༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
མི་སྐྱ་ ༢ ཀྱིས་རང་ལུས་མེར་བསྲེགས།
འདོན་སྤེལ། ༢༠༡༢/༠༤/༡༩
དེ་རིང་རྔ་བ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་མི་སྐྱ་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག ད་ལྟ་རང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་ཇོ་ནང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་འཛམ་ཐང་བར་མ་ཡུལ་ཚོའི་ཕ་དགེ་སྐོར་སྲུང་མཐར་དང་མ་པད་ནེ་གཉིས་ཀྱི་བུ། རང་ལོ་ ༢༠ ཡས་མས་ཡིན་པའི་ཆོས་འཕགས་སྐྱབས་ལགས་དང་། མ་སེམས་སྐྱེད་ཀྱི་བུ་རང་ལོ་ ༢༠ ཡས་མས་ཡིན་པའི་བསོད་ནམས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
གསར་འགོད་པ། དོན་གོ
གནས་ཚུལ་ཁ་སྣོན།
༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
མེར་བསྲེགས་གཏོང་མཁན་ ༢ སྐུ་གྲོངས་འདུག
འདོན་སྤེལ། ༢༠༡༢/༠༤/༡༩
དེ་རིང་ཉིན་གུང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་གཉིས་སྐུ་གྲོངས་འདུག
ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚང་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། དེ་རིང་ཉིན་གུང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན། རྔ་བ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་བསོད་ནམས་ལགས་རྣམ་གཉིས་དེ་རིང་ཕྱི་དྲོ་སྐུ་གྲོངས་ཡོད་འདུག
ད་ལྟ་རྒྱ་གཞུང་གིས་འཛམ་ཐང་ས་ཁུལ་དུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་འདུག
ང་ཚོ་བོད་མི་ས་ཡ་དྲུག་གི་དོན་དུ་དཔའ་རྒོད་གཉིས་ཡང་བྱོན་སོང་སེམས་སྐྱོ་བ་ལ་ལྷ་འཕགས་མཆོག་ཕྱག་ན་པད་མོ་མཁྱེན་། ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ
རླབས་ཆེ་བའི་བློས་བཏང་འདི་དག་ནི། ད་ལྟའི་ཆར་བོད་ཀྱི་རྩ་དོན་ལ་མཛད་ཤུགས་བླ་མེད་ཡིན་པས། ཤིན་ཏུ་ནས་རླབས་ཆེ་ཞིང་འགྲན་ཟླ་བྲལ་བའི་མཛད་བཟང་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ།
དཔའ་བོ་རེད། བོད་རྒྱལ་ལོ།།
མགོ་ལོག་འཛམ་ཐང་ཇོ་ནང་བའི་དཔའ་རྒོད་གཉིས་ཀྱི་བསམ་དོན་འགྲུབ་པར་ཤོག།
སྒྲིམ་པའི་མེ་ལྕེའི་ཁྲོད་ནས།།
