མིག་བརྒྱད་པ།
ཀྭ་ཡེ་ལེ་ལོ་ལང་ཤོར་མ་སོང་བར།།
ཁ་ཙམ་མིན་པའི་མི་རྟག་དྲན་སྐུལ་བྱ།།
ག་ནས་བསྡད་ཀྱང་འཆི་བདག་བདུད་པོ་ཡིས།།
ང་དང་གྲོགས་ཁྱོད་ཐར་བར་མི་གཏོང་ངོ་།།
ཅ་ཅོ་བག་མེད་སྤྲང་པོའི་སྟོང་འདང་གིས།།
ཆ་ལུགས་ཉི་མ་འཕུད་ཐབས་བྱེད་པ་འདི།།
ཇ་ཡུན་ཙམ་ལ་སྡོད་པའི་དབང་མེད་པས།།
ཉ་ཉོག་སྟོང་བར་ཟད་པའི་ལོ་རྒྱུས་ཡིན།།
ཏཱ་ཐ་གཱ་ཏའི་གཞུང་ལ་མ་འགྲིམས་པར།།
ཐ་མལ་རང་སེམས་བསླུས་བ་མ་ཤེས་པས།།
ད་ལྟའི་ཡོ་ལང་གློག་གི་འཕྲུལ་འཁོར་གྱིས།།
ན་ཚོད་སྟོང་ཟད་བྱེད་པ་ཡུན་གྱིས་ཚོར།།
པ་སངས་ལྟ་བུའི་རབ་དཀར་སེམས་གཏིང་ནས།།
ཕ་རོལ་དོན་ཆེན་སྒྲུབ་པའི་སེམས་དཔའ་ལ།།
བ་ལང་ལྟ་བུ་འདུ་ཤེས་དམན་པ་ཡིས།།
མ་རིག་ཁྱད་གསོད་བྱེད་པ་ཡིད་རེ་སྐྱོ།།
ཙ་ན་ཀ་ཡི་ཟས་སོགས་ངན་ངོན་ཙམ།།
ཚ་གྲང་མྱོང་མཁན་ཀུན་ལ་ཁྱད་མེད་ཀྱང་།།
ཛ་ལང་སྤྱོད་པ་བདག་དོན་ཁོ་ནའི་ཆེད།།
ཝ་ལེར་བསམ་ན་ཡིད་སེམས་གཏིང་ནས་འཕྱོ།།
ཞྭ་སེར་མཁན་པོས་བྲག་ཕུག་སྐམ་པོ་ནས།།
ཟ་རྒྱུ་འཐུང་རྒྱུ་ཙམ་ལ་མ་ཞེན་པར།།
འ་ཅག་སྐྱེ་འགྲོ་ཡོངས་ལ་སྨན་སླད་དུ།།
ཡ་མཚར་ཆེ་བའི་གདམས་ངག་གྲུ་ཆར་ཕབ།།
ར་རིའི་བློ་དང་བྲལ་བའི་བཤེས་གཉེན་རྣམས།།
ལ་ལུང་ངེས་མེད་མི་མེད་རི་ཁྲོད་དུ།།
ཤ་མཆོག་སྙིང་གི་གུར་ཁང་ར་བ་ནས།།
ས་ལམ་འདྲེན་པའི་རྟོགས་པ་ཀློང་དུ་རྡོལ།།
ཧ་ལེ་ཧོ་ལེའི་ངང་དུ་མ་སོང་བར།།
ཨ་མྲི་ཏ་ཡི་བདུད་རྩིའི་དཔལ་འདོད་ན།།
ཧ་ལམ་བདེན་བཞིའི་མི་རྟག་སྒོམ་པ་ནི།།
ཨ་དོན་སྐྱེ་མེད་རྟོགས་པའི་ཆེད་དུ་ཡིན།།
ཆོས་བྱེད་དང་མ་བྱེད་དེ་སྒེར་སོ་སོས་བསམ་བློ་བཏང་ནས་ཐག་གཅོད་ཡག་ཅིག་རེད། འཆི་བ་མི་རྟག་པ་ལ་སོ་སོ་ཞེད་ན་ཡག་པོ་རེད་ཁ་བརྡ་འདིར་ཡོང་ནས་མི་གཞན་ལ་འཇིགས་སྣང་སློང་ཡག་དེ་ཐལ་ཆ་ཆེ་དྲག་འདུག།
ལར་ནས་སོ་སོ་དེ་འདྲ་འཇིགས་ན་ཆོས་བྱེད་ནས་མ་བསྡད་པ་བྱས་འདིར་ཁ་རྒྱག་རྐྱང་བཤད་ནས་དུས་ཚོད་ཆུད་ཟོས་སུ་བཏང་མདོག་ཁ་པོ་མ་རེད། ད་ལན་དེ་ཙམ་ཡིན།
སྟེས་དབང་གིས་དི་རིང་འཛིན་གྲྭར་རྗེ་སྒམ་པོ་པ་ལྷ་རྗེ་བསོད་ནམས་རིན་ཆེན་གྱི་དམ་ཆོས་རིན་པོ་ཆེ་ཐར་པའི་རྒྱན་ན། མི་རྟག་པའི་ལེའུ་ཀློག་དགོས་པ་དང་དུས་འཛོམས། ལྷག་པར་དུ་གོང་གི་གཟུགས་བརྙན་དེ་འཆི་བ་མི་རྟག་པ་སྒོམ་པ་ལ་བདག་གམ། ང་ཡང་འདི་ལས་མ་འདས་སོ་ཞེས་ཐར་རྒྱན་ན་མང་དུ་གསུངས་པ་ལ་ངེས་པ་འདྲེན་པ་ཞིག་འདུག ཁྱེད་ཀྱིས་རྙེད་ནས་འདིར་བཀོད་པ་དེ་རང་གཞན་མང་པོ་ལ་ཕན་པར་གྱུར་ཅིག མིག་བརྒྱད་པ་མཁྱེན་ནོ།།
མ་གཞི་ནས་མི་རྟག་པ་རེད་ཟེར་ནས་གཉའ་ཆག་ འཛམ་གླིང་འདིར་ཡར་ཐོན་གྱི་སྤྱི་ཚོགས་ལྟ་ཞོག་ཐ་ན་རང་གི་རྒྱལ་ཁབ་དེ་ཡང་མེད་པ་ཆགས་ཡག་དེ་ཚོ་ལ་བསམ་ན་ བོད་འདི་ལ་བསམ་བློའི་ལྟ་ཚུལ་ཆུང་དྲག་པའམ་ཡང་ན་ཕྱོགས་རེ་བའི་ལྟ་ཚུལ་ཆེ་དྲག་པའི་སྐྱོན་ཏན་ཏན་འདུག་ ཆོས་ཟེར་བ་དེ་སྒེར་གྱི་བྱེད་ཡག་རེད་མ་གཏོགས་སྤྱི་ཚོགས་ཀྱིས་བྱེད་ཡག་མ་རེད་པ་ འོན་ཀྱང་ང་ཚོར་དེ་ཙམ་གྱི་གོ་རྒྱ་ཡང་མེད་པ་དེ་ཡ་མཚན་རེད་འདུག་
ལ་དྭགས་ལགས་དགོངས་པ་མ་ཚོམ་ཁྱེད་རང་བསམ་པ་རྣམ་དག་ཅིག་ཡིན་པས་ཟོ་འདྲ་འདུག་བྱས་ཙང་བསམ་པ་རྣམ་དག་གི་ཁ་ཐུག་བཤད་པ་ཡིན་།།
རྟག་འཛིན་བློ་ཡིས་འཇིག་རྟེན་ཕུང་ལ་སྦྱོར།།
དཔེར་ན་སྒེར་དོན་ཙམ་ཡང་འཁྱོངས་དཀའ་བ།།
རང་ས་རང་གིས་ཤོར་བའི་ཉེར་ལེན་དེ།།
འཛམ་གླིང་འགྱུར་བ་མིག་གིས་མ་མཐོང་སྐྱོན།།
གོས་ནག་ནོག་གྱོན་པའི་མི་ཞིག་གིས།
རང་སུག་བཞི་དམ་པོ་ཐག་པས་བསྡམ།
སྐྱུག་བྲོ་ཞིང་རྒྱབ་སྤྲོད་བྱས་ནས་འཁུར།
བྱ་རྒོད་པོ་རྣམས་ཀྱི་དཀུན་ནས་བསྐོར།
དུས་དེ་ཚེ་འཕན་པ་དམ་པའི་མཆོད་།
མཆོད་བྱས་ན་ད་ལྟ་རང་ནས་བྱེད་།
སྡིག་སྤོང་ན་ད་ལྟ་རང་ནས་སྤོང་།
དགེ་སྒྲུབ་ན་ད་ལྟ་རང་ནས་སྒྲུབ།
ལ་དྭགས་ལགས་ལ་ཁ་སང་བཤད་པར་མི་ཉན་ཀི ཡང་ཞབས་འདྲེན་ཞུས་འདུག་ཀ་ ཁྱོད་རང་གིས་ཞིབ་བལྟ་ཞིག་བྱོས་དང་།
ད་ག་རེ་རེད། ཁ་བརྡ་ཚང་ལ་ཆོས་པའི་སྐད་ཆ་རྐྱང་རྐྱང་རེད་འདུག ཆོས་ཟེར་ཡ་འདིས་བོད་པ་ཕུང་ལ་སྦྱར་བ་
མ་རེད་པས། བོད་པའི་ཁ་ལག་ལ་ཆོས་ཀྱིས་ཇུས་གཏོགས། ཆབ་སྲིད་ལ་ཆོས་ཀྱིས་ཇུས་གཏོགས། ཁ་བརྡ་ལ་ཆོས་
ཀྱིས་ཇུས་གཏོགས། བོད་པའི་ནང་ལ་བོན་པོ་དང་བན་དེས་རྙོག་དྲ། རྙིང་མ་དང་དགེ་ལུགས་ཀྱིས་རྙོག་དྲ།
བཀའ་བརྒྱུད་དང་དགེ་ལུགས་ཀྱིས་རྙོག་དྲ་སོགས་ད་ལྟ་བར་དུ་བོད་པ་ཚང་ཐུག་པ་དཀྲུག་དཀྲུགས་སོང་ང་།
ད་ཁ་གོག་བཙུམ་ན་ཡག་་ས་རེད། ཁ་ནས་འདྲ་ཆགས་པོ་ད་སུས་ཀྱང་བཤད་ཀྱི་རེད། ང་ནི་རྙོག་གི་འདུག
