བྱ་མདོ་སྐལ་རྒྱམ།
———–གྱ་སྟོན་ལ་ཕུལ་བ།
མི་ལོ་བརྒྱད་བཅུ་ནི། ཞེ་སྨྲེང་བའི་གཏམ་རྒྱུད་ཅིག་གི་ལེའུ་བརྒྱད་བཅུ་ཡིན།
མི་ལོ་བརྒྱད་བཅུ་ནི། འཕྲོ་མཐུད་པའི་ལོ་རྒྱུས་ཤིག་གི་གླེགས་བམ་བརྒྱད་བཅུ་ཡིན།
མི་ལོ་བརྒྱད་བཅུ་ནི། གླེང་རིན་ཡོད་པའི་རྣམ་ཐར་ཞིག་གི་ལེའུ་བརྒྱད་བཅུ་ཡིན།
མི་ལོ་བརྒྱད་བཅུ་ནི། འཛམ་གླིང་ཞབས་ཀྱིས་བཅགས་པའི་ཡིད་འོང་གི་རྐང་རྗེས་བརྒྱད་བཅུ་ཡིན།
མི་ལོ་བརྒྱད་བཅུ་ནི། རེ་སྒུག་གིས་ཟད་པའི་ས་མཐའི་ལོ་རྒན་བརྒྱད་བཅུ་ཡིན།
མི་ལོ་བརྒྱད་བཅུ་ནི། འོད་དུ་འཚེར་བའི་གསེར་མདོག་གི་ཉི་མ་བརྒྱད་བཅུ་ཡིན།
མི་ལོ་བརྒྱད་བཅུ་ནི། སྐྱུར་སིལ་སིལ་གྱི་འཚོ་ལམ་རིང་མོའི་ཁུགས་སོ་བརྒྱད་བཅུ་ཡིན།
མི་ལོ་བརྒྱད་བཅུ་ནི། ཁྱོད་ཉིད་མི་ཡུལ་དུ་ཕེབས་པའི་དྲན་རྟེན་གྱི་ལོ་ངོ་བརྒྱད་བཅུ་ཡིན།
༸སྐུ་ཡི་དགུང་ལོ་བརྒྱད་ཅུ་ནི། །
་
ཉི་ཤུའི་བར་ནང་མཁྱེན་བརྩེས་རྒྱས། །
བཞི་བཅུའི་བར་ནང་མཚན་སྙན་རྒྱས། །
དྲུག་ཅུའི་བར་ན་མཛད་རྗེས་བསྟན། །
བརྒྱད་ཅུའི་བར་ནང་བླ་མེད་གྱུར། །
་
༸སྐུ་ཡི་གྱ་སྟོན་འཚམས་འདྲི་ཞུ། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།