རྩམ་གཟན་ནས་ཕུལ།
༡༩༥༩ ལོའི་དུས་འགྱུར་ཚུན་ཆད་ཀྱི་སྤྲུལ་སྐུ་ནི། ཆོས་སྲིད་གང་དང་ཡང་མི་མཐུན་པའི་ལམ་ལུགས་ཁྱད་པར་བ་ཞིག་ཏུ་མཐོང་། སྤྲུལ་སྐུ་ཞེས་པ་འདི་ནི་སྔོན་བྱོན་སྐྱེས་བུ་དམ་པ་ག་གེ་མོ་ཞིག་ཞིང་ལ་གཤེགས་རྗེས་དེའི་སྐྱེ་བ་རྗེས་མ་དེ་བླ་མ་མངོན་ཤེས་ཅན་གཞན་ཞིག་ནས་ཡབ་ཡུམ་རིགས་རུས་འདི་དང་འདི་ལྟ་བུ་ཞིག་ལ་འཁྲུངས་ཡོད་པས་ཁྱོད་རྗེས་འཇུག་པ་རྣམས་ཀྱིས་འཚོལ་ཤོག་ཟེར་ནས་བཙལ་དུས་དེ་ལྟར་དུ་རྙེད་རྒྱུ་ཡོད་པ་ཞིག་ཡིན་ན་ང་ཚོས་ཁོང་ལ་ཡིད་ཆེས་བློས་འགེལ་བྱེད་ཆོག་ལ། ཁོང་ལའང་གཞན་དང་མི་འདྲ་བའི་ནུས་པ་དང་ཁྱད་ཆོས་ཞིག་ཏན་ཏན་ཡོད། ཡང་ན་དཔལ་ལྡན་ལྷ་མོའི་བླ་མཚོ་སོགས་ལས་མིག་མཐོང་ལག་ཟིན་གྱིས་དེ་དང་དེའི་སྐུ་སྐྱེ་ངོ་མ་ཡིན་པར་ར་འཕྲོད་བྱུང་ནའང་འགྲིགས། དེ་ལས་གཞན་པ་དེང་སང་དུས་ཚོད་མི་མགོ་བདེ་བ་དང་། ཐོབ་དབངབཙན་ཕྱུག་ཡོད་པ་འགའ་རེས་རང་གི་བུ་ཕྲུག་གཙོས་པའི་དགའ་ཉེ་སྤུན་མཆེད་རྣམས་ཀྱི་ཕྲུ་གུ་རྣམས་ཀྱི་མིང་དང་འབུལ་ཚན་གྱ་ནོམ་པ་རེ་ཁྱེར་ནས་བླ་མ་མིང་གྲགས་ཅན་ག་གེ་མོ་མདུན་ལྕེ་ནར་མོ་བརྐྱངས་ཤིང་དགོན་པ་འདི་དང་དེ་ལ་སྤྲུལ་སྐུ་མེད་ཐབས་མེད་ཚུལ་ཞུས་པའི་འབྲས་བུ་ལ། བླ་མས་ཀྱང་མིང་ཐོ་དག་ལས་མིག་བཙུམས་ནས་གང་ཡང་རུང་བ་ཞིག་བསྡམས་བསྒྲུགས་བཏང་ཞིང་དེ་ཉིད་གོང་མའི་སྐུ་སྐྱེ་ཡིན་རབས་དང་བསྟན་འགྲོ་ལ་ཕན་ཐོག་རབས་ཤོག་ལྷེ་ཁ་ཆེན་གང་བྲིས་ནས་ཐིག་དང་ཐམ་གས་མནན། དེ་ལྟར་ཡར་རྒྱུགས་མར་རྒྱུགས་དང་ཡར་ཞུ་མར་གནང་བྱས་བྱས་པའི་མཐར། ཕྲུ་གུ་ཐ་མལ་པ་ཞིག་སྤྲུ་སྐུར་མིང་བསྒྱུར་བྱས། དེས་གོང་མའི་མིང་ཐོག་ནས་དེའི་སློབ་འབངས་རྣམས་ཀྱི་ཉིན་མོ་མི་དང་མཚན་མོ་ཁྱིའི་ཚབ་བྱས་ནས་དཀའ་ངལ་བརྒྱབ་བརྒྱབ་ནས་ཅུང་ཟད་རེ་བྱུང་བའི་ནོར་རྫས་རང་གི་བུ་བུ་མོ་དགའ་ཉེ་སྤུན་མཆེད་རྣམས་ལ་སྤྲད་མ་ཐུབ་པ་དག མིང་བསྒྱུར་ཟིན་པའི་བོང་བུ་གཟིགས་སྤགས་ཅན་དེས་ཁ་བསགས་དང་གཞོགས་སློང་སོགས་ལོག་འཚོ་བསྒྲུབས་པའི་ཐབས་ལམ་སྣ་ལྔ་ལ་བརྟེན་ནས་ཡོད་ཚད་ཁྱེར་ཤོར། ཁོང་གིས་ཉིན་མོ་ཆོས་གོས་གོན་ནས་དགེ་ཚུལ་སློང་གི་སྡོམ་ལྡན་དུ་མའི་དབུས་སུ་འདུག་ཅིང་མཚན་མོ་བུ་མོ་སུ་མཛེས་དང་འདི་འཇམ་དེ་དཀར་སོགས་ཀྱི་རྗེས་སུ་དེད་ནས་ཐམས་ཅད་དེའི་ཆེད་དུ་བཏང་། ཨ་ཙི། ད་ཡོད་ཚད་བཤད་ཐུབ་པ་མི་འདུག ཡང་གནས་ཚུལ་ཕྱོགས་གཞན་ཞིག་ནས་བལྟས་ན་དགོན་སྡེ་གྲྭ་ཚང་མང་ཆེའི་དགོན་བདག་སྤྲུལ་སྐུ་རྣམས་ཕན་ཚུན་ཨ་ཁུའི་བུ། ཨ་ཞང་བུ། ཨ་ནེ། ཇོ་ཇོའི། སྲུ་མོའི་བུ་སོགས་ཕན་ཚུན་སྤུན་མཆེད་ཀྱང་རེད། དེ་ཡིན་ཡང་ལོས་ཡིན་དང་པོ་ནས་རྒྱན་དཀྲུགས་རྒྱུའི་མིང་ཐོ་ནང་དེ་དག་ཁོ་ན་ལས་གཞན་བཅུག་མེད་པས་སོ། ཕྱོགས་གཞན་ཞིག་ནས་བཤད་ན་གདུང་རབས་དང་གདུང་བརྒྱུད་སོགས་རིང་ལུགས་ངོ་མཚར་ཅན་འདི་ཡ་ཆ། དེའི་རིགས་རྒྱུད་དུ་གཏོགས་པའི་བུ་དང་བུ་མོ་རྣམས་ནི་སྟོན་པའི་བཀའ་དང་། གཤིན་རྗེའི་ཁྲིམས་ལས་དམིགས་བསལ་ཞིག་ཡིན་ན་ནི་འགྲིགས་ག དེ་ལས་གཞན་ཞིག་ཡིན་ན་བསྟན་དང་འགྲོ་བའི་ལས་དོན་གང་ཡང་བསྒྲུབས་པ་ལྟ་ཞོགས། རང་གི་དུག་ལོག་ཡང་མིག་ལམ་ལ་མཐུན་པ་ཞིག་མ་གྱོན་པར་ཤ་ཆང་ནག་གསུམ་སྤྱོད་སྤྱོད་ནས་འདུག་བཞིན་དུ་ད་དུང་སྲས་དང་སྲས། སྲས་མོ་དང་སྲས་མོ་ཟེར་ནས་མགོ་སྒུར་ལྕེ་ནར་ནས་རང་གི་ཡོད་ཚད་ཁྱེར་ནས་ཁོང་དག་གི་མདུན་དུ་རྒྱུགས་བསྡད་དགོས་ཡ་དེ། ང་ཚོ་བོད་མི་དག་ཅིའི་ལེན་པ་དང་གང་གིས་འཕོང་པ་ཡིན་ནམ། གསང་སྔགས་ཉམས་ལེན་ཚུལ་བཞིན་གནང་ནས་ཉམས་རྟོགས་ཁྱད་པར་ཅན་ཡོད་པ་ཉི་མོའི་ཀརྨ་ཙམ་རེ་ཡོད་སྲིད་པ་ལ་ནི་བཟོད་པ་གསོལ། ད་དུང་ངོ་མཚར་ཤོས་ཞིག་ལ་བོད་ཀྱི་བུ་མོ་ལོ་ན་ཆུང་བ་དག་གིས་ལག་པས་དོམ་ར་བྱེད་ནས་རྒྱང་བལྟ་བྱེད་ཡུལ་ཡང་ཁོང་དག་རེད་ལ། རྣ་བས་གཟབ་གཟབ་བྱེད་ནས་རྒྱང་ཉན་བྱེད་ཡུ་ཡང་སྐུ་ཞབས་ཁོང་དག་རང་རེད། ཕ་མས་བུ་མོར་མ་འོངས་པའི་མདུན་ལམ་ཐད་ཀྱི་བཀའ་སློབ་ལམ་སྟོན་གྱི་བརྗོད་བྱ་གཙོ་བོ་ཡང་ཁོང་དག་ཁོ་ན་རེད། དེས་ན་ངའི་རེ་བ་དང་འདོད་པ་ཡོད་ཚད་ནི་གོང་ཞུས་དམིགས་གསལ་སྤྲུལ་སྐུ་འཚོལ་རྙེད་བྱེད་སྟངས་དེ་ལས་གཞན། དེང་དུས་ཀྱི་ལམ་ལུགས་དགའ་ཉེ་སྤུན་མཆེད་རྣམས་ཀྱི་བུ་ཕྲུག་དག་གི་མིང་ཐོ་བསྡུ་རུབ་བྱེད་ནས་མིང་བསྒྱུར་བྱེད་པའི་སྤྲུལ་སྐུའི་ལམ་ལུགས་ནི་མ་མི་མིན་མེད་བཞིའི་སྒོ་ནས་ང་ཚོ་སྐྱ་བོ་དང་སེར་མོ་བ། གཞུང་དང་སྒེར། གཞིས་དང་བྱེས། དབུལ་དང་འབྱོར། རྒན་དང་གཞོན། ཕོ་དང་མོ། ཆོས་རིགས་དང་ཆོལ་ཁ་སོགས་གང་གིས་ཀྱང་དབྱེ་བ་མེད་པར་ཐམས་ཅད་ཀྱི་ཕྱ་གྲུ་མཉམ་འདེགས་བྱེད་ནས་འགོགས་ཅི་ཐུབ་བྱེད་རྒྱུ་འབོད་བསྐུལ་ལནབརྒྱར་ཞུ། དེ་ལྟ་བུའི་རྒྱན་ཤོ་ཐོབ་པའི་མིང་བསྒྱུར་ཅན་གི་སྤྲུལ་སྐུ་དེ་འདྲ་མི་འབྱུང་བར་ཤོག མེད་པར་ཤོག མིན་པར་ཤོག ཅེས་སྨོན་ལམ་ཡང་དུས་རྒྱུན་དུ་འདེབས་བཞིན་ཡོད།
རྩམ་གཟན་ནས་ཕུལ། འདི་ཁ་བརྡ་ནས་སྤེལ་གནས་རོགས་ཞུ།
ལྔ་བཅུ་ང་དགུ་སྔོན་ནས། བླ་མ་གཅིག་ལ་སྤྲུལ་སྐུ་གཅིག་ལས་མང་བ་བྱུང་ནས། སྡེ་བ་དང་སྡེ་བའི་བར། དགོན་པ་དང་དགོན་པའི་བར་རྩོད་པ་ཡོང་གི་ཡོད་པ་དེ་ཚོ་སྤྲུལ་སྐུ་ངོ་མ་རེད་དམ།
དངོས་གནས་ཡག་པོ་ཞེ་དྲག་བྲིས་བཞག་རྗེས་སུ་ཡི་རང་དང་འབྲེལ་འབྲེལ། ཁྱེད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ང་ཚོ་བོས་པས་དངོས་གཟབ་རན་འདུག སྐུ་སྒེར་ཡིག་ཚང་གཙོས་པའི་བོད་པའི་སྤྲུལ་སྐུའི་བཟོ་དྲ་ཚོས་ངེས་པར་དུ་གཟབ་དགོས་ཀྱི་འདུག སྤྱིར་བཙན་བྱོལ་བོད་མིས་གཞིས་གྲོང་ཁག་ཏུ་་སྤྲུལ་སྐུའི་བཟོ་དྲ་དང་གྲིམ་ཙེའི་བཟོ་དྲ་འདི་མང་བཟོ་དྲ་མང་ཤོས་ཆེ་ཤོས་ཆགས་ཡོད་པས་དེ་གཟབ་དགོས།
༡༽ སྤྲུལ་སྐུའི་བཟོ་དྲ་ཨ་མ་ངོམ་དྷ་ས་སྐུ་སྒེར་ཡིག་ཚང་། ལ
༢༽ དྷེ་ར་དྷུན།
༣༽ བྷེ་ལ་ཀོ་པ།
༤༽ བལ་ཡུལ་ཐུབ་བསྟན་ཆོས་གླིང་།
༥༽ འབྲས་ལྗོངས་སྒང་ཐོག
༦༽ ད་རུང་ཁ་འཐོར་གྱི་བཟོ་དྲ་ཡང་མང་པོ་འདུག
