(འཐུས་ཤོར་དང་གྲུབ་འབྲས་ལ་བལྟས་པའི་བསམ་ཚུལ ། )
ཆུ་སྐྱེས་སྒྲོལ་མ།
སྔོན་གླེང༌།
ངས་བསམ་ཚུལ་འདི་མ་སྤེལ་སྔོན་ལ་ཞུ་འདོད་པ་ནི། ང་རང་གིས་རང་ཉིད་ནི། འཐུས་ཤོར་གྱི་ལེའུ་འདིའི་ནང་ཆ་ཤས་མང་པོ་བླངས་མྱོང་མཁན་ཞིག་དང༌། འཐུས་ཤོར་གྱི་ལེའུ་འདིའི་ནང་རང་ཉིད་ངེས་པར་ཚུད་ཡོད་པའི་ངོས་འཛིན་གསལ་པོ་ཞུས་ཏེ། བུད་མེད་ཀྱིས་བུད་མེད་ལ་ལྟ་སྟངས་ཀྱི་བསམ་ཚུལ་འདི་སྤེལ་གྱི་ཡོད། ད་ལོ་ནི། རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས་ཉམ་ཆུང་བོད་མིར་གཉའ་གནོན་དང་དམའ་འབེབས། དམར་གསོད་བཅས་བྱས་ནས་མི་ལོ་ལྔ་བཅུ་འཁོར་བ་དང༌། ངེད་ཅག་བཙན་བྱོལ་ལ་སླེབས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚོད་ཡིན། དེ་ནི་གཞིས་བཞུགས་བོད་མི་ཚོས་གཉའ་གནོན་དང་སེམས་སྡུག དངངས་སྐྲག ཞེད་སྣང༌། གཞན་དབང་སྟབས་བསྟུན་གྱི་འཚོ་བས་ཉིན་མཚན་སྦྲེལ་ནས་སྡུག་གི་ཁུར་པོ་འཁུར་བའི་འདས་པའི་མི་ལོ་ལྔ་བཅུ་དང༌། བོད་བཙན་བྱོལ་བོད་མི་ཚོར་མཚོན་ན། རང་ཡུལ་རྒྱབ་དུ་བཞག་སྟེ་གཞན་ཡུལ་པང་དུ་བླངས་ནས་གོམས་འདྲིས་མེད་པའི་ཟས་དང་གནམ་གཤིས། སྐད་རིགས་སོགས་ལ་ངང་གིས་གོམས་པར་བྱས་ཤིང། དཀའ་ཚེགས་མང་པོ་ཞིག་བརྒྱུད་ནས་རང་དབང་དང་མང་གཙོའི་ལམ་དུ་གོམ་པ་སྤོས་པའི་མི་ལོ་ལྔ་བཅུ་ཆགས་ཡོད། འདས་པའི་ལོ་ཟླར་ཕྱིེར་མིག་ཅིག་བལྟས་པ་ཡིན་ན། དགའ་དགོས་པའི་གྲུབ་འབྲས་དང༌། སྐྱོ་དགོས་པའི་འཐུས་ཤོར་ཅི་རིགས་ཤིག་བྱུང་ཡོད། དེ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་གང་དུའང་ཡོད་པ་ཞིག་རེད། ཡིན་ནའང༌། དེ་ལ་དབྱེ་ཞིབ་བྱེད་པ་ནི། འདས་པའི་ལོ་རྒྱུས་ལ་དྲན་གསོ་དང༌། མ་འོངས་པའི་ལོ་རྒྱུས་ཁ་ཕྱོགས་འདེམས་པའི་དགོས་མཁོ་ཞིག་ཆགས་ཡོད། ལེགས་ཉེས་ཀྱི་ཆ་གང་ཞིག་ཡིན་ནའང༌། དེ་ནི་དབུལ་ཕྱུག་དང་མཐོ་དམའ་དབྱེ་མེད། སྐྱ་སེར་དང་ཕོ་མོ་དབྱེར་མེད་ཚང་མར་ཆ་བགོས་བྱེད་དགོས་པ་ཡིན་ལ། དེ་ནི་ཚང་མས་ལེགས་ཉེས་གང་དུའང་ཆ་ཤས་བླངས་ཡོད་པས་ཡིན། འོན་ཏེ། དེ་རིང༌། ངས་གླེང་བར་འདོད་པ་ནི། ང་རང་བོད་པའི་བུད་མེད་དཀྱུས་མ་ཞིག་ཡིན་པའི་ཆ་ནས། བོད་པའི་བུད་མེད་རྣམས་ཀྱིས་མི་ལོ་ལྔ་བཅུའི་རིང་འགྲུབ་འབྲས་གང་བླངས་ཡོད་པ་དང་འཐུས་ཤོར་གང་ཕྱིན་ཡོད་པ་ལ་ཕྱིར་མིག་ཅིག་བལྟ་འདོད་བྱུང༌།
གཅིག འཐུས་ཤོར།
༡ ཐོག་མ་དེ་ནི་ནང་གི་ཨ་མ་ཚོ་རེད། ནང་གི་ཨ་མ་ཚོས་རང་གི་བུ་ཕྲུག་རྣམས་ལ་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་མིག་དཔེ་ཡག་པོ་ཞིག་སྟོན་ཐུབ་མེད། མཐའ་ན་སྐད་ཆ་བཤད་སྟངས་ཡག་པོ་ཞིག་ཀྱང་ལམ་སྟོན་བྱེད་ཐུབ་མེད་པའི་ཚོར་སྣང་བྱུང༌། དེ་ཡང་དེ་རིང་ཁ་སང་ང་ཚོའི་སློབ་གྲྭ་ཁག་ནང་ཡོད་པའི་བོད་ཕྲུག་ཚོའི་སྐད་ཆ་བཤད་སྟངས་ནས་ཤེས་ཐུབ། དཔེར་ན། ང་ཕྱིན་པ་ཡིན་གྱི་ཚབ་ལ་ང་འགྲོ་སོང་ཞེས་དང༌། ང་ཡོང་གི་ཡོད་ཀྱི་ཚབ་ལ་ང་སླེབས་ཀྱི་ཡོད། ཁོས་ང་ལ་ལབ་བྱུང་གི་ཚབ་ལ་ཁོས་ང་ལ་ལབ་སོང་སོགས་སོང་དང་བྱུང་གི་སྦྱོར་སྟངས་གོ་ལྡོག་ཏུ་བེད་སྤྱོད་བྱེད་པ་དང༌། དེ་བཞིན་མི་སོགས་གཟུགས་པོ་སྐམ་པོ་ལ་མི་ཀྲབ་ཀྲབ་དང༌། ལྕང་མ་སྦོམ་པོ་ལ་ལྕང་མ་རྒྱགས་པ་སོགས་སྐད་ཆ་གོ་ལོག་སྤྱོད་པ་ཤིན་ཏུ་མང༌། འདི་ནི་སློབ་གྲྭ་ནས་བསླབ་པ་དང་གོམས་པ་དེ་འདྲ་མ་རེད། ནང་གི་ཨ་མ་ཚོས་བསླབ་པ་འདྲ་པོ་རེད། གང་ལ་ཟེར་ན། ཨ་མ་ནི་བྱིས་པ་དང་ཐག་ཉེ་ཤོས་དང༌། བྱིས་པས་ཀྱང་བརྩེ་བ་ཆེ་ཤོས་བྱེད་ས་རེད། ཆེ་ས་ནས་བཤད་ན། མིའི་རིགས་ཀྱི་བྱམས་བརྩེའི་བསམ་བློ་དང༌། ལུས་ངག་གི་བྱ་སྤྱོད་མང་པོ་ཞིག་གི་གཞི་རྐང་ནི། ཨ་མ་ལས་བརྒྱུད་འོང་བ་མང་བ་ཡིན། དེས་ན། ཨ་མ་ནི་ཕྲུ་གུའི་མིག་ལྟོས་བྱ་ཡུལ་རྩ་ཆེ་ཤོས་དེ་ཆགས་ཡོད། འདིའི་ཐད་ནས་བལྟས་ན། ང་ཚོའི་ཕྲུ་གུ་ཚོའི་སྐད་ཆ་བཤད་སྟངས་དང༌། སྤྱོད་པ་སྟོན་སྟངས་ཡ་མ་གཟུགས་འདི་དག་ནི། ཨ་མ་ཚོས་རང་གི་ལས་འགན་ཆེན་པོ་ཞིག་སྣང་མེད་བཏང་བ་ལས་བྱུང་བ་དེ་གསལ་པོ་རེད། འདི་ནི། ཨ་མ་ཚོས་འཐུས་ཤོར་བཏང་བ་ཚབས་ཆེ་ཤོས་ཀྱང་རེད།