འོ་རེད་་་་་་ད་ང་ཚོ་བོད་པ་ཚོས་་་་་་འཆི་བ་མི་རྟག་པ་སྒོམ་ཡག་རང་རེད་་་་་་ཡག་པོ་བྲིས་ཤག་་་་མིག་བརྒྱད་པ་མ་ཟད་་་མིག་དགུ་པ་ཡང་ཡིན་ས་རེེད།།
ང་ཚོ་རྗེས་ལུས་ཀྱི་ཕྱོགས་ནས་སྐུལ་དགོས་པ་ལས། འདི་ལྟར་མི་རྟག་པ་དང་འཆི་བ་འཇིག་རུང་ལྟ་བུའི་ཁ་ཏ་སྤེལ་བའི་དུས་སྐབས་མིན་པས། དུས་དང་བསྟུན་པའི་ཡིག་བརྡ་རེ་གནང་ན་མི་བཟང་ངམ།
དཔའ་འབྱོར་དང་ཚན་འཕྲུལ་སོགས་ཀྱི་རྗེས་ཟིན་དགོས་པ་ནི་ང་ཚོའི་མདུན་དུ་ལྷག་པའི་ལས་སྣེ་ཛ་དྲག་ཏུ་མཐོང་།
སངས་རྒྱས་ལུགས་བྱེད་ན་འཆི་བ་ལས་ཐར་ཐུབ་པ་སུས་དཔང་པོ་བྱེད་ཐུབ་པ་རེད། ཤཱཀྱ་ཐུབ་པས་ཀྱང་འཆི་བདག་ཟློག་མ་ནུས་བ་གྲོངས་ཚར་ཞིང་། རྗེས་འཇུག་གི་ཆོས་པ་ས་ཡ་མང་པོའང་དེ་བཞིན་གྲོངས་ཚར་འདུག འཆི་བདག་ལ་མངའ་དབང་སྒྱུར་རྒྱུ་ལྟ་ཞོག་ཐ་ན་ལོ་ཚད་ཙམ་ལའང་བཏང་འཛིན་བྱེད་ཐུབ་ཀྱི་མེད། རྒས་བས་མ་ཐུབ་མཁན་གྱི་ཆོས་པ་ཞིག་སྟོན་དུ་མེད། མཁས་མཆོག་དབྱུག་གཉེན་ཡོད་ཟེར་བའི་ངག་རྒྱུན་ཙམ་ལས་དོན་ལྡན་གྱི་དཔང་པོ་རྣམ་དག་ཅིག་ད་བར་དུ་མེད། མགོ་སྐོར་མ་བཏང་། རང་མགོ་དེ་བས་མ་བཏང་། རང་མི་རིགས་ལ་མགོ་སྐོར་མ་་བཏང་། ཅི་ཡང་མེད་པ་བྲག་ཕུགས་སུ་ཚེ་གང་སྡད་ན་ཅི་ལ་ཕན་གྱི་རེད། མི་རྟག་པ་ཡོད་པ་ནང་པས་བཤད་མ་དགོས་བ་ཆོས་ལུགས་ཀུན་དང་ཆོས་མེད་སྨྲ་བ་ཀུན་གྱི་གཅིག་མཐུན་གྱི་སྐད་ཆ་ཞིག་རེད། རང་གི་ལུས་ཕུང་འགྱུར་འགྲོས་དང་དུས་ཚིགས་འགྱུར་ཀུན་ལས་མཐོང་ཐུབ་ཞིག་རེད། དེ་ནི་ནང་བ་བདག་པ་འདོད་ན་ནོར་འཁྲུལ་རེད། རང་རྩིས་ཆེ་དྲགས་པས་རེད།
མི་རྟག་དྲན་གྱིན་དྲན་གྱིན་ཨ་རིར་ཕེབས།།
མི་རྟག་རྩོད་ཀྱིན་རྩོད་ཀྱིན་ཌོལ་ལ་རྩི ། །
མི་རྟག་ཟེར་གྱིན་ཟེར་གྱིན་གང་ཡང་ཉོ། །
འདི་དག་བསམས་ན་མུ་སྟེགས་ལས་ཀྱང་དམན། །
ཁ་ནས་མི་རྟག་མི་རྟག་བརྒྱ་བརྗོད་ཀྱང་། །
སེམས་ཀྱི་ཕུག་ན་རྟག་འཛིན་ཨ་འཐས་སྒོམ། །
གཞན་ལ་མི་རྟག་ཆོས་བཤད་མཁས་གྱུར་ཀྱང་། །
རང་གིས་རྟག་འཛིན་སྐྱབས་སུ་བསྟེན་པ་མཚར། །
ཤ་ཁྲག་ལས་གྲུབ་ཕུང་པོ་རྟག་འཛིན་བརྟན།།ཁ་ནས་མི་རྟག་དྲན་སྐུལ་བྱ་ཁུལ་བྱས།།ནམ་འཆི་ཆ་མེད་རང་དབང་མེད་ཤེས་ན།།ཕྱི་མ་སྨན་པའི་བདེན་བཞིའི་བླང་དོར་འཇུག། སྤྱིར་ང་ཚོ་བོད་པས་ཆོས་ནི་རྩ་ཆེན་ཞིག་རྩིས་ཀྱི་ཡོད་ལ།འོན་ཀྱང་ཆོས་ནི་གང་ཞིག་ལ་ཟེར་བ་དང་གང་ཞིག་བྱེད་དགོས་པ་ཧ་གོ་མཁན་ཤིན་དུ་ཉུང་།དངོས་ནས་བྱས་ན་གྲྭ་བ་དང་ཨ་ནི་ཚོས་ཧ་གོ་དགོས་པ་ཡིན་མོད། ཕལ་ཆེར་ཤིན་དུ་དཀོན་མོ་རེད།དེང་སང་གྲྭ་ས་གྲྭ་ཚང་ཁག་དང་ཨ་ནི་དགོན་པ་རྣམས་དམག་སྒོར་འདྲ་ཞིག་ལས་ཆོས་ཀྱི་འབྱུང་གནས་ལྟ་བུ་ཞིག་མི་འདུག ལོ་ཤོས་རྗེས་ལ་དེ་ལས་ཀྱང་སྐྱོ་རུ་འགྲོ་ངེས་རེད། ངས་ལྟས་ན་གདན་ས་ཁག་ལ་མིང་བསྒྱུར་ཞིག་བྱེད་ན་མི་ལེགས་སམ།
འཆི་འདོད་མེད་པ་ཀུན་གྱི་གཤིས། །
འཆི་བ་མི་བསམ་གླེན་པའི་གཤིས། །
འཆི་དགོས་ཡོད་པ་ཀུན་གྱིས་ཤེས། །
འཆི་བ་མི་རྟག་ཆོས་པས་ཤེས། །
འཆི་བ་དྲན་ན་འཇིགས་པ་སྐྱེ། །
འཆི་བ་དྲན་ན་དད་པ་འཕེལ། །
འཆི་བ་དྲན་ན་ལེགས་ཉེས་ཤེས། །
འཆི་བ་དྲན་ན་སྤང་བླང་འཇུག །
འཆི་བ་མི་རྟག་མ་བསྒོམས་ན། །
འཆི་དུས་འགྱོད་སེམས་གདུང་བར་ངེས། །
འཆི་བ་མི་རྟག་བསྒོམས་པས་ན། །
འཆི་མེད་བག་ཡོད་བདུད་རྩི་ཐོབ། །
རྟག་འཛིན་བློ་ཡིས་རང་དབང་རང་བཙན་ཤོར།།
རྟག་འཛིན་བློ་ཡིས་ཕ་མའི་མགོ་སྐོར་གཡོགས།།
རྟག་འཛིན་བློ་ཡིས་རང་རྒྱལ་གཞན་ཕམ་རྩོད།།
རྟག་འཛིན་བློ་ཡིས་རྒྱ་མིས་བོད་ས་བཟུང་།།
རྟག་འཛིན་བློ་ཡིས་སློབ་སྦྱོང་འཐུས་ཤོར་འགྲོ།
རྟག་འཛིན་བློ་ཡིས་རང་དོན་ཁོག་ཏུ་གཉེར།།
རྟག་འཛིན་བློ་ཡིས་མི་ཚེ་འཕྲོ་བརླག་གཏོང་།།
རྟག་འཛིན་བློ་ཡིས་སྐལ་ཆད་བསོད་ཟད་གྱུར།།
རྟག་འཛིན་བློ་ཡིས་སྡིག་འདུན་ཆོས་མིན་འཕེལ།།
རྟག་འཛིན་བློ་ཡིས་གཅིག་གིས་གཅིག་ལ་འཚེ།།
རྟག་འཛིན་བློ་ཡིས་སྙིང་རྗེའི་རླན་དང་བྲལ།།
རྟག་འཛིན་བློ་ཡིས་ནང་བསྟན་རྗེས་ལུས་སྒོམ།།
རྟག་འཛིན་བློ་ཡིས་སྤྲང་མདོག་དྲན་འཕྲུལ་རྒོད།།
རྟག་འཛིན་བློ་ཡིས་རང་སྐྱིད་ཁོ་ནར་གཞོལ།།
རྟག་འཛིན་བློ་ཡིས་བྱ་བ་ཕྱིར་གཤོལ་བྱེད།།
རྟག་འཛིན་བློ་ཡིས་རྒུད་པའི་སྣ་འདྲེན་བྱེད།།
རྟག་འཛིན་བློ་ཅན་རྭ་མེད་གླང་གི་ལུགས།།
རྟག་འཛིན་བློ་ཅན་ལེ་ལོའི་མལ་དུ་ཉལ།།
རྟག་འཛིན་བློ་ཅན་ཡ་རབས་ལུགས་ལས་འགོངས།།
རྟག་འཛིན་བློ་ཅན་རྣམས་ཀྱིས་དཔྱད་འོས་མང་།།
སྦྲ་དཔལ་ལྡན།