ཁོ་རེ་བཀྲ་ཤིས་ སྐུ་སྒེར་ཡིག་ཚང་ན་མི་སུས་སྤྲུལ་སྐུ་བཟོ་གི་ཡོད་པ་རེད་ ཡང་ན་ཁྱོད་ཀྱི་སྐུ་སྒེར་ཡིག་ཚང་ཟེར་བ་དེ་བསྐོར་ནས་དོན་དུ་ ༧རྒྱལ་བ་རིན་པོ་ཆེར་ཞུ་གི་ཡོད་པ་རེད་དམ་
དེང་སང་ཡོངས་གྲགས་སུ་སྤྲུལ་སྐུའི་བཟོ་དྲ་ཁག་ནས་ཐོན་པའི་སྤྲུལ་སྐུ་རྣམས་སྤྲུལ་སྐུ་ཚད་ལྡན་ལ་བརྩི་ཡི་ཡོད་རེད། ད་རུང་བཟོ་དྲ་ཁག་དང་འབྲེལ་བ་ཁྱོན་ནས་མེད་པའི་སྤྲུལ་སྐུ་རང་བྱུང་ཡང་མང་པོ་བྱུང་བ་རེད། དེང་སང་དེ་ལ་སྤྲུལ་སྐུ་རྫུན་མ་ཟེར་གི་ཡོད་རེད།
རང་བཙན་ལྡེའུ་ལགས། སྤྲུལ་སྐུའི་བཟོ་དྲའི་སྐོར་བཤད་དུས་བཟོ་དྲའི་་གཙོ་བོའམ་བཟོ་དྲའི་ཨ་མ་ངོ་མ་དེ་ལ་ཡང་དཔྱད་པ་གཏོང་དགོས་ཀྱི་རེད་མ་གཏོགས་དེའི་འོག་གི་བཟོ་དྲ་ཆུང་ཆུང་ཚོ་ལ་བརྙས་བཅོས་གཏོང་གྱི་ཡོད་མ་རེད། སྐུ་སྒེར་ཡིག་ཚང་བརྒྱུད་ནས་༸་རྒྱལ་བ་རིན་པོ་ཆེའི་སྐུ་དྲུང་ནས་ཐག་གཅོད་བྱེད་ཀྱིན་ཡོད་པ་རེད། སྤྱིར་སྤྲུལ་སྐུ་བཟོ་སྟངས་འདིས་བོད་པའི་སྤྱི་ཚོགས་དང་ཆོས་བརྒྱུད་ཁག་གི་ནང་དུ་དཀའ་ངལ་རབ་དང་རིམ་པ་བཟོས་ཡོད་རེད། དེ་དག་ལ་རྒྱབ་ལྗོངས་ངོས་འཛིན་དཀའ་བ་དེ་འདྲ་ཡང་ཡོད་རེད། ཆབ་སྲིད་པ་ཆེན་པོ་ཁག་གཅིག་གིས་དམིགས་ཡུལ་ངན་པ་སེམས་ལ་ཉར་ནས་ཆོས་བརྒྱུད་ཁག་གི་བླ་ཆེན་འགའ་ཞིག་གི་ཡང་སྲིད་འཕྲོ་བརླག་བཏང་བ་ཡང་མང་པོ་བྱུང་ཡོད། དེར་བརྟེན་སྐུ་སྒེར་ཡིག་ཚང་བརྒྱུད་ནས་སྤྲུལ་སྐུ་བཟོ་སྟངས་དེ་ལ་ཡང་ངེས་པར་དུ་གཟབ་དགོས་པ་རེད། དཔེར་ན། ཞ་དམར་རིན་པོ་ཆེ་ལྟ་བུ་ལ་མཚོན་ན་རྒྱལ་བ་ལ་མི་དགའ་མཁན་ཞི་གཏན་ནས་མིན་ན་ཡང་སྤྲུལ་སྐུ་བཟོ་སྟངས་ཤིག་གིས་ཁོང་མྱི་ནག་བཟོས་པ་རེད། དེ་ལ་ཡང་ཤུགས་རྐྱེན་མེད་པ་མ་རེད། བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་གསར་བ་ཞིག་བསླངས་པ་རེད།
ང་ཚོ་སེམས་འཁྲལ་བྱེད་དགོས་མི་འདུག དེང་སང་སྤྲུལ་སྐུ་ཚང་མ་སྤྲུལ་སྐུ་བྱེད་ཀྱི་མིན་ཟེར་ནས་ཕྱི་རྒྱལ་ལ་འཐོན་འགྲོ་ཐལ།
འོ་ཡ། ད་རྙོགས་དྲའི་སྒམ་ཆུང་ཁ་ཕྱེ་ཚར་འདུག རེམས་རེམས། ལྟད་མོ་ཡོད།་་་་་ད་་་་་་་་
བོད་ཀྱི་ལོ་རྒྱུས་ཐོག་སྤྲུལ་སྐུས་བོད་སྐྱབས་པ་དང་བོད་ཤོར་བ་གཉིས་ཀ་བྱས་ཡོད།
ྱིཡིན་ནའང་ང་ཚོས་ཤེས་དགོས་པ་ནི་བོད་ལ་སྤྲུལ་སྐུ་ཚད་ལྡན་རེ་ཟུང་ལས་མེད་ཅིང་།་དེ་དག་གིས་བོད་འདི་ཆག་འཇིགས་ལས་སྐྱབས་ཡོད།་བོདའདི་གཙབ་བཤགས་དང་གཏོར་བཤིག་གཏོང་མཁན་སྤྲུལ་སྐུ་ཡང་གང་མང་ཞིག་ཐོན་ཡོད་པ་ང་ཚོས་ངོས་ལེན་མི་བྱེད་ཀ་མེད་རེད།དགེ་སྐྱོན་ལ་ལྕི་ཡང་འཇལ་སྟེ་བཟང་ཕྱོགས་ལ་ཁ་ཕྱོགས་དགོས་པ་ནི་ལྡོག་ཏུ་མེད་པའི་འགན་འཁྲི་སླེབས་ཡོད།
མ་རྩོམ་གྱི་ཉིན་མོའི་ཀརྨ་དེ་ཉིན་མོའི་སྐར་མ་ཞེས་བཅོས་དགོས། སྤྲུལ་སྐུ་བཟང་ཕྱོགས་རྒྱབ་སྐྱོར་བྱེད་ས་མེད་ན། སྤྲུལ་སྐུ་རྫུན་མ་ལ་རང་བཞིན་གྱིས་མི་ངན་ཡོང་རྒྱུ་དང་། དངོས་གནས་ལ་དེ་དེ་བཞིན་དུ་མཚན་སྙན་ཐོབ་པར་ངེས་པས་ངང་བསྲིངས་ནས་ལྟད་མོ་བསྒུག་ནས་སྡོད་རྒྱུ་རེད།
ལུགས་གཉིས་མཁྱེན་སྤྱན་ཡངས་པའི་སྤྲུལ་སྐུ་དམ་པ། །འདི་ཕྱིའི་སྐྱབས་གནས་ཡིན་པས་ལན་བརྒྱར་འདུད་དོ། །གཡོ་སྒྱུའི་ལག་ལྡང་སྦྲེལ་བའི་བཙན་བསྐོས་སྤྲུལ་མིང་། །ཆེན་པོའི་བཀའ་ཡིས་སྤུད་ཀྱང་རི་མོའི་མར་མེ། ། ཀརྨ་སྐུ་བསོད་རྒྱས་ལ་ཕྲག་དོག་མི་དགོས། །ཞྭ་དམར་ཞེ་རྩ་དཀར་བའི་བདེན་དབང་མི་ཤེས། ། སི་ཏུས་ཆབ་སྲིད་འཁྲབས་ཀྱང་རང་གི་འཇོན་ཐང་། །ད་ལྟ་ཀུན་ཀྱིས་བཀུར་བའི་རྣམ་ཐར་གཟིགས་སམ། ། སྤྲུལ་སྐུར་བཟོ་གྲྭ་ཡོད་ན་ཡག་སྡུག་ལོས་ཡོང་། །དངོས་རྫས་ཐོན་སྐྱེད་ལེགས་ལ་ཁེ་བཟང་རང་རེད། ། ཚོང་རས་དགའ་བསུ་ཡོད་ན་བྱས་པ་འབྲས་ལྡན། །དོན་དུ་དམིགས་པའི་ཁེ་སྤོགས་ཐོབ་པ་མིན་ནམ། །
༄༅། །སྤྲུལ་རྫུན་སྐོར་གྱི་བརྡ་དང་ཐལ་ངག །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ལྷོ་གཡུ་འབྲུག་སྔོན་མོ་གྲགས་ལ་ལྟོས། །
ཤར་འབྲས་དཀར་སྨྱུ་གུ་སྨིན་ལ་ཉེ། །
བྱང་རུས་སྦལ་རྒྱ་བོས་རྟེན་འབྲེལ་མཐུས། །
ནུབ་སྒྱུ་རྩལ་གངས་རིའི་རྩེ་ནས་བཞད། །
ཕ་གཤིས་བོན་གཡུང་དྲུང་སྟོན་པ་ཡིས། །
ལམ་རྫོགས་ཆེན་བསྟན་པ་སྤེལ་བ་དང་། །
བོན་འཁོར་འདས་རུ་ཤན་འབྱེད་པ་ལས། །
ལས་ཉོན་མོངས་སྤྲུལ་བ་མ་སྤེལ་ཐལ། །
ཕ་ཀུན་བཟང་གུ་རུ་རཏྣ་ཡི། །
བུ་བརྒྱུད་འཛིན་གཏེར་ཆེན་བརྒྱ་རྩ་ཀུན། །
ལམ་བཀའ་གཏེར་བསྟན་པའི་སྨིན་གྲོལ་ལས། །
སྐུ་རྣམ་གསུམ་གོ་ལོག་མ་སྤེལ་ཐལ། །
ཕ་མར་པའི་བསྟན་པ་རིན་པོ་ཆེ། །
ཆོས་ཕྱག་ཆེན་ཆོས་དྲུག་ཉམས་བཞེས་ནས། །
མ་མཁར་མཉམ་སེམས་ཅན་དོན་སྒྲུབ་ལས། །
བུ་སྤྲུལ་བཟོས་ལོག་ཆོས་མ་སྤེལ་ཐལ། །
ཕ་གོང་མ་རྣམ་ལྔ་རིན་པོ་ཆེས། །
ཆོས་ལམ་འབྲས་འཛིན་སྐྱོང་སྤེལ་གསུམ་དང་། །
བསྟན་འགྲོ་བའི་དོན་ཆེན་སྒྲུབ་པ་ལས། །
གཞི་འཁོར་འཛིན་སྤྲུལ་རྟགས་མ་བཀོད་ཐལ། །
ཕ་མཁས་གྲུབ་ཁྱུང་པོ་རིན་ཆེན་གྱིས། །
ལམ་གསེར་ཆོས་རྡོ་རྗེ་མཁའ་འགྲོའི་བརྡ། །
དཔལ་ཤངས་པའི་བསྟན་པ་འཛིན་སྐྱོང་ལས། །
གཉེན་ཉེ་བ་སྤྲུལ་བརྒྱུད་མ་སྤེལ་ཐལ། །
ཕ་དམ་པ་སངས་རྒྱས་རིན་ཆེན་གྱིས། །
ལམ་དངུལ་སྒོང་བཤད་སྒྲུབ་སྤེལ་བ་དང་། །
དོན་ཉག་གཅིག་རྩད་ནས་གཅོད་པ་ལས། །
བུ་སྤྲུལ་མིང་རྩ་ཆེན་མ་གནང་ཐལ། །
ཕ་ཀུན་མཁྱེན་བརྒྱུད་པའི་དུས་འཁོར་ལོར། །
ལམ་སྦྱོར་དྲུག་རྡོ་རྗེའི་རྣམ་འབྱོར་གྱི། །
ཆོས་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ལས། །
སྐྱེ་སྤྲུལ་མིང་རྟགས་ཡིག་མ་བཀོད་ཐལ། །
ཕ་གྲུབ་ཆེན་ཨོ་རྒྱན་རིན་པོ་ཆེས། །
བཀའ་གདམས་ངག་རྡོ་རྗེ་གསུམ་འདུས་དང་། །
ལམ་བསྙེན་སྒྲུབ་སྤེལ་བའི་དེད་དཔོན་ལས། །
བུ་བུ་མོ་སྤྲུལ་བཏགས་མ་བཟོས་ཐལ། །
ཕ་ཡབ་ཆེན་འཕགས་མཆོག་ཨ་ཏི་ཤས། །
ལམ་རིམ་པ་ཀུན་ཚང་དྲི་མེད་གནང་། །
ལས་རྒྱུ་འབྲས་བག་ཡོད་མཛད་པ་ལས། །
གཉེན་བུ་ཚར་སྤྲུལ་བཟོ་མ་གནང་ཐལ། །
ཕ་ཡབ་སྲས་རྗེ་བཙུན་རིན་པོ་ཆེས། །
འབྲོག་དགེ་ལྡན་ཐོས་བསམ་སྒོམ་པ་དང་། །
ལམ་མདོ་སྔགས་ལུང་རྟོགས་སྤེལ་བ་ལས། །