བོད་མིའི་ལས་དབང་འཁོར་སོང་།།
རྒྱུ་འབྲས་རྟེན་འབྲེལ་མཐུ་ལས།།
འབྲས་བཟང་ཤར་བའི་སྨོན་འདུན།།
ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ སླར་ཡང་དར་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་ཁྱད་པར་ཅན་ཞིག་ཐོབ་པར་ཤོག།
རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་། བསོད་ནམས་གཉིས་ལ་ཚད་མཐོའི་གུས་འདུད་དང་ཤུལ་ལུས་ཕ་མ་ཉེ་འབྲེལ་ཚོར་གདུང་སེམས་མཉམ་སྐྱེད་ཡོད།
ང་ཚོ་མི་རིགས་གཅིག་ཡིན།
ང་ཚོའི་དམིགས་ཡུལ་གཅིག་ཡིན། ཀི་ཧི་ཧི། ཀི་ཧི་ཧི།
ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།
དབྱར་གསུམ་མེ་ཏོག་སྨག་གིས་བཏུམ་དུས་སུ།།
སྦྲ་ནག་གྲུ་བཞི་རླུང་གིས་བསྙིལ་བའི་ཚེ།།
ཁ་བ་བུ་ཡུག་ཇི་ལྟར་རྒོད་གྱུར་ཀྱང་།།
སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།
ང་ཚོ་བོད་མི་ས་ཡ་དྲུག་གི་དོན་དུ་དཔའ་རྒོད་གཉིས་ཡང་བྱོན་སོང་སེམས་སྐྱོ་བ་ལ་ལྷ་འཕགས་མཆོག་ཕྱག་ན་པད་མོ་མཁྱེན་། ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ
མྱ་ངན་དང་། གུས་དུད་ཡོད།
འཛད་མེད་ལྷག་བསམ་ཁ་བའི་རི་ལ་བསྲིངས།།
ཤ་པགས་རུས་གསུམ་མེ་ལྷའི་ཞལ་དུ་བསྟབས།།
ས་ཡ་དྲུག་གི་བདེན་དོན་སྲོག་གིས་འཇལ།།
གངས་རིའི་དཔའ་བོའི་རྣམ་ཐར་འཛད་པ་མེད།།
མདོ་སྨད་སྟག་མོའི་ཡུལ་ནས་་་་་་་མེ་ལྕེ་སྟེ་སླར་ཡང་འབར་སོང་་་་་་་མེ་ལྕེ་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སླེབས་བའི་སྨོན་ལམ་་་་་་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་བཙན་བྱོལ་བོད་མའི་སྟོང་ཆ་གལ་ཆེན་ཞིག་བཀང་སོང་་་
སླར་ཡང་བོད་ཨ་མདོ་རྔ་བ་འཛམ་ཐང་ཁུལ་དུ་བོད་མི་གཞོན་སྐྱེས་གཉིས་ཀྱི་རང་ལུས་མཆོད་མེ་ཕུལ་བ་ལ་སྙིང་་གསོན་པོའི་ངང་ནས་མཛད་རྗེས་ལ་ཡི་རིང་དང་དཔའ་བོ་ཁོང་གཉིས་ཀྱི་ནང་མི་ཡོངས་ལ་གདུང་སེམས་ཡིན་གྱིས་ཞུ།་་་་་་་་་ངོ་མ་ཁྱོད་ཚོའི་དཔའ་མཛངས་ལ་འབྲེལ་བཤད་བརྗོད་གྱི་མི་ལོངས
ལྷ་འཕགས་མཆོག་ཕྱག་ན་པད་དཀར་འཆང་། བོད་ཁ་བའི་སྐྱིད་སྡུག་ཁྱེད་ལ་བཅོལ། ངེད་སྤུན་ཟླའི་གཅེས་སྲོག་མེ་ལ་འབར། ཀྱེ་ཧུ་ཧུ་དེ་འདྲའི་སྐྱོ་བ་ལ།