༢ ནང་གི་ཨ་མ་ཚོས། བོད་ཀྱི་ཆོས་དང་རིག་གཞུང་གི་ལེགས་བྱང་ལ་སློབ་སྦྱོང་གཏིང་ཚུགས་པ་ཞིག་གནང་མ་ཐུབ་པའི་དབང་གིས། བོད་ཀྱི་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་ཀྱང་བྱིས་པ་ཚོར་འཇགས་པ་གནང་ཐུབ་མི་འདུག དེ་ཡང༌། བོད་དུ་ནང་དུ་ཡིན་ན། མདོ་སྟོད་སྨད་དང་དབུས་གཙང་བཅས་ཡུལ་གང་དུ་བསྐྱོད་ཀྱང༌། ཡུལ་དེའི་གོམས་གཤིས་དང་ཆོས་འབྲེལ་དུས་ཆེན་ཁག་གི་བྱུང་རིམ་དང༌། བྱེད་སྒོ་དེ་ཚོ་ཞིབ་ཕྲ་མ་ཤེས་ཀྱང་རོབས་ཙམ་མི་ཤེས་མཁན་གྱི་ཕྲུ་གུ་ཧ་ལམ་མེད་པ་ལྟ་བུ་རེད། འོན་ཀྱང༌། བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོའི་ནང༌། དེ་ལྟར་ཤེས་མཁན་གྱི་བྱིས་པ་ནི་དེ་ཙམ་མང་པོ་མེད་པའི་ཚོར་སྣང་ཤུགས་ཆེན་བྱུང༌། དེ་ནི་ནང་གི་ཨ་མ་ཚོ་ཁོ་ནར་རག་ལུས་པ་ཞིག་མིན་ནའང༌། ཨ་མ་ཚོའི་ངོས་ནས་བྱིས་པའི་སེམས་ནང་ལ་འཇགས་སུ་འཇུག་ཐུབ་པའི་རིགས་མང་པོ་ཞིག་ཡོད་པ་དེ་ཚོའི་ནང་གི་ཆེས་ཉུང་ངུ་ཞིག་ཀྱང་འཇགས་བཅུག་ཐུབ་ཡོད་མེད་སྣ་ཚོགས་རེད། ཡང་ན། ཁྱོན་རང་ནས་འཇགས་བཅུག་མེད་མཁན་གྱི་རིགས་ཀྱང་ཡོད། ཕ་མའི་ལས་འགན་དང༌། དེའི་ནང་ནས་ཀྱང་ཨ་མའི་ལས་འགན་གྱི་སྟེང་ནས་བལྟས་པ་ཡིན་ན། འདིའི་ངོས་ནས་ཀྱང་ཨ་མ་ཚོས་དགའ་འོས་པའི་གྲུབ་འབྲས་ཤིག་ལེན་ཐུབ་མེད།
༣ ནང་གི་ཨ་མ་ཚོས། བུ་ཕྲུག་རྣམས་ཉིན་སློབ་ལ་གཏོང་བ་དང་གཏན་སློབ་ལ་གཏོང་བ་གཉིས་ལས་གཏན་སློབ་ཁོངས་བཞག་རྒྱུར་དགའ་མོས་བྱེད་ཀྱི་ཡོད། མ་གཞི་གཏན་སློབ་ནང་ཕྲུ་གུ་རྣམས་དགེ་རྒན་དང་མཉམ་དུ་དུས་ཚོད་མང་བ་གཏོང་རྒྱུ་ཡོང་གི་ཡོད་ནའང༌། ཕ་མའི་ཕྱོགས་ནས་ཐོབ་དགོས་པའི་སློབ་གསོ་དང༌། ཤེས་བྱ་མང་པོ་ཞིག་གི་རྒྱུན་ཆད་འགྲོ་ཡི་ཡོད། དེས་ཕྲུ་གུར་ཕ་མའི་སློབ་གསོས་མ་ལྡེང་པའི་དཀའ་ངལ་དང༌། ཕ་མའི་རྒྱུད་ཀྱི་བཟང་སྤྱོད་ཀྱི་ཡོན་ཏན་རྣམས་རག་ཐུབ་ཀྱི་མེད་པའི་འཐུས་ཤོེར་འབྱུང་གི་ཡོད། དེ་བཞིན་རྩ་ཆེའི་ངག་རྒྱུན་གྱི་རིགས་དང༌། ལོ་རྒྱུས་མང་པོ་ཞིག་ཀྱང་ཕྲུ་གུ་ཆུང་ངུ་ནས་ཕ་མ་དང་ལྷན་དུས་ཚོད་མང་པོ་བསྐྱལ་རྒྱུ་མ་རག་པ་དེས། ཤེས་བྱ་མང་པོ་ཞིག་ཐོབ་མ་ཐུབ་པ་ཆགས་ཀྱི་འདུག་པ་དེའང་འཐུས་ཤོར་རེད།
༤ ནང་གི་ཨ་མའི་སློབ་གསོ་དམན་ཁར་དགེ་རྒན་ཚོས་ཀྱང་འགྲིག་མི་འདུག དེ་ནི་ལྷག་བསམ་རྣམ་དག་ཅན་གྱི་དགེ་རྒན་དཀོན་པ་དང༌། ཡང་ཕྱོགས་གཞན་ནས་བསམ་ན། ཤེས་ཡོན་རྨང་གཞི་དམན་ཁར་སློབ་དེབ་ནང་དུ་ཡོད་པའི་ཤེས་བྱ་རྣམས་ཀྱང་ཁྲལ་སེལ་སླ་བཅོས་ཀྱིས་ཚར་ཐབས་ཁོ་ན་བྱེད་པ་མང༌། དེ་ཡང་ཆུང་ཚག་དཔེར་ན། མཐའ་ན་ཞེ་སའི་སྐོར་གྱི་སློབ་ཚན་ཞིག་ཡིན་ནའང༌། ཕྲུ་གུའི་རྒྱུད་ལ་དེ་འཇགས་ཡོད་མེད་ལ་མི་བལྟ་བར་ཡིག་ཚད་སྐབས་ཞེ་ཚིག་རྣམས་ཕལ་སྐད་ནང་འབྲི་ཐུབ་པ་ཙམ་གྱིས་དགེ་རྒན་གྱི་འདོད་པ་ཁེངས་པ་མང༌། བྱེད་སྟངས་འདི་རིགས་དེ་ལ་༼ལོ་ངོ་སུམ་བཅུའི་འཐུས་ཤོར་༽ཞེས་པའི་བཀའ་སློབ་དེ་ཕེབས་པ་རེད། ཕྲུ་གུ་མང་ཆེ་བའི་གོམས་གཤིས་དང་བསམ་བློའི་ཆ་ནས་བལྟས་པ་ཡིན་ན། དགེ་རྒན་ལས་ལྷག་པའི་ལམ་སྟོན་བྱེད་མཁན་གཞན་མེད་པར་ལྟ་ཡི་ཡོད་པ་དང༌། དེའི་ནང་ཀྱང་བུད་མེད་ཀྱི་དགེ་རྒན་ཚོའི་ས་ནས་བྱམས་བརྩེའི་རིན་ཐང་ཞིག་རྙེད་པར་རེ་བཞིན་ཡོད། རྒྱུ་མཚན་འདིས། བུད་མེད་དགེ་རྒན་ཚོར་འགན་ཁུར་ལྷག་མ་ཞིག་ཡོད་ལ། བུད་མེད་དགེ་རྒན་ཚོས་ཀྱང་དེ་མཁྱེན་པ་གནང་དགོས་པ་གལ་ཆེན་པོ་རེད། ཡིན་ནའང༌། ང་ཚོར་དེ་མཁྱེན་མཁན་དང་འགན་ཁུར་ལེན་མཁན་གྱི་བུད་མེད་དགེ་རྒན་མང་པོ་མེད། འདི་ནི་བུད་མེད་དགེ་རྒན་ཚོ་གཅིག་པུའི་འཐུས་ཤོར་མ་རེད། འཛིན་སྐྱོང་གི་ངོས་ནས་ཁོང་ཚོར་དེ་འདྲའི་ནུས་པ་ཡོད་པར་ངོས་འཛིན་མ་ཐུབ་པ་ཡང་འདུས་དགོས་པ་རེད།
