བྱམས་པ་ལྷུན་གྲུབ།
དོན་དམ་ཐོག་མར་སྒོར་མོ་ཞེས་པ་དེ།།
འགྲོ་བ་མི་རྣམས་ནང་ཁུལ་ཕན་ཚུན་ལ།།
ཉོ་ཚོང་ལ་སོགས་དགོས་མཁོ་སྒྲུབ་པའི་སླད།།
བློ་ལྡན་འགའ་ཡིས་གསར་གཏོད་བགྱིས་མེད་ཀྱང་།།
དེང་གི་དུས་འདིར་འགྲོ་བ་མི་རྣམས་ནི།།
ཉིན་རེ་བཞིན་དུ་སྒོར་ལ་ཆགས་དྲཊ་པས།།
སྒོར་མོ་རང་གི་གཡོག་ཏུ་མ་བཀོལ་བར།།
རང་ཉིད་སྒོར་མོར་ཞབས་ཞུ་སྒྲུབ་དོན་ལྟར།།
སྒོར་མོ་ཐོབ་ཕྱིར་ནུབ་ཕྱོཊ་ཡུལ་བགྲོད་ཅིང་།།
སྐྲ་སེར་ཅན་ཚོའི་མི་གཙང་བཀྲུས་བྱས་ནས།།
ཚེ་གང་གཞན་གྱི་བྲན་གཡོག་རྒྱུག་པ་དང་།།
ཆོག་ཤེས་མེད་ཅིང་འདོད་རྔམ་ཇེ་ཆེར་བའི།།
ཤར་ནུབ་ཡུལ་གྲུའི་མི་ངན་ཆེས་མང་པོས།།
སྒོར་མོ་མཁོ་སྒྲུབ་བྱེད་པའི་རྒྱུན་རིམ་ཁྲོད།།
སྒོར་མོའི་དོན་དུ་མི་གཞན་གསོད་དང་གཅིག།
དུད་འགྲོ་བསད་དེ་པགས་ཚོང་བྱེད་དང་གཉིས།།
ཕ་མ་གཉེན་ཉེར་འཁྲུག་རྩོད་བགྱིད་དང་གསུམ།།
གྲོགས་པོའི་དབར་ལ་འཁོན་འཛིན་བྱེད་དང་བཞི།།
ཉམ་ཆུང་རྣམས་ལ་བཤུ་བཞོག་བྱེད་དང་ལྔ།།
དབང་ཕྱུག་རྣམས་ལ་སྤྲེལ་ལད་བཤད་དང་དྲུག།
ཐབས་སྡུག་རང་གི་ལུས་ཕུང་འཚོང་དང་ལྔ།།
ཐ་ན་སྒོར་དོན་རང་སྲོག་འདོར་བ་སོགས།།
ལྟས་ངན་བྱ་སྤྱོད་ཇེ་མང་ཇེ་མང་འདུག།
དེ་བཞིན་དངོས་བྱུང་གནས་ཚུལ་ཐོས་གསལ་ལ།།
རྒྱ་ནག་ཡུལ་གྱི་ཕོ་གསར་ན་གཞོན་གཅིག།
ཀུ་ཤུའི་རྟགས་ཅན་ཁ་པར་ཉོ་འདོད་པས།།
འདོད་རྔམ་དེ་ཉིད་ལྡོག་ཏུ་མི་ནུས་པར།།
ཐ་མ་རང་གི་མཁལ་མ་ཡ་གཅིག་དེ།།
སྒོར་མོའི་དོན་དུ་གཞན་ལ་ཚོང་བྱས་ཏེ།།
ཀུ་ཤུའི་རྟགས་ཅན་ཁ་པར་ཉོས་པར་གྲཊ།།
དེས་ན་དེང་གི་མི་བུ་ཆེས་མང་གཅིག།
ཉིན་རེ་བཞིན་དུ་སྒོར་ལ་ཆགས་དྲཊ་པས།།
སྒོར་མོའི་དོན་དུ་ཡོད་ཚད་འདོར་བ་སོགས།།
གཅིག་ནས་དགོད་བྲོ་གཉིས་ནས་ངུ་བྲོ་བའི།།
ཐ་ཤལ་བྱ་བ་འདི་དང་འདི་རིགས་ལ།།
ཆེས་ཆེར་འཇུག་པའི་མི་བུའི་གྲངས་ཚད་ཀྱང་།།
ཉིན་རེ་བཞིན་དུ་ཇེ་མང་ཡིན་ལགས་ན།།
རྣམ་རིག་གྲུང་ཞིང་དཔྱད་ལྡན་མིང་ཅན་གྱི།།
དེང་འགྲོ་མི་ཚོའི་བྱ་སྤྱོད་འདི་རིགས་ལ།།
ཞིབ་ཏུ་བསམ་ན་ད་གཟོད་མི་བུ་རྣམས།།
དུད་འགྲོ་ལས་ནི་གྲུང་གོ་མ་ཆོད་པས།།
དེ་བས་དུད་འགྲོ་ཇི་བཞིན་བླུན་ཡིན་ན།།
ད་གཟོད་ཧ་ཅང་ལྟས་མཚན་ངན་པ་ཡི།།