ང་ཁྱོད་ལྟ་བུ་འཆལ་གཏམ་དང་། ཡི་གེ་མ་དག་པ་མང་ཙམ་ལ་དགའ་མཁན་ཞིག་མ་ཡིན།
ཞི་བ་ལྷས།
བྱ་རྒོད་ཤ་ལ་ཆགས་པ་ཡིས། །
ཕན་ཆུན་ཀུན་དུ་བཤལ་ཁྲིད་ཀྱང་། །
ཡིད་ཁྱོད་མི་དགར་མི་བྱེད་ན། །
ད་ལྟ་ཅི་ཕྱིར་ཁ་ཏ་བྱེད། །
ཞེས་གསུངས་པའི་ཚིག་འདི་དཔར་འདི་ལ་བརྟེན་ནས་དྲན་བཅུགས་སོང་།
འཛིན་གྲྭར་རྗེ་སྒམ་པོ་པའི་ཐར་རྒྱན་ན་མི་རྟག་པ་སྒོམ་ཚུལ་ཀློག་རྗེས་གོང་གི་གཟུགས་བརྙན་དེ་གནས་བརྟན་སྡེ་པའི་དགེ་སློང་མང་པོ་ཞིག་གིས་གཟིགས་ཏེ། གཅིག་གིས་དེ་ཉིད་མི་སྡུག་པ་སྒོམ་པ་ལ་ཕན་ནོ་ཞེས་གསུངས་སོ།།
ཆོས་མེད་ན་ང་ཚོ་འཛམ་གླིང་ནང་མགོ་བོ་བཀྱག་ནས་འགྲོ་མི་ཐུབ།
ཆོས་མེད་ན་ང་ཚོར་བླང དོར་གྱི་བསམ་བློ་རྙིད་མི་སྲིད།
ཆོས་མེད་ན་ང་ཚོར་སྟོབས་ཤུགས་མེད།
མདོར་ན་ཆོས་ནི་ང་ཚོའི་སྲོག་རྩ་དང་།
ཆོས་ནི་ང་ཚོའི་ཡོད་ཚད་ཀྱི་ཡོད་ཚད་ཡིན།
མཆོད་ནི་སྔོན་བྱོན་མེས་པོ་དམ་པའི་བཟུང་ཁྲག་དང་།
འབད་བརྩོན་ལས་བྱུང་བ་ཞིག་རེད།
ཆོས་མེད་ན་ང་ཚོའི་ཡོད་ཚད་ཤོར་ཚར་བ་རེད།
འཆི་བ་དེ་རིང་ཡོང་ན་དེ་རིངཤོག།
འཆི་བ་སང་ཉིན་ཡོང་ན་སང་ཉིན་ཤོག།
འཆི་བ་ག་དུས་ཡོང་ན་ག་དུས་ཤོག།
ཁྱོད་ཀྱི་ཆེད་དུ་བདག་གིས་ཆོས་མི་བྱེད།
སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་ལ།
སྐྱབས་སུ་སོང་ནས་མགོ་བོ་གཏུག་པ་ན།།
མཐུ་དང་ནུས་བ་ཡོད་ན་ད་རེ་ཡིན།
ཕྱི་མར་དམྱལ་བ་ཡོད་ན་དམྱལ་བ་ཡོད།
ཕྱི་མར་ལྟོགས་སྐོམ་ཡོད་མ་ལྟོགས་སྐོམ་ཡོད།
ཕྱི་མར་ག་རེ་ཡོད་ན་ག་རེ་ཡོད།
ཁྱོད་ཀྱི་ཆེད་དུ་བདག་གིས་ཆོས་མི་བྱེད།
སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་ལ།
སྐྱབས་སུ་སོང་ནས་མགོ་བོ་གཏུག་པ་ན།།
མཐུ་དང་ནུས་བ་ཡོད་ན་ད་རེ་ཡིན།
སྐྱེ་བ་མྱི་ལུས་བླང་ན་མྱི་ལུས་བླང་།།
སྐྱེ་བ་ཟོག་ལུས་བླང་ན་ཟོག་ལུས་བླང་།།
སྐྱེ་བ་ཁྱི་ལུས་བླང་ན་ཁྱི་ལུས་བླང་།།
ཁྱོད་ཀྱི་ཆེད་དུ་བདག་གིས་ཆོས་མི་བྱེད།།
སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་ལ།
སྐྱབས་སུ་སོང་ནས་མགོ་བོ་གཏུག་པ་ན།།
མཐུ་དང་ནུས་བ་ཡོད་ན་ད་རེ་ཡིན།
དངོས་གནས་དམ་ཆོས་བྱེད་མཁན་དཀོན། །
དངོས་གནས་མི་རྟག་དྲན་མཁན་དཀོན། །
དངོས་གནས་ཕྱོགས་རིས་མེད་མཁན་དཀོན། །
དངོས་གནས་གཞན་དོན་སེམས་མཁན་དཀོན། །
གྲུབ་མཐའི་ཁ་འཛིན་མེད་མཁན་དཀོན། །
མཁས་པ་ང་རྒྱལ་མེད་མཁན་དཀོན། །
བླ་མ་ངེས་འབྱུང་ཡོད་མཁན་དཀོན། །
སྤྲུལ་སྐུ་དམའ་ས་འཛིན་མཁན་དཀོན། །
ལུང་ཚན་འཐེན་འཁྱེར་མེད་མཁན་དཀོན། །
༧རྒྱལ་བའི་བཀའ་བཞིན་སྒྲུབ་མཁན་དཀོན། །
བོད་དོན་སེམས་མཁན་བོད་པ་དཀོན། །
བོད་སྐད་གཙང་མ་རྒྱག་མཁན་དཀོན། །
བླ་ཆེན་དྲན་པ་ནམ་མཁས།
ནང་བཅུད་སེམས་ཅན་ཐམས་ཅད་མི་རྟག་སྟེ།།
བདག་དང་བདག་གི་དགྲ་གཉེན་སེམས་ཅན་རྣམས།།
འཆི་བར་ངེས་ཏེ་ནམ་འཆི་མ་ངེས་དང་།།
ཅིས་ཀྱང་མི་སྡོངས་འཆི་བ་མངོན་སུམ་འབྱུང་།།
དེ་སྔོན་ཐོག་མེད་སྤྲུལ་པའི་སྐུ་ཡང་འགྱུར།།
གྲུབ་ཐོབ་རྣམས་འདས་ཐ་མལ་སྨོས་ཅི་དགོས།།
ལུང་ལས་རྟག་ཏུ་རེ་རྣམས་སུན་དབྱུང་ཕྱིར།།
ལན་གཅིག་མྱ་ངན་འདས་ཚུལ་བསྟན་ཞེས་གསུངས།།
ཚེ་སྲོག་གི་ལྟ་ཚུལ་
ནང་ཆོས་ནས་མིའེ་ཚེ་སྲོག་ནི་གཡང་གཟར་གྱི་ཆུ་ལྟར་ཡུད་ཙམ་ལ་ཡང་སྡོད་དབང་མེད་པར་སྐད་ཅིག་རེ་རེ་བཞིན་ཟད་ཀྱིན་ཡོད་པར་མ་ཟད་ནམ་འཆིལ་ངེས་པ་མེད་ཅིང་སྐྱེ་བའི་ཐ་མར་འཆི་ངེས་ཡིན་པའི་གནས་ལུགས་མང་པོ་གསུངས་ཡོད་། སྤྱིར་བཏང་ཙེ་སྲོག་གཉིས་དོན་གཅིག་ལ། ཁམས་རང་རང་གི་རྟེན་རྣམས་འཚོ་ཞིང་འཛིན་པ་དེ་ལ་བྱ་དགོས་། བྱེ་བྲག་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་བྱ་དགོས་ཏེ། མརྫོད་ལས་ཀྱང། སྲོག་ནི་ཚི་ཡིན་དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ། ཞེས་གསུངས་པ་དང་དེ་ཡང་རྟེན་གྱི་སྒོ་ནས་བཤད་ན་ལུས་ཀུན་ལ་ཁྱབ་པའི་སྲོག་རྩ་དཀར་པོ་སྤྱི་དང་དེར་རྒྱུ་བའི་རླུང་སྲོག་འཛིན་དང། སྲོག་རྩ་ནག་པོ་ཁྲག་རླུང་གཉིས་འདོམ་གྱི་འཕར་ རྩ་སྙིང་དང་འབྲིལ་ནས་ལུས་ཀུན་ལ་ཁྱབ་དང་། མགོ་ལུས་ཀུན་ལ་ཁྱབ་དུ་འཇུག་པའི་དབུགས་སོགས་ཡིན། དེ་དག་ལས་ནི་སྲོག་རྩ་དཀར་པོ་དེ་ཇི་ལྟ་བུ་ཞེ་ན་ལུས་ཐིག་ཤེལ་་དཀར་མེ་ལོང་ལས་ཀླད་པའི་རྗི་ཞབས་མན་དང་གཞུག་ཆུང་ཡན། སྒལ་རུས་སྦབས་སུ་གནས་པའི་རྒྱུངས་པ་དེ། ཀླད་པ་དང་འབྲིལ་སྲོག་གནས་རྩ་བྱེད་ཅིང་ ནང་དུ་བདོག་དཀར་སྲོག་རྩ་ དཀར་པོ་བཤད་ དེ་ལས་གྱིས་པའི་རྩ་དཀར་ཕྲ་མོ་ཡིས་སྟོས་སྨད་ཕྱི་ནང་ཀུན་ཏུ་ཁྱབ་པར་གནས། དབང་པོ་ཡུལ་ལ་འཆར་་བར་བྱེད་པ་དང་ཡུལ་ལྔའི་རྣམས་ཤེས་བདག་ཏུ་འཛིན་པར་བྱེད། ཅེས་དང་ འདི་ལ་དེང་སྐབས་ཚན་རིག་འཚོ་བྱེད་པ་རྣམས་ཀྱི་མིའེ་ཤེས་རིག་གི་གཞི་དང་ རྣམས་ཤེས་ཞེས་པ་དེ་ཀླད་པ་ཡིན་ པ་དང། དེ་ལས་ལོགས་སུ་ཤེས་པ་ཤིག་མེད་པའི་སྒྲུབ་བྱེད་དུ་སྟོན་པ་རེད ་ཡང་གསོ་རིག་གིས་གཞུང་ལས་འབྱུང་བ་ལྟར་རྩ་གསུམ་པོ་དེས་ཀྱང་ཐོག་མར་སྙིང་འགྲུབ་པའི་རྒྱུ་མཚན་སམྦ་ཏིའི་རྒྱུད་ལས་་ཀྱང་ མི་གསལ་གསལ་བའི་རང་བཞིན་ཅན་ཆ་མེད་མཆོག་ཏུ་ཕྲ་བ་སྟེ་ གཟི་བརྗིད་ཆེན་པོ་འོད་དང་ལྡ་ སྟག་ཏུ་་སྙིང་གི་དབུས་ན་གནས། ཞེས་དང སྐབས་འདིར་འགའ་ཞིག་གི་བསམ་པར་ འོ་ན་མིའེ་སྙིང་དུ་གནས་པའི་རླུང་སེམས་ཕྲ་མོ་སྲོག་ཡིན་ན་ ད་ལྟ་ཕན་ཚུལ་གྱི་སྙིང་བཅད་དེ་བརྗེས་ན་ཡང་ཆོག་པ་མངོན་སུམ་གྱིས་གྲུབ་ལ་ དེ་ན་ཚེ་སྲོག་དང་རྣམས་ཤེས་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མ་ཡིན་ནམ་ཟེར་ ན་མི་འགལ་ཏེ། མི་རང་རང་གི་ཁང་པ་རང་རང་གི་ཐུན་མོང་མ་ཡིན་པའི་སྡོད་གནས་ཡིན་ན་ཡང་། རྒྱུ་རྐྱེན་གཞན་གྱི་སྟོབས་ཤུགས་ལ་བརྟན་ནས་ཁང་པ་ཕུན་ཚུན་བརྗེ་བ་ལྟར་ཡིན་ལ་ ཁང་པ་དེ་ལྟར་བརྗེས་པའི་ཚེ་མི་རང་རང་ལ་སྔར་མ་བྱུང་བའི་ཕན་གནོད་བསྐྱེད་པ་ལྟར། སྙིང་བཅད་དེ་ཕན་ཚུན་བརྗེས་ན་ཡང་སྔར་མེད་པའི་བདེ་སྡུག་ཕན་གནོད་སྣ་ཚོགས་འབྱུངབ་སྨོས་ཅི་འཚལ། དེ་ཕྱིར་རྩ་དབུ་མ་རོ་རྐྱང་གསུམ་དེ་ཡང་མིའེ་ལུས་ཕུང་སྟིང་ཆུ་བུར་མིག་གིས་དངོསསུ་མཐོང་དཀའ་ཡང། རླུང་རྩལ་རིག་པ་གོང་དུ་འཕེལ་བའི་རྨང་གཞིའི་སྟིང་ནས་ར་སྤྲོད་འབྱུང་ངེས་རེད། དེ་ལྟར་ཐོག་མར་སྲོག་རླུང་གི་རྟེན་དུ་རྩ་རྣམས་ཀྱི་དང་པོར་རྩ་དབུ་མ ་གྲུབ་ པས་རླུང་གི་ཁམས་རྣམས་བརྐྱེད་ཅིང་སྨྱིན་པའི་གཞིར་གྱུར་ཏེ་ཆུའི་ཁམས་དཀར་ཆ་འཕེལ་བ་བརྟེན་ནས་དབུ་མའི་གཡས་ཕྱོགས་སུ་རྩ་རྐྱང་མ་བྱུང་། དེ་གཉིས་ཀྱི་བྱེད་པ་ལ་བརྟན་ནས་མེའི་ཁམས་སྨིན་ཏེ་དམར་ཆ་ཁྲག་རྒྱུ་བའི་རྩ་རོ་མ་བྱུང་ བ་ན། ཕུང་པོ་འགྲུབ་བྱེད་ཀྱི་གཙོ་བོ་དཀར་ནག་རླུང་དང་བཅས་པའི་སྲོག་རྩ་རྣམས་གསུམ་འཛོམས་པ་རེད མིའི་ལུས་ཕུང་ཆ་ཚང་བ་ཞིག་མངོན་པར་གྲུབ་ འོན་ཀྱང
ནང་པས་དཔྱད་པའི་ཚེ་སྲོག་རྟེན་འབྲེལ་གྱི་རྣམས་གཞག་གྲུབ་འབྲས་ཀྱི་ཁྱད་པར་ལྡུམ་རའི་མེ་ཏོག་ལྟར་ཅིག་ལ་ཅིག་བརྟེན་ནས་བྱུང་།གོང་གསལ་གྱི་སྐད་ཆ་འདི་དག་མདོར་བསྡུས་ན། མིའི་ཚེ་སྲོག་མི་རྟག་ཅིང་མི་དང་མིའི་བར་གྱི་འབྲེལ་བ་ཟབ་ཅིང་མཐའ་མེད་པའི་རྒྱུ་མཚན་གྱིས་གཞན་ལ་རིགས་བསྒྲེ་རྒྱུ་དེ་ཡིན་། ལྟ་ཚུལ་འདི་ནི་དངོས་ཡོད་གནས་ཚུལ་དང་འབྲེལ་ཞིང་མཐུན་པ་ཞིག་ཡིན་པར་མ་ཟད་རྩོད་སྒྲུབ་ དངོས་གཙོ་སྨྲ་བའི་གཞུང་ཞིག་ཏུ་འགྱུར་བས་འཇིག་རྟེན་ལྟ་ཚུལ་གྱི་ཁྱོན་ཇེ་ཡངས་སུ་འགྲོ་ངེས་རེད་ ངས་ད་དུང་ཚེ་ལ་བར་དུ་གཅོད་པའི་གནོད་བྱེད་དང་དེའི་གཉེན་པོའི་རིགས་ལས་འཕྲོད་ཏེ་མིའེ་ཚེ་སྲོག་གི་རང་བཞིན་དང་། འཕོ་འགྱུར་སོག་ལ་ཞིབ་འཇུག་བྱེད་འདོད་ཀྱང་མངས་ཀྱི་དོགས་སོ།
ཤེས་དགའ་མཆོག ཁྱེད་ཀྱིས་ང་ལ་ཕོག་དགོས་པ་ཞིག་གང་ཡང་བྲིས་མི་འདུག ཆོས་བྱེད་རུང་མ་བྱེད་རུང་། འཇིག་རྟེན་གང་དུ་དེ་འདྲ་གང་གིས་བྱུང་བ་ཡིན། རང་རེས་ཤེས་དགོས་པ་ཡིན། བོད་ནས་བྲོས་པ་ན་མི་མང་པོ་ཞིག་ལ་དེ་ལྟ་བུའི་དཀའ་ངལ་བྱུང་བ་དྲན་དགོས་པ་མ་ཡིན་ནམ། ངའི་གཉེན་ཚན་ཞིག་དང་གཞན་གྲྭ་པ་ཞིག་ཀྱང་རྒྱ་གར་དུ་ཇི་ལྟར་གྲོངས། དེ་དག་ལ་ལྟོས་ཏེ་ད་ལྟ་ང་གསོན་པོར་ཡོད་པས་བོད་ཀྱི་རིག་གཞུང་ལ་གང་ནུས་ཞབས་ཏོག་ཞུ་བསམ་པ་་ལ་ཕན་པ་ཞིག་མི་འདུག་གམ།
དུར་ཁྲོད་མ་ཡིན་པའི་ས་ཞིག་ཏུ་ཕུང་པོ་དེ་བྱ་རྒོད་ཀྱིས་ཟ་བ་མཐོང་ནས། ལོ་ངོ་བདུན་ཅུ་དོན་གྲངས་སྔོན་དུ་བྱུང་བའི་ལ་དྭགས་པ་གྲྭ་རྒྱུན་རྒྱ་གར་བརྒྱུད་བོད་ལ་འགྲོ་བའི་ལམ་དུ། ཚང་མ་ལ་རྒྱ་གར་གྱི་ཚ་ནད་འབྱར། ལམ་དུ་དང་པོར་དཀའ་ཆེན་བྲང་ཟོས་པ་ཞུ་བ་དེ་གྲོངས་ནས་བྱ་ཐབས་མེད་པར་སྐུ་པུང་དེ་སྤང་གཤོང་ཞིག་ལ་བཞུགས་སུ་གསོལ་ནས་འགྲོ་དགོས་པ་བྱུང་། རྗེས་སུ་གཞན་རྣམས་ཀྱང་བཀྲ་ཤིས་ལྷུན་པོར་སླེབས་ནས་ཞག་འགའ་ལུས་ཀྱང་གཅིག་་མ་གཏོགས་ཚང་མ་ཕྱི་མའི་ལམ་དུ་ཞུགས་པར་མ་ཟད་གྲྭ་པ་གཞན་དག་ལ་ཡང་ཚ་ནད་འབྱར་ཏེ་གྲོངས། གཅིག་ལུས་པ་དེ་ཡང་ལུས་པོ་རིད་པ་གཅོང་ནད་ཀྱིས་ཟིན་པ་ལྟ་བུ་ཞིག་ཏུ་མཐོང་ནས། ནོར་བུ་བྲང་ཁང་གི་གྲྭ་པ་ཞིག་གིས་སྙིང་རྗེས་ནད་པ་དེ་ལ་ལོ་མང་སོང་བའི་སྣུམ་རོ་ལུས་ལ་བཅུག་སྟེ། ཚད་རོ་ལུས་ནས་བཏོན་ཏེ། ལུས་པོ་བདེ་ཐང་ཆགས། ཁོང་གི་མཚན་བློ་བཟང་མཐར་ཕྱིན་ཟེར་གཏམ་བརྒྱུད་འདི་ཁོང་ནས་དངོས་སུ་ཐོས། སྐུ་མདུན་ལ་དྭགས་ལ་གསུང་ཆོས་སྩོལ་སྐབས་བླ་རྒན་ཁོང་བོས་ཏེ་ཁ་སྤུ་ནས་ཤད་ཙམ་མཛད་པས། ཀླུ་འཁྱིལ་དགོན་གྱི་བླ་མ་ཟུར་པ་སྐལ་ལྡན་གྱི་སྐྱེས་བུ་ད་ལྟ་དགུང་ལོ་དགུ་ཅུ་ཟིན་པ་ལ་ཉེའོ།།