༥ འོ་ན་ལོ་ངོ་སུམ་བཅུའི་འཐུས་ཤོེར་དེ་ནང་གི་ཨ་མ་དང་དགེ་རྒན་ཁོ་ནའི་ནག་ཉེས་ཡིན་ནམ་ཞེས་ན། དེ་ཡང་མིན་ཏེ། རང་དབང་དང་མང་གཙོ་ལྡན་པའི་བོད་བཙན་བྱོལ་སྤྱི་ཚོགས་འདིའི་ནང༌། མཐོན་པོའི་ཁྲི་ལ་བཞུགས་པའི་བུད་མེད་ཀྱི་བཀའ་བློན་དང་སྤྱི་འཐུས། དེ་བཞིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་འགན་འཛིན་སོགས་མི་ཉུང་བ་ཞིག་བྱུང་ཡོད༌། དེས་ན་བུད་མེད་ཀྱི་ངོས་ནས་འཐུས་ཤོར་འདི་དག་ནི། དབུ་བུད་མེད་བཀའ་བློན་དུ་བཞུགས་མྱོང་བའི་བུད་མེད་ནས་ནང་གི་ཨ་མར་ཐུག་པའི་བར་ཆ་ཚང་གི་འཐུས་ཤོར་ཞིག་ཆགས་ཡོད། ང་ཚོས་བུད་མེད་ཁོ་ན་ལ་མང་བ་ལྡན་པའི་བྱམས་བརྩེ་དེ་དར་སྤེལ་ཡག་པོ་ཞིག་གཏོང་ཐུབ་མེད།
༦ བུད་མེད་རྒན་རབས་པ་ཁག་ཅིག་ནས་བུད་མེད་ཀྱི་སྤྱི་ཚོགས་ལ་མིག་དཔེ་ལེགས་པོ་ཞིག་དང༌། བོད་པའི་སྤྱི་ཚོགས་བྱིངས་ལ་ཕན་ཐོགས་ཆེན་པོ་ཆགས་ཡོད་ནའང༌། སྤྱི་ཚོགས་ཆ་ཚང་དང་བུད་མེད་ཀྱི་སྤྱི་ཚོགས་ལ་ཐུགས་ཁུར་དང་ལམ་སྟོན་དམིགས་བསལ་གནང་པའི་འོས་འགན་ཡོད་པའི་ཆ་ནས་བལྟས་ན། འཐུས་ཤོར་ཀྱང་མང་པོ་བཏང་ཡོད། དཔེར་ན། བུད་མེད་ཚོགས་པ་དང་བུད་མེད་རྒན་གྲས་ཤེས་འཇོན་ལྡན་པ་ཚོ་ཐུན་མོང་གི་ནུས་པས། བུད་མེད་སྐྱ་བོ་རྣམས་ལ་ཆེད་དམིགས་ཀྱི་ཤེས་ཡོན་སྦྱོང་བརྡར་སྡེ་ཚན་དང༌། ཡང་ན། བུད་མེད་ཀྱི་མཐོ་སློབ་གང་རུང་ཞིག་གསར་འཛུགས་མ་ཐུབ་པ་ནི། བོད་བཙན་བྱོལ་སྤྱི་ཚོགས་ནང༌། ལས་སྣེ་གང་ལ་མཚོན་ནའང༌། བུད་མེད་ཀྱི་གྲངས་འབོར་ཧ་ཅང་ཉུང་བའི་སྐྱོན་དང་འཐུས་ཤོར་གྱི་རྒྱུ་རྐྱེན་ཞིག་ཡིན་པར་བསམ། དཔེར་ན། བོད་བཙན་བྱོལ་ནང་དུ་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་འདིས། ལོ་ལྔ་བཅུ་འདིའི་རིང༌། རང་མི་རིགས་ཀྱི་ལོ་རྒྱུས་སོགས་ལ་རྒྱུས་མངའ་ཡོད་པའི་བུད་མེད་ཤེས་ཡོན་ཅན་ཞིག་དང༌། ཡང་ན་བུད་མེད་རིགས་གཅིག་རྐང་འཛིན་པ་ཞིག དེ་བཞིན་བུད་མེད་སྲིད་དོན་པ་ཡག་པོ་ཞིག་ཀྱང་སྐྱེད་བསྲིང་བྱེད་ཐུབ་མེད་ནའང༌། བུད་མེད་འཚེམ་བཟོ་བ་ཁག་ཅིག་རང་མགོ་མ་ཐོན་བར་བསྐྱེད་བསྲིང་གནང་བ་དེ་ནི། གྲུབ་འབྲས་རྩ་ཆེན་པོ་ཞིག་རེད། ཡིན་ནའང༌། འཚེམ་བཟོ་དང་ལྷན་དུ་ཤེས་ཡོན་སློབ་སྦྱོང་ཞིག་ཀྱང་སྤྲད་པ་ཡིན་ན། དེ་ནི་གཡང་ཙེའི་སྒང་ལ་ཡར་བསྒྲོན་ཆགས་ཀྱི་རེད།
༧ སྤྱི་འཐུས་ནས་མགོ་བཙུགས་པའི་ལས་ཀྱི་སྣ་མོ་དག་ལ་བཞུགས་པའི་བུད་མེད་རྣམས་ནས། གཞོན་སྐྱེས་བུད་མེད་ཚོར་མིག་དཔེ་ཡག་པོ་ཞིག་ད་དུང་ཡང་བཞག་ཐུབ་མེད་པ་མ་ཟད། སྐབས་རེ་རང་གཅེས་གཞན་ཕམ་དང་རྒྱུ་ངོམ་མིང་ངོམ་གྱི་བྱེད་སྟངས་དེས་བུད་མེད་ཚོར་མིག་དཔེ་ངན་པ་བསྟན་པ་ལས། སྤྱི་ཚོགས་ཀྱི་སྣེ་འཁྲིད་ཐུབ་ཅིང་ཚད་ལྡན་མིག་དཔེར་འོས་པའི་བུད་མེད་ཅིག་སྐྱེད་བསྲིང་བྱེད་ཐུབ་མེད་པའི་འཐུས་ཤོེར་གྱི་སྣེ་དེ་འདི་ལའང་ཐུག་འདུག་སྙམ།
༨ ད་དུང་ལམ་དེ་ཤར་འདེད་ཀྱིས་བསྐྱོད་ན། ལོ་ངོ་སུམ་ཅུའི་རྗེས་སུ། བཟང་སྤྱོད་ཀྱི་ཡོན་ཏན་རྣམས་ཉམས་པའི་སྟེང༌། བོད་སྐད་དྭངས་མ་རྒྱག་མ་ཤེས་པའི་བུད་མེད་ཁྱུ་ཞིག་ཨ་མ་ཆགས། དེ་ཚོས་གསོ་སྐྱོང་བྱས་པའི་ཕྲུ་གུ་ཁྱུ་ཞིག་འཚར་ལོངས་བྱུང་སྐབས། ད་ལྟའི་འདི་ལས་ཚབས་ཆེ་བ་དང་ཉེན་ཁ་ཆེ་བའི་འཐུས་ཤོེར་གྱི་ལེའུ་གསར་པ་ཞིག་གིས་ང་ཚོར་འདེད་ཤ་གཏོང་གི་རེད། འཐུས་ཤོར་གྱི་ལོ་ཟླ་རིང་མོར་ཕྱིར་དྲན་རེ་བྱེད་སྐབས་སེམས་ལ་ཤོད་མི་ཤེས་པའི་ཚོར་སྣང་ཞིག་སྐྱེས་ཀྱི་འདུག ངས་རང་ཉིད་ཀྱང་འཐུས་ཤོར་འདིའི་ནང་ཆ་ཤས་མང་པོ་བླངས་མྱོང་མཁན་ཞིག་ཡིན་པ་དང༌། འཐུས་ཤོར་གྱི་ལེའུ་འདིའི་ནང་རང་ཉིད་ཡང་ཡོད་པར་ཞེ་སེམས་པའི་གཏིང་ནས་ཁས་ལེན་ཞུ་ཡི་ཡོད། མ་ཟད་དེ་ལྟ་བུའི་འཐུས་ཤོར་གྱི་ལེའུ་དེ་སེམས་ངོགས་སུ་འཆར་ཐེངས་རེར། ང་ཚོས་ང་ཚོ་བསླུས་འདུག་ལ། ང་ཚོས་རང་ཉིད་ཀྱི་བུ་ཕྲུག་དང་མ་འོངས་པ། སྐྱིད་ཀྱི་རྩ་བ། རྒྱལ་ཁབ་ཀྱི་རེ་ཡུལ་སོགས་བསླུས་ཡོད་པ་དེ་ལ་བསམ་ན། ཡིད་སེམས་འདིར་གང་ཞིག་མ་ཚང་བའི་སྟོང་ལྷང་ལྷང་གི་ཚོར་སྣང་ཞིག་ཡོང་གི་འདུག