བྱ་སྤྱོད་འདི་རིགས་འབྱུང་བ་མི་འགྱུར་བས།།
འཇིག་རྟེན་འགྲོ་རྣམས་ལྷིང་འཇཊ་ཁོར་ཡུག་ན།།
རྩོད་མེད་རྙོག་མེད་ཞི་བདེར་འཚོ་ཆོག་སྙམ།།
ཐབས་སྡུག་རང་གི་ལུང་ཕུང་འཚོང་དང་བདུན།། ཞེས་བཅོས་རོགས་ཞུ།
བྱམས་པ་ལྷུན་གྲུབ།
དོན་དམ་ཐོག་མར་སྒོར་མོ་ཞེས་པ་དེ།།
འགྲོ་བ་མི་རྣམས་ནང་ཁུལ་ཕན་ཚུན་ལ།།
ཉོ་ཚོང་ལ་སོགས་དགོས་མཁོ་སྒྲུབ་པའི་སླད།།
བློ་ལྡན་འགའ་ཡིས་གསར་གཏོད་བགྱིས་མེད་ཀྱང་།།
དེང་གི་དུས་འདིར་འགྲོ་བ་མི་རྣམས་ནི་ཉིན་རེ་བཞིན་དུ་སྒོར་ལ་ཆགས་དྲཊ་པས་སྒོར་མོ་རང་གི་གཡོག་ཏུ་མ་བཀོལ་བར་རང་ཉིད་སྒོར་མོར་ཞབས་ཞུ་སྒྲུབ་དོན་ལྟར།།
སྒོར་མོ་ཐོབ་ཕྱིར་ནུབ་ཕྱོཊ་ཡུལ་བགྲོད་ཅིང་།།
སྐྲ་སེར་ཅན་ཚོའི་མི་གཙང་བཀྲུས་བྱས་ནས།།
ཚེ་གང་གཞན་གྱི་བྲན་གཡོག་རྒྱུག་པ་དང་།།
ཆོག་ཤེས་མེད་ཅིང་འདོད་རྔམ་ཇེ་ཆེར་བའི།།
ཤར་ནུབ་ཡུལ་གྲུའི་མི་ངན་ཆེས་མང་པོས།།
སྒོར་མོ་མཁོ་སྒྲུབ་བྱེད་པའི་རྒྱུན་རིམ་ཁྲོད།།
སྒོར་མོའི་དོན་དུ་མི་གཞན་གསོད་དང་གཅིག།
དུད་འགྲོ་བསད་དེ་པགས་ཚོང་བྱེད་དང་གཉིས།།
ཕ་མ་གཉེན་ཉེར་འཁྲུག་རྩོད་བགྱིད་དང་གསུམ།།
གྲོགས་པོའི་དབར་ལ་འཁོན་འཛིན་བྱེད་དང་བཞི།།
ཉམ་ཆུང་རྣམས་ལ་བཤུ་བཞོག་བྱེད་དང་ལྔ།།
དབང་ཕྱུག་རྣམས་ལ་སྤྲེལ་ལད་བཤད་དང་དྲུག།
ཐབས་སྡུག་རང་གི་ལུས་ཕུང་འཚོང་དང་ལྔ།།
ཐ་ན་སྒོར་དོན་རང་སྲོག་འདོར་བ་སོགས།།
ལྟས་ངན་བྱ་སྤྱོད་ཇེ་མང་ཇེ་མང་འདུག།
དེ་བཞིན་དངོས་བྱུང་གནས་ཚུལ་ཐོས་གསལ་ལ་རྒྱ་ནག་ཡུལ་གྱི་ཕོ་གསར་ན་གཞོན་གཅིག་ཀུ་ཤུའི་རྟགས་ཅན་ཁ་པར་ཉོ་འདོད་པས་འདོད་རྔམ་དེ་ཉིད་ལྡོག་ཏུ་མི་ནུས་པར་ཐ་མ་རང་གི་མཁལ་མ་ཡ་གཅིག་དེ་སྒོར་མོའི་དོན་དུ་གཞན་ལ་ཚོང་བྱས་ཏེ།།
ཀུ་ཤུའི་རྟགས་ཅན་ཁ་པར་ཉོས་པར་གྲཊ།།
དེས་ན་དེང་གི་མི་བུ་ཆེས་མང་གཅིག།
ཉིན་རེ་བཞིན་དུ་སྒོར་ལ་ཆགས་དྲཊ་པས།།
སྒོར་མོའི་དོན་དུ་ཡོད་ཚད་འདོར་བ་སོགས།།
གཅིག་ནས་དགོད་བྲོ་གཉིས་ནས་ངུ་བྲོ་བའི།།
ཐ་ཤལ་བྱ་བ་འདི་དང་འདི་རིགས་ལ།།
ཆེས་ཆེར་འཇུག་པའི་མི་བུའི་གྲངས་ཚད་ཀྱང་།།
ཉིན་རེ་བཞིན་དུ་ཇེ་མང་ཡིན་ལགས་ན།།
རྣམ་རིག་གྲུང་ཞིང་དཔྱད་ལྡན་མིང་ཅན་གྱི།།