ནུབ་བདེ་ལྡན་ཞིང་བཞུགས་འོད་མཐའ་ཡས། ཚེ་ཕྱི་མའི་ལམ་སྣ་ཁྱེད་གྱི་དྲོངས། སྟེན་མི་ལུས་དལ་བརྒྱད་འབྱོར་བཅུ་དེ། སླར་གངས་ལྗོངས་ཡུལ་དུ་སྐྱེ་བར་སྨོན།།
རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་། བསོད་ནམས་གཉིས་ལ་ཚད་མཐོའི་གུས་འདུད་དང་ཤུལ་ལུས་ཕ་མ་ཉེ་འབྲེལ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ།།
དྲན་པ་ཙམ་གྱིས་གཤིན་རྗེའི་བླ་ཡང་འདར་བྱེད་པའི། །
གཟེ་རེ་ཅན་གྱི་ལུས་ཕུང་གསོན་པོར་བསྲེགས་པ་འདི། །
ཅི་ཕྱིར་ཞེ་ན་བདེན་པའི་དོན་ལས་མ་འདས་ན། །
ཉམ་ཐག་བོད་མིའི་ལས་འདི་གནམ་གྱི་རྒྱལ་མོས་སྲུངས། །
ས་ཡ་དྲུག་གི་བདེ་སྡུག་ཕྱིར་རྩོད་ཞིང་།
ས་ཡ་དྲུག་གི་རིག་གཞུང་ལ་གཅེས་ཞིང་།
ས་ཡ་དྲུག་གི་མགོན་དཔུང་ལ་གཉེར་པའི།
རྒྱལ་གཅེས་དཔའ་བོ་རྣམ་གཉིས་སྙིང་ནས་གུས།
རྒྱལ་གཅེས་དཔའ་བོ་རྣམ་གཉིས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ལས་། གུས་པ་འཇོན་ཐང་དང་ནུས་པ་གང་ཡང་འདོན་པས་ཕོད་པ་མ་མཆིས་ཀྱང་། རྗེས་སུ་ཡིད་རང་དང་བོད་རྒྱལ་ཁབ་གི་ཕྱིར་དུ་ལུས་སྲོག་དམར་མོ་མེ་ཡི་དཀྱིལ་དུ་ལྟོས་པ་མེད་པར་གནང་བ་དེ་ནི་༧གོངས་ས་མཆོག་ལ་དད་པ་དང་ཡིད་ཆེས་ཆེས་ཁྱད་དུ་འཕགས་པའི་འབྲས་རྟགས་ཡང་དག་ཞིག་ཡིན་། ང་ཚོས་ཤུལ་དུ་ལུས་པའི་སྤུན་ཟླ་ཡོངས་ཀྱིས་ཁྱེད་རྣམ་པས་རླབས་ཆེ་བའི་མི་རིགས་དང་རིག་གཞུང་ལ་གཅེས་པའི་ཕོ་རྒོད་དག། སྐྱེ་བ་དང་ཚེ་རབ་ཐམས་ཅད་དུ་གོངས་ས་མཆོག་གི་རྗེས་སུ་འཛིན་པ་དང་། ཆོས་ལྡན་གངས་ཕྲུག་ཚོ་དང་མི་འབྲལ་པར་རྫོགས་ལྡན་རང་བཙན་་དཔལ་གྱི་དགའ་སྟོན་དེ་མྱུར་དུ་ལོངས་སུ་སྤྱོད་པའི་བསྐལ་བ་བོད་མི་ཚོ་དང་ལྷན་ཅིག་འཛོམས་པས་སྨོན་འདུན་དང། ཁོང་རྣམ་པས་ནང་མི་དང་བུ་ཕྲུག་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་མཚོནབྱེད་དུ། ཆབ་ཅིག་མྱ་ངན་དང་གུས་འདུད་ཀྱང་ཞུ་།
གདུང་སེམས་མཉམ་སྐྱེད་ཡོད། ངེད་ཅག་གི་དམིགས་འདུན་མྱུར་དུ་འགྲུབ་པའི་སྨོན་པ་ཡོད།