གཉིས། འགྲུབ་འབྲས།
ཡང་ཕྱོགས་གཞན་ཞིག་ནས་བསམ་ན། འདས་མ་ཐག་པའི་མི་ལོ་ལྔ་བཅུའི་རིང་དེར་འགྲུབ་འབྲས་ཀྱི་ཕྱོགས་མང་པོ་ཞིག་ཀྱང་བྱུང་ཡོད་པ་དེ་ཡང༌། ལོ་རྒྱུས་ཀྱི་འཁོར་ཕྱོགས་ཤིག་ཆགས་ཡོད། མ་གཞི་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་ནི་འདི་འདྲ་ཞིག་རེད།
༡ མི་ལོ་ལྔ་བཅུའི་དུས་ཚོད་འདིའི་ནང༌། བཙན་བྱོལ་བོད་ཀྱི་བུད་མེད་དག་ལས་བཙུན་མའི་སྡེར་མཚོན་ན། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། འདི་ནི་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ནང་གི་ལེའུ་གསར་པ་ཞིག་རེད། དེ་ཡང་ཕར་ཕྱིན། མཛོད། འདུལ་བ་སོགས་ལ་སློབ་ཐོན་ཟིན་པའི་བཙུན་མ་ཡང་ཡོད། དེ་ནི་བོད་བཙན་བྱོལ་སྤྱི་ཚོགས་ནང་གི་བཙུན་མ་ཚོར་མཚོན་ན་སྔར་མེད་ཀྱི་འགྲུབ་འབྲས་དང་རྒྱལ་ཁ་ཞིག་ཡིན། གནའ་དུས་བཙུན་མ་རྣམས་སྒྲུབ་པ་ཉམས་ལེན་གྱི་གནས་ཚད་མཐོ་པོར་སླེབས་པ་ཡོད་ཀྱང༌། གཞུང་ཆེན་དག་ལ་དེང་གི་བཙུན་མ་སྤྱི་མཚུངས་བཞིན་སློབ་གཉེར་གོ་སྐབས་འདི་འདྲ་མེད།
༢ བོད་བཙན་བྱོལ་སྤྱི་ཚོགས་ཀྱི་བཙུན་མའི་འཇང་དགུན་ཆོས་ནི་ལོ་ལྟར་བོད་ཀྱི་བཙུན་མའི་ལས་འཆར་གྱི་གོ་སྒྲིག་འོག བཙུན་དགོན་སྒྲོལ་མ་གླིང༌། ཤུག་གསེབ། དགེ་ལྡན་ཆོས་གླིང༌། རྣམ་གྲོལ་གླིང༌། འཇམ་དབྱངས་ཆོས་གླིང༌། བལ་ཡུལ་ཀོ་པན་བཙུན་དགོན་སོགས་བཙུན་དགོན་ཕན་ཚུན་བར་ནང་ཆོས་བགྲོ་གླེང་བྱེད་པའི་སྐལ་བཟང་གི་གོ་སྐབས་དང༌། གྲུབ་འབྲས་དེས་བཙུན་མ་རྣམས་ལའང༌། ཆོས་རྭའི་ནང་གི་ཉམས་སྣང་སྔོན་གྱི་ལོ་རྒྱུས་ནང་མ་བྱུང་བ་ཞིག་མངོན་ཡོད། འདི་ནི་བོད་ཀྱི་བུད་མེད་སྤྱི་ཚོགས་ནང་གི་རེ་བ་བྱ་ཡུལ་གལ་ཆེ་ཤོས་ཤིག་དང༌། བུད་མེད་ཚོ་ཤེས་ཡོན་གྱི་གནས་ཚད་མཐོ་པོར་བགྲོད་པའི་ལམ་ཆེན་ཞིག་ཆགས་ཡོད།
༣ བཙུན་དགོན་ཁག་ནང༌། ནང་ཆོས་ཁོ་ན་མ་ཡིན་པར་སུམ་རྟགས་སོགས་རིག་གནས་ཆུང་བ་རྣམས་ལ་སློབ་གཉེར་བྱས་འབྲས་ལ། མཐོ་རིམ་རིག་གནས་རབ་འབྱམས་པ་ཐོན་པ་ཡང་བྱུང་ཡོད་པ་དེ་ཡང་གྲུབ་འབྲས་ཆེན་པོ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་ནང་བཙུན་མས་རིག་གནས་སློབ་གཉེར་བྱས་ནས་གནས་ཚད་མཐོ་པོེར་སླེབས་པ་དང༌། དེ་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་འདི་འདྲ་ཡང༌། སྤྱི་ཡོངས་ནས་བཤད་ན། སྔོན་གྱི་ལོ་རྒྱུས་ནང་བྱུང་མེད།
༤ ད་ལྟ་བོད་ཀྱི་བཙུན་མ་ཚོས་ཀྱང་དེང་དུས་ཀྱི་ཤེས་ཡོན། དབྱིན་སྐད་དང་གློག་ཀླད་སོགས་ལ་སློབ་སྦྱོང་བྱས་ནས་བཙུན་དགོན་ཁག་གི་ལས་ཁུངས་ནང་ཕྱག་ལས་གནང་མཁན་ཡང་མི་ཉུང་བ་ཞིག་ཡོད། འདི་ནི། གྲུབ་འབྲས་ཤིག་དང་འགན་ཁུར་ཞིག་ཀྱང་རེད།
༥ བོད་བཙན་བྱོལ་སྤྱི་ཚོགས་ནང་ལ་བུད་མེད་སྐྱ་བོ་ཚོར་ཤེས་རིག་སྡེ་ཚན་གྱི་དམིགས་བསལ་མཐོ་རིམ་སློབ་གྲྭ་ཞིག་མེད་སྟབས། བཙུན་དགོན་ཁ་ཤས་ནང་ལ་བུད་མེད་སྐྱ་བོ་ཚོས་ཀྱང་ནང་ཆོས་སློབ་གཉེར་གནང་ནས་ཆོས་རྭ་འགྲིམ་མཁན་ཡོད་པ་ཡིན། འདི་ནི་བུད་མེད་སྐྱ་པོ་ཚོས་དམིགས་བསལ་གྱི་སློབ་སྦྱོང་ཁོར་ཡུག་ཅིག་འདམས་པ་དེ་རེད་ལ། བུད་མེད་སྐྱ་བོ་ཚོའི་ནང་དུ། ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་མཁན་ཡོད་པ་འདི་ཙམ་ཡང༌། ང་ཚོར་མཚོན་ན་ཤིན་ཏུ་ནས་རྩ་ཆེན་པོ་ཆགས་ཡོད།
