རླུང་དམར།
ཐག་ཉེ་ན ནད་དུག་ཞོགས་འོད་བཞིན་མིའི་རིགས་ལ་འགོས་ཁྱབ་བྱུང་གིན་འདུག
སེམས་དང་སེམས་པ་མནར་ཚེགས་ཀྱིས་བཙུར་ནས
གང་ཞིག་ནས་གཞའ་དགོས་སམ
གང་ཞིག་ལ་འགྲོ་དགོས་སམ
ཁ་དུག་ཆེ་བའི་ནད་ཡམས་འདི་རྩ་ཡལ་ལ་ཇི་ལྟར་འགྲོའང
ཟ་ཆས སྣོད་ཆས གྱོན་ཆས
གསོག་འཇོག་ལ་རེམ་པའི་སྐྱེ་འགྲོ་ཚོ
འདུར་ཟིང་གི་སྐྱོ་གར་ཇེ་མཐུ་ཇེ་ངན་རེད
ལྷ་རྗེ་ཚོས ང་ཚོར་གནང་བའི་འཕྲོད་བསྟེན་བསླབ་བྱ་སྟབས་བདེ་ཞིག
ལྷ་རྗེ་ཚོས ཁོ་ཚོ་ནད་པའི་ཆེད་དུ་སྨན་བཅོས་ལ་འབད་ཀྱིན་ཡོད་ཟེར
ལྷ་རྗེ་ཚོས འུ་ཚོ་ནད་དུག་དང་ཁ་ཐག་རིང་ནས་ཁྱིམ་ལ་སྡོད་སྐད
ལྷ་རྗེ་ཚོས རང་གི་ཁ་སྣ་མིག་གསུམ་ལ་ལག་རེག་མ་བྱེད་ཟེར
ཏོག་དབྱིབས་ནད་དུག
མིའི་རིགས་ཀྱི་ཞི་བདེ་དཀྲུག་མཁན་གྱི་གཤེད་མ་དམར་པོ
ནད་པ་ཁྲི་ཁྲི་འབུམ་འབུམ
མི་ཤི་ཁྲི་ཁྲི་འབུམ་འབུམ
དམྱལ་ཁམས་ལྟ་བུའི་ནད་སྡུག་འདི་སུ་ཡིས་ཐེག་ནུས་སམ
སྐྱོ་བ་རིང་མོ་ས་འཐིབས་གནམ་འཐིམས་རེད་འདུག
མི་བུ་ཚོ རང་ཉིད་ཀྱིས་རང་ཉིད་ལ་བདག་གཅེས་མཛོད་ཅིག
ནད་དང་ན་ཚ་མ་ཡོང་གི་སྔོན་ལ་གཙང་སྦྲ་ལ་ལེགས་པར་གཟོབས
དེ་ཡང ཁ་སང་དེ་རིང་གི་རྒྱལ་སྤྱི་ལ་ནད་དུག་གི་དམག་འཁྲུག་བྱུང་བ་ལྟར
སྐྱེ་འགྲོ་ཚོས ནད་སྡུག་དེ་མྱོང་གིན་མནོ་བསམ་འཁྱག་ལ་བསྡམས
མི་ཤི་ནད་པ་ཁྲི་ཁྲི་འབུམ་འབུམ
[ཨོཾ་མ་ཎི་པདྨེ་ཧཱུཾ་་་་་་་་་་་་་་་་
མགོན་དཔུང་གཅིག་ཡོད་ན་ང་ཚོར་དགོས་ལ
སྐྱབས་སྲུང་གཅིག་ཡོད་ན་ང་ཚོར་མཁོ