རེ་བསྐུལ་བྱེད་པའི་དུས་མ་རེད། ལག་ལེན་བསྟར་བའི་དུས་རེད། སོ་སོར་སྒེར་ནས་འགོ་གཙུགས་སྟེ་བོད་པ་ཚང་ལ་ཞབས་ཕྱི་ཞུ་བའི་དུས་ལས། ཆེ་གེ་མོ་ཞིག་དང་ག་གེ་མོ་ཞིག་ལ་རེ་བསྐུལ་བྱེད་པ་ལས་གཙོ་བོ་སོ་སོར་ནས་འགོ་གཙུག་ཐུབ་པ་དགོས་རེད། རང་ལུས་མེ་བསྲེགས་བྱེད་མ་ནུས་ཀྱང། བོད་པ་ཚང་ལ་ཕན་པའི་ལས་དཔེར་ན། ལྷག་དཀར་སྲུང་བརྩི་བོད་གོས་གོན་ནས་བྱེད་ཐུབ་ན་ཡང་བྱས་རྗེས་འཇོག་ཐུབ་པ་རེད། ལས་འགུལ་ཟེར་དུས་ཡིན་གཅིག་མིན་གཉིས་སྐད་འབོད་རྒྱག་རྒྱུ་དང། རང་ལུས་མེ་མཆོད་ཕུལ་བ་སོགས་བྱེད་མ་ཐུབ་ན་ལས་འགུལ་སྤེལ་མ་ཐུབ་པ་ལྟར་བུའི་སྣངབརྙན་དེ་མ་འགྲིགས་པ་རེད། རང་ནུས་ལ་དཔག་པའི་ལས་འགུལ་སྤེལ་རྒྱུ་ཡོད་རེད། ཡར་མར་མང་པོ་ལབ་པ་ལས་གཙོ་བོ་སོ་སོར་ནས་འགོ་འཛུགས་བྱེད་ཐུབ་ན། ད་གཟོད་ཁྱེད་དང་མཉམ་འགྲོགས་བྱེད་པའི་ལྷག་བསམ་ཅན་གྱི་གྲོགས་འཕྲད་ཐུབ་ངེས། དེ་མིན་གནམ་འབོད་ས་འབོད་ག་ཚད་བྱས་ཀྱང་ལུང་སྟོང་ནང་གི་ཀི་ཅོ་ལས་གཞན་མ་འདས། དྲང་པོ་ཡིན།
རྒྱལ་གཅེས་དཔའ་བོ་ཁོང་གཉིས་ལ་ཡིད་གདུང་དྲག་པོས་མྱ་ངན་ཞུ།
གུས་པས་མྱ་ངན་ཞུ་བའི་བྱེད་སྒོ་གཙོ་བོ་ནི་དམ་པ་ཁྱེད་རྣམས་ཀྱི་རླབས་ཆེན་གྱི་དགོངས་པ་བཞིན་བོད་དོན་ལ་དོ་སྣང་སྔར་བས་ཇེ་ཆེར་གཏོང་རྒྱུ་དང་།བོད་ཀྱི་རིག་གཞུང་དང་སྐད་ཡིག་དར་སྤེལ་ཐད་ཉིན་རེ་བཞིན་བཀོད་སྤྱོད་རྒྱ་ཇེ་ཆེར་གཏོང་རྒྱུ།
དེ་མིན་བོད་མི་ནང་ཁུལ་གྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ལ་ཕན་པའི་ལས་དོན་གང་མང་སྤེལ་ཐུབ་ཐབས་ཞུ་རྒྱུ་ཡིན།
Om mane padme hung!! Bot gal lo
མགོན་པོ་ཁྱེད་ལ་བདག་མོས་ཞིང་།།ཤུགས་དྲག་དད་པས་བློ་བཀལ་ནས།།བདག་གིས་སྨོན་ལམ་གང་བཏབས་པ།།
མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།།
གུས་འདུད་ཞུ་རྒྱུ་ལས་ཁ་ནས་ཚིག་གཅིག་ཀྱང་ཐོན་གྱིན་མི་འདུག་་་་་་་་་་དབའ་བོ་རྣམ་གཉིས་བདེ་བ་ཅན་དུ་སྐྱེས་པར་ཤོག་་་་་་་་་བོད་རྒྱལ་གྱུར་ཅིག་་་་་་་་་་་་་དབའ་བོ་ཁྱེད་གཉིས་གཙོ་བྱས་པའི་ཆེད་དུ་་་ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི
རང་ལུས་མེ་རུ་བསྒྲོན་ཏེ། སྒང་བ་བོད་པའི་མུན་ནག་གི་ཡུལ་གྲུ་འདིར་འོད་སྣང་སྦྱིན་མཁན་ཁྱེད་ཅག་ག་ལེར་བཞུད་དང་། ཁྱེད་ཅག་ནི་གོ་ལ་ཟླུམ་པོ་འདིའི་སྟེང་གི་དཔའ་རྒོད་ཡིན་ལ། བོད་པ་ཚང་གི་རྡོ་རིང་ཡིན།
ང་ཚོས་ལུས་ཀྱང་གཏོང་ཐུབ། སྲོག་ཀྱང་གཏོང་ཐུབ། རང་གི་རྒྱལ་ཁབ་ནི་དུས་ནམ་ཡང་གཏོང་མི་ཐུབ།
हम हमारे रक्त और जीवन दे, लेकिन हम हमारे देश कभी नहीं दे सकते हैं कर सकते हैं.