༦ མི་རིགས་སུ་འདྲ་ཞིག་ཡིན་རུང༌། མི་རིགས་དེའི་རིགས་རྒྱུད་གཙང་མ་སྤེལ་རྒྱུ་དེ་ཡང་རྒྱལ་ཁབ་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ལ་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད། དེ་སྐོར་ལ། གོང་ས་མཆོག་ནས་བུད་མེད་ཚོར་དམིགས་བསལ་བཀའ་སློབ་གནང་མྱོང་ཡོད་པ་དེའི་ནང༌། བོད་པ་རང་གི་རིགས་རྒྱུད་གཙང་མ་སྤེལ་དགོས་པ་དང༌། བུད་མེད་ཁོ་ན་ལ་ཤུགས་ཆེ་བ་ཡོད་པའི་བྱམས་བརྩེའི་ནུས་པ་སྤེལ་དགོས་པ་སོགས་བུད་མེད་ཁོ་ན་ལ་འཁྲི་བའི་ལས་འགན་སྒྲུབ་དགོས་པ་དང༌། བུད་མེད་ཁོ་ན་ལ་ཡོད་པའི་ནུས་པ་སྤེལ་ཕྱོགས་ལ་ལམ་སྟོན་གནང་ཡོད་པ་ནང་བཞིན། བུད་མེད་བརྒྱ་ཆ་དགུ་ཅུ་གོ་བརྒྱད་ཡན་གྱིས་བཀའ་སློབ་ལམ་སྟོན་འདི་དྭང་ལེན་ཞུས་ཡོད་པས། བུད་མེད་ཚོས་འགན་འདི་ནི་ཡག་པོ་ཞིག་སྒྲུབ་ཡོད།
༧ བཙན་བྱོལ་དུ་སླེབས་ནས་ཡོད་པའི་བུད་མེད་ཚོ་ནི། ཆང་རག་དང་མ་ཅང་སོགས་ཀྱི་གཞན་དབང་དུ་སོང་བ་ཧ་ཅང་གིས་ཉུང༌། འདི་ནི་བོད་བཙན་བྱོལ་ཁོར་ཡུག་ནང༌། ཨ་མ་ཚོས་ཡ་རབས་བཟང་སྤྱོད་ཀྱི་ཡོན་ཏན་ཞིག་མུ་མཐུད་རྒྱུན་འཛིན་ཐུབ་ཀྱི་ཡོད་པའི་མཚོན་རྟགས་ཤིག་རེད། བོད་བཙན་བྱོལ་ནང་དུ་ཨ་མ་ར་བཟི་བ་དང་ཨ་མ་མ་ཅང་ལ་མགོ་འཁོར་ནས་ཕྲུ་གུ་ཁྱི་ཡིས་ཟོས་པའི་གཏམ་ངན་གྱི་ལོ་རྒྱུས་ད་བར་བྱུང་མྱོང་མེད་པ་ནི། ངེད་བཙན་བྱོལ་བུད་མེད་ཚོའི་གཟི་བརྗིད་ཅིག་རེད་སྙམ་མོ།།
༨ ད་བར་མང་ཉུང་གི་ཁ་གྲངས་དང་ཡག་ཉེས་ལ་མ་ལྟོས་པར་བོད་བཙན་བྱོལ་ནང་དུའང་བུད་མེད་ཀྱི་རྩོམ་པོའི་དཔུང་ཁག་ཅིག་གྲུབ་ཡོད། བུད་མེད་རྩོམ་པ་པོ་རེ་གཉིས་བོད་རང་ནས་སློབ་སྦྱོང་ཆ་ཚང་ཟིན་ནས་འབྱོར་བ་མ་གཏོགས། མང་ཆེ་བ་ནི་བཙན་བྱོལ་ལ་སླེབས་རྗེས་ཡིག་རྨོངས་སེལ། དེ་ནས་རྩོམ་ཡིག་འབྲི་མཁན་བྱུང་བའི་གནས་སྟངས་ཤིག་ཆགས་ཡོད། འདི་ནི་ང་ཚོས་འཐུས་ཤོར་གྱི་གསེང་ནས་བླངས་པའི་མངོན་གསལ་གྱི་གྲུབ་འབྲས་ཤིག་ཀྱང་རེད།
༩ བོད་བཙན་བྱོལ་ནང་གི་བུད་མེད་ཚོས་ཆང་རག་དང་རྒྱན་རྩེད་ལ་ཉིན་མཚན་དབྱེ་མཚམས་མ་ཆོད་པར་ལུས་ནས། བུ་ཕྲུག་འཁྱམ་མོ་འཁྱམ་པོ་ཁྱུ་ཅིག་གསོ་སྐྱོང་བྱས་མེད་པ་དེ་གཟི་བརྗིད་ཅིག་ཆགས་ཡོད། བོད་ནང་དུ་མཚོན་ན། ཨ་མ་རྒྱན་རྩེད་ལ་མགོ་འཁོར་ནས་བུ་ཕྲུག་ཚོེར་བཟའ་བཏུང་དུས་ཐོག་ཏུ་མ་བཟོས་པར་ལས་སླ་ཁྱད་ཀྱིས་དངུལ་སྤྲད། ཁོང་ཚོས་དེ་རྣམས་བག་མེད་ལོངས་སྤྱོད་བྱས་ནས་མཐར་སློབ་གྲྭར་ཡང་མ་སོང་བར་སྡོད་ཀྱི་ཡོད་པའང་གང་འཚམ་ཡོད་པ་རེད། དེར་བརྟེན་སྤྱི་ཚོགས་སྟེང་འཁྱམ་པོ་ཁྱུ་དང་ཁྱུ་འཕེལ་རྒྱས་ལ་ཕྱིན་ཡོད་པ་ལྟ་བུའི་ཞེད་སྣང་དེ་བཙན་བྱོལ་བུད་མེད་ཚོས་ད་བར་བཟོས་མེད། ཡིན་ནའང༌། བོད་ནང་གི་བུད་མེད་ཚོས་གང་ཡང་འཇོན་ཡོད་པ་མ་རེད་ཅེས་ནམ་ཡང་ངོས་འཛིན་ཞུ་གི་མེད། དེ་ནི་ཁོར་ཡུག་ཅིག་གི་གནས་སྟངས་ལའང་འབྲེལ་བ་ཡོད་པ་རེད།
༡༠ རིག་གཞུང་ཡར་རྒྱས་ཀྱི་ཞབས་འདེགས་སྐོར་ལ། བུད་མེད་ཀྱིས་ཆེད་གཉེར་དང་རྩོམ་སྒྲིག་བྱས་པའི་དུས་དེབ་ནི། དཔེར་ན། བོད་ཀྱི་བུད་མེད་ཚོགས་པས་འགྲེམས་སྤེལ་ཞུས་པའི་༼སྒྲོལ་མ་༽དུས་དེབ། བོད་ཀྱི་བཙུན་མའི་ལས་འཆར་ནས་འགྲེམས་སྤེལ་ཞུས་པའི་༼ཐེའུ་གསར་༽ དེ་བཞིན་ཝ་ན་མཐོ་སློབ་ཀྱི་བུད་མེད་སློབ་གཉེར་བ་ཚོས་གཙོ་གཉེར་ཞུས་པའི་༼འཚོལ་སྙེགས་༽བཅས་བུད་མེད་སྐྱ་སེར་དབྱེར་མེད་ཀྱི་རྩོམ་ཡིག་དང༌། བུད་མེད་ཀྱི་ནུས་པ་སྤེལ་བ་ལ་བུད་མེད་ཚོས་འཁྱེར་ཐུབ་དགོས་པའི་ལས་འགན་མང་པོ་ཞིག་ངོས་ཟིན་ནས་ལས་ཀ་མང་པོ་ཞིག་བརྩམས་ཡོད།