དེང་འགྲོ་མི་ཚོའི་ ? བྱ་སྤྱོད་འདི་རིགས་ལ།།
ཞིབ་ཏུ་བསམ་ན་ད་གཟོད་མི་བུ་རྣམས།།
དུད་འགྲོ་ལས་ནི་གྲུང་གོ་མ་ཆོད་པས།།
དེ་བས་དུད་འགྲོ་ཇི་བཞིན་བླུན་ཡིན་ན།།
ད་གཟོད་ཧ་ཅང་ལྟས་མཚན་ངན་པ་ཡི།།
བྱ་སྤྱོད་འདི་རིགས་འབྱུང་བ་མི་འགྱུར་བས།།
འཇིག་རྟེན་འགྲོ་རྣམས་ལྷིང་འཇཊ་ ? ཁོར་ཡུག་ན།།
རྩོད་མེད་རྙོག་མེད་ཞི་བདེར་འཚོ་ཆོག་སྙམ།།
ཁྱེད་ཀྱི་སྙན་རྩོམ་དུམ་བུ་གཉིས་ཉིས་ཤད་བསུབས་ནས་ཚིག་ལྷུག་ལ་གཅོས་པ་དེ་གང་འདྲ་འདུག དེང་འགྲོ་མི་ཚོའི་་་་་་ཞེས་པ་བརྗོད་བདེ་མིན་འདུག་པས། དེང་དུས་སྐྱེ་བོའི་་་་་་ཡང་ན་་་་དེང་གི་མི་རྣམས་་་་་ཡང་ན་་་དེང་གི་འགྲོ་བའི་་་་་ཡང་ན་་་་སྙིགས་དུས་སྐྱེ་བོའི་་་་་སོགས་གཞན་ཞིག་སྦྱར་ན་བསམ། གཞན་ཡང་ ‘ལྷིང་འཇགས་’ ཞེས་པའི་འཇགས་དེ་སྐུང་ཡིག་ཏུ་བྲིས་ཚེ་ད་ལོག་ཌ་ཡིས་བསྐུང་དགོས་པ་ལས་ཏ་ལོག་ཊ་ཡིས་བསྐུངས་པ་ཆེས་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་ལས་ཁྱོད་གཅིག་པུ་ལ་ཁག་མེད། དེ་ལ་མཁས་པ་རྣམས་ལ། “ག་ས་ད་འཁྱོག” ཅེས་གྲགས་པ་ལས་་་ག་ས་ཏ་འཁྱོག་་་་ཅེས་མ་གྲགས་ཤིང་། དོན་དེ་ལྟར་འཁྱུག་ཡིག་གི་འདིའི་སྐུང་ཡིག་ལ་སོམས་དང་། བློ་ཁ་ཕྱོགས་པ་ཙམ་གྱིས་དོགས་པའི་ལྷག་མ་མེད་པར་འགྱུར་རོ།།
གཞན་རྩོམ་འདིའི་བརྗོད་བྱའི་ཐད་ནས། དེ་དེ་བཞིན་དུ་འདུག་པས་ཅི་དྲགས་ན་བསམ་པ་དེ་ཁྱོད་ཀྱིས་ངའི་སེམས་ལ་བལྟས་ནས་བྲིས་པ་རང་དུ་འདུག གང་བྱུང་མང་བྱུང་ཞུས་སོང་། དགོངས་པ་མ་ཚོམས།
ཚེ་ལོ་གཅིག་གི་རིང་ལ།།
སྐྱེ་བ་འཕྲོ་མར་སྐྲག་ནས།།
ཆོས་བས་ཆོས་ལ་འབད་པ།།
ཆོས་མེད་ཐུགས་ལ་མ་བབ།
འཇིག་རྟེན་མི་ཚེ་གཅིག་ལ།།
ནང་མི་འཁོར་གི་དོན་དུ།།
སྐྱ་བོས་ནོར་ལ་འབད་པ།
ཆོས་བའི་མིག་ལ་མ་མཛེས།།
སེམས་པ་ཆུང་ཆུང་ཞིག་གིས།།
དོན་མེད་ཚིག་རྐང་སྦྱར་བ།།
ཀ་ཁ་སྦྱང་འདོད་མིན་ན།
ང་ཡི་ངག་ལ་མ་བདེ།
ཁོ་བོས་དབྱངས་ཅན་འབངས་ཁྱོད་ཀྱི་བསམ་འཆར་དེའི་ལེགས་ཉེས་ལ་མ་ལྟོས་པར། ཁྱོད་ཀྱིསརང་ཉིད་ཀྱི་བསམ་འཆར་གནང་བར་ཡག་བྱུང་ཞུ་རྒྱུ་ཡིན།
ང་ཚོ་ཚང་མ་དུད་འགྲོ་ལྟ་བུ་ཡིན་ན་འཛམ་གླིང་འདི་ཡི་འཁོར་ཡུང་ལ་ཕན་པ་ཆེན་པོ་ཡོང་ངེས་རེད་།