ནང་ཁུལ་བརྩོད་རྙོག་ཞིག་མཐོང་ན་ཁ་ང་བདེ་དང་ཁོ་བདེ་གནས་ལུགས་རྒྱུ་མཚན་འདྲེན་པར་ང་མཁས་དང་ཁོ་མཁས་ཀྱི་དྲ་འབུ་ཚོ། འདི་འདྲའི་དུས་སུ་མ་ཎི་རེ་སྒྲང་ཁུལ་སྡུག་གཏམ་རེ་བཤད་ཁུལ་ཙམ་ལས་རྒྱ་གཞུང་ལ་སྐྱོན་བརྗོད་དང་བདེན་པའི་གནས་ལུགས་འདྲེན་རྒྱུ་མེད་པ་ཅི་ཡིན་ནམ། འདིའི་ཐོག་ནས་མཐོང་ཐུབ་པ་ནི་བཙན་བྱོལ་བོད་མིའི་ཕྱི་འཇམ་ནང་རྩུབ་ཀྱི་མི་གཤིས་དེ་རེད། སྐྱག་འབུ་ཚོ།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
རྒྱལ་གཅེས་དབའ་བོ་རྣམས་གཉིས་ལ་ལག་ཟུང་ཐལ་མོ་སྤྱར་ནས་མྱ་ངན་དང་གུས་དུད་ཞུ།
ངའི་མཆན་འདི་རྩོམ་ཡིག་འདི་དང་དམིགས་བསལ་འབྲེལ་བ་མེད་ཀྱང་། དབུ་མའི་ལམ་གྱི་མཆན་སྒོ་ཁ་བརྡས་བཀག་ཟིན་པས། ངའི་མཆན་ལྷག་འདིར་བཀོད་རྒྱུ་ཡིན།
ཡུལ་གྱར་བ་ལགས།
ཁྱོད་ཀྱིས་ལ་རྒྱའི་བདག་པོར་ལན་འདེབས་གནང་བར་གནས་ཚུལ་དངོས་ཀྱི་འགྲེལ་བརྗོད་ཐུང་ཙམ་ཞུ་རྒྱུར།
དེ་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྐྱོན་བརྗོད་བྱེད་སའི་གཞི་རྩ་ཡོངས་གླིང་སློབ་གྲྭའི་སྐོར།
དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནི། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རང་ཉིད་ཀྱི་འགན་འཁུར་འོག་ཕྱི་ལོ་༡༩༨༤ ཟླ་༦ ཚེས་༡ ཉིན་ཟློས་གར་ལམ་ཆེན་སྐྱིད་གྲོང་ཇོ་ལྷག་པའི་ནང་རྒྱལ་བའི་ཡོངས་འཛིན་ྋསྐྱབས་རྗེ་རྡོ་རྗེ་འཆང་གླིང་རིན་པོ་ཆེའི་དྲན་རྟེན་དུ་དབུ་བརྙེས།
དེ་རྗེས་སློབ་གྲྭའི་ས་ཁང་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཕི་ཊི་ཁ་གང་མ་༨༠༨༥ དངུལ་དམར་སྤྲད་དེ་ཉོས་ཤིང༌། སློབ་གྲྭ་གསར་འཛུགས་བྱས།
དེ་རྗེས་ཤར་པ་བློ་བཟང་དང༌། རྒྱ་གར་ས་བདག་བཅས་ནས་ས་ཆ་ཀར་ནལ་གཉིས་ཙམ་ཉོས། ས་རིན་དང་ཨར་ལས་འགོ་འཛུགས་ཆེད་སྐུ་སྒེར་ཡིག་ཚང་དང༌། དབུས་གཞོན་ལྷན། ཤེས་པར། དྷ་ས་མཉམ་འབྲེལ་ཡིག་ཚང༌། ར་ཆུ་བསོད་ནམས་སོགས་ཚོགས་སྒེར་ཁག་ནས་མ་དངུལ་སྔ་གཡར་གནང་ཞིང༌། (རྗེས་སུ་སྔ་འདོན་གནང་བའི་བུན་དངུལ་ཚང་རྩིས་འཇལ།) དེ་ཐོག་ཡོངས་གླིང་བླ་བྲང་ནས་ཞལ་འདེབས་མི་ཉུང་བ་གསོལ་རས་བསྩལ།
