ཨོ་ཤོས་བརྩམས།(Osho) རྨ་རྡེའུས་བོད་བསྒྱུར་བྱས།
ཁྱིམ་ཚང་ནི་དུས་ཡོལ་བའི་ཅ་དངོས་ཤིག་རེད། དེའི་བྱ་བཞག་འགྲུབ་ཚར་བས་ན་ད་ནི་གལ་འགངས་ཅན་ཞིག་ཏུ་མ་མཐོང་། ཡང་སྙིང་། དེ་ནི་འགྲོ་བ་མིའི་འཕེལ་རྒྱས་ཀྱི་ཆེས་རྙོག་འཛང་ཅན་གྱི་སྣང་ཚུལ་ཞིག་ཏུ་སེམས། ཁྱིམ་ཚང་སྟེ། རྒྱལ་ཁབ་དང་མངའ་སྡེ། ཆོས་ཚོགས་ཀུན་གཅིག་གྱུར་གྱིས་ནག་ནོག་བྱེད་མཁན་གྱི་གཏེ་བོ་དེ་ཡིན། རྒྱུ་མཚན་དེའི་སྟབས་ཀྱིས། བདག་གིས་ཁྱིམ་ཚང་ནི་འདོར་བྱ་ཞིག་ཡིན་པར་བརྗོད་པ་ཡིན། དེ་མིན་དེའི་གདུག་རྩུབ་ཀྱི་གནོད་སྦྱིན་མུ་མཐུད་དུ་རྒྱུན་བསྲིངས་བྱེད་ངེས། ཁྱིམ་ཚང་ནི་དབང་རྩའི་ན་ཚ་ཡོངས་ཀྱི་འབྱུང་རྩ་རེད།
ང་ཚོས་ཁྱིམ་ཚང་སེམས་ཁམས་རིག་པའི་སྒྲིག་གཞི་དེ་ཡིས་མིའི་འདུ་ཤེས་ལ་བཏང་འཛིན་ཅི་ཞིག་བྱེད་ཀྱིན་ཡོད་མིན་རྟོགས་ཐབས་བྱེད་དགོས། ཐོག་མ་སྟེ། དེས་བྱིས་པར་ངེས་གཏན་གྱི་ཆོས་ལུགས་གྱི་གྲུབ་མཐའ་དང་ཆབ་སྲིད་ཀྱི་ལངས་ཕྱོགས། མཚན་ཉིད་རིག་པ་དང་དཀོན་ཅོག་གི་རྣམ་བཞག་དག་གིས་གནས་བབས་ཞིག་བསྐྲུན་ཡོད་པས། དེ་བཞིན་བྱིས་པ་ནི་ཉམ་ཆུང་ལ་འགྱུར་ཆོག་ཆོག་གི་རང་གཤིས་ཅན་ཞིག་ཡིན་པས་ན་ཡོད་ཚད་དང་ལེན་བྱེད་ངེས་ཡིན། ཁོང་དག་གིས་མིན་ཟེར་མི་ནུས་ལ་མིན་ལབ་པའི་བསམ་གཞིག་ཀྱང་ཁོང་ལ་ཡོད་རྒྱུ་མ་རེད།དེ་ནི་ཁོང་གིས་ལབ་མི་འདོད་པ་ནང་བཞིན་སྨྲ་མི་སྲིད་དོ།། རྒྱུ་མཚན་ཁོང་ཀུན་ནས་ནང་མིར་བརྟེན་དགོས་པས་སོ།
ཁྱིམ་ཚང་གིས་ཕྲུ་གུར་དོགས་འདྲི་བྱེད་པར་རམ་འདེགས་མི་ཐོན་པ་མ་ཟད་ཡིད་ཆས་རང་ལུགས་ཤིག་བསྩོལ་བཞིན་ཡོད། ཡིད་ཆེས་དེ་ནི་དུག་ལས་མ་འདས་སོ། བྱིས་པ་ཞིག་ཡིད་ཆས་རང་ལུགས་ཀྱི་རྡོག་ཁྲེས་ཤིག་ཏུ་འགྱུར་བས་ན་ཁོང་གི་དོགས་དཔྱོད་ཞ་འཐེང་ཅན་ཞིག་ཏུ་འགྱུར་ཞིང་གཤོག་ཟུང་ཆད་སོང་བ་རེད། ཁོས་དོགས་འདྲི་བྱེད་ནུས་པའི་སྐབས་སུ་ཁོང་གི་དོགས་དཔྱད་ཕྱོགས་ཞེན་དུ་ཤོར་འགྲོ། འཐེན་འཁྱེར་དེ་དང་ལྷན་དུ་ཁོང་གི་དོགས་དཔྱོད་དོན་སྙིང་ཅན་ཞིག་ཏུ་འགྱུར་མི་ནུས་སོ།།