གྲོགས་རྒྱུ་ཆེན་སྒྲོ་བརྟགས་མཛད་ཐལ། །
མཆོག་སྤྲུལ་སྐུ་ཤྰཀྱ་ཐུབ་པ་གཅིག །
སྐྱེ་སྤྲུལ་སྐུ་་རྒྱ་བོད་མཁས་གྲུབ་གཉིས། །
བཟོ་སྤྲུལ་སྐུ་ཇོ་ཤཀ་རྣམ་པ་གསུམ།
ལས་ཉོན་མོངས་སྐྱེ་སྤྲུལ་མ་ཡིན་ཐལ། །
སྐུ་སྐྱེ་སྤྲུལ་བཤད་སྒྲུབ་བསྟན་པ་འཛིན། །
གསུང་བཟོ་སྤྲུལ་བོད་ཡིག་བསྟན་པ་སྐྱོང་། །
ཐུགས་དོན་སྤྲུལ་བསླབ་གསུམ་བསྟན་པ་སྤེལ། །
སྤྲུལ་དམ་པ་འདི་ཚོར་ཡང་དག་ཐལ། །
ཕ་འཁོར་འདས་ས་མཚམས་ལེགས་པོར་ངེས། །
བུ་དམ་ཚིག་སྡོམ་པ་ལེགས་པར་གནས། །
མ་འགྲོ་བའི་དོན་ཆེན་སྒྲུབ་པ་ན། །
མཐོ་ལྷ་བཅས་འགྲོ་བའི་མཆོད་སྤྲུལ་ལགས། །
སྔོན་དམ་པས་ལུང་བསྟན་ཚུལ་ལ་གནང་། །
སྐྱེ་སྤྲུལ་སྐུས་བསྟན་འགྲོ་སྤྱི་ལ་ཕན། །
དེང་ཁྱིམ་པས་ངོས་འཛིན་ཕར་ལ་བཤད། །
ལས་ཉོན་སྤྲུལ་སྡིག་བསྡུག་མཚོ་བཞིན་རྡོལ། །
ལྷ་བླ་མས་བཀའ་གསུང་མ་ཐོབ་གོང་། །
རྒྱུ་ནོམ་པས་རྫོང་བ་དཔོན་ལ་བྱས། །
མི་རྒྱུས་མེད་སྔོན་ནས་རྫུན་གཏམ་བཤད། །
ཞིང་མཆོད་འོས་བསླུ་བ་མ་ཡིན་ནམ། །
ཕ་ཆགས་པ་ཆེ་བས་འདོད་པར་སྤྱོད། །
བུ་སྲེད་པ་ཅན་ལ་སྤྲུལ་མིང་བཏགས། །
རྒྱུ་ནོམ་པའི་དཀོར་གཟན་རྣམ་པ་ཡིས། །
ཆོས་བསྟན་པ་མི་འཛིན་ཐག་ཆོད་ཐལ། །
བུ་རང་སྐྱེས་ཐོས་བསམ་བསྒོམ་པ་དང་། །
ཆོས་ལུང་རྟོགས་བསྟན་པའི་དཔལ་ལྡན་ནས། །
ཚེ་འདི་ཕྱིའི་དོན་ཆེན་འགྲུབ་པ་ན། །
མིང་མི་གཙོ་དོན་གྱི་སྤྲུལ་སྐུ་ཐལ། །
གཞི་འཁོར་བའི་ཆོས་བརྒྱད་ཁོ་ན་བསམ། །
ལམ་འཇིག་རྟེན་སྒྲུབ་པའི་ཚོང་དཔོན་རྣམས། །
དོན་རང་དོན་གཉེར་བའི་སྐྱ་སེར་ཀུན། །
ཆོས་ཡང་དག་མིན་པར་ངེས་ཤེས་ཐལ། །
གཏམ་འདི་སྨྲས་དགེ་བས་འགྲོ་བ་ཀུན། །
སྤྲུལ་མ་རྟོག་ལོག་རྟོགས་ཐེ་ཚོམ་བསལ། །
ཆོས་བསྟན་འཛིན་བསྟན་པ་དར་བ་དང་། །
མ་འགྲོ་ཀུན་ཞི་བདེ་ཐོབ་པར་ཤོག །
ཅེས་པའང་གྲོགས་པོ་ཞིག་གིས་བསྐུལ་མ་ལ་བརྟེན་ནས༢༠༠༩ ༩ ༡༩རྒྱ་བལ་གཞི་བྱེས་གཉིས་ཀྱིས
སྤྲུལ་རྫུན་བཟོ་གཏོང་ལ་ཞེན་པ་གཏིང་ནས་ལོག་སྟེ་ཕ་མགོ་བུ་གཡོག་གི་སྲོལ་ངན་འདི་དག
གཞི་ནས་མེད་ན་ཅི་རུང་སྙམ་པས་དང་ཅི་དྲན་དུ་ཤྲྰི་སྨྱོན་པས་ཐོལ་བྱུང་གླུ་ངག་བཅས་
བུདྡྷ་ཛྙྰའི་སྒྲུབ་གནས་སུ་མྱུར་བྲིས་བགྱིས་པ་ཤྲྰི་སརྦ་བི་ཛ་ཡནྟུ།། །།
ཡང་སྐྱར་མང་དུ་བཏང་བ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
རྨོངས་ཀུན་སེལ་ངེས་ཤེས་སྒྲོན་མེ་ལ། །
བཟང་ཀུན་འཛོམས་གཟུངས་སྤོབས་འོད་ཟེར་འབར། །
ཚེ་ཀུན་ཏུ་མི་འབྲལ་རྟག་སྣང་ནས། །
མ་འགྲོ་ཀུན་ཀུན་མཁྱེན་གསལ་ནུས་ཤོག །
གྲོགས་ཀུན་པོ་ཕེབས་པར་དགའ་བསུ་ཞུ། །
གང་ལྟར་ཡང་བསྟན་པའི་སྙིང་པོར་གཟིགས། །
ཆོས་བཤད་སྒྲུབ་མི་དགོས་སྤྲུལ་སྐུ་ཟེར། །
དངུལ་སྒོར་མོས་སྤྲུལ་ལོ་དར་དྲག་ནས། །
ཤྲྰི་སྨྱོན་པས་མཛུབ་སྟོན་རི་མོ་ཡིན། །
ཕ་གཅིག་ལ་བུ་ལྔ་སྤྲུལ་བའི་སྐུ། །
བུ་ལྔ་ལ་བུ་སྤྲུལ་བཅུ་ཕྲག་འགའ། །
དར་དྲག་ནས་བསྟན་པ་རོ་ལྟར་བཟོས།
ཧ་མ་གོ་རྒྱ་བལ་གྲོང་ཚོ་ལྟོས། །
ཁྱིམ་འགའ་རེར་སྤྲུལ་རྫུན་དགུ་རེ་འདུག །
ཕ་གྲྭ་ལོག་ཐེ་ཝན་ཨ་རི་སོང་། །
མོ་གཅིག་གི་མི་ཚད་འགའ་རེ་གཉེར། །
བུ་བུ་མོ་བོད་སྐད་མི་ཤེས་མཁན། །
ཕག་ནག་པོ་ཚང་བཞིན་ཕྲུ་གུ་སྤེལ། །
ཕྱི་རིག་གནས་མི་སྦྱོང་བླ་བཙོང་གཅིག །
ནང་བྱམས་བརྩེ་བྲལ་བའི་ཁྲེལ་མེད་གཉིས། །
དོན་བོད་རིགས་མི་སེམས་མདོ་ཤོར་གསུམ། །
སྤེལ་མ་སྤེལ་དུད་འགྲོའི་རྒྱུད་དང་མཚུངས། །
རྒྱུད་མང་ནས་ཆགས་སྡང་མ་ཡིན་ཡང་། །
ཆོས་བསྟན་པ་ཚོང་ལས་ཁེ་ཕན་དེ། །
ཁྱིམ་འཁོར་བ་འཛིན་པའི་ཐབས་སུ་འཛིན། །
རྒྱལ་ཕྱི་ནང་མགོ་བོ་གདུགས་ལྟར་བསྐོར། །
གཞི་སོ་ཐར་མེད་པའི་དཀོར་གཟན་གཅིག །
ལམ་བྱང་སེམས་མི་བརྩོན་ཁྱིམ་པ་གཉིས། །
དོན་གསང་སྔགས་མི་ཤེས་ལོག་སྤྱོད་གསུམ། །
ལས་ཉོན་མོངས་སྤྲུལ་པ་ཅི་ཕྱིར་མིན། །
བོན་ས་དགེ་བཀའ་རྙིང་ལྟ་གྲུབ་མཆོག །
སྡུག་འཁོར་བ་སྒྲུབ་བྱེད་གཏན་ནས་མིན། །
བོད་ཀུན་གྱིས་གཟབ་ན་མི་ལེགས་སམ། །
དགྲ་ནག་པོས་གཡུལ་ལས་རྒྱལ་འདོད་ན། །
ཆོས་ཆོས་བཞིན་སྤྱོད་ཅིག་སྤུན་ཟླ་ཀུན། །
ཤེས་འདོད་ན་ད་དུང་འབྱུང་ཁུངས་དང་། །
ཆགས་སྡང་བའི་སྒེར་སྤྱོད་ཤིན་ཏུ་མང་། །
བོད་རང་ཡུལ་རང་གིས་བཟུང་འདོད་ན། །
ཐག་རིང་ཐུང་མེད་པར་དྲང་བདེན་མཛོད། །
ཁ་ཁོག་པ་མཚུངས་པའི་ཤ་ཞེན་དགོས། །
དོན་བསྟན་པ་ཤེས་པའི་སྐྱ་སེར་འབོད། །
ཚེ་སྔ་ཕྱི་ལས་འབྲས་བསླུ་མེད་ཡིན། །
སེམས་དགེ་བ་ཡིན་ན་ཉེས་པ་མེད། །
ཕྱི་འདོད་ཆུང་ཆོག་ཤེས་འཕགས་པ་བཞིན། །
ནང་ཆགས་སྡང་མེད་པར་དགྲ་བཅོམ་ལྟར། །
དོན་དམ་ཆོས་རྩ་བ་བྱང་ཆུབ་སེམས། །
ལྷ་བླ་མ་བྱང་ཆུབ་འོད་ལྟར་ན། །
བོད་བསྟན་པ་རྫོགས་ལྡན་གསར་དུ་བཞད། །
ཆོས་འཇིག་རྟེན་བདེ་སྐྱིད་མཉམ་དུ་རོལ། །
ཕྱི་ཞི་བདེ་ལྷ་ལུང་དཀར་པོ་ནང་། །
ནང་སེམས་བདེ་རང་ཆོས་རང་བདག་ཐོབ། །
དོན་མཁྱེན་ལྡན་བླ་མའི་བཞེད་དོན་གྲུབ། །
སྐྱིད་བཀྲ་ཤིས་བདེ་ལེགས་འདི་ཕྱི་ཕན། །
ཆོས་བསམ་པ་འགྲུབ་པའི་སྨོན་ལམ་ཞུ། །
དོན་རྩ་བ་གོ་བའི་རྟེན་འབྲེལ་ཡོད། །
ཕ་བླ་མས་བཀའ་གནང་ཐོབ་ནས་བཀོད། །
མ་སེམས་ཅན་མགོ་ཐོམ་སངས་བར་ཤོག །
ཆོས་ངེས་དོན་ཀུན་གྱིས་ཤེས་པར་ཤོག །
རྟགས་རྫུན་མའི་སྨིག་སྒྱུ་མེད་པ་ན། །
དོན་བདེན་པའི་གཟུགས་སྣང་གསལ་བོར་མཐོང་། །
བདེན་ལུང་བའི་ཕུ་ཐག་དེ་ལས་རིང་། །
ཆོས་དཀར་པོར་ནག་ཐིག་མ་བགོ་ཨང་། །
ཕའི་རང་ཆོས་བསམ་ན་དྲང་བདེན་དགོས། །
མར་ཕན་བདེར་སྒྲུབ་ན་བྱམས་བརྩེ་དགོས། །
བུར་འདུག་ཆོས་ཡང་དག་དམ་ཆོས་ཡིན། །
བོད་ཀུན་གྱིས་འབད་ན་མི་ལེགས་སམ། །
རྗེ་བླ་མའི་བཞེད་དོན་ལྷུན་གྲུབ་ཅིང་། །
འབངས་དགའ་སྐྱིད་སྡེ་བཞིའི་དཔལ་ལ་སྤྱོད། །
ཆོས་རིས་མེད་རང་འབྲས་བླ་མེད་ཐོབ། །
བསྟན་འགྲོ་བ་ཕན་བདེར་རྟག་འཚོ་ཤོག །
སྔོན་དྲི་ལན་ཞིག་ཅི་དྲན་བྲིས་པ་དག་ཅུང་ཟད་བཅོས་བསྒྱུར་དང་ཚིགས་བཅད་
འགའ་ཁ་སྣོན་བྱས་ནས་ཤྲྰིས་བཀོད་དོ། །
ཤྲི་ལགས། ད་འགྲིག་སོང། དགོངས་པ་ཀློང་བརྡོལ་རང་རེད་འདུག