ཕྱི་ལོ་༡༩༨༤ ཟླ་༩ ཚེས་༢༧ ཉིན་ད་ལྟའི་ས་ཆའི་སྟེང་ཁང་པ་ཞིག་བརྒྱབ་པའི་ནང་ལོ་ཤས་རིང་འཛིན་ཁང་དང༌། གཉེར་ཚང༌། ཐབ་ཚང་གཅིག་ལྕོགས་བྱ་དགོས་བྱུང༌།
ཕྱི་ལོ་འཇར་མན་གྱི་ཨ་མ་ཝེ་སྒར་ལགས་ཀྱི་རོགས་དངུལ་གང་ཙམ་ཐོབ་རུང་འཛིན་ཁང་གསར་རྒྱག་གི་མ་དངུལ་འདང་ངེས་མ་བྱུང་སྟབས། འཛིན་ཁང་ཨ་མ་དེའི་ཐོག་རྒྱག་མ་ཐུབ་པར་ལོ་གསུམ་ཙམ་རིང་གྱང་རོ་ལྟ་བུར་ལུས། སྐབས་དེར་གང་ཅིའི་འགྲོ་གྲོན་ཐད་དཀའ་ངལ་ཧ་ཅང་ཆེ་བས་སློབ་གྲྭའི་འཛིན་ཁང་དགོང་དྲོ་མཚན་ཚོགས་ལ་གླ་གཡར་དང༌། ཨ་མདོ་བཀྲ་ཤིས་ལྷན་གློག་བརྙན་སྟོན་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་དགེ་ལས་ཀྱི་ཟླ་ཕོགས་དང་འཛིན་སྐྱོང་འགྲོ་གྲོན་འབད་སྒྲུབ་བྱས། ཕྱི་ལོ་༡༩༨༧ ལོར་SOIR-IM, Sweden རོགས་ཚོགས་ཀྱིས་འཛིན་ཁང་གསར་རྒྱག་དང༌། SCF, England ཀྱིས་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་རོགས་རམ་ཞལ་བཞེས་ཐོབ་པ་ནས་བཟུང༌། སློབ་གྲྭ་འདིའི་འཛུགས་སྐྲུན་དང་མཐུན་རྐྱེན་གང་ཅིར་ཡར་རྒྱས་བྱུང་།
ཕྱི་ལོ་༡༩༩༠ ལོར་ IM རོགས་ཚོགས་ཀྱི་རོགས་རམ་འོག་འཛིན་ཁང་ཐོག་བརྩེགས་གཉིས་པའང་གསར་རྒྱག་དང༌། ཉལ་ཁང་གི་དཀའ་ངལ་སེལ་སླད་ས་ཆ་ཀར་ནལ་གཅིག་ཙམ་གསར་ཉོ་བྱས་པའི་ཐོག ཕྱི་ལོ་༡༩༩༨ ལོར་ཉི་ཧོང་ཨ་མ་ཡུ་ཀོ་ཀ་ཏོ་ལགས་ཀྱི་རོགས་དངུལ་དང་། སྐུ་སྒེར་ཡིག་ཚང་གི་བུ་ལོན་སྔ་འདོན་རོགས་རམ། སློབ་གྲྭ་རང་གི་མ་དངུལ་བཅས་ཀྱིས་ཚོགས་ཁང་དང༌། ཉལ་ཁང༌། སྡོད་ཤག་བཅས་ཐོག་བརྩེགས་གསུམ་ཅན་གསར་རྒྱག་གནང༌།
ཕྱི་ལོ་༢༠༠༧ ལོར་ IM རོགས་ཚོགས་དང་། ཨ་རི་བ་Westheim & Tom དང་། འཇར་མན་གྱི་ཨ་མ་ Wiebke བཅས་ཀྱི་རོགས་རམ་འོག་གསར་རྒྱག་གནང༌ནས་སློབ་གྲྭ་དེས་ད་བར་རྡ་སའི་ནང་གསར་འབྱོར་གཙོས་ཁྱིམ་བདག་ཚོར་ཕྲུ་གུ་དམར་སྦྱར་ནས་བདག་པོ་རྒྱག་སའི་ལྟེ་གནས་ཤིག་ཆགས་ཡོད། ཡོངས་གླིང་སློབ་གྲྭའི་སྔ་ཕྱིའི་ལས་དོན་ཚང་མ་སྤྱི་འཐུས་ཟླ་བ་ཚེ་རིང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ཞིག་ཡིན་པ་ལས། གཞུང་རྒྱུ་ཡིན་པ་གང་དུ་གསལ་འདུག་གམ།