༡༡ བུད་མེད་རྒན་རབས་པ་ཁག་ཅིག་ནས་སློབ་གྲྭ་དང༌། བཙུན་དགོན། དབང་པོ་སྐྱོན་ཅན་གྱི་ཚོགས་སྡེ་སོགས་བཙུགས་ནས་གཟིགས་སྐྱོང་གནང་བཞིན་པ་ནི། གྲུབ་འབྲས་ཆུང་ཆུང་མ་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་གསེར་གྱིས་འབྲི་འོས་པའི་གྲུབ་འབྲས་ཆགས་ཡོད། དཔེར་ན། ནུབ་ཕྱོགས་སུ་གནས་སྡོད་གཞོན་སྐྱེས་བོད་རིགས་བུད་མེད་བློ་བཟང་རབ་རྒྱས་ལགས་དང༌། བུད་མེད་བཀྲ་ཤིས་རབ་རྒྱས་ལགས་ལྟ་བུ་བོད་ནང་དུ་སློབ་གྲྭ་རྒྱག་མཁན་གྱི་རིགས་ཡོད་པ་དེ་ཚོ་ནི། ང་ཚོས་ངེས་པར་དུ་མིག་དཔེར་བཟུང་དགོས་པ་ཞིག་རེད།
༡༢ བཙན་བྱོལ་བུད་མེད་རྣམས་ཀྱིས། ཡང་དག་པའི་མང་གཙོའི་ལམ་བུའི་འདིའི་སྟེང་མང་ཉུང་ལ་མ་ལྟོས་པར་གོམ་པ་རྒྱག་ས་ཆ་ཚང་ལ་སླེབས་ཡོད། དཔེར་ན། མགོ་བཀའ་བློན་དང་སྤྱི་འཐུས་སོགས་ཀྱིས་མཚོན། དུས་དེང་སང་བུད་མེད་མ་སླེབས་པའི་ལས་གནས་ཤིག་ཧ་ལམ་མེད་པ་དེ་ཡང་བོད་བཙན་བྱོལ་བུད་མེད་ཚོའི་གྲུབ་འབྲས་ཤིག་ཆགས་ཡོད། འདི་ལྟར་གྲུབ་འབྲས་ཀྱི་ལེའུ་དེར་ཕྱིར་བལྟ་རེ་བྱེད་སྐབས་དགའ་སྣང་ཞིག་ཀྱང་འཕེལ་ཡོང་གི་འདུག
མཇུག་བྱང༌།
ཀློག་པ་པོ་ལགས། ངས་གོང་དུ་ཚིག་དུམ་ཁ་ཤས་ཞུས་པ་ནི། འཕེལ་འགྲིབ། དར་རྒུད། དགའ་སྐྱོ་ཟེར་བ་ལ་གོ་རིམ་ངེས་ཅན་ཞིག་མེད་ནའང༌། ང་ཚོས་ཡིན་གཅིག་ཕྱིར་དྲན་བྱེད་དགོས་པ་དང༌། ཕྱིར་དྲན་གྱི་སེམས་ཚོར་སྟེང་ནས། འབད་བརྩོན། དང་ལེན། འགན་ཁུར་བཅས་ལ་ང་ཚོས་གོམས་བྱང་ཡོད་པ་བྱ་དགོས་པ་གལ་ཆེ་བར་མཐོང་ཚུལ་ཙམ་རང་ཡིན། རྣམ་པ་ཚོས་དེ་ལྟར་ངོས་འཛིན་གནང་རོགས། ༢༠༠༩ ཟླ་ ༡༡ ་ཚེས་ ༧ ་ཉིན་བྲིས།
རྒན་སྒྲོལ་མ་ལགས་ཀྱིས་དཔྱད་བརྗོད་ཡག་པོ་ཞིག་སྤེལ་འདུག བོད་སྐད་དག་མོ་ཞིག་རྒྱག་མ་ཐུབ་པ་དེ་ནི་ནང་གི་ཨ་མས་མ་ཤེས་པས་ཁོ་ནས་ལན་པ་ཞིག་མིན་པར། བྱེས་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་མང་དག་ཅིག་གིས་ཧིན་སྐད་དབྱིན་སྐད་བོད་སྐད་ནང་བསྲེས་ན་དཔེ་གསར་དང་སྔོན་ཐོན་ཡིན་པར་འདོད་དེ་ཤེས་བཞིན་དུ་དེ་ལྟར་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག བོད་ཡིག་དུངས་བ་སླེབས་དགོས་ན་ནང་ཆོས་ཀྱི་རིན་ཐང་དེ་ཤེས་དགོས་ཀྱི་རེད། བྱེས་ཀྱི་གཞོན་སྐྱེས་ནང་བོད་ཡིག་ལ་བརྟེན་ནས་ནང་བཅོས་ཀྱི་ཉིང་བཅུད་ལེན་མཁན་ཆེས་ཉུང་ངུ་ལས་མེད་རྐྱེན། བོད་ཡིག་ལ་བརྩེ་བ་སླེབས་རྒྱུ་དེ་ཧ་ཅང་ཁག་པོ་རེད། ང་རང་སྒེར་གྱི་བསམ་ཚུལ་ལ་བཙན་བྱོལ་ནང་གི་སྐད་འདི་ནི་སྤུས་ཀ་ཞན་པའི་སྐད་རིགས་ཤིག་ཡིན་པའི་ཚོར་སྣང་འདུག སྐད་ཆར་འདིར་སྙན་ཆ་མེད་ལ་དོན་གང་ཞིག་སྟོན་པར་ཡང་ནུས་པ་ཁྱད་པར་བ་ཞིག་སྟོན་ཐུབ་ཀྱི་མི་འདུག དེ་ལས་བོད་ན་ཡོད་པའི་དབུས་གཙུང་གང་རུང་གི་སྐད་དེ་ཧ་ཅང་གི་ཚད་གཞི་ཡོད་ལ་སྙན་ཆ་ཡང་ལྡན་པ་ཞིག་རེད་སྙམ། དེས་ན་བཙན་བྱོལ་ནང་ཡོད་པའི་མི་རབས་གསར་པ་འདི་བོད་སྐད་སྤུས་དག་དང་རིགས་གཞུང་ལ་ཕན་པ་ཞིག་ཏུ་སྐྱེད་བསྲིང་བྱེད་ན་དཔེ་དོན་སློབ་གྲྭ་དེ་ཏག་ཏག་ཅིག་མཐོང་གི་འདུག དེ་མིན་ད་རེ་བ་ཡོད་ས་མ་རེད། འདི་ནི་རྒན་ལགས་ཀྱིས་དཔྱད་བརྗོད་འདི་བཀླགས་རྗེས་ཀྱི་རང་གི་མྱོང་ཚོར་ཙམ་ཡིན། དེང་ཕྱིན་བཙན་བྱོལ་བུད་ཚོས་དབྱིན་བོད་གང་རུང་ནས་བུད་མེད་སྐོར་དཔྱད་བརྗོད་མང་པོ་སྤེལ་རྒྱུ་གལ་ཆེ། ཐུགས་རྗེ་ཆེ།
མི་ཟེར་བའི་རང་དབང་ལ་ཚད་ཅིག་དགོས་སམ་ཅི།
གནའ་སྔ་མོ་ཞིག་ལ བཤད་སྲོལ་ཞིག་ཡོད
མི་ལ་ཚོད་ཅིག་དགོས ཚོད་ཅིག་མེད་ན་དུད་འགྲོ་ཡིན
ངས་དེ་ལ་ཞིབ་དུ་བསམ་བློ་གཏོང་དུས
གནའ་བོའི་མི་རིགས་ཤིག་གི་རྟགས་བརྟན་གྱི་རང་གཤིས་ཤིག
འཇག་དུ་མེད་པའི་དབྱངས་རྟ་ཞིག་གི་ཁྲོད་དུ
ལྷིང་འཇག་གིས་བཞུར་བ་རྟོགས
ཡིན་ཡང་ ཁ་སང་དེ་རིང་
གཏམ་རྒྱུད་གསར་བར་དུངས་མཁན་དག་གིས
དེ་དག་ནི གནའ་སྔ་མོའི་སྒྲུང་རེད་ཟེར
བདག་གིས་དེ་ལྟར་འདོད་མི་ཐུབ
གནའ་སྔ་མོ བཤད་རྒྱུན་ཞིག་ལ