ཕྲུ་གུ་རེ་རེ་ཆེས་གྲུང་ཤ་དོད་པོ་དང་ལྷན་དུ་མཚར་ལོངས་བྱུང་གིན་ཡོད། འོན་ཏང་། ཁྱིམ་ཚང་གི་བཏང་སྙོམ་འོག་ཏུ་ཚུད་བཞིན་ཡོད། རྒྱུ་མཚན་གང་ལ་ཞེ་ན། བློ་གྲོས་ལྡན་པའི་བྱིས་པར་རྙོག་དྲ་མང་པས་ཡིན་པ་རེད། ཁོ་ཚོས་དོགས་སློང་བྱེད་པ་དང་སོམ་ཉི་བྱེད་པ། དྲི་བ་འདོན་པ་སོགས་ཀྱིས་་ཁ་ལ་ཉན་པོ་ཞིག་མ་ཡིན་ཞིང་ཁ་ལན་ལོག་མཁན་ཞིག་ལས་མ་འདས་སོ།། ཁྱིམ་ཚང་གི་དམིགས་འདུན་ནི་མི་གཞུང་དྲང་ཞིག་དང་་ཁ་ལ་ཉན་པོ། སོམ་ཉི་མེད་པ་ཞིག་དང་དེ་བཞིན་བསྐྱར་ཟློས་ལ་མོས་པ་ཞིག་ཡིན། དེའི་དབང་གིས་ཤེས་བྱའི་ས་བོན་འབུས་འགོ་ཚུགས་པ་ན་གཏོར་བཅོམ་གྱི་ལམ་ཆས་བཞིན་ཡོད་ལ་ཀུན་ནས་འབུར་འཇོམས་བྱེད་ཀྱིན་པའི་གོ་རིམ་ཁྲོད་ནས་འབུར་དུ་ཐོན་པའི་དུས་ཤིག་ནམ་ཡང་མ་མཆིས་སོ། ཁྱེད་ཀྱིས་ཤེས་སམ། བརྒྱ་ཆ་དགུ་ཅུ་གོ་དགུ་དང་གྲངས་ཆུང་དགུ་ཡི་མི་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ནུས་སོ།
ཁྱིམ་ཚང་འདོར་བར་བྱས་ན་མ་གཏོགས་འདིར་ཁ་ཆེ་བ་(Muslims)དང་ཧིན་ངྷུ་བ(Hindus)། ཡི་ཤུ་པ (Christian)་དང་གཅེར་བུ་བ(Jains)། ནང་པ་བ་དང་བཅས་ལ་སོགས་ཡོད་ནའང་། སངས་རྒྱས་(Buddha)དང་མུ་ཧམ་མ་ཊ་(Muhammad)སོགས་ཀུན་ནས་དཀོན་ཙམ་འདའ། དེ་བཞིན་འབྱུང་འགྱུར་ཡང་ཡོད་སྲིད་པ་ཞིག་མ་ཡིན། མ་ཧམ་མ་ཊ་ཁོང་རྒྱབ་གཉེན་ལ་ངོ་ལོག་བྱས་པ་ཞིག་ཡིན་ཞིང་སངས་རྒྱས་དང་ཡི་ཤུ་སོགས་ཀྱང་དེ་བཞིན་ཡིན། འདི་དག་ཚང་མ་རྒྱབ་འགལ་བ་རྐྱང་རྐྱང་རེད། ངོ་ལོག་གི་འདུ་ཤེས་དེ་ཡིས་ཁྱིམ་ཚང་ལ་མཐའ་གཅིག་ཏུ་རྒྱབ་འགལ་བྱས་པ་རེད།
གལ་ཏེ་ང་ཚོས་འགྲོ་བ་མིའི་འབྱུང་འགྱུར་སྐྱོབ་པར་གཞིགས་པས་ན། ཆོས་ལུགས་དག་སྟོང་དགོས་པ་རེད།
