་བུས་སྒུལ་བའི་ཚོར་སྣང་འདི། །
མ་ཁོག་ཁ་དང་ལག་པའི་བར་ནས་ཤོར། །
བཀའ་དྲིན་ཆེ་འོ་སྲིད་སྐྱོང་བློ་སེང་བ། །
བཀའ་དྲིན་ཆེ་འོ་གཞོན་སྐྱེས་མཁས་པའི་ཏོག །
བཀའ་དྲིན་ཆེ་འོ་བོད་སྲིད་ཁ་ལོ་པ། །
བཀའ་དྲིན་ཆེ་འོ་ད་དུང་འབད་འཚལ་ཞུ། །
བསྟོད་ཀི་བསྟོད་པ་ཁྱོག་ནི།
སྨད་ཀི་ཁ་རྡུང་ཉན་ནི།
མྱི་བདག་ཁ་ཁར་ཤེས་ནི།
ཡིན་མིན་བློ་ཐག་ཆོད་ནི།
ཡིན་དང་མིན་པའི་སྐད་ཆ།།
ད་དུང་གོ་ཡ་མི་འདུག།
བསྔགས་པར་བྱ་བའི་གནས་ནི་ཅི་ཡང་མེད།།
མཛད་རྗེས་གླེང་ཡུལ་གཏམ་ནི་ཅི་ཡང་མེད།།
གྲུབ་འབྲས་ཡོད་པའི་ལས་ནི་ཅི་ཡང་མེད།།
དོན་དུ་ཝ་སྐྱེས་སེང་གེར་བསྒྲགས་པ་ཙམ།།
མ་རུང་སྙིགས་དུས་སྲིད་ཀྱི་ནག་ལོངས་ན་
གངས་ཅན་ཆོས་ལྡན་སྲིད་ཀྱི་གར་སྟེགས་དེ་
རེ་ཞིག་ཀླ་ཀློའི་དཔུང་བཅོམ་ཉམས་རྨས་སྟེ་
འུ་ཐུག་སྐབས་འཚོལ་དག་གི་སྤྱོད་འགྱུར་ཡང་
ཆོས་རྒྱལ་བཀའ་དྲིན་བྱིན་མཐུ་ཡིས་
སླར་ཡང་གངས་སེང་རྒྱལ་དར་སྒྲེངས་འགྱུར་གྱིས་
རྒྱ་ཡུལ་བཅོམ་ནས་རྒྱ་རོ་ཀླ་འདར་ཞིག་
མྱུར་བ་ཉིད་དུ་རྩོལ་ཞིག་བོད་སྲུངས་མཆོག་
ཁ་བཤད་ལག་ལེན་མེད་པའི་བོད་མིའི་སྲིད་སྐྱོངས།།
སློབ་ཆེན་འགྲིམས་ཀྱང་དེ་ཙམ་ཡིན་པའི་སྲིད་སྐྱོངས།།
དོན་ལ་རིགས་ཞེན་མེད་པའི་དེང་དུས་ཀྱི་སྲིད་སྐྱོངས།།
གང་ལ་བལྟས་ཀྱང་ལྟ་ས་མེད་པའི་རྡོ་ཡི་སེང་གེ།
ནགས་ལ་གནས་པའི་སེ་གེ་མ་ཡིན་པར།།
སྒོ་ཐེམས་བསྲུང་བའི་ཁྱི་རྒན་སེང་བརྫུས་དེས།།
རང་ངོ་འཕྲོད་པ་ད་དུང་མི་འདུག་པས།།
མང་པོའི་རེ་བ་སྐོང་བར་མི་ནུས་སོ།།
ཆབ་སྲིད་མི་ཤེས་མུན་ནག་མདའ་འཕེན།།
གཏམ་བརྗོད་མི་ཤེས་རང་བསྟོད་ཞེ་ཚིག།
ཆོས་རིག་མི་ཤེས་ལྐུག་པའི་ངང་ཚུལ།།
སློབ་ཆེན་འགྲིམས་པའི་དན་རྟགས་པའི་མེད་པ།།
སྲིད་སྐྱོང་ཁྱེད་ལ་བསྟོད་རིན་མི་འདུག།
ནོར་བཅོས།
སློན་ཆེན་འགྲིམས་པའི་དན་རྟགས་མེད་པ།།
གང་ལ་མཁས་པ་གནས་པའི་སར།།
དེ་ན་བླུན་པོ་རང་མདངས་སྟོན།།
གང་ལ་འཇོན་སྟངས་ལྡན་པའི་སར།།
དེ་ན་ཇབ་རས་ལུང་པ་གང་།།
ཕྱི་རུ་དབྱིན་སྐད་ཀློག་དུས་བདེ་ཤིག་ཤིག།
ནང་དུ་བོད་ཡིག་སྒྲོག་སྐབས་ངག་དོག་དོག།
བོད་མིའི་རིག་གནས་ཤེས་བྱ་སྐྱོ་ལྷང་ལྷང་།
དགའ་སྤྲོའི་ཐལ་སྒྲ་ད་ལྟ་སྔ་དྲགས་དྲགས།།
དབྱིན་སྐད་བཤད་དུས་མཛའ་མོ་རང་མི་འདུག།
བྲིས་པའི་དབྱིན་ཡིག་ཚིག་སྦྱོར་ངོ་ཚ་བྱེད།།
དྷ་སའི་ལྡོམ་པོ་ཚོ་ཡི་ནང་ལ་ཡང་།།
དབྱིན་སྐད་གཉིས་ཀ་ཁོང་ལས་ཡག་སེ་མང་།།
རང་ལ་ཤེས་འཇོན་གང་ཡང་མེད་པའི་དྲ་འབུ་ཚོ་ངོ་མ་ཁྱེད་ཚོ་སྙིང་རྗེ་ཡ་རང་རེད།
ཆང་རང་གིས་བཏུང་དུས་མགོ་བོར་ན་་་་ གཞན་གྱིས་བཏུང་དུས་མིག་ཚར་་་་ཧཧཧཧཧ་་་་་ ངོ་མ་སྙིང་རྗེ་་་་་་ སྲོད་སྐྱོང་མཆོག་ནི་བོད་མི་རིགས་ཀྱི་དཔའ་རྒོད་ཞིག་ཡིན་་་་་་་ ངོ་མ་ཁྱེད་བཟང་གི