བློ་མི་ལ་དྲིས ཐག་རང་གིས་གཅོད་ཟེར
དེ་ནི་གནས་ལུགས་ཤིག་གི་སྐྱ་ཐིགས་ཤིག
དོན་དངོས་ཐོག ཁ་སང་དེ་རིང་གི་མི་ལ
ཐག་གཅོད་བྱེད་པའི་རྣམ་རིག་དེ་ཡོད་མེད་ཐད་དུ
ངས་ཞིབ་མོ་བློ་ཡིས་ཡང་ཡང་བརྟག་ཁུལ་བྱས
གཞན་ལ་མང་བོ་མང་བོ་ཞིག་འདྲི་ཁུལ་བྱས་ཀྱང་
མཐར་ཐུག་ནི རང་སེམས་སུ་མི་གཡོ་བའི་གནའ་མི་དག་གི
གསུབ་དུ་མེད་པའི་རང་གཤིས་དེ་ལས
བཅོས་ཟློས་ཀྱི་མི་གཟུགས་ང་ཚོ་ནི་རྩྭ་རྐང་གཅིག་ལས་མ་སྣང་
འདི་ནི་བདེན་པ་ཞིག་མིན་ཤས་ཆེ་ཡང་
གང་ལྟར ངས་སྣང་ངོ་ན་འདི་དག་གསལ་ལེར་མངོན
དོན་འགྲུབ་བཀྲ་ཤིས་ལགས། འདི་དྲ་དེབ་སྟེང་ལ་འགོད་རོགས་ཞུ། གོང་གི་ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས་ཀྱི་རྩོམ་ཡིག་དང་འབྲེལ་བ་མེད། ངས་ཁ་བརྡ་ཚང་གི་རྩོམ་སྒྲིག་པ་དག་ལ་འབྲེལ་བ་བྱེད་སྟངས་མི་ཤེས་ཀི དེ་ཡི་སྟབས་ཀྱི་མཆན་པུ་འདེབས་སར་མི་སྐུར་ཐབས་མེད་རེད་འདུག་ལགས། རྗེས་ཕྱོགས་འབྲེལ་བ་བྱེད་སྟངས་སྐོར་ལ་ལམ་སྟོན་རེ་གནོང་རོགས་ཞུ།
ལས་བུད་མེད་ཚོ་བཟང་གི། ག྄ྲུབ་འབ྄ྲས་བུད་མེད་ཚོ་མཆོག་གི། ལ྄ྟོས་དང་བོད་ནང་སྡུག་དཀའ་ལས་བརྒྱབ། ལྷག་བསམ་རྣམ་དག་གིས་ལུས་སེམས་ཀྱི་དར་ཆ་མི་རིགས་ཀྱི་རྩ་དོན་ཆེད་དུ་ལས་དོན་སྒྲུབ་མཁན་བཙུན་མ་རྣམས་ལ་མཚོན་ན། ངོ་མ་དད་པ་བྱེད་ཆོག་ལ། ཕྱག་འཚལ་འོས་པ་རེད། དེ་མིན་ དུས་དེང་སང་རྡ་རམ་ས་ལ། འཆལ་བ་མགོ་རིལ་རེ་འགས། མགོ་སེར་གྱི་རྐུབ་ལ་རྒྱུགས། མགོ་སྐོར་བཏང༌། རྒྱོ་སློང་བརྒྱབ། དངུལ་སློང་བརྒྱབ། རྒྱོ་རྐུབ་ལུག་ལུག་བརྒྱབ། མགོ་སེའི་སྟུ་ལྡག ད་དུང་གྲྭ་ཆས་མ་ཕུད། གཟིག་པགས་གྱོན་པའི་བོང་བུ་ལ྄ྟ་བུ། ངོ་མ། འཆལ་རིལ་དེ་ཚོར་ལྟོས་ན་བཙུན་མ་ཚོ་དད་ར྄ྟེན་ངོ་མ་རེད།
འཆལ་བོ་ངོ་མ་དེ་གྲོང་ལས་དགོན་ན་མང་ཚོད་ཡིན་ཡཱ་་་དགོན་ན་མཚན་མཐུན་ཆགས་སྤྱོད་བྱེད་ཀྱི་ཡོད་པ་མ་རེད་པེ།
།། བཀྲ་ཤིས་བདེ་ལེགས།། ཇུ་ལེ༌།།
།། བཀྲ་ཤིས་བདེ་ལེགས།། ཇུ་ལེ༌།།
།། བཀྲ་ཤིས་བདེ་ལེགས།། ཇུ་ལེ༌།།
།། བཀྲ་ཤིས་བདེ་ལེགས།། ཇུ་ལེ༌།།
ཕྲུ་གུས། ང་ཕྱིན་པ་ཡིན། ལ། ང་འགྲོ་སོང་དང་།
ང་ཡོང་བགྱིད་ཡོད། ལ། ང་སླེབས་ཡོད། བཅོས་པ་ནི་ཤིན་ཏུ་བདེན་ཡང་།
བོད་ཕྱི་ནང་གཉིས་ཀའི་རྒས་གྲས་ཚོས་ཀྱང་ཁ་སྐད་ཀྱི་དག་ཆ་བཅོས་དགོས་པ་གཉིས་ནི།
གནས་ཚུལ་སྤེལ་བགྱིད་ཡོད། ཚབ་ལ། གནས་ཚུལ་སྤེལ་གྱི་ཡོད་བྲིས་པ་ནོར་བ་དང་།
གནས་ཚུལ་སྤེལ་བགྱི་ཡིན། ཚབ་ལ། གནས་ཚུལ་སྤེལ་གྱི་ཡིན། ཞེས་འབྲི་སྟངས་མ་དག་རྒྱུན་འཇགས་རེད། སྐྱོན་བཅོས་དང་འདྲི་བ་ཡོད་ན་དགའ་བསུ་ཡོད། ལོ་ ༢00༩ ཟླ 0༡ ཚེས་ ༢༡ ལ་བྲིས།
http://www.youtube.com/watch?v=RvLspLVamZM
ལས་ཟེར་བའི་འཕྲན་འཕྲིན་ཐུང་ཐུང་འདི་དངོས་ནས་ཨ་སྐྱེས་ཆུ་སྐྱེས་སྒྲོལ་མའི་རྩོམ་ཡིག་འདི་དང་འབྲེལ་བ་འདུག གཟིགས་རོགས་ཞུ།
བྱམས་པ་དངཁཱེད་གཉིས་དང་། རབ་འབྱུང་ཕོ་མོ་གཉིས་བཅས་བཞི་པོ་མཉམ་བསྲེས་མ་གཏོང་རོགས་ཐུགས་རྗེ་གཟིགས།
ད་ལྟ་འདིར་ཆུ་སྐྱེས་སྒྲོལ་མའི་གསུང་དང་པདྨ་སྒྲོལ་མའི་ཞལ་རས་མཛེས་སྡུག་ལ་བལྟ་ཡ་དུས་ཚོད་རེད། དགོངས་འགལ་མེད་པ་ཅིག
ཆུ་སྐྱེས་སྒྲོལ་མའི་དཔྱད་གཏམ་དེ་ཡག་པོ་འདུག བཙན་བྱོལ་ནང་གི་བོད་ཕྲུག་ཚོས་བོད་སྐད་ཡག་པོ་མི་ཤེས་པར་ད་དུང་ཡང་རྒྱུ་རྐྱེན་མང་པོ་ཡོད་མོད་ད་ལན་འབྲི་ཁོམ་བྱུང་མ་སོང་། ཁྱོད་ཀྱིས་ ཁོས་ང་ལ་ལབ་བྱུང་གི་ཚབ་ལ་ཁོས་ང་ལ་ལབ་སོང་ ཞེས་པ་ནོར་བར་བཤད་འདུག་མོད་དེ་ནི་བོད་ཀྱི་སྐད་ལ་རྒྱུས་ཡོད་ཅིག་གིས་བལྟས་ཚེ་ནོར་མི་འདུག་སྙམ། ཁྱོད་ཀྱིས་བྲིས་ནོར་ཤོར་མེད་ན་འགྲེལ་བརྗོད་ཅིག་གནང་རོགས།
་་་་་་ཁོས་ང་ལ་ལབ་བྱུང་གི་ཚབ་ལ་ཁོས་ང་ལ་ལབ་སོང་སོགས་སོང་དང་བྱུང་གི་སྦྱོར་སྟངས་གོ་ལྡོག་ཏུ་བེད་སྤྱོད་བྱེད་པ་དང༌།་་་་་་་ཞེས་ཆུ་སྐྱེས་སྒྲོལ་མར་དྲིས་ཀྱང་ང་ཡང་ལན་འདེབས་པར་སྤྲོ་སྟེ།
