ཨོ་གླིང་། འདྲེ་གླེན་པ།
མཚན་མོ་གཅིག
ཁ་བ་འབབ་རྗེས་ཤིག
རི་དྭགས་ཤིག་དང་འདྲ་བར
མི་ཀུན་གཡོལ་ནས་འགྲོ་སྐབས་ཤིག
ཁྱེད་རང་གཅིག་པུ་ང་ཡི་འགྲམ་དུ་བཅར
ད་ནི་མི་ལོ་བཅུ ཕུགས་བསམ་བོར བརྩེ་དུང་བོར
དྲན་གདུང་གཅིག་པུ་མིག་ཆུ་དང་འདྲ
ཕྱི་དྲོ་གཅིག
མི་ཚོགས་འདུ་སྐབས་ཤིག
ཕྱིར་མིག་གྲངས་མེད་ཅིག་དང་འདྲ་བར
མིག་མདངས་ནས་སེམས་གསོ་ཡང་ཡང་གནང་དུས་དེར
སྐེ་དཀྲུས་ལྗང་ཁུ་གཅིག་པུ་ལམ་གྱི་སྡོང་འགོར་བཏེགས
ད་ནི་མི་ལོ་བཅུ སྐད་འཕྲིན་དར མགྱོགས་འཕྲིན་སླེབས
ཁྱེད་རང་གཅིག་པུ་ཐག་རིང་གི་སྦྲ་ནག་དང་འདྲ
ད་ནི་མི་ལོ་བཅུ
གླིང་ཕྲན་ཁ་ཁ་ཞིག
འཚོ་བ་ཡང་ཉིན་སྲིབ་ཀྱི་ཤ་མོང་དང་འདྲ་བར
འུ་གཉིས་རང་རང་གི་ཉི་ཐིག་ལ་སྐྱེས་ཀྱང་
ལས་དབང་གཅིག་པུ་ཁྲུང་ཁྲུང་གི་གཤོག་སྣེར་འཇུས་ཏེ
རྒྱང་རིང་རྒྱང་རང་གི་གནམ་མཐར་བསྙེག
ད་ནི་མི་ལོ་བཅུ ཕ་ཡུལ གནམ་མཐའ
སྐར་ཆ་གཅིག་གི་གོམ་སྟབས་དང་འདྲ
22/5/21ཉིན།