གཟོ་གྲྭ་་་་གཟོ་གྲྭ་་་་་་་གཟོ་གྲྭ་་་་་་
ཕ་དེ་བཞིན་གཤེགས་པ་དང་། མ་དེ་བཞིན་གཤེགས་མའི་སྲས་བདེ་བ་ཆེན་པོ་འདི་་་་དགྲ་བཅོམ་པའི་སྐྱེ་སྲིད་དུ་གོང་མའི་བླ་བྲང་དང་ཐམས་ཅད་མཁྱེན་པ་གང་གིས་ངོས་འཛིན་པ་ལྟར་དགྲ་བཅོམ་པའི་སྐྱེ་སྲིད་མཚན་གསོལ་དང་འབྲེལ། དགེ་བའི་སྨོན་འདུན་བཅས།
འདི་སྐུ་སྒེར་ཡིག་ཚང་གི་གཟོ་གྲྭས་གཟོ་སྟངས་རེད། ཨོ་ཨོ་གཅིག་ལྷག་སོང་་་་་་སྐུ་པར་ལྷན་སྒྲོན།།།།།
གཟོ་གྲྭ་འདི་ནས་རྒྱབ་གཉེར་མ་གཏོགས་བརྒྱ་ཆ་བརྒྱ་བསྐྲུན་པའི་སྤྲུལ་སྐུ་ཉུང་ཉུང་རེད། གཟོ་གྲྭ་ཨ་མ་ཚོས་གཟོས་ཚར་རྗེས་ཕྱི་ཤུབས་སྙིང་རྗེ་པོ་ཞིག་གཟོ་གྲྭ་འདི་ནས་གཟོ་ཨེ་ཐུབ་བལྟ་གི་ཡོད་རེད།
པཎ་ཆེན་སྤྲུལ་སྐུ་གཉིས། ཀརྨ་པ་སྤྲུལ་སྐུ་གཉིས། རྗེས་སུ་སྤྲུལ་སྐུ་བཞི་རེ་བཞི་རེ། མ་འོངས་པ་ན། རྒྱལ་བའི་སྤྲུལ་སྐུ་གཉིས། སངས་རྒྱས་ཀྱི་སྤྲུལ་བ་བསམ་གྱིས་མི་ཁྱབ། སྤྲུལ་གཞི་གཅིག་ལས་སྤྲུལ་བ་དུ་མར་བཀྱེ་ནས་མཐའ་མཇུག་སྤྲུལ་སྐུའི་ལམ་ལུགས་འདི་ཡོངས་མཇུག་བསྡུ་བའི་སྤྲུལ་བ་ཐ་མའི་མཛད་པ་སྟོན་པའི་དུས་ལ་བབ་ཡོང་གི་ཡོད་པ་འདྲ།
དཔལ་དགྱེས་ཁྱེད་ཀྱི་རྩོམ་ཡིག་དང་པོ་དེ་དངོས་གནས་སྙན་མོ་འདུག་ལ་དོན་དེ་བས་ཀྱང་ཟབ་ཀི་རྗེས་སུ་ཡི་རངས་ཡོད། དེང་སང་སྤྲུལ་སྐུའི་བཟོ་གྲྭ་མང་དྲག་ནས་དཀའ་ལས་ཁག་པོ་འདུག དེང་སང་གི་མྱི་འདི་ཚོ་རྫུན་མ་བཟོ་མཁས་པོ་ཞེ་དྲག་རེད།
དྲྭ་གྲོགས་ལྷག་བསམ་རྒྱ་མཚོ་ཕུལ་བ།
མི་ཆོས་བླ་མའི་རྫུན་གྱི་ཐབས་ལ་བསྟེན་ནས། །
སེམས་ཅན་མགོ་སྐོར་བྱེད་པའི་སྤྲུལ་སྐུ་འདི་ཚོ། །
འདི་ཕྱིའི་སྐྱབས་གནས་ཡིན་ན་ལྷག་བསམ་མཚོའི། །
སྐྱབས་གནས་གཞན་ལ་བསྟེན་ཕྱིར་ནང་པ་མ་རེད། །
ཀརྨ་སྐུ་བསོད་རྒྱས་པའི་ལོ་རྒྱུས་མེད་ཀི་། །
རྒྱུད་སྟོད་དགོན་པར་གཡར་བའི་ཁང་གླ་དེ་ཡང་། །
སྐྱབས་བཅོལ་བོད་མིའི་ཁང་གླ་ཆེ་ཤོས་གཅིག་རེད། །
རང་དབང་ཡོད་པའི་ཁང་པ་གཅིག་ཀྱང་མི་འདུག །
ཞྭ་དམར་ཆོས་བཞིན་སྤྱོད་པའི་བླ་མ་རེད་ལ། །
ཞྭ་དམར་བཙན་བྱོལ་གཞུང་ལ་ལྷག་བསམ་ཡོད་ཀྱང་། །
སྒྱུ་འབྲས་རྒྱབ་ཏུ་བོར་བའི་ཆོས་གཟུགས་འགའ་ཡིས། །
རྒྱལ་བར་དད་པ་མེད་ཅེས་ཁྱབ་བསྒྲགས་བྱས་སོང་། །
སི་ཏུས་རྒྱ་དང་མཉམ་དུ་ཆབ་སྲིད་འཁྲབས་ཏེ། །
རང་སྐྱོང་ལྗོངས་ཀྱི་དཔོན་པོ་ཀརྨས་བྱེད་འདོད། །
བོད་གཞུང་སྲིད་ལ་མཁས་ཐབས་འཕྲུལ་གཅིག་གིས། །
དྷ་སའི་ཉེ་འཁོར་ཞིག་ཏུ་དམ་ལ་བཏགས་སོང་། །
བོད་གཞུང་སྲིད་ལ་མཁས་པའི་ཐབས་འཕྲུལ་གཅིག་གིས། །
དྷ་སའི་ཉེ་འཁོར་ཞིག་ཏུ་དམ་ལ་བཏགས་སོང་། །
སྤྲུལ་སྐུ་རྫུན་མ་ལས་ཨ་ལགས་རྫུན་མ་སྡུག་པ་འདུག
དྲ་བའི་རྒན་བདག་ལགས། ད་གཟིགས་རྟོག་གནང་རན་སོང་ངོ་། །བོད་མིའི་སྤྱི་ཚོགས་ཁྲོད་རྙོགས་དྲ་ཆེ་ཤོས་དྲས་ནས་གཅིག་འདི་ནས་རོ་ལངས་རྒྱབ་བྲབ་འདུག
མགོན་ཕྱག་ལགས། ཅུང་ཟད་མཉམ་པར་བཞག་ནས་མཛུབ་མོ་འགུལ་དང་། དུས་འགྱུར་ཚུན་ཆད་བོད་མི་རྣམས་ལ་དཀའ་ངལ་འཕྲད་ཡོད་རེད་ཟེར་དུས་དེ་ཆད་སྡུག་བསྔལ་ཁྱོན་ནས་འཕྲད་མེད་པ་ཞིག་དགོས་དོན་མེད། དཔེར་ན་སྒྲ་ཡིན་ན་མི་རྟག་པས་ཁྱབ་པ་ཁས་ལེན་པ་ལ། སྒྲ་མ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ཁས་ལེན་དགོས་དོན་མེད།
རང་བཙན་ལྡེའུ་ཡིས། ཡང་༧གོང་ས་མཆོག་གི་སྡིག་ར་བསྐུལ་གྱི་འདུག སྐུ་མདུན་སྐུ་ངོ་མས་པན་ཆེན་ཡང་སྲིད་ལས་གཞན་སྤྲུལ་སྐུ་ངོས་འཛིན་གནང་མེད་པའི་ཚུལ་གསུངས་ཚར་རེད། མགོ་མ་འཐོམས་ལོ། །ཤེས་བཞིན་དུ་ཡིན་ནི་དགོངས་དག སྐུ་སྒེར་ཡིག་ཚང་གིས་གང་བྱས་ཚང་མ་སྐུ་མདུན་རང་གི་དགོངས་བཞེད་ཡིན་པའི་ཡིད་ཆེས་མེད་ལ་དེ་དངོས་ཡོད་གནས་ཚུལ་རེད། དཔེར་མཚོན་ཆུ་ངོགས་གཏམ་རྒྱུད་ལྟོས་དང་རྒྱ་ནག་གོང་མ་དང་མང་ཚོགས་བར། ཀོ་འོ་ཆུང་སོགས་ཀྱི་བར་ཆོད་ཡོད་པ་འདིས་ཤེས་ནུས།
བྱ་རྒོད་རྒྱལ་པོས་གསུངས་དོན་ལ། ཁོང་གི་མིང་དང་འཚམ་པར་འགྲེལ་བཤད་ཅིག་ཞུ་ན། དེང་སང་སྤྲུལ་སྐུ་རྣམས་ཕྱི་རྒྱལ་ཁག་ལ་ཕེབས་པ་དངོས་ཡོད་རེད། འོན་ཏང་ང་སྤྲུལ་སྐུ་བྱེད་ཀྱི་མིན་ཟེར་ནས་ཕེབས་མཁན་སྲིད་མཐའ་མ་བཀག་ཙམ་རེད། འོ་ཕེབས་ཚུལ་ཇི་ལྟར་ཡིན་སྙམས་ན། དཔེར་ན་བྱ་རྒོད་དག་གིས་རྟ་རོ་ཟ་བའི་ཚེ་ཤ་ཟད་རུས་ལ་མ་ཐུག་བར་ཟོས་ཟོས་ནས་དེས་མ་འགྲང་པར་ད་དུང་གཞན་འཚོལ་དུ་ནམ་མཁར་ལ་ལྡིང་བསྐོར་བྱེད་ཅིང་ཕྱོགས་ཀུན་ཉུལ་བ་བཞིན། ཧི་མ་ལའི་རིགས་རྒྱུད་ཉམས་ཆུང་དག་ཟོས་ཟོས་ནས་ཅུང་ཟད་ནར་སོན་པའམ་ཕོ་ཤེད་རྒྱས་པའི་ཚེ་རང་གི་ལག་ཁུག་ནང་དུ་་བླ་མ་མིང་གྲགས་ཅན་ག་གེ་མོའི་ཐིག་དང་ཐམ་ག་དམར་ཛ་རེ་བརྒྱབ་ཡོད་པའི་གཅིག་ཡིན་རབས་དང་གཉིས་འཇོན་རབས་བཤད་ཡོད་པའི་ཤོག་ལྷེ་རྙིང་འཛར་དེ་དང་། ཌ་དྲིལ་དང་བུམ་པ་བཅས་ཁུར་ནས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་རྨོང་དད་ཅན་ཁ་ལ་གཅིན་པ་བླུད་ནའང་བཏུང་ནས་བསྡད་པའི་སེམས་ཅན་ལས་ངན་དག་གི་པགས་པ་བཤུས། ཤ་ཟ ཁྲག་བཏུང་བཏུང་ནས་འདུག་པ་མཐོང་ཆོས་སུ་གྱུར་པ་འདི་ལས་བསྟན་འགྲོར་སྨན་པའི་མཛད་པ་ངས་མ་ཤེས།
སྤྱིར་ཏང་ང་རང་ཆོས་ལ་དད་པ་མེད་མཁན་མིན་ལ། སྤྲུལ་སྐུ་ལ་དད་གུས་མེད་མཁན་ཡང་མིན། འོན་ཏང་གོང་ཞུས་བོང་བུ་གཟིགས་པགས་ཅན་གྱི་རིགས་དེ་དག་ལ་དུས་ནམ་ཡང་མགོ་མི་སྒུར་བའི་དམ་བཅའ་ཡོད།
བསྐྱར་ཞུས། ད་དུང་དེའི་ཐོག་བློས་དྲང་བདེན་བྱེད་ནས་བགྲོ་གླེང་མཐིལ་ཕྱིན་ཡོང་བའི་རེ་བ་ཡོད། དྲ་གྲོགས་སྨྱུག་ཐོག་པ་རྣམས།
ཨོ་ཡ།
བཀྲ་ཤིས་སྔོན་མ་སྐྱིད་ཀྱི་སྣ་འདྲེན་རེད། །
བཀྲ་ཤིས་བར་བ་སྡིག་པའི་བཤགས་ཤིང་རེད། །
བཀྲ་ཤིས་མཐར་ཕྱིན་ཐེག་གསུམ་ཆོས་སྒྲ་ཅན། །
བཀྲ་ཤིས་མིང་འཛིན་འདི་ལ་རྗེས་ཡི་རང་། །
བདེན་ཆེན་སྤྲུལ་སྐུ་བཤད་སྒྲུབ་ཕྲིན་ལས་ཅན། །
རྫུན་སྤྲུལ་དཀོར་སྐྱལ་རྒྱུ་ངོ་དཔུང་ཤུགས་ཅན། །
བདེན་རྫུན་འབྱེད་པའི་མཁྱེན་རབ་རལ་གྲི་ཡིས། །
རྨུ་གབ་དུག་སྡོང་རྩད་ནས་གཅོད་གྱུར་ཅིག །
ཞྭ་སི་དམར་སེར་དཔེ་ཡི་བརྡ་མཚོན་ཙམ། །
རྒྱ་བལ་བཟོ་གྲྭ་སྒོར་གྱི་གཉེར་ཁང་ཙམ། །