དེ་བས་ན་མི་ཡིས་འཇིག་རྟེན་སྤུན་ཟླའི་འདུ་ཤེས་ཅན་ཞིག་ཏུ་བསྐྲུན་ཐུབ་རྒྱུ་རེད། སུ་དང་གང་གིས་ཁོང་ཚོ་ཆོས་ལུགས་པར་ཡིན་པར་བརློམ་ན། འཛམ་གླིང་དྲག་སྤྱོད་ཀྱི་འབྱུང་རྩ་ནི་དེ་ལས་གཞན་གང་ཡང་མིན་ནོ།ང་ནི་ཁ་ཆེ་བ་རྣམས་སྤུན་ཟླར་འགྱུར་བར་ཧིན་དྷུ་ཆོས་ལུགས་འཆད་པའི་འདུན་པ་མེད་ལ་ཧིན་དྷུ་ཚོར་མཛའ་མཐུན་དུ་ཆགས་པར་ཁ་ཆེ་བའི་ཆོས་ལུགས་སྤེལ་བའི་མོས་ཀྱང་མ་མཆིས་སོ། གང་ལ་ཞེ་ན། ཧིན་དྷུ་བ་ཚོ་རང་གི་གནས་བབས་ལས་ཕྱི་རུ་འབུལ་དགོས་ལ། ཁ་ཆེ་བ་དང་རང་གི་གནས་བབས་ལས་རྒྱང་དུ་མ་ཕྱིན་པས་ན། སྤུན་ཟླའི་མཛའ་མཐུན་ནི་ཡོང་སྲིད་པ་ཞིག་མ་ཡིན།བདག་གིས་ཆོས་ལུགས་ཡོངས་རྗོགས་ཁ་འཐོར་དུ་བཏང་སྟེ་གཅིག་གྱུར་དུ་བཟོ་བའི་རྨོངས་འཆར་བཅངས་བ་མིན་ན་ཡང་། དེ་ཡིས་ནི་ནམ་ཞིག་གློ་བའི་ཚ་ནད་དང་འབྲས་སྐྲན་སོགས་ཕྱོགས་བསྡུས་བྱས་ཤིང་ང་ཚོར་གནོད་པ་ལས་དགེ་མཚན་གང་ཡང་མེད་པ་ཞིག་བཟོ་ངེས།
དེའི་ཕྱི་ཤུན་མཛེས་རྒྱན་གྱིས་སྤྲས་ཀྱང་ནང་ཚུལ་གདུག་རྩུབ་དང་གཏོར་བཤིག་གིས་ཁེངས་བ་ཞིག་ལས་མ་འདས། འགྲོ་བ་མིའི་བདེ་སྡུག་ཉེན་ཚབ་ཀྱི་འཕེལ་འགྲུབ་རྒྱུད་ནས་འགྲོ་བཞིན་ཡོད། ཐག་གཅོད་བྱེད་དགོས་པ་ཞིག་སྟེ། ང་ཚོས་འདས་དོན་ལ་བརྟེན་ནས་འཚོ་འདོད་སྙམ་པ་རེད་དམ། འཚོ་ཐབས་གསར་བ་ཞིག་གི་ལམ་ཁར་བསྙེག་བསམ་པ་རེད། ང་ཚོ་འདས་དོན་དང་དེའི་རྒྱུད་རིམ་། ཕམ་ཁ་དག་ལ་བསམ་ནས་ཨ་ཐང་ཆད་ཀི་ཡོད་པ་རེད། ད་ནི་འདས་དོན་གྱི་འཆང་རྒྱ་ལས་གྲོལ་ཞིང་འཚོ་ཐབས་གསར་བ་ཞིག་གི་ལམ་ལ་འཇུག་རྒྱུ་དེ་རེད། དེ་བས་ན་ཅི་ཞིག་བགྱིས་ན་འགྲོ་བ་མིའི་བདེ་སྐྱིད་ཇེ་བ་མང་། འཕྲོད་བརྟེན་ཇེ་བཟང་། ཕན་ནུས་ཇེ་ལྡན་དང་བརྩེ་འདང་ཇེ་ཟབ་ཏུ་གཏོང་ནུས་མིན་དེ་ནི་གལ་འགངས་ཅན་ཤིག་ཏུ་འཁུམས་སོ།།
ཨ་རོ་འགྱུར་གྱི་རྩལ་ཐོན་ཡོད་གི ཡིན་ཡང་།
ཨ་རོགས། བསམ་ཚུལ་ཡོད་ན་ལྷུག་པར་བརྗོད་རོགས། དེ་ནི་་ཁྱེད་དང་ང་ལྟ་བའི་འབྲི་རྩོམ་གྱི་རམ་འདེགས་དམིགས་བསལ་ཞིག་ཐོན་ངེས།