ཤར་ཕྱོགས་ཁུག་རྟ།
————
གཏད་མེད་སེམས་ཀྱི་གཤིས་ཀ་འགྱེལ་ལང་གིས་ཁུར་ཏེ།།
དམིགས་མེད་རླབས་ཀྱི་མཚོ་མོར་དལ་བྲེལ་གྱིས་བབས་ཚེ།།
ཡུན་རིང་མི་རུ་སྐྱེས་པའི་མངར་སྐྱུར་གྱི་ཆུ་ཐིག།
ཕྲ་མོ་རྡུལ་གྱིས་འབྱུང་བའི་སོ་ཁ་ལ་ཐིམས་འགྲོ།
ལྟོས་ན་སླ་བར་གོ་བའི་ཕར་བཏགས་ཀྱི་ཡོད་པ།།
བསམ་ན་རེག་པས་བོར་བའི་རྨི་ལམ་གྱི་མཛའ་མོ།།
དུངས་དུངས་རུས་པས་ཞེན་པ་བྲང་ཁ་ལ་སྦྱོར་ན།།
ཟག་བཅས་གར་གྱི་ལྡོམ་པོར་ཟུར་མིག་ཅིག་གནོང་དང་།།
རིག་པའི་འགྲོས་ཀྱི་རི་མོར་བྱུང་བ་ཞེས་བཏགས་ཅིང་།།
རིག་པ་དཀྲུགས་པའི་མར་ལོར་རིག་གནས་སུ་བོས་ཏེ།།
རིག་ནས་འདོད་མིན་ཟོལ་ལ་རིག་གཞུང་གིས་བསྙད་པའི།།
རིགས་མཐུན་མི་རྣམས་དེ་ནས་གང་ཞིག་ཏུ་ཆས་སམ།།
སྣང་བ་གར་མས་སྟངས་སྟབས་གློག་འོད་ལ་བརྫུས་ནས།།
སྣོད་བཅུད་ཁྱིམ་འདིས་རིག་པ་ཞབས་ཞུ་རུ་འབོད་ན།།
ཤེས་ནས་སྨྲ་བ་ཨ་མའི་ནུ་རན་དུ་ཕུལ་ཆོག།
དཔྱད་ནས་བསྟན་པ་མི་ཡི་ལུགས་སྲོལ་ལ་ཕུལ་ཆོག།
༸གོང་ས་མཆོག་གིས་མཛད་པའི་གཅེན་མོ་རྗེས་དྲན་གྱི་ཚིག་བཅད་དེ་བྐླགས་རྗེས་ཤར་མར་བྲིས། ༠༩།༤།༢༣།
བཀླགས་ཟིན་པ་ཡིན།