འཁོར་ངན་ཁ་གསོ་གྱོད་ཀྱི་ཕུང་པོ་ཀུན། །
རྒྱལ་བསྟན་རྒྱབ་ཤ་བྱེད་འདི་ཤིན་ཏུ་སྐྱོ། །
སྐུ་སྒེར་རྐུན་མའི་རྒྱབ་གཉེར་ཁྲམ་པས་བྱས། །
བླ་མ་རྐུན་མ་ཤན་འབྱེད་མི་ནུས་བཞིན། །
བདེན་ལུང་རྫུན་གྱི་འཁོར་ལོ་དལ་མེད་བསྐོར། །
མི་ཆོས་བླ་མའི་རྫུན་མགོ་འདི་ལ་ཐུག །
ཀརྨ་ཐོག་མ་ཤེས་པར་གལ་ཆེ་ཡང་། །
རྟེན་འབྲེལ་མ་ཤེས་བསྟན་དཀྲུག་དམ་ཉམས་ཚོ། །
རྒྱུ་འབྲས་མ་ཤེས་རྒྱུ་ནོར་ཞེན་ཆགས་ཅན། །
དམ་པའི་ཆོས་ལས་ཕྱི་རོལ་གྱུར་པ་ལགས། །
ལྷག་བསམ་རྒྱ་མཚོའི་བཤད་པ་ཁ་ལ་ཁྱེར། །
སྒེར་བསམ་རྒྱ་མཚོ་འདོད་པ་ཁོག་ལ་སྦས། །
ཁ་ཁོག་མི་མཚུངས་བྱ་སྤྱོད་བལྟས་ངན་འདིས། །
རང་ཡུལ་མུན་པའི་གླིང་གི་སྤུན་ཟླ་བྱས། །
རང་ཡུལ་གཤིན་ཐང་སྐྱ་མོ་གྱུར་པ་ལ། །
རྟེན་འབྲེལ་སྐྱབས་གནས་ཕེབས་པའི་རྟགས་ཡིན་ཟེར། །
རྟོག་དཔྱོད་མེད་པར་སྨྲ་བའི་གྲགས་རྒྱུགས་ལ། །
ཞེན་པའི་གློ་མཆིན་སྙིང་གི་སྲོག་རྩ་ཆད། །
ཉིན་མཚན་མེད་པར་སྐྱོ་གླུའི་མཆི་མ་བཀུ །
དབྱར་དགུན་མེད་པར་དྲོ་གྲང་ཚོར་བ་འགགས། །
གཞིས་བྱེས་མེད་པར་སྐྱིད་སྡུག་ཕྲེང་བ་འདི། །
ཀུན་མཐུན་ཀུན་མྱོང་བྱས་ན་བོད་རིགས་ལགས། །་་་་་་་་་་
ཨོ་ཡ་ཡ་་་ད་ཟད་མེད་ཅིག་འཆར་གྱིན་འདུག་ཀྱང་ང་རང་ཁྱི་ཁ་ཚུམས་ན་དགའ་མི་འགྲོ། ཉིན་གཅིག་ཀར་དམག་གྲྭ་རྒོད་གཡས་ནས་རྡུང་། །དོལ་དམག་འདྲེ་རྒོད་གཡོན་ནས་འཐེན། །སྤྲུལ་རྫོང་དཔོན་པོའི་དུག་འདས་འོག །ཤྲྰི་སྨྱོན་ཤི་ན་ཨ་ཙ་མ། །ཨོཾ་བཛྲ་ས་ཏྭ་ཧྰུྃ། །
སྐྱབས་སུ་མཆི། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཁོང་། ངའི་ཡང་སྲིད་ངོས་འཛིན་མི་དགོས་ཞེས་པའི་ཞལ་གདམས་ཆེས་རིན་ཐང་ཅན་འདི།
བསྐྱར་ཞུས། དྲ་གྲོགས་རྣམ་པས་བློས་དྲང་བདེན་ཐོག་གླེང་རོགས་ཐུགས་རྗེས་གཟིགས།
ཨོ་ཨོ།
ད་ལྟ་ནང་བསྟན་དམོད་པའི་དུས་མ་ཡིན། །
དེ་འཛིན་བླ་སྤྲུལ་གཤེ་བའི་དུས་མ་ཡིན། །
བོད་རྒྱ་མི་རིགས་དབྱེ་བའི་དུས་མ་ཡིན། །
རྒྱ་གཞུང་ངན་འཆང་བྱེད་པའི་དུས་མ་ཡིན། །
ཧ་ཧ།
རྒྱ་གཞུང་བརྗེ་ལེན་བྱེད་རྒྱུའི་དུས་ཚོད་རེད། །
གུང་བྲན་མང་གཙོར་བསྒྱུར་རྒྱུའི་དུས་ཚོད་རེད། །
སྤྲུལ་རྫུན་ཟུར་སྤྱུགས་བྱེད་རྒྱུའི་དུས་ཚོད་རེད། །
ཟོག་པོ་མཚང་བརྟོལ་བྱེད་རྒྱུའི་དུས་ཚོད་རེད། །
ཧེ་ཧེ།
དད་ལྡན་བཀུར་བའི་དུས་ལ་བསླེབས་འདུག་གོ །
གྲྭ་བཙུན་བསྙེན་པའི་དུས་ལ་བསླེབས་འདུག་གོ །
བླ་སྤྲུལ་བསྟེན་པའི་དུས་ལ་བསླེབས་འདུག་གོ །
བསྟན་པ་སྤེལ་བའི་དུས་ལ་བསླེབས་འདུག་གོ །
༧བསྟན་པ་མ་ཉམས་གོལ་འཕེལ་ཡུན་གནས་ཤོག །
གོང་ནས་གོང་དུ་འཕེལ་ལ་བཅོས།
གོལ་དེ་གོང་ལ་བཅོས།
ལགས་སོ་དངོས་ནས་རྩམ་གཟན་བདེན། །ཆོས་རྗེ་ཡིད་བཞིན་ནོར་བུ་ཡིས། །སྙིང་གཏམ་ཡིད་བཞིན་ནོར་བུ་དེ། །ཕྱི་རབས་གངས་ཅན་བོད་ལ་བཞག །བདེན་གསུང་ཡིད་བཞིན་ནོར་བུ་ཉིད། །ཆུད་ཟོས་མ་གཏོང་ཆོས་མཆེད་ཀུན། །ཐུབ་དགའ་ཡིད་བཞིན་ནོར་བས་ཀྱང་། །ང་སྤྲུལ་མེད་པའི་བདེན་གསུང་ཆོས། །ཕྱི་རབས་སྐལ་ལྡན་བུ་ལ་གདམས། །འོན་ཀྱང་རྫོགས་ཆེན་སྤྲུལ་རྫོང་ཕབས། །ནོམ་པ་ཅན་ཚོས་ནོར་ཆོས་སྤེལ། །དེང་དུས་དགོན་སྡེ་བདག་པོ་རྣམས། །དམ་ཉམས་ལུང་གིས་སྔོན་བཟུང་། །དེ་བཞིན་སྤྲུལ་སྐུ་སྤྲུལ་པ་ཞེས། །འཁྲུལ་པ་འཁྲུལ་པའི་རྒྱབ་སྣོན་རེད། །ཨ་ཁ་ཨ་ལགས་རྫུན་མ་དང་། །ཨ་ཕ་ཨ་མའི་སྤྲུལ་སྐུ་ཚོ། །ངོས་འཛིན་བྱེད་པ་དར་དྲག་ནས། །རང་ཕུང་རོགས་བརླགས་རིགས་པས་ཤེས། །གོང་ས་ཐམས་ཅད་མཁྱེན་པ་ཡི། །བདེན་གསུང་དྲོན་མོས་བཀའ་སློབ་ལས། །པན་ཆེན་ཡང་སྲིད་བཙོན་པ་ལས། །གཞན་དག་བླ་ཆེན་འགའ་རེ་ཡིས། །བཀའ་ནན་བསྐུལ་བའི་བཀའ་ཐམ་ལས། །གསུང་དངོས་ཀྱོན་པ་གཅིག་མེད་གསུངས། །དོན་གཅོད་སྒེར་སྤྱོར་ཚོགས་པ་ཚོས། །གོང་ས་གོང་ཚད་རིན་གྱིས་ཉོས། །ནག་པོའི་ཆོས་བཞི་དར་ནས་བཟུང་། །ཡིད་བཞིན་ནོར་བུ་སྙིང་རེ་རྗེ། །ཙི་ནས་མ་ཉེས་ཁ་གཡོགས་བྱས། །སི་ཞྭས་གྱོད་ཉེས་དབུ་ལ་བཞག །དོལ་འདྲེ་དམ་སྲིས་རྗེ་ལ་རྒོལ། །ཀྱེ་ཧུད་དུས་ངན་སྙིགས་མ་ཚེས། །ད་དུང་རྟེན་འབྲེལ་འགྲིགས་ན་ཟེར། །ཟེར་ཚད་གོ་ཚད་མཐོང་ཚད་སོགས། །བཤད་ན་ཡིད་ཁུངས་མཆི་མས་གནང་། །དེ་ཙམ་ཡིན་ནོ་རྩམ་གཟན་ལགས། །དགེ་མཆིས་ལེགས་ཉེས་ཀུན་རྟོགས་ནས། །ཀརྨས་ཀརྨ་ཕྲ་ཞིང་ཞིབ། །དོལ་ཚོགས་བཀའ་གདམས་གཙང་མར་གྱུར། །སྤྲུལ་རྫོང་ངན་པ་རྩ་ནས་གཏོར། །མཆོག་སྤྲུལ་བསྟན་པ་དར་བར་ཤོག །ཤྲྰིས་ཅི་དྲན་དུ་ཕུལ། །
རྩོམ་འདི་འབྲི་མཁན་རྩམ་གཟན་ལགས་ནས་མིང་ཐོ་བསྡུས་ནས་མིང་བསྒྱུར་བྱས་བའི་སྤྲུལ་སྐུ་མང་པོ་ཡོད་པའི་ཁྲོད་ནས།
སྤྲུལ་སྐུ་གཅིག་གི་བྱུང་རིམ་འགོ་སྔ་ཚང་བ་ཞིག་འདི་རུ་འགོད་ཐུབ་ན། ང་ནི་དེ་ལ་དགའ་བསུ་ཞུ་མཁན་གྱི་ྐློག་པ་པོ་ཡིན།
༈ སྤྲུལ་སྐུའི་ཕན་གནོད་ལ་བསམ་པ། ན་མོ་གུ་ར་ཝེ། །སྣང་ སྲིད་སྤྲུལ་བའི་དཀྱིལ་འཁོར་ལ། །བླང་དོར་བྲལ་བས་ཕྱག་འཚལ་ལོ། །བདག་ལ་དམིགས་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག །འཕགས་པ་རྣམས་ཀྱི་མཛད་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །གང་ཞིག་གང་ལ་དད་གྱུར་པ། །དེ་དེར་རྒྱལ་བའི་བྱིན་རླབས་འཇུག །དེང་དུས་དགེ་བཤེས་མཁན་པོ་དང་། །རྡོ་རྗེ་སློབ་དཔོན་སྤྲུལ་བའི་སྐུ། །ཕལ་ཆེར་ཐབས་ཀྱིས་བཟོས་པ་སྟེ། །ཅི་ཡང་རྫུན་ལ་ཅི་ཡང་བདེན། །བསྟོད་དང་གྲགས་པའི་རི་མོ་ནི། །བསོད་ནམས་མི་འགྱུར་འཚེར་མི་འགྱུར། །འཕགས་པ་རྣམས་ལ་མི་གནོད་ཀྱང་། །སྐུར་འདེབས་ངན་འགྲོ་སྒྲུབ་པའི་རྒྱུ། །སེམས་ཅན་མགུ་ལས་བྱུང་བ་ཡིས། །མ་འོངས་སངས་རྒྱུས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེན་དང་། །གྲགས་དང་སྐྱིད་འགྱུར་ཅིས་མ་མཐོང་། །དེ་བཞིན་སྤྲུལ་སྐུ་དགེ་བའི་བཤེས། །རྫུན་མར་ཡང་ཡོན་ཏན་དཔག་མེད་དེ། །དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་། །ཐོས་པའི་བསོད་ནམས་གཞལ་དུ་མེད། །རྫུན་མའི་ངོས་ནས་ངན་འགྲོ་རུ། །སྐྱེས་ཀྱང་མང་པོའི་གྲངས་མིན་ཏེ། །ས་ཆེན་སེན་མོའི་རྡུལ་གྱིས་དཔག །གང་ལྗོངས་གྲུབ་མཐའ་ཕལ་ལོ་ཆེ། །སྐྱེ་སྤྲུལ་དང་ནི་གདུང་བརྒྱུད་ཀྱིས། །བཟུང་སྟེ་སྤེལ་བའི་མཛད་པ་ནི། །མངོན་སུམ་ཉིད་ཕྱིར་སྙོན་དུ་ཅི། །གུ་རུ་པདྨ་འབྱུང་གནས་ཀྱིས། །ལོ་ཙཱ་རྣམ་གསུམ་ལུང་དུ་བསྟན། །མདོ་སྔགས་བསྟན་པའི་སྒོ་ཆེན་ཕྱེས། །བཻ་རོས་གཡུ་སྒྲ་ངོས་འཛིན་གནང་། །སེམས་སྡེའི་རྒྱུད་ལུང་མན་ངག་སྤེལ། །སོ་ཟུར་གནུབས་ཀྱང་གདུང་རྒྱུད་ཏེ། །ཉང་དང་ཆོས་དབང་གདུང་གིས་བཟུང་། །གཏེར་ཆེན་བརྒྱ་རྩ་ཕལ་མོ་ཆེ། །སྲས་དང་བཙུན་མོར་བཅས་པ་སྟེ། །དེ་དག་བྱང་སེམས་སྤྲུལ་བ་རུ། །གཏེར་ལུང་རྣམས་ལས་འབྱུང་བའི་ཕྱིར། །གདུང་བརྒྱུད་བཟང་བའི་ལོ་རྒྱུས་སོ། །དང་པོ་འུག་པ་ལུང་ནས་བཟུང་། །མཆོག་སྤྲུལ་རྣམས་གསུམ་གླིང་པ་བརྒྱད། །རྭ་ཀོང་སྣང་གསུམ་སྨྱོས་སྟོན་པ། །ཀཿཐོག་བླ་རབས་སྟག་བླའི་བརྒྱུད། །གསེར་བའི་དབོན་རབས་གཞི་ཆེན་གདུང་། །སྔ་འགྱུར་དགོན་སྡེ་ཕལ་མོ་ཆེ། །གདུང་རབས་སྥྲུལ་བའི་སྐུ་ཡིས་བསྐྱངས་། །ཇོ་བོས་འབྲོམ་སྟོན་ངོས་འཛིན་གནང་། །ལྷ་ཆོས་བདུན་ལྡན་བསྟན་པ་བཙུག །ས་སྐྱའི་བསྟན་པ་འཁོན་རྒྱིས་བཟུང་། །གདུང་སྤྲུལ་མ་ཆད་ད་ལྟར་གནས། །བཀའ་བརྒྱུད་མར་བར་གདུང་སྲས་འཁྲུངས། །སྤྲུལ་སྐུ་ཟླ་འོད་གཞོན་ནུ་བྱུང་། །རྭ་ལོའི་བསྟན་པ་གདུང་གིས་བཟུང་། །སྤྲུལ་སྐུ་ཏཱ་ར་ནཱ་ཐ་འཁྲུངས། །ཀརྨ་སྤྲུལ་བརྒྱུད་རིམ་པར་བྱོན། །འབྲི་གུང་སྐྱུ་རའི་གདུང གིས་བཟུང་། །བཀའ་བརྒྱུད་གཞན་རྣམས་དབོན་ཀྱིས་བསྐྱངས། །དགེ་ལྡན་ལུགས་བཟང་རྒྱས་པ་ཏེ། །རྒྱལ་བ་པཎ་ཆེན་རྣམ་གཉིས་དང་། །སྤྲུལ་སྐུ་ཆེ་ཕྲ་དུ་མ་ཡིས། །ཐུགས་བསྐྱེད་འཕྲིན་ལས་སྟོབས་ཀྱིས་སོ། །བཟང་དང་ངན་པར་སྣང བ་ཡང་། །རང་སེམས་དག་དང་མ་དག་སྟེ། །སྲིད་གསུམ་ཡེ་ནས་སངས་རྒྱས་སུ། །འདོད་པ་སྔ་འགྱུར་པ་ཡི་ལུགས། །དམན་མ་བརྙེས་སོགས་སྐྱོན་ལྔ་བོ། །རིགས་མ་ཤེས་པའི་རྐྱེན་ལས་བྱུང་། །མ་དག་མ་དག་དག་པ་ཡི། །ཚུལ་མཐོང་དད་སོགས་ཡོན་ཏན་འབྱུང ། །རྒྱལ་བའི་འཕྲིན་ལས་ཚད་མེད་པ། །མགོན་དང་དེད་དཔོན་གྲུ་དང་ནི། །གཟིངས་དང་ཟམ་པ་གླིང་དང ནི། །མར་མེ་གནས་མལ་བྲན་ནོར་བུ། །དཔག་བསམ་ཤིང་དང་བུམ་པ་བཟང་། །རིགས་སྔགས་གྲུབ་དང་སྨན་ཆེན་དང་། །ས་སོགས་འབྱུང་བ་ཆེན་པོ་སྟེ། །གཞན་དོན་སྤྲུལ་བ་ཅི་ཡང་འབྱུང་། །མ་དག་པ་ལ་མ་དག་ཏུ། །སྣང་བས་མ་དག་དོན་བྱེད་འགྱུར། །དེ་ལས་གཞན་ཞིག་སྣང་དགོས་ན། །གང་འདུལ་དེར་སྟོན་རྫུན་མར་འགྱུར། །གངས་ལྗོངས་བོད་ཀྱི་ཆོས་རྒྱུན་བཞིའི། །བླ་རབས་གོང་མ་རིམ་བྱོན་རྣམས། །གདུང་རྒྱུད་དང་ནི་སྤྲུལ་སྐུ་རུ། །ངེས་ཕྱིར་བཀའ་དྲིན་དྲན་བཞིན་དུ། །དེ་ཡི་འཕྲིན་ལས་རྒྱུན་མི་གཅོད། །བརྒྱུད་པའི་བླ་མར་སྨོད་མི་བྱ། །ཕལ་ཆེར་སྐུ་སྐྱེའི་མིང་མ་ཐོབ། །གདུང་དང་བརྒྱུད་པ་བཟང་པོ་དང་། །ཕ་མེས་གོང་མར་ཕྱག་རྗེས་མེད། །དེ་འདྲའི་རིགས་ཀྱིས་གདུང་སྤྲུལ་སྨོད། །སེངྒེར་ཁྱི་ཕྲུག་མི་སྐྱེ་བ། །ས་སྐྱའི་གདུང་རབས་ལས་བྱུང་བས། །ཕྲག་དོག་སྡང་སེམས་མི་བྱ་བར། །ཀུན་ལ་མཐུན་པའི་མཛད་པ་སྐྱོང་། །བདག་ནི་སྐྱེ་སྤྲུལ་མ་ལགས་ཀྱང་། །རིགས་ལ་ཞེན་པའི་བདག་འཛིན་དང་། །བདག་གི་བླ་མ་སྤྲུལ་བའི་སྐུར། །ངེས་པའི་དད་མོས་ཁོ་ནས་སོ། །སངས་རྒྱས་ཆོས་མཆོག་སྐྱེ་བའི་ཤས། །སེམས་ཅན་རྣམས་ལ་ཡོད་པས་ན། །འདི་ཙམ་བདག་གིས་ཆ་བསྟུན་ནས། །སེམས་ཅན་མཆོད་བྱར་རིགས་པར་འགྱུར། །སེམས་ཅན་ལས་སྣང་བསམ་མི་ཁྱབ། །དགྱེས་རྡོར་ལགས་ལ་་གུས་པ་ཡོད། །སྤྱི་དོན་གཉེར་བའི་བློ་ལྡན་པའི། །བཀྲ་ཤིས་ལའང་བདེ་ལེགས་ཞུ། །དུས་ཀྱིས་བསྐུལ་བའི་མགྲོན་པོ་ངེས། །རྒྱས་པར་ཞུ་ལོང་མ་བྱུང ཡང་། །དམ་པའི་གསུང་ལ་བརྟེན་པའི་ཕྱིར། །གྲོལ་བའི་ཡོན་ཏན་ཐོབ་པར་ཤོག །ཅེས་མཁས་དབང་རྣམས་ཀྱི་བཀའ་རྩོམ་མཐོང་བའི་མུར་ཐོས་ཆུང་རྒན་པོ་སྨྱོན་ལ་ལྷག་བསམ་གྱིས་འཕྲལ་བྲིས་བྱས་པ་དགེ། ། ཚིག་དོན་རྣམས་རྙིང་པ་དགྱེས་རྡོར་དང་བསྟུན། བླ་མ་དགོངས་འདུས་ཀྱི་ལུང་བསྟན། བདུད་འདུལ་དང་བདུད་འཇོམས་རྣམས་ཀྱིས་གདུང་བརྒྱུད་བཟང་པའི་ལུང་བསྟན་ལོ་རྒྱུས་རྣམས་བཀོད་ན་སྔ་འགྱུར་མཁན་པོ་རྣམས་ལ་གོ་བ་རྙེད་རྒྱུ་ཡོད་ཀྱང་རེ་ཞིག་ཡི་གེ་མ་འབྱོར། སྤྲུལ་སྐུའི་རྩོད་པ་དེ་བསྟན་སྲིད་ཀྱི་སྤྱི་དོན་ཡིན་ནམ། རང་གི་རྙེད་བཀུར་སྙན་གྲགས་ཆེད་རྩོད་པ་ཡིན་ཆ་མ་འཚལ་བས་རེ་ཞིག་དེ་ཙམ་མོ། །
ཀརྨ་་ཀུན་དུ་གྲགས་པ་འབར་ཞིང་འདོད་དགུའི་ལོངས་སྤྱོར་ཆར་ལྟར་འབེབས། །ཨ་རི་ཧོང་ཀོང་ཐེ་་ཝན་ཀུན་དུ་མ་དངུལ་ཚོགས་པ་བཅུ་གྲངས་མཆིས། །གཟི་བརྗིད་ཆེ་བའི་སྨོན་ལམ་འཚོག་པའི་འོད་ལྡེར་གཅིག་པོས་བོད་ཡུལ་ཁྱབ། །བཙན་བྱོལ་བོད་མིའི་སྤྱི་ཚོགས་མི་ཤེས་ཁང་གླ་ཆད་ན་བུ་ལོན་དེད། །ཞྭ་དམར་འདུག་ཤེས་ཉམས་ཆུང་ཡིན་ཚུལ་འཛམ་གླིང་མཁས་པ་ཀུན་གྱིས་གླེང་། །གོང་ས་མཆོག་ལ་དད་པ་ཡོད་པའི་བདེན་དབང་སུས་ཀྱང་བྱེད་ཐབས་དཀའ། །བཟང་པོར་ངེས་ན་རྒྱབ་རྩ་མི་གཉེར་བདེན་པ་འཛིན་པའི་དཔའ་རྒོད་མིན། །བཀྲ་ཤིས་དགྱེས་རྡོར་དག་སྣང་ཡོད་ན་ཞྭ་དམར་བླ་མ་བསྟེན་པར་འཚལ། །བདག་ནི་སྤྲུལ་སྐུ་བཟང་ པོར་ངེས་པའི་དག་སྣང་སྦྱོང་བའི་སྐབས་ཡིན་ཀྱང་། །བོད་ཀྱི་བསྟན་སྲིད་གཉིས་ལ་གནོད་ན་བསྐྱུར་ཀྱང་རྒོལ་བ་སློང་མཁན་མིན། །རང་གི་དད་ཡུལ་རང གིས་མཆོད་ལས་ཨུ་ཚུགས་ནམ་ཡང་མི་བྱ་ལ། །དད་ལྡན་དགེ་སེམས་སྒྱུར་བའི་སྡིག་ལས་མི་བྱེད་དམ་བཅའ་སྙིང་ལ་བྲིས། །
ལྷག་བསམ་རྒྱ་མཚོས་གོང་དུ་གསལ་སྟོན་ལྟར།
འ་ཛི་གདུང་རྒྱུད་བྱིན་ཆགས་འདི་ཡོད་ན། །
རིགས་རྒྱུད་འདི་ལྷག་བཟང་བ་ཅི་ཞིག་དགོས། །
ཨ་ཙི་སྤྲུལ་སྐུ་མཚར་ལུགས་དེ་ཡོད་ན། །
སྤྲུལ་བསྒྱུར་དེ་ལྷག་སྤྲུལ་ལུགས་ཅི་ཞིག་དགོས། །
འོན་ཀྱང་སེངྒེར་ཁྱི་ཕྲུག་མི་བྱུང་ལྟར། །
རིགས་རུས་གཙང་ལ་བསླབ་ཁྲིམས་སྡོམ་གཙང་དགོས། །
