རྔ་བ་ཀུན་བཟང་།
ཉིན་དང་མཚན།
ལོ་དང་ཟླ་བ་རེ་རེའི་ཁྲོད་ན།
མི་སེམས་རེ་ལ་སྙན་ངག་རེ་གསང་།
བསམ་བློ་བཏང་གིན་བཏང་གིན།
ལ་ལ་དགོད་ཀྱང་ལ་ལ་ངུ་།
ཕྱི་དང་ནང་།
ཤ་དང་རུས་པ་རེ་རེའི་དཀྱིལ་ན།
མི་སེམས་རེ་ལ་སྙན་ངག་རེ་འཁོར།
ཡིད་ལ་སྒོམ་གྱིན་སྒོམ་གྱིན།
ལ་ལ་ཤི་ཡང་ལ་ལ་གསོན།
ལས་དང་དབང་།
སྐྱེ་རྒ་ན་འཆིའི་ཁྲོད་ནས།
མི་སེམས་རེ་ལ་སྙན་ངག་རེ་འཚར།
མིག་གིས་མཐོང་གིན་མཐོང་གིན།
ལ་ལ་འཕེལ་ཡང་ལ་ལ་སྐམ།
རྔ་བ་ཀུན་བཟང་ནས།