རྣམ་པ་ཚོས་དྲང་ལྡོག་ཅི་རིགས་ནས་བསམ་ཚུལ་བཏོན་པ་གསེར་ལྟར་རྩ་ཆེ། སེམས་ཀྱི་རང་བཞིན་ལ་བསླད་མེད་ཀྱང་གློ་བུར་རྐྱེན་གྱིས་བསླད་ཞུགས་པའི་དབང་གིས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་འབྱུང་བའི་ཚུལ་ནང་བསྟན་ལས་བཤད་ཅིང་། མི་རྟག་པའི་བརྒྱུད་རིམ་ནས་འཇིག་རྟེན་ལ་ལྟ་ཚུལ་དེ་ཚན་རིག་དང་མཐུན་ཏེ། འཇིག་རྟེན་རྡུལ་ཕྲ་རབ་ལས་གྲུབ་ཅིང་མཐར་རྡུལ་ཕྲ་རབ་ཀྱི་ངོ་བོར་འཕོ་ཚུལ། འབྱུང་བ་དང་འབྱུང་འགྱུར་གྱི་ལུས་ཀྱི་རྩ་རྫས་དེ་ཚོ་ཐོག་མར་ཕ་མའི་ཁུ་ཁྲག་ནང་དུ་གྲུབ་ཡོད་པ་ནས་རིམ་གྱིས་མངལ་གྱི་གནས་སྐབས་ལྔ་དང་བཙས་པའི་གནས་སྐབས་ལྔ་པོ་འབྱུང་བ་རླུང་གི་གཡོ་བ་ལས་སྨིན་པ་དང་མ་རུལ་བ། འཕེལ་བ་སོགས་ཀྱི་འགྱུར་བའི་བརྒྱུད་རིམ་ལ་བརྟེན་ནས་ལུས་འདི་བྱུང་བ་མ་ཡིན་ནམ།
ཡག་པོ་འདུག། མི་རྟག་པ་སྒོམ་པ་འདིས་ང་ཚོའི་དཀའ་ངལ་ཚང་མ་ཐག་གཅོད་ཐུབ་པ་འདུག
ལུང་པ་ཤོར་ན་མི་རྟག་ཡང་ཡང་སྒོམས།
བཙན་བྱོལ་ཆགས་ན་མི་རྟག་ཡང་ཡང་སྒོམས།
བཟའ་ཚང་འཁྲུག་ན་མི་རྟག་ཡང་ཡང་སྒོམས།
ལས་ཀ་ཤོར་ན་མི་རྟག་ཡང་ཡང་སྒོམས།
ཆུང་མས་གཡུགས་ན་མི་རྟག་ཡང་ཡང་སྒོམས།
ཁ་བརྡར་ཡོང་ནས་མི་རྟག་ཡང་ཡང་སྒོམས།
བུ་མོ་མཐོང་ན་མི་རྟག་ཡང་ཡང་སྒོམས།
རྒྱོ་ལ་བརྔམས་ན་མི་རྟག་ཡང་ཡང་སྒོམས།
དངུལ་ལ་ཆགས་ན་མི་རྟག་ཡང་ཡང་སྒོམས།
སྤྲང་པོར་གྱུར་ན་མི་རྟག་ཡང་ཡང་སྒོམས།
ཚུལ་ཁྲིམས་ཆལ་ན་མི་རྟག་ཡང་ཡང་སྒོམས།
བཟོད་པ་ཤོར་ན་མི་རྟག་ཡང་ཡང་སྒོམས།
རྩོན་འགྲུས་ཡལ་ན་མི་རྟག་ཡང་ཡང་སྒོམས།
ལག་དམར་ཆགས་ན་མི་རྟག་ཡང་ཡང་སྒོམས།
ཁྲིམས་ལ་གཏུགས་ན་མི་རྟག་ཡང་ཡང་སྒོམས།
ན་ཚ་ཕོག་ན་མི་རྟག་ཡང་ཡང་སྒོམས།
ཤི་བའི་ཚེ་ན་མི་རྟག་ཡང་ཡང་སྒོམས།
སྐྱེ་བར་རྗེས་མར་མི་རྟག་ཡང་ཡང་སྒོམས།
རྒྱོ་བའི་སྐབས་ལ་མི་རྟག་ཡང་ཡང་སྒོམས།
སྐྱིད་པོ་བཏང་དུས་མི་རྟག་ཡང་ཡང་སྒོམས།
ཕྱིར་ཆོས་ཞེས་པ་དོན་དགུ་ལ་འཇུག་པར་བཤད་ཅིང་སྐབས་འདིར་ནི་ཆོས་གྱི་མཆོག་མྱང་འདས་ལའཇུག་ལ། མྱང་འདས་དེ་ལ་ཡང། མི་གནས་པའི་མྱང་འདས་དང། རང་བཞིན་མྱང་འདས་དང། ལྷག་བཅས་མྱང་འདསདང། ལྷག་མེད་མྱང་འདས་སོགས་དབྱེ་ཚུལ་དུ་མ་ཡོད་ལ། དེ་དག་ཐམས་ཅད་ཆོས་དཀོན་མཆོག་ཅེས་བཤད་པའི་ཆོས་དེ་ཡིན་ལ། དེ་མངོན་དུ་བྱེད་པ་འམ་འཐོབ་པའི་ཐབས་སངས་རྒྱས་ཀྱི་གསུང་བ་ལྟར་ནན་དན་ལག་ལེན་བྱེད་པ་དང་གཙོ་བོ་གཞན་ལ་འཚེ་བ་མི་བྱེད་པ་ཆོས་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་ལ། དེ་བསྒྲུབས་པ་ལ། ཐབས་ཤེས་ཀྱི་རྟོགས་པ། ལུས་ངག་ཡིད་ཀྱིས་མི་དགེ་བ་བཅུ་སྤོངས་བ་ལ་སོགས་པ་དགེ་བ་སྣ་གཅིག་སྒྲུབ་པ་ནས་བཟུང་མྱང་འདས་ཐོབ་གྱི་བར། མྱང་འདས་སུ་བསྔོས་ནས་དགེ་བ་གང་བསྒྲུབ་ཐམས་ཅད་ལ་ཆོས་སྒྲུབ་ཅེས་བཤད་པ་ཡིན་ལ། དགེ་བ་དེ་དག་ལས་སྟོང་བ་ཉིད་ཀྱི་ལྟ་བ་ནི་མཆོག་ཡིན་ཏེ། སྟོང་ཉིད་ལྟ་བའི་གྲོལ་གྱུར་གྱི། སྒོམ་པ་ལྷག་མ་དེ་དོན་ཡིན། ཞེས་གསུངས་བ་ལྟར། མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ནི་སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེ་བའིཐབས་སུ་གསུངས་ཤི། ཡང་ དོན་དང་བོ་ཆོས་ལ་བསྐུལ་བའི་མི་རྟག་ཆོས། ཁྱོའི་བར་དུ་ཐར་བ་འདོད་པའི་ངེས་འབྱུང་བློ། བློ་ཐ་མ་གཞན་དོན་སེམས་པའི་ཐེག་ཆེན་སེམས། ཞེས་མི་རྟག་པ་རྟོགས་པའི་བློ་ལ་རྟེན་ནས་ངེས་འབྱུང་སྐྱེ་དགོས་པར་གསུངས་ཤིང།་ ངེས་འབྱུང་མ་སྐྱེ་ན་རང་དོན་ཡིད་བྱེད་ཀྱི་ངར་འཛིན་བཟློག་མི་སྲིད་ལ་རང་དོནཡི་བྱེད་ཀྱི་ངར་འཛིན་ནི་དངོས་རྒྱུད་ཅི་རིགས་གྱི་སྒོ་ནས་ཕ་རོལ་ལ་སྡུག་བསྔལ་འབྱུན་ཅིང་བསྒྱུད་ནས་རང་ལ་མི་འདོད་པ་ཐམས་ཅད་འབྱུང་ལ། མདོར་ན་རྒྱལ་ཁབ་ཕན་ཚུན་འཁྲུག་ལོང་དང་མི་རིགས་བར་གྱིས་ཤི་རྨས་ཕི་ནུ་ཕན་ཚུན་ནང་འཛིང་སོགས་མི་འདོད་པ་ཐམས་ཅད་རང་ཉིད་གཅེས་འཛིན་འདིའི་དབང་གི་བྱུང་བར་གསུངས་ཏ། རྣམ་བཤད་ལས། ཉོན་མོང་བའི་དབང་གི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མ་སྤང་བས། གཞན་དོན་ལྟ་ཅི་རང་དོན་ཡང་ཅི་ལྟར་འདོད་པ་བཞིན་བསྒྲུབ་པར་བྱ་མི་ནུས་སོ། ཞེས་གསུངས་བ་སོགས་མང་བས་སོ། དེ་ལྟ་ན་བདེ་བ་འདོད་པས་གང་ཟག་སུ་ཡིན་ཡང་བདེ་བ་བསྒྲུབ་པའིཐབ་དེ་གླེང་བར་རིགས་མོད་འོན་ཅང་བསམ་བློ་བཏང་ཕྱོགས་ལ་རྟེན་ནས་གོ་བ་ལོན་ནུས་མི་ནུས་དང་བསྟུན་དགོས་པར་སེམས་སོ།