མཁན་བླའི་ཡང་སྲིད་འཁྲུལ་བྲལ་ཡིན་གྱུར་ན། །
མཁས་བཙུན་བཟང་གསུམ་སྤྲུལ་སྐུའི་ཡོན་ཏན་དགོས།
དེ་མིན་སྤྲུལ་རྫུན་སྤྲུལ་སྐུར་བཅོས་འགྱུར་ན། །
དམ་ཉམས་སྲིད་ལ་དམ་སྲིར་སྐྱེས་ཀྱང་སྲིད། །
རང་མེད་གཞན་མེད་འདི་ཕྱི་གཉིས་མེད་ཀྱིས། །
བསྟན་དང་འགྲོ་ལ་མི་ཕན་གནོད་སྲིད་དོ། །
ཕན་དང་བདེ་བའི་འབྱུང་ནས་བསྟན་པ་དར། །
དེ་འཛིན་སྐྱེས་ཆེན་དམ་པའི་སྐུ་བསོད་རྒྱས། །
སྐུ་ཚེ་བསྲིངས་ལ་འགྲོ་བ་བདེ་བའི་རྒྱུ། །
སངས་རྒྱས་བསྟན་པ་ཕྱོགས་དུས་ཀུན་རྒྱས་ཤོག །
ས་ག་ཟླ་བའི་ཚེས་བདུན་གྱི་སྔ་དྲོར་བྲིས།
ལྷག་རྒྱའི་མཆན་བུ་༢༩པ་གོང་གསལ་བཞིན།
ལྷག་བསམ་རྒྱ་མཚོ་ལ་སྤྲིངས་པ།
བཀའ་བརྒྱུད་གོང་མས་དཀའ་བ་སྤྱད་དེ་དམ་པའི་ལྷ་ཆོས་ཉམས་སུ་བླངས། །
བཀའ་བརྒྱུད་བསྟན་པའི་ཆུ་མགོ་གཅིག་པུ་མི་ལ་རས་པའི་རྣམ་ཐར་ལྟོས། །
དེང་སང་དུས་ཀྱི་བཀའ་བརྒྱུད་དག་གིས་ཞྭ་དང་དངུལ་ཁང་སྒོར་མོའི་ཆེད། །
ཆོས་དང་དམ་ཚིག་རྒྱབ་ཏུ་བོར་ཏེ་སྤྲུལ་སྐུ་རྫུན་མའི་རྫོང་ཞིག་ཕབས། །
རྙིང་མ་སྔོན་བྱོན་མཁས་པ་དག་གིས་ཡོ་ག་སྡེ་གསུམ་ཉམས་སུ་བླངས། །
མཁས་གྲུབ་གཉིས་ལྡན་རིག་འཛིན་བརྒྱུད་པའི་རྣམ་ཐར་གཙང་མ་བདག་གིར་བཞེས། །
སྲིད་དང་མ་འདྲེས་ཆོས་བཞིན་བྱས་ཏེ་སྔ་འགྱུར་བསྟན་པ་ཕྱོགས་སུ་ཁྱབ། །
གྲུབ་པ་ཐོབ་པའི་དམ་པ་གོང་མས་གདོད་མའི་བཙན་ཟ་ཟིན་ལ་ལྟོས། །
དེང་སང་དུས་ཀྱི་རྙིང་རློམ་འགའ་ཡིས་སྤྲུལ་སྐུ་རྫུན་མའི་རྫོང་ཞིག་ཕབས། །
སྔོན་བྱོན་མཁས་པའི་རྣམ་ཐར་གཙང་མ་ལམ་ཁའི་རྡོ་བཞིན་གཡུགས་ནས་སོང་། །
མྱི་ལོ་བརྒྱད་བརྒྱ་དྲུག་ཅུའི་རིང་གི་ལོ་རྒྱུས་ཡོད་པའི་ཀ༔ཐོག་པ། །
བདུད་ཀློང་གཉིས་ལ་མ་ཐུག་བར་དུ་གདན་རབས་གསེར་རིའི་ཕྲེང་བས་བསྐྱངས། །
ཀློང་གསལ་གདུང་སྲས་བསོད་ནམས་སྡེ་བཙན་སྐུ་ཡི་ཡང་སྲིད་ངོས་འཛིན་བྱས། །
དེ་སྤྲུལ་རིམ་པར་བྱོན་པ་རྣམས་ལ་ཀ༔ཐོག་དྲི་མེད་ཞིང་སྐྱོང་ཟེར། །
ལོ་ངོ་སུམ་བརྒྱ་ཡན་ཆོད་དུས་སུ་ཀ༔དཔལ་རྫོགས་ཆེན་ཆོས་སྡེ་རུ། །
སྤྲུལ་སྐུ་ངོས་འཛིན་ལུགས་སྲོལ་འདི་འདྲ་བྱུང་མྱོང་མེད་པ་གསལ་བོ་ཡིན། །
སྲིད་བླ་འགའ་ཡིས་ཆབ་སྲིད་ཆེད་དུ་ཡང་སྲིད་མ་བཙལ་ཐབས་མེད་ཀྱང་། །
ཆོས་བཞིན་སྤྱོད་པའི་རྙིང་རྒན་འདི་ཚོར་སྤྲུ་སྐུས་ཐབས་ཆགས་ཡོད་དོན་མེད། །
ཧ་ཧ། །
ལྷག་བསམ་རྒྱ་མཚོའི་ཕ་རོལ་ཕྱིན་པའི་མཆོག་གི་སྤྲུལ་སྐུ་འཁྲུལ་མེད་པོ། །
སྤྲུལ་སྐུའི་བདེན་རྫུན་འཁྲུལ་མེད་ཤེས་ན་གཏན་གྱི་སྐྱབས་གནས་བསླུ་མེད་པོ། །
ཕན་གནོད་བསམ་བློ་ཡང་ཡང་གཏོང་ཚེ་བླང་དོར་རྨོངས་པའི་མི་རིགས་ལ། །
དྲང་བདེན་ལུང་རིགས་ངོ་སོར་བསྟོད་པ་རྒྱལ་དང་རྒྱལ་སྲས་མཛད་བཟང་ལགས། །
སྣང་སྲིད་སྤྲུལ་བའི་དཀྱིལ་འཁོར་མཐོང་ན་ནག་པོའི་ཆོས་བཞི་རྩ་ནས་སྤངས། །
བླང་དོར་མཁྱེན་པའི་དཔྱོད་ལྡན་ཡིན་ན་ངེས་ཤེས་སྒྲོན་མེ་ནང་ནས་འབར། །
ཁྱོད་ཀྱི་འདོད་པའི་བསོད་ནམས་འདི་ཚོ་ཁ་ཆེའི་ལ་དོན་འདོད་པ་རེད། །
རྒྱལ་བ་བརྒྱུད་པའི་བསྟན་འཛིན་དེ་ཚོར་ཆོས་བརྒྱད་སྒྲུབ་པའི་ཁུངས་སུ་དྲངས། །
རྒན་མོ་ཁྱི་སོའི་སངས་རྒྱས་ཐོབ་པའི་གནའ་གཏམ་ཞིག་གི་ལུང་རིགས་པོ། །
དད་པ་དག་སྣང་རང་ལ་ཡོད་ན་ལྷག་བསམ་རྒྱ་མཚོ་ཁྱོད་འདྲ་ཡང་། །
ང་ཡི་བཤད་པའི་ལུང་གི་རྒྱབ་སྐྱོར་ཕ་མགོ་བུ་གཡོག་གཅིག་མཚུངས་ཡིན། །
རྫུན་མ་ཚང་མ་དེ་འདྲ་མིན་ནོ་དེང་དུས་གཞིས་བྱེས་ལས་ལ་ལྟོས། །
དེ་ལ་དམིགས་པའི་ལས་ངན་དེ་ཡང་བསོད་ཟད་བྱས་པ་ཉུང་ཉུང་མིན། །
རྡོར་མཆེད་ནང་འཁྲུག་དམ་ཉམས་ཚོགས་པ་འཛམ་གླིང་ཁྱབ་པ་ཉུང་ཉུང་མིན། །
བླ་མ་དམ་པ་དགྲ་ལྟར་མཐོང་བའི་དེང་དུས་སྤྱི་ཚོགས་ཁྲེལ་མེད་པོ། །
དམ་པ་གོང་མའི་ཕྲིན་ལས་ཡིན་ན་ལྷག་བསམ་མཆོག་གི་འདོད་སྨོན་གྱིས། །
ས་དགེ་བཀའ་རྙིང་ཁ་ལ་ཁྱེར་བའི་གཟིག་ལྤགས་གྱོན་པའི་སྤྲུལ་རྫུན་ཚོ། །
ཁ་ཆེའི་ལ་དོན་ལ་རྒྱ་ཇི་བཞིན་དེང་དུས་གངས་རི་ཆོས་སྲིད་ལས། །
ཡེ་ཤུ་རྒན་པོ་སྙིང་བརྩེ་མཆོག་ལ་དམན་པ་བདག་ནི་ཡི་རངས་ཐལ། །
བྱམས་བརྩེ་མེད་པའི་སྤྲུལ་རྫུན་དེ་ཚོ་བདུད་དང་དམ་སྲིའི་དམག་དཔུང་ལགས། །
ད་དུང་ལྷག་བསམ་ལུང་རིགས་ཡོད་ན་རྨོངས་པ་ང་ཚོར་ཤིན་ཏུ་མཁོ། །
འོད་སྡེར་རྒྱུ་ལ་ངོ་སོ་མ་འདོན་དེང་དུས་གར་མཁན་དེ་ལས་ལྷག །
ཆགས་སྡང་བསྟན་པ་ཡང་དག་མ་བལྟ་ཕྱི་རོལ་མུ་སྟེགས་ཕྱོགས་ལ་ཉེ། །
རྒྱལ་བ་གོང་མའི་རྒྱབ་ཤ་གྱོན་ན་ལེགས་ཉེས་གང་ཡིན་ལེགས་དཔྱོད་གྱིས། །
ལྷག་བསམ་ཡོད་མེད་རང་ལ་དྲིས་ཡོད་དྲན་ཤེས་བག་ཡོད་རང་བློ་གཙང་།
དགྱེས་རྡོར་ངན་སོང་གཏིང་རྡོར་གྱུར་ཀྱང་འགྱོད་པ་སྐད་ཅིག་ཙམ་ཡང་མེད། །
བསྟན་དང་བསྟན་འཛིན་སྤྱི་ལ་ཕན་ན་དགེ་ཚོགས་མ་གྱུར་འགྲོ་ལ་བསྔོ། །
བསྟན་དཀྲུག་གྱོད་ཀྱི་ཕུང་པོ་ཡིན་ན་དགྱེས་རྡོར་ད་ལྟ་གསོད་ཀྱང་ཆོག །
དཔལ་དགྱེས་ཚང་བདེན་གི་ཡ། དངོས་གནས་ཡག་པོ་བྲིས་བཞག
སྤྲུལ་སྐུ་དང་ལམ་ལུགས་ནས་བྱུང་བའི་སྤྲུལ་སྐུ་གཉིས་ཀྱི་ཁྱད་པར་འབྱེད་ཐུབ་པ་གལ་ཆེ།
འཇམ་དཔལ་མཚན་བརྗོད་ལས།
སངས་རྒྱས་ཀུན་གྱི་སྤྲུལ་བའི་སྐུ།།
བྱེ་བ་དཔག་མེད་འབྱེད་པ་པོ།།
སྐད་ཅིག་ཐམས་ཅད་མངོན་པར་བྱེད།།
སེམས་ཀྱི་སྐད་ཅིག་དོན་ཀུན་རིག །
ཅེས་གསུངས་པ་ལྟར་གདུལ་བྱའི་ཁམས་དང་མོས་པ་བག་ལ་ཉལ་བ་ལ་སོགས་པ་དང་མཐུན་པར་ཟླ་བ་ནམ་མཁར་གནས་ཀྱང་གཟུགས་བརྙན་ཆུ་སྡོད་དུ་འཆར་བ་བཞིན་ཉ་སྲམ་ལ་སོགས་པ་ལྟ་བུ་སྤྲུལ་བ་སྣ་ཚོགས་བསྟན་ནས་འགྲོ་དོན་བྱས་དང་བྱེད་བཞིན་ཡོད་མོད།
འོན་ཀྱང་སྤྲུལ་སྐུའི་ལམ་ལུགས་བོད་དུ་ཀརྨ་པཀྵི་སོག་པོ་ནས་གཤེགས་པའི་ཡང་སྲིད་རང་བྱུང་རྡོ་རྗེ་ངོས་བཟུང་། དེ་ནས་བོད་དུ་སྤྲུལ་སྐུའི་ལམ་ལུགས་དར་སོ་ཆེན་པོ་བྱུང་། འདིའི་ཐད་ནས་སྤྲུལ་སྐུ་དང་སྤྲུལ་སྐུའི་ལམ་ལུགས་ཀྱི་དབྱེ་བ་མང་ཚོགས་ཀྱིས་མ་ཤེས་པར་དཀའ་ངལ་མང་པོ་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། གཙང་བླ་རྟ་ནག་ཅན་ཟེར་བ་འདྲ་བོ་རང་གཞན་གཉིས་ཕོང་གི་ལོ་རྒྱུས་འདྲ་མིན་བྱུང་བ་ཡི་ཆད་པའི་གནས་མ་རེད་དམ། ནང་ཆོས་ཀྱི་གོ་རྟོགས་གང་འཚམ་ཡོད་མཁན་ཚོས་འཁུར་བླངས་ཏེ་བགྲོ་གླེང་ལྷུག་པོར་གནང་ཐུབ་ན། མ་འོངས་པར་གྲུབ་འབྲས་མི་དམན་པ་ཞིག་འབྱུང་བ་གདོན་མི་ཟ། དཔེར་ན། མུ་བཞིའི་ལྟ་སྟངས་ཀྱིས་དཔྱད་ན།