གནད་དོན་ངོ་མ་དེ་དག་ཡུལ་གྱར་བ་ཁྱེད་ཀྱིས་མ་རྟོགས་པ་ཡིན་ནམ། ཡང་ན་ལོག་པར་རྟོག་པ་ཡིན། དེ་མིན་བདེ་དོན་ཟླ་བ་ཚེ་རིང་གི་ཤེས་འཇོན་ཁྱད་ནུས་ལ་མིག་ཚིག་ནས། ཕྲག་དོག་དུག་ཆུའི་དྲི་མས་བརླན་ཏེ་གཟུགས་མེད་གྲིབ་བཟོའི་སྐྱོན་བརྗོད་བྱས་པ་ནི་ཁུངས་འཁྱོལ་ཐབས་མེད་པའི་རྫུན་གཏམ་ལད་ཟློས་སྐྱར་ཟློས་བྱེད་པ་ཙམ་ལས་མ་འདས།
ད་ཐེངས་ཡུལ་གྱར་བ་ཁྱོད་ཀྱིས་ཡོངས་གླིང་སློབ་གྲྭ་གཞུང་རྒྱུ་སྒེར་བདག་བྱས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་སྟོན་ན་དགའ་བསུ་ཡོད།
ཞར་དུ་ཞུ་རྒྱུར། ང་ཚོས་ཅི་མཛད་ལེགས་ལྟ་དང་། ཅི་གསུང་བཀའ་སྒྲུབ་ཞུ་དགོས་མེད་ཙང་། གཞན་སྦྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར་འཁྱོག་བརྗོད་དང་ཧམ་སེམས་བཅངས་མཁན་མཐོ་དམའ་གཞུང་སྒེར་སུ་ཡིན་ཡང་དྲང་པོའི་ཡུལ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་བཅའ་ཁྲིམས་དང་མཐུན་པ་རེད་ཟེར་བ་ཡིན། བཅའ་ཁྲིམས་ནང་དུ་གཞུང་རྒྱུ་སྒེར་བདག་བྱ་ཆོག་པ་གསལ་མེད་ལ། གཞན་རྒྱུ་ཧམ་འཕྲོག་དང་། ནག་མེད་ཉེས་འགེལ་བྱ་ཆོག་ཟེར་བ་དེ་བས་གསལ་མི་འདུག
སྤྱི་འཐུས་ཟླ་བ་ཚེ་རིང་ལ་ནག་མེད་ཉེས་འགེལ་དང་། གཟུགས་མེད་གྲིབ་བཟོ་བྱས་པ་མ་འོས་མ་འགྲིག་ཟེར་བ་མ་གཏོགས། སྤྱི་རྒྱུ་རྐུན་འཁྱེར་བྱེད་མཁན་ནག་ཆེན་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྟ་བུ་དང་གཞུང་དྲང་ལྷག་བསམ་ཤེས་འཇོན་ལྡན་པའི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་གཉིས་གྲལ་གནས་མཉམ་འཇོག་བྱེད་པ་ནི། ཞྭ་དཔེ་ལྷམ་འགེབ་ཀྱི་དཔེ་ལས་འདས། སྒོར་སྒོར་ཡོད་ཚད་བག་ལེབ་ཡིན་དགོས་ན། ཁྱོད་ཀྱི་ངོ་གདོང་དེའང་བག་ཡིན་དགོས་པས་ཧ་ཅང་ཐལ་བའི་ཕྱིར།
ཁ་བརྡ་ཚང་ལགས།
ངས་སྒྲོལ་དཀར་ལྷ་མོར་གདུང་སེམས་མཉམ་བསྐྱེད་ཀྱི་རྩོམ་ཡིག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆན་བུ་བཀོད་འདོད་ཀྱང་། མཆན་གཅིག་ཀྱང་མ་བཀོད་གོང་ནས་མཆན་བུའི་དུས་ཚོད་རྫོགས་ཟིན་པའི་རྒྱུ་མཚན་ཅི་ཡིན་ཤེས་མ་སོང་།