ངས་ལབ་པ་ཡིན།
ཁྱོད་རང་གིས་ལབ་སོང་།
ཁོས།མོས་ལབ་སོང་།
ངས་ཁྱོད་རང་དང་། ཁོ་དང་མོ་ལ་ལབ་པ་ཡིན།
མོ་དང་ཁོ། ཁྱོད་རང་གིས་ང་ལ་ལབ་བྱུང་།
ང་ཚོས་ནོར་ས་གཅིག་ཡོད་པ་དེ་ནི།
ཁྱེད་རང་གི་མདང་ངས་ལབ་སོང་ཟེར་བ་དེ་བདེན་པ་མ་རེད། ལྟ་བུ།
ངའི་བོད་ཀྱི་བུ་མོ།
སྐྱེས་དུས་བོད་མི་རྨ་འབྱར། །
ཆུང་དུས་བུ་མོ་ན་ཆུང་། །
ན་ལོངས་བུ་མོའི་ཨ་མ། །
ན་རྒས་བུ་ཕོའི་རྨོ་མོ། །
ང་ལ་ཨ་མ་དྲིན་ཆེན། །
ཁོ་ལ་སྲུ་མོ་དྲིན་ཆེན། །
མོ་ལ་ཨ་ནེ་དྲིན་ཆེན། །
ཨ་ཅེ་རྗེས་མ་ནུ་མོ། །
བོད་། ལྷ་ྐླུ་གཉན་གསུམ་ལགས།
ཁྱེད་ཀྱི་རྩོམ་དེ་བཀོད་ཡོད་། ཁ་བརྡ་ལ་འབྲེལ་བ་བྱེད་སྟངས་ནི་། གཡོན་ངོས་ཀྱི་(ཤོག་ངོས་)ཟེར་བ་ཞིག་ཡོད་པ་དེའི་འོག་ན། (ཁ་བརྡ་ལ་འབྲེལ་བ་བྱེད་པ་)ཟེར་བ་དེར་བསྣུན་དང་། དེ་ནས་རྙེད་གི་རེད། དེ་ཙམ་ཡིན།
བཀུར་འོས་རིག་འབྱུང་ལགས་བཀྲིས་བདེ་ལེགས།
ངས་ཁྱེད་ལ་ཅིག་འདྲི། དེ་ནས་རྙེད་གི་རེད་ཅེས་པའི་གི་སྒྲ་འདིས་ད་ལྟ་བར་སྟོན་གྱིན་ཡོད་དམ། གི་སྒྲ་འདི་སྔ་མའི་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་ཨེ་རེད་ལགས།
ངའི་གློག་ཀླད་ཀྱི་སྒེའུ་ཁུང་Window vista ཡིན་པས་དེའི་
photoshop and pagemakerགཉིས་གྱི་ནང་དུ་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་བེད་སྤྱོད་བྱེད་མི་ཐུབ་པས་ལམ་སྟོན་གནོང་རོགས་ཞུ།
གངས་ཅན་པ་ལགས།
སྐུ་ཞབས་མེ་རི་གཏོར་མཁན་ལགས་ནི་ཀློག་ཀླད་ཀྱི་གཞུང་ལ་མཁས་བ་ཞིག་ཡིན་འདུག་པས་ཁོང་ལ་ཐད་ཀར་བཀའ་འདྲི་གནང་རོགས།
འབྲོང་ར་སྨུག་པོ་ནས།
ཨ་རོག་་་ཀརྨ་རྡོ་རྗེ་ལགས། ཁོས་ང་ལ་ལབ་བྱུང་དང་། ཁོས་ང་ལ་ལབ་སོང་གཉིས་ལ་དོན་གྱི་ཁྱད་པར་གང་འདུག་གམ།
གངས་ཅན་ལགས། དེ་གཉིས་ལ་ཆེ་ཆུང་ཤོར་བ་ཡིན་རྒྱུ་རེད། མཆི་མ་བྱུགས་ན་ཕལ་ཆེར་བླུགས་ཐུབ་མདོག་ཁ་བོ་རེད། ཨ་ཙ་་ཀུ་རེ་ཡིན། ང་ལ་ཡང་དེའི་དཀའ་ངལ་འདུག གློག་ཀླད་སྐོར་ཤེས་མཁན་ཞིག་གིས་ལམ་སྟོན་གནང་རོགས་ཞུ།
ཨ་རོག་རྩམ་དགའ། ཁྱོད་དང་ཀླུ་སྨྱོན་སོགས་ཀྱི་མཆན་བུ་དག་གི་ནང་ཨམ་སྐད་འབྲི་རྒྱུ་མང་དྲགས་ནས་མཚམས་རེ་གོ་མི་ཐུབ་པ་འདུག
གངས་རིའི་བུ་ལགས་སུ། འབྲོག་པའི་བུས། ཁོས་ང་ལ་ལབ་བྱུང་། ཞེས་དག་ལ་ཁོས་ང་ལ་ལབ་སོང་ཟེར་ན་ནོར་བ་རེད་ཅེས་ཞུས་ཚར་ཡོད། ད་ཐབས་ཤེས་གཅིག་ཡོད་པ་ནི། ཁྱེད་རང་གི་གཡས་གཡོན་ལ་བོད་མི་གསུམ་ལ་དྲིས་ནས་གཉིས་ཀྱིས་གང་ལབ་པ་དེ་ལ་ཆ་ཞོགས།
ཨ་མ་ཇི་ལྟར་ཞན་རུང་ཨ་མ་ཡིན།།
ཨ་མའི་ཡོད་ཚད་བུ་ཡི་ཡི་ཆེད་དུ་ཡིན།།
ཨ་མ་ཞེས་པ་འཇིག་རྟེན་གཅིག་གྱུར་ཏེ།།
བུ་ལ་ངོ་ཚ་མེད་རྐྱེན་ཨ་མས་ནོངས།།
ད་ལྟ་འཇིག་རྟེན་རྒུད་ལུགས་བལྟས་ཙ་ན།།
དེ་ནི་་ཨ་མའི་ནོར་བ་ག་ལ་ཡིན།།
ཆུ་སྐྱེས་སྒྲོལ་མ་ཨ་མའི་ངག་ལ་ཉོན།།
ཁ་ཆེ་ཕ་ལུ་ལན་གཅིག་བསྐྱར་ཀློགས་ཨཱ།
ཀརྨ་རྡོ་རྗེ་ལགས། ངས་དེ་གཉིས་ཀྱི་ཁྱད་པར་མི་གསུམ་ལས་གཞན་རིག་པའི་བུ་དང་། བློ་གྲོས་རྩེ། རྣམ་དཔྱོད་རྩལ་སོགས་མང་པོ་ཞིག་ལ་དྲིས་ཀྱང་ཁྱད་པར་མི་འདུག་གསུང་གི ད་བསྐྱུར་བཞག་ན་མ་རེད་དམ།
ཨ་ལྕག་ལགས། བཀྲ་བཤིས་བདེ་ལེགས།
གང་ལྟར་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་མིལོ་བཅུ་ དྲུག་ཏུ་སོང་བར་ངེས་ཀྱང་སོསོའི་མི་རིགས་དང་ཁྱ་པར་དུ་གཞུང་ཆེན་༥ ལ་སོགས་པའི་རིགས་གནས་རིགས་གཞུང་གང་སྤྱི་ཐོག་གཡོ་བ་མེད་པར་སྐབས་དང་མཐུན་པའིངང་ཡོད་པ་ནི་བོད་མི་ཙམད་མ་ཡིན་པར་རྒྱལཁབ་དེ་དང་འཛམ་གླིང་ཡོངས་ཀྱི་གཟི་བརྗིད་རེ་མཉམ་མོ། ། :མིག་དཔེ་ཆུང་ལྟ་མ་ཡིན་པར་ཆེ་བས་ན་ཀུནད་ཏུའང་མི་ལེགས་སམ།
སྤྱི་ལོ ༢༠༡༤ ཟླ་བ ༥པའི ཚེས ༢༧ ཉིན་བཟང་དུ་དགེ་འོ