ཨ་རོགས་ཚོ། མི་རྟགས་དྲན་བསྐུལ་ཞེས་པ་དེ་ཆོས་གཅིག་པོར་མ་གོ་ཆོག་གི་བསམ།
ང་ཚོའི་སྤྱི་ཚོགས་མང་མི་བློ་རྒྱ་ཅན་དང་དཔའ་གཤེད་ཅན་དཔལ་འབྱོར་ཅན་སོགས་མང་པོ་ཡོད་པས་དེ་ཚོས་མི་རྟགས་པ་ལ་བསམ་ནས་རང་མི་རིགས་གྱི་དོན་ལ་ལས་དོན་ཅུང་རེ་བསྒྲུབ་ན་ཡག་པོ་རེད། རང་ཚོས་ཀྱང་ཁ་རང་བཤད་ནས་མ་བསྡད་པར་རང་ཡོད་སའི་ས་ཆ་ནས་རང་ནུས་དང་བསྟུན་པའི་སྒོ་ནས་མི་རིགས་ཀྱི་ཆེད་དུ་བྱ་བ་རེ་བསྒྲུབ་ཅི་མོ་རེད། མི་རྟགས་པ་ཡིན་པས་གཅིག་གྱིས་གཅིག་སྡིགས་མོ་བྱེད་རྒྱུ་དེ་ཡང་མཚམས་བཞག་ཏེ་དེ་ལས་བཟློག་རེ་འཆམ་མཐུན་ཞིག་ལ་འབད་ན་མི་དྲགས་གམ།
རྣ་བ་བརྒྱད་པས་གསུངས་པ་ལྟར་མི་འདོད་པ་ཐམས་ཅད་རང་དོན་ཡིད་བྱེད་ཀྱི་ངར་འཛིན་ལ་བརྟེན་ནས་བྱུང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཙུན་མོའི་འཁོར་དུ་རོལ་ནས་འདོད་ཡོན་ལ་ལོངས་སྤྱོད་ཀྱང་མི་རྟག་པ་མི་སྒོམ་པ་མ་རེད། ནང་པའི་གཞུང་ནས་བཤད་པ་ལྟར་སྟོང་ཉིད་རྟོགས་པའི་རྒྱུད་སྨིན་བྱེད་ལ་མི་རྟག་པ་སྒོམ་པ་མཆོག་ཏུ་གསུངས་ཏེ། རྣམ་འདྲེན་ལས། དེའི་ཕྱིར་མི་རྟག་ལས་སྡུག་བསྔལ།།སྡུག་བསྔལ་ལས་ནི་བདག་མེད་གསུངས།།འཇིག་རྟེན་པ་ཞིག་ལ་མཚོན་ན་ཡང་མི་རྟག་པ་སྒོམ་པ་གལ་ཆེ་སྟེ། མི་རྟག་པ་ཟེར་བ་དངོས་པོའི་འགྱུར་བ་ཞིག་ལ་ཟེར་གི་ཡོད་པ་རེད། བོད་ལ་འགྱུར་བ་ག་ཚོད་བྱུང་མིན་གསལ་ཐིང་རེད། དེ་ང་ཚོས་བསླབ་བྱར་ལེན་དགོས་པ་རེད།
མིག་བརྒྱད་པ་ཁྱོད་ཨོའུ་ཙམ་ཡོད་བསམ་བྱུང་མོད་ཁྱོད་ཀྱིས་ཟེར་ན་བོད་པ་བོད་ས་ཤོར་བ་བོད་པས་མི་རྟག་པ་མ་དྲན་པའི་སྐྱོན་རེད་ཨེ་ཟེར་ ཧཧཧཧ ཁ་ལང་ལ་ཤོར་བ་ནས་ཟེར་རྒྱུས་འཕོངས་པ་ཙམ་དུ་མཐོང་ངོ་།།
ཤེས་དགའ་ལགས། ང་དངོས་གནས་ཁྱེད་ལ་འཇིག་གི་གོང་གི་དཔར་རིས་དེར་རྒྱུ་མཚན་ཡོད་པ་ཤེས་གསལ་རེད་ནམ་འཆི་ཆ་མེད་འཆི་བ་མི་རྟག་པ་ཞེས་པ་ཀུན་ལ་མི་འདོད་བཞིན་དུ་ཡོད་པ་ཁྱེད་ཀྱི་ཤེས་འོན་ཀྱང་ཁྱེད་འདྲ་བའི་བླུན་པོ་འགའ་ཞིག་གི་ཤེས་བཞིན་ཁྱད་གསོད་བྱས་ནས་གཞན་གྱི་ལས་རྒྱུ་འབྲས་འཆི་བ་མི་རྟག་པ་སྒོམ་ཚུལ་གྱི་དཔར་རིས་ཙམ་ལམ་དུ་སྟོན་ན་ཡང་ཁྱེད་ང་དང་ཁོ་ཞེས་ཀྱི་ངན་བརྒྱབ་དོན་ཅི་རྟག་པ་ཐེར་བཟུང་དུ་བཟུང་མཁན་ཁྱེད་མ་གཏོགས་ནང་ཆོས་པ་ཞིག་ལ་ཕན་ཐོགས་ཤིན་དུ་ཆེ་བར་མཐོང་འདི་ནི་སྣང་བསྐུལ་བ་ཙ་བ་ནས་མ་རེད་དེ་ཤེས་པ་བགྱིས་
མིག་བརྒྱད་པ་ཐུགས་རྗེ་ཆེ་ཡག་པོ་འདུག་
ངས་བསམ་ན་ནང་པ་ཆོས་བྱེད་པ་ཞིག་གི་ངོས་ནས་རོ་ལས་བྱེད་པ་དེ་དག་རོ་བདག་གི་ཆོག་མཆན་མེད་ན་ག་ས་གང་དུ་བཀྲམ་ན་་བཟང་རྒྱུ་མ་རེད་བསམ། ༡ གལ་སྲིད་གོང་གི་རོ་དེ་རྩོམ་འབྲི་བ་ཁོང་གི་ཨ་ཕའི་རོ་ཡིན་པའི་དབང་དུ་བཏང་ན་ཁོང་གིས་དྲ་ལམ་ལ་བཀོད་ཀྱི་འེ་རེད། འདི་འཇིག་རྟེན་པའི་བསམ་བློ་ལ་བརྩི་བཀུར་བྱེད་མ་ཤེས་པའི་སྐྱོན་རེད། ༢ དེང་སང་༧ གོང་ས་མཆོག་གིས་ཀྱང་དུས་དབང་གསུང་སྐབས་རུས་རྒྱན་བསྣམས་ནས་དུས་དབང་གསུང་ཐུབ་ཀྱི་མེད། འདི་གཞན་མང་པོ་ཞིག་གི་འདོད་ཚུལ་མཁྱེན་པའི་དབང་གིས་ལོས་ཡིན། ༣ ད་དུང་སྔོན་ཆད་ཡིན་ན་རྣལ་འབྱོར་ཕོ་མོ་མང་པོ་ཞིག་གིས་རྐང་གླིང་གི་སྟེང་དུ་ཤ་དམར་འབྱར་ཡོད་ན་ཡང་ཁས་ཀྱི་ཡོད། ད་དུང་ཁ་ཤས་ཀྱི་མིའི་ཐོད་པའི་ནང་དུ་ཐུག་པ་འཐུང་པ་སོགས། སྤྱི་ཡོངས་ནས་སྦས་བའི་ཚུལ་མཛད་ན་བསྟན་པ་ལ་ལོས་ཕན་སྙམ།
ཁ་ནས་མི་རྟག་པ་མི་རྟག་པ་བརྗོད་མཁན་དེ་རིགས་རྟག་འཛིན་ཤུགས་ཆེ་བ་འདུག
མ་གཞི་ནས་ངེད་ཚོས་མི་རྟག་པ་སྒོམ་ཆེ་ཟེར་ནའང་འདྲ་ཚེ་མི་འདི་དར་ཙམ་ཡུད་ཙམ་རེད་ཅེས་ཆུང་དུས་ནས་དགེ་རྒན་ཕ་མ་རྣམས་སློབ་གསོ་རྒྱབ་པ་ལ་བརྟེན་ནས་ངས་ནི་བོད་འབྲི་ཀློག་ཤེས་ཙམ་ལས་ཡོན་ཏན་གང་ཡང་བསླབ་མེད། གང་ཡིན་ཟེར་ན་མི་ཚེ་འདི་དར་ཙམ་ཡུད་ཙམ་ཞིག་ཡིན་དུས་དེ་འདྲ་སྦྱང་ལོངས་མི་འདུག་བསམ་ནས་དུས་ཚོད་རྫོགས་སོང། མི་རྟག་པ་ཡང་ཡང་བཤད་རྒྱུ་འདི་འཇིག་རྟེན་ཕུན་སུམ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལས་སོགས་འཇིག་རྟེན་འདིར་སྣང་གི་གནད་དོན་ཐོག་ལ་གེགས་བར་ཆོད་བྱེད་ཐག་ཆོད་རེད་འདུག
གཞོན་ནུ་ཟླ་མེད་ཀྱི་སྐད་ཆ་ལ་གོ་རྒྱུ་འདུག
གོང་གི་པར་རིས་དེ་ནང་པའི་དགེ་སློང་མང་པོ་ཞིག་གིས་རྒྱལ་སྤྱིའི་དྲ་ལམ་ཁག་ཏུ་ཡོངས་སུ་བཀྲམ་ཟིན་པ་ཞིག་རེད། རྒན་ལ་དྭགས་པས་གསུངས་པ་ལྟར་ནང་པ་མང་པོ་ཞིག་གིས་དེ་ལ་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་པ་འདྲ། རང་རེའི་སྟོན་པས་མི་སྡུག་པའི་གཉེན་པོ་ཀེང་རུས་སྒོམ་པ་གསུངས་ཡོད་པ་མ་གཏོགས། མི་རོ་སྒོམ་གསུངས་པ་མི་འདུག །དེ་གཉིས་ལ་ཁྱད་ཡོད་ས་རེད། ཀེང་རུས་ནི་ཤ་མེད་རུས་ཁོག་དང་མི་རོ་ནི་མི་ཤི་བའི་ལུས་ཕུང་ལ་ཟེར་གི་ཡོད།
རྟག་འཛིན་ཅན་ལ་འཇིགས་སྣང་ཡེ་རེ་བ།།
མཐོང་དང་མ་མཐོང་ཀུན་ལ་ཁྱད་པར་མེད།།
འབྱུང་བའི་ལུས་འདི་འབྱུང་བཞིའི་ཁམས་ལས་གྲུབ།།
མཐར་ཐུག་འབྱུང་བ་ཉིད་དུ་ཐིམ་པར་འགྱུར།།
ཕ་དང་མ་དང་རང་གི་དགའ་མ་དང་།།
ཡིད་འཕྲོག་ལྷ་བུ་གཞོན་ནུ་དར་མའི་ལུས།།
མཐར་ཐུག་ཀེང་རུས་གཟུགས་སུ་འགྱུར་བའམ།།
གཅེར་བུར་འགྲོ་བ་བཟང་ངན་དབྱེ་བ་མེད།།
ngaris ses1་ལགས།
མི་རྟག་པ་སྒོམ་པ་ཆབ་སྲིད་ལ་གེགས་བྱེད་ཨེ། གེགས་བྱེད་ཡིན་མིན་གསལ་བོར་གསུངས་དང་། ང་ཚོས་ག་དུས་ཡིན་ཡང་ནང་བསྟན་ལ་དགག་པ་རྒྱག་གི་མེད། བོད་རང་བཙན་ལས་ཀྱང་བོད་ཀྱི་སྐད་ཡིག་དང་ནང་བསྟན་གལ་ཆེན་པོ་འཛིན་གི་ཡོད། ། ཁྱོད་ཚོས་འཆལ་གཏམ་སྤེལ་ཆོག་ན་ང་ཚོས་ནང་བསྟན་སྤེལ་མི་ཆོག་པ་ག་ལ་ཡོད། ཚང་མ་ཐོབ་ཐང་གཅིག་པ་རེད། བོད་ནང་གི་བོད་མིའི་ཐོབ་ཐང་རྩོད་མཁན་ཚང་མ་ནང་བསྟན་ལ་དད་པ་ཡོད་མཁན་རྐྱང་རྐྱང་རེད། རང་གི་ལུས་སྲོག་མཆོད་མེ་ལ་བསྒྲོན་མཁན་ཚོས་རྟག་འཛིན་གྱི་བློ་དོར་ནས་ཤི་གོ་ཆོད་པ་ཞིག་འདེམས་པ་རེད།
ལྷོ་འབྲུག་གི་བསམ་ན་ཁོས་བསམ་ཚུལ་དང་མ་མཐུན་པའམ་མ་མཐུན་པ་ལྟར་སྣང་བ་གང་ཡིན་རུང་བསམ་ཚུལ་འཛིན་མཁན་གྱི་མི་དེ་བླུན་པོ་རེད་སྙམ་གིན་ཡོད་ས་རེད་
གཅིག་ ངས་གོང་དུ་བཤད་པའི་སྐད་ཆ་གང་ཡང་གང་ཟག་སྒེར་ལ་སྐྱོན་བརྗོད་དམ་དམིགས་འབེན་བྱས་པ་ཅིག་རྐྱང་མེད་ལ་བསམ་ཚུལ་ལམ་ཡང་ན་བྱ་སྤྱོད་ལ་དགག་པ་བྱས་པ་ཤ་སྟག་ཡིན་།
གཉིས་ རང་ལྟ་ཆོག་འཛིན་གྱི་ཀླད་རྙིང་དོར་ནས་སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་བའི་བར་གང་ཟག་སྒེར་གྱི་བསམ་ཚུལ་དང་མ་རན་པ་ཡོང་སྲིད་ཀྱང་དེ་ཙམ་གྱིས་གང་ཟག་སྒེར་ལ་ཀླན་ཀ་འཚོལ་ལོ་བསམ་ན་བགྲོ་གླེང་གི་གཞི་རྩའི་ཆ་རྐྱེན་དང་པོ་དེ་མ་ཚང་བ་ཡིན་པས་ཆོས་ལྟ་ཞོག་ཤེས་ཡོན་གྱི་ལྟ་སྤྱོད་ཙམ་ཡང་མེད་པས་ཁྱོད་རྩོད་འདོད་ཡོད་སྲིད་མོད་ང་ལ་མེད་།
བདེན་པར་མེད་ལ་བདེན་གྲུབ་བོ་དང་།།
མི་རྟག་པ་ལ་རྟག་གོ་ཟེར་བ་སོགས།།
མངོན་སུམ་ཉིད་ལ་སྙོན་པ་མ་བྱེད་ན།།
ཧ་ལས་ཧོན་འཐོར་བྱེད་དགོས་ཅང་འདུག་གས།།
རང་གི་གང་བསམ་གཞན་གྱི་མ་བསམ་ན།།
གཞན་དག་དེ་ཚོ་བླུན་པོ་ཡིན་ནོ་སྐད།།
མཁས་པ་བྲག་གི་ཕུག་ན་ཡོད་སྲིད་ཀྱང་།།
དེ་མིན་ཐམས་ཅད་བླུན་པོ་མ་རེད་དོ།།
རང་ལྟ་མཆོག་ཏུ་འཛིན་པ་དོར་དགོས་པ།།
ཐུབ་པས་ཡང་ཡང་གསུང་པ་མ་དྲན་ན།།
གཞུང་ལུགས་ཆེན་པོར་རྩོད་པའི་ཁུལ་བྱས་ནས།།
ལག་མཐིལ་རྡོལ་ཡང་སྡུག་གྱོང་ཡིན་པར་སེམས།།
རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ།།
གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད།།
དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ།།
རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་དགོས་གསུང་།།
ཆོས་ལ་དད་པ་ཞེད་པོ་ཡོད་མདོག་མདོག།
དགག་པ་རྒྱབ་ནས་གསར་བརྗེ་ཡིན་མདོག་མདོག།
གཉིས་ཀའི་བྱེད་ཡག་སོ་སོ་ཡིན་སྲིད་ཀྱང་།།
ང་ཡི་མིག་ལ་བྱེད་སྟངས་གཅིག་པར་མཐོང་།།
ཤེས་དགའ་ལགས། ཁྱོད་ཚོས་ནང་བསྟན་ལ་ཡིད་ཆེས་བྱེད་མཁན་ཚང་མ་ཀླད་རྙིང་མཁྲེགས་འཛིན་ཞིག་ཏུ་བརྩི་གི་འདུག །དོན་ངོ་མས་ཀླད་རྙིང་མཁྲེགས་འཛིན་ཟེར་ན་ག་འདྲ་ཞིག་ལ་ཟེར་གི་ཡོད། ཅིག་གསུངས་དང་། གནས་ལུགས་དང་མཐུན་པ་ཞིག་བཤད་ན་ཀླད་རྙིང་ཟེར་གི་ཨེ་རེད། མི་རྟག་པའི་སྐད་ཆ་བཤད་ན་གནས་ལུགས་དང་མ་མཐུན་པ་ཨེ་རེད། ངས་བལྟས་ན་ཀླད་རྙིང་མཁྲེགས་འཛིན་ཟེར་བ་རང་ལྟ་མཆོག་འཛིན་ལ་གོ་ན་ཡག་པོ་འདུག །ནང་པའི་གཞུང་ནས་བཤད་པ་ཐམད་ཅད་སྐྱོན་དུ་མཐོང་མཁན་ཚ་བ་འདམ་ཉོག་དང་ལོག་རྟོག་སྙིང་སྟོབས་སོགས་སྙིང་སྟོབས་དྲུག་པོ་རྩོམ་པ་པོ་དེ་ཚོ་ལ་བསམ་ཚུལ་བརྗེ་ལེན་གྱི་ལྟ་བ་མེད་པས་རང་གི་བསམ་ཚུལ་མཐའ་གཅིག་ཏུ་བདེན་པར་འཛིན་པ་དེ་ཚོ་ཀླད་རྙིང་མཁྲེགས་འཛིན་ནམ་རང་ལྟ་མཆོག་འཛིན་ཟེར་ན་རན་པོ་འདུག །
ཀ་དག་གདོད་ནས་སྐྱེ་འཆི་བྲལ་གྱུར་ཀྱང་།
ཁ་ལུས་ཡིད་གསུམ་སྡིག་སྤྱོད་རྣམ་སྨིན་ལས།
ག་རུ་ཕྱིན་ཀྱང་སྐྱེ་རྒ་ན་འཆི་ཡིན།
ང་ཚོས་འདི་ལ་ཡ་མཚན་ཆེ་རྒྱུ་མེད།
འདི་མོ་འདི་དྲ་ཐོག་ལ་འཇོག་པ་ནི་དཔལ་ཡོན་པ་དར་བའི་མི་རིགས་ཤིག་བྱ་སྤྱོད་རེད། ཚེ་མི་རྟགས་པ་དྲན་དགོས་ཀྱང་དྲན་སྟངས་འདི་མ་རེད།
རྟག་འཛིན་བློ་དེ་འཁྲུལ་བར་གསུངས། །
རྟག་འཛིན་བློ་ཡིས་བསླུ་བར་གསུངས། །
རྟག་འཛིན་བློ་ཡིས་ཕོངས་པར་གསུངས། །
རྟག་འཛིན་བློ་དེ་དགོག་དགོས་གསུངས། །
མིག་བརྒྱད་པ་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་གནས་སྟངས་ཞིག་གི་འོག་ནས་ཆོས་རྭ་ལ་ཆོས་དང་གཞས་རྭ་ལ་གཞས་ཟེར་བའི་སྐབས་བབས་ཀྱི་གནས་སྟངས་དང་མཚམས་མ་མཚམས་བཤད་པ་དེས་། ནང་བསྟན་ལ་ཡིད་ཆེས་བྱེད་མཁན་ཚང་མ་ལ་དགག་པ་རེད་ཟེར་བ་དེར་བསམ་ཞིབས་ཡག་པོ་ཞིག་བྱོས་དང་། དེ་ཁྱོད་ཚོ་ནང་བསྟན་རྗེས་འབྲང་ཡིན་ཟེར་མཁན་གྱི་དོལ་ཚོགས་ཀྱི་བྱ་སྤྱོད་དང་ཕྱོགས་འདྲ་ཞིག་མི་འདུག་གམ་། ངས་དང་ཐོག་ནས་ང་དང་ཁྱོད་ཟེར་བ་ཚིག་ཟུར་ལའང་མེད་པ་ཞིག་ཁྱོད་ཀྱི་སྒྲོ་འདོགས་ཆེན་པོ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ། འཇོན་པོ་ཡོད་ན་ངས་བཤད་པའི་སྐད་ཆ་དེ་ཚོ་ལུང་འདྲེན་བྱས་ནས་ཁྱོད་ཀྱིས་འདི་བཤད་ལ་སྐྱོན་འདི་དང་དེ་བཤད་ལ་དེ་དགོས་པ་ལས་སྒྲོ་བཏགས་ཐུབ་ཙམ་གྱིས་བསམ་པ་བདེ་བ་དེ་རྨོངས་པའི་བྱ་སྤྱོད་ཁྲུས་ནས་མ་དག་པ་ཅིག་མ་རེད་པས།
ལར་ནས་ཁྱོད་ཚོ་ཆོས་པ་ཡིན་ཟེར་མཁན་གྱི་གང་ཟག་ལ་སྐྱོན་འཛུགས་བྱེད་དགོས་དོན་དང་བྱེད་འདོད་གཉིས་ཀ་མེད་ཀྱང་། དགོས་པའི་དབང་གི་ཁྱོད་ཚོའི་བྱ་སྤྱོད་གཅིག་གཅིག་གཉིས་གཉིས་ཀྱིས་ཐེར་འདོན་བྱ་དགོས་ན་མི་རེ་བཟུང་མ་གཏོགས་ཆོས་དང་མ་འགལ་བའི་ཆོས་པ་ཞིག་ལྷག་རྒྱུ་དཀའ་བ་དེ་ང་ལ་ཁ་ནས་བཤད་རྒྱུ་ཡོད་ལ་ཁྱོད་ཀྱི་ཁོག་ན་གོ་གོ་བ་དེ་རེད་།
རྒྱལ་སྲས་ལག་ལེན་ལས
རང་གི་འཁྲུལ་བ་རང་གིས་མ་བརྟགས་ན།།
ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས།།
གསུང་པ་བཞིན་རེད་དོ།།
(སྟོན་པ་ཐུབ་པའི་དབང་པོས།)
སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བ་སྐྱེ་འཆི་གར་ལ་བལྟས་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་རྦབ་ཆུ་ལྟ་བུར་མྱུར་མགྱོཊ་འགྲོ།
ཞེས་གསུངས་པ་ལྟར་མི་རྟག་དྲན་སྐུལ་ནི་ཤིན་ཏུ་གལ་ཆེ་བ་སྨོན་ག་ལ་དགོས།
ཤེས་དགའ་ལགས། རང་གི་འཁྲུལ་བ་རང་གིས་མ་བརྟགས་ན།།ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས།།ཞེས་པའི་ལུང་དྲངས་ནས་བསླབ་བྱ་གནང་བ་ཐུགས་རྗེ་ཆེ། ང་ཚོ་ཚང་མ་དེ་ལྟར་ཡོང་བར་ཤོག །
ངོ་མ་འཆི་བ་དྲན་ནས་འཇིགས་དགོས་ན་
རྐང་འོག་གི་ས་དང་མགོ་ཐོག་གི་ནམ་མཁས་
ཅི་བྱེད་ཅིང་འདུག་
ཚན་རིག་གི་ལམ་ནས་འགྲེལ་བཤད་ཅི་བྱེད་དང་བྱས་མུས་རེད་
མཐོང་ཐོས་གཉིས་ཀས་འཇིགས་ཡེ་རེར་བཏང་བ་ཡའུ་ཀྲུབ་ཀྱི་ལེ་ཚན་འདིར་གཟིགས་རོགས་
http://www.youtube.com/watch?v=Hk-3MU-rc0M
ཐུགས་སེམས་སྐྱིད་པོ་ཡོང་དགོས་ན་མ་གཟིགས་རོགས་གནང་།།
ཤེས་དགའ་ལགས་ཁྱེད་གང་ཟག་བྱེ་བྲག་པ་ཞིག་ལ་དམིགས་པ་མིན་ན་མིག་བརྒྱད་པ་ལ་ཟུར་ཟ་དེ་འདྲ་བྱེད་དགོས་དོན་ཅི་ཡིན་ཁྱེད་ཀ྄ི་ཟེར་ན་ནང་ཆོས་ལས་ཀྱང་ཚན་རིག་ཟབ་པར་ཡུའུ་ཀྲུབ་རྟགས་སུ་བཀོད་པ་ཡིན་ནམ?ཧཧཧཧཧཧ་ཁྱེད་ཡ་མཚན་
འོན་ཀྱང་ཁྱེད་ཀྱི་ལུང་འདྲེན་སྙན་པོ དྲང་འདུག་འོན་ཀྱང་་རྒྱུད་ལ་དེ་ལྟར་ཉམས ་སུ་བླངས་ནས་ཡོད་ན་མིང་དོན་མཚུངས་འདུག་དེ་མིན་་
རང་སྐྱོན་་རི་བོ་ཙམ་ཡང་ཁོང་དུ་སྦད་ གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད་་ཞེས་པ་ལ་མ་འཇུག་ན་ཡག་གི་ ཨརོ་
ད་བླ་རྒན་དེ་ཚོས་རང་གཟུགས་བསྟན་གྱི་འདུག་ག བོད་ཤོར་བ་ཁོང་ཚོ་ལན་པ་རེད་ཅེས་ལབ་ཚེ་ཁས་ལེན་མི་བྱེད་ཀྱང་། ཆོས་ནི་བོད་ཀྱི་རང་དབང་རང་བཙན་ལས་གལ་ཆེ་བ་བཤད། མིག་བརྒྱད་པ། ནད་རྙིང་དེ་འདྲ་བོད་ཀྱི་སྤྱི་ཚོགས་ནང་མ་སྤེལ་རོགས།
འཁྱོག་བཤད་ལ་ཡོ་བསྲང་།།
དྲང་གཏམ་ལ་འགྲེལ་བཤད།།
བསྐྱར་བཤད་ལ་ཡང་བཤད།།
བྱེད་དགོས་ཅིག་མ་མཐོང་།།
གོང་མཆན་སོ་བདུན་དང་།།
འོག་གི་ཞེ་སུམ་ལ།།
ཡག་པོ་གཟིགས་རོགས་གནང་།།
ལྷོ་འབྲུག་བདེ་མོ་བྱོས།།