༡》 སྤྲུལ་སྐུ་ཡིན་ལ་སྤྲུལ་སྐུའི་མིང་མེད་པའི་མུ་ནི་སྟོན་པའི་ཉའི་སྐྱེས་པ་བཞེས་པ་ལྟ་བུའོ།།
༢》 སྤྲུལ་སྐུ་མིན་ལ་སྤྲུལ་སྐུའི་མིང་ཡོད་པའི་མུ་ནི་གཙང་བླ་རྟ་ནག་ཅན་ལྟ་བུའོ།།
༣》 སྤྲུལ་སྐུ་ཡིན་ལ་སྤྲུལ་སྐུའི་མིང་ཡང་ཡོད་པའི་མུ་ནི་ཀརྨ་རང་བྱུང་རྡོ་རྗེ་ལྟ་བུའོ།།
༤》 སྤྲུལ་སྐུ་མིན་ལ་སྤྲུལ་སྐུའི་མིང་ཡང་མེད་པའི་མུ་ནི་ཞོགས་དུང་ལྟ་བུ་སྟེ་མུ་བཞིའི་ལྟ་སྟངས་བྱས་ན་སྐྱོན་མང་ཤོས་མུ་གཉིས་པ་ལས་འབྱུང་གི་ཡོད། དེ་ནི་གཙོ་བོ་དཔལ་འབྱོར་གྱི་ཁེ་ཕན་ལ་ཐུག་བསྡད་ཡོད་པ་རེད། འདིའི་ཐད་དགག་བཞག་སྤུངས་གསུམ་བྱེད་ཐུབ་ན་བསྟན་པའི་གད་དར་དང་ཆོས་བྱེད་པའི་སྐྱོན་ལ་སྣག་ཐོག་ཁབ་གཙགས་ལ་འགྱུར་ངེས་ཡིན།
ཡ།
བཀྲ་ཤིས་མི་ཤེས་ངོ་སོ་མི་དགོས་ངེས་ཤེས་ཡོད་ན་ཁྱོད་རང་རྒྱལ་ལོ། །
ལྷག་བསམ་རྒྱ་མཚོས་ལམ་སྟོན་མི་དགོས་སི་ཞྭ་གཉིས་ལ་ཞེན་པ་ལོག་ཡོད། །
བསྟན་པ་རྣམ་དག་སྒྲུབ་འདོད་ཡོད་ན་སྡོམ་གསུམ་རྣམ་ངེས་ཡང་ཡང་གཟིགས་ཤིག །
རང་བཙན་དག་མ་ཐོབ་འདོད་ཡོད་ན་མི་རིགས་ཚང་མ་འདྲ་མཉམ་གྱིས་དང་། །
འགྲོ་བ་མི་ཡི་ཐོབ་ཐང་བསམ་ན་ཆོས་ལོངས་སྤྲུལ་སྐུར་རྟོག་བཟོ་སྤོངས།་ཤིག །
རྡོ་རྗེ་འཆང་གི་སྐུ་ཕྲེང་གསུམ་པ་ཐེམ་རྟགས་ཡིག་ནོར་ཆ་ཚང་ཡོད་འདུག །
སི་ཏུའི་ལུས་དྲོད་མ་ཡལ་སྲུང་ཁུག་ཆུ་འཇིག་གདམས་ཆོས་ཏག་ཏག་ཡོད་ཟེར། །
བཟོ་གྲྭ་ཆེ་ཆུང་དགོན་སྡེ་ཀུན་ལ་ལས་ཤོག་འདྲ་འདྲ་ཀུན་ལ་ཡོད་པས། །
ཡོད་ཡོད་འདོད་པ་སྤྲུལ་སྐུ་མ་ཡིན་དམ་ཆོས་བཤད་སྒྲུབ་སྣང་བས་འཛིན་དགོས། །
ཕྱི་གླིང་ཡུལ་དུ་གསེར་གྱི་གནམ་ཐང་དཔལ་འབྱོར་དཔོན་པོ་ང་ཡིན་ཟེར་བ། །
དམ་ཆོས་བཤད་སྒྲུབ་མཛད་པ་མེད་པས་ནང་འཁྲུག་ཟིང་ཟིང་རྒྱུན་ཆད་མི་འདུག །
དེས་ཤན་ནང་འཁོར་བོད་ལ་བྱུང་ན་བོད་བརྒྱུད་བསྟན་པ་གཞི་ནས་གཏོར་ཚར། །
རེ་ཆེ་མཐེ་བོང་གནམ་ལ་བསྟན་ནས་སྐུ་སྒེར་གྲུབ་མཐའ་རིས་མེད་ཀུན་ལ། །
སྤྲུལ་རྫུན་བསྟན་པ་རྩ་ནས་གཏོར་བའི་བཀའ་གྲོས་ཡང་དག་གནང་བར་ཞུའོ། །
སྔོན་བྱོན་དམ་པའི་ཕྲིན་ལས་ཇི་བཞིན་ད་ལྟ་མི་འབྱུང་ཆོས་ཉིད་ཡིན་ཡང་། །
རང་མགོ་མི་སྐོར་ཕྱི་ཐག་རིང་མོས་བསྟན་པ་ཡང་དག་ཐུགས་བསམ་བཞེས་རོགས། །
ཤྲྰིས་གུས་ཕུལ། །
ད་ཁྱེད་རྣམ་པས་ཚིག་དོན་ལེགས་པའི་ལེགས་བཤད་མང་པོ་གནང་སོང་། ངས་དེ་འདྲ་མི་ཤེས་ན་ཡང་བསམ་ཚུལ་ཞིག་འདིར་ཞུ་འདོད། ངོ་མ་སྐུ་སྒེར་ཡིག་ཚང་གིས་སྤྲུལ་སྐུ་ངོས་ལེན་གྱི་རྒྱབ་གཉེར་མང་པོ་ཞིག་གནང་གིན་འདུག་པ་འདིས་ཕན་ལས་གནོད་ཆེ་བ་འདྲ་བས་དགོངས་པ་བཞེས་དགོས་ས་རེད།
ཨོ་ལགས་སོ། །
if you have proof of an incarnation, the dalai lama office gives you a support letter, of course this a facility of an office! you know that?
སྤྲུལ་སྐུའི་ཚད། བསྟན་འཛིན་སྐུ་སྐྱེས་ཤིག་ཡིན་ན། །བཤད་སྒྲུབ་ལག་རྗེས་ཤིག་དགོས་སོ། །མ་རེད་དམ།
ཁྱོད་ཀྱིས་སྤྤྲུལ་སྐུ་ལ་དགག་པ་རྒྱབ་པ་དང་ཞོགས་དུང་གིས་ནང་ཆོས་ལ་དགག་པ་རྒྱབ་པ་གཉིས་ལ་ལྕི་ཡང་ཞེ་དྲག་མེད་པ་རེད། གཉིས་ཀས་སྐྱོན་གྱི་སྣེ་མོ་ཞིག་ལ་ཤི་འཐམ་རོ་འཐམ་བྱས་ནས་དགག་པ་རྒྱབ་ཀྱིན་འདུག འགའ་ཤས་ཀྱིས་ནི་གཞན་གྱི་ཕུན་ཚོགས་མི་བཟོད་པའི་ཕྲག་དོག་གིས་དབང་གིས་ཀྱང་ཁ་དང་སྣ་ལབ་གིན་ཡོད་རེད།
དེང་སང་སྐྱབས་བཅོལ་དུ་ཡོད་པའི་རྒྱུ་དབང་གཉིས་འཛོམས་ཀྱི་དབང་འཛིན་པ་འགའ་རེའི་རང་གི་བུ་དང་། སྤུན་མཆེད་དག་གི་བུ་རྣམས་སྤྲུལ་སྐུ་དང་། བུ་མོ་ཡོད་ཚད་རིགས་བཟང་གི་མཁའ་འགྲོ་མར་བཟོས་ནས་བསླབ་ཁྲིམས་ལྡན་པ་ག་ཚད་ཀྱི་བཀའ་ཕབས་
འདུག དངོས་གནས་སེམས་པ་སྐྱོ་དགོས་ས་རེད། དབང་ཆེན་དཔོན་པོའི་བུ་ཚ་སྤྲུལ་སྐུ་དང་།།
བུ་མོ་ཡོད་ཚད་རིགས་བཟང་མཁའ་འགྲོ་མ།།
བཟོས་པའི་སྣང་ཚུལ་འདི་དག་མཐོང་བའི་ཚེ།།
མཚན་མོ་ཉལ་ཐུལ་ནང་ནས་བགད་མོ་འཆོར།།
རྡོ་རྗེ་ལགས།
ཡོངས་གྲགས་ཀྱི་མཚན་གཞི་ཁ་ཤས་སྟོན་དང་། ལྷག་པར་བུ་མོ་ཡོད་ཚད་རིགས་བཟང་མཁའ་འགྲོ་མ་ཡིན་པ་སུ་སུ་རེད། བལྟ་ན་འདོད། ཧ་ཧ་ཧ་ཧ་
མཚམས་འདིར་ངེས་དངོས་འབྲེལ་ཡིན་མིན་མ་ངེས་ཀྱང་ང་རང་གི་གོ་ཚོད་ཀྱི་སྒྲུང་ཐུང་ཐུང་ཞིག་ཞུ་འདོད་སྐྱེས།
ས་སྐྱ་གོང་མའི་གདུང་སྲས་ཆུང་བ་སྐུ་ན་མ་སོན་གོང་དགེ་སློང་ཞིག་རེད་འདུག རྗེས་སུ་སུ་སི་གཞིས་སྡོད་བྱེད་པའི་བུ་མོ་༼མིང་མི་ཤེས༽ ཞིག་དང་དགའ་པོ་ཆགས་ནས་དེ་དང་འབྲེལ་བ་བྱུང་ནས་སྔགས་པ་༼གྲྭ་པ་ལོག༽བཟོས། དེའི་སྐབས་གདུང་སྲས་ཆུང་བའི་མ་ཡུམ་གྱིས་མོ་ལ་ཁ་པར་བརྒྱུད་ནས་ཁྱོད་རང་གལ་ཏེ་ས་སྐྱའི་བདག་མོ་ཞིག་བྱེད་འདོད་མཆིས་ཚེ་འདིར་རྡེ་ར་རྡུན་ལ་ཚུར་ཡོང་དགོས་ཚུལ་བཤད་སྐབས། མོས་ང་ཕར་ཡོང་འདོད་མེད། གལ་ཏེ་ཁོང་ང་ལ་དགའ་པོ་ཡོད་ན་འདིར་ཚུར་ཡོང་ནས་སྐྱ་སར་བབ་ནས་མཉམ་དུ་ལས་ཀ་བྱེད་ནས་ཉིན་རེའི་འཚོ་བ་བསྐྱལ་ན་འགྲིགས་ཞེས་ལན་བཏབ་པ་རེད་ཅེས། ཁོ་བོས་ཐོས། སྐབས་དེར་དངོས་གནས་ང་མོ་ལ་ཡི་རང་སྐྱེས་བྱུང་། འོན་ཏང་རྗེས་སུ་མོ་རྡེ་ར་རྡུན་ཡོང་ནས་སྔགས་པ་གཟན་དཀར་ཅན་དེའི་མཁའ་འགྲོ་མ་ཆགས་ཚར་འདུག ཧ་ཧ། ཟ་ཉལ་བྱེད་ནས་འདུག་འདོད་མོ་ལའང་ལོས་ཡོད།
མོ་ཡང་བླ་མ་ཞིག་གི་སྲས་མོའམ་སྤུན་མཆེད་ཅིག་རེད་ཅེས་ཐོས།
མོས་པར་ཞིག་ང་ལ་ཡོད་པས་ཁྱེད་ཚོ་ལ་གཅིག་བསྐུར་ན་གཞན་གྱིས་བཀའ་བཀྱོན་ཡོང་དོགས་ཆེ།
ཇི་སྐད་དུ། རྒྱལ་དབང་ལྔ་ཆེན་པོའི་ཞལ་ནས།
བླ་ཆེན་བཟང་རྫུ་མཁས་པའི་ཏལ་སྒྲ་ལ། ཡིད་བརྟན་མི་ཚེ་སྟོང་ཟད་མཆོར་མཆོངས་ནས། །མི་ལུས་དུད་འགྲོའི་འདུ་ཤེས་རང་མཚང་ལ། །མི་ཁྲེལ་སུ་ཞིག་ཟ་ཧོར་རིག་སྔགས་འཆང་། ། ཞེས་དང་། སྐྱེས་སྤྲུལ་མིང་གིས་དཀའ་བའི་གནད་མི་རྟོགས། །རིགས་རུས་ཙམ་གྱིས་མཐུ་ནུས་ག་ལ་ཞིག །འཆལ་སྤྱོད་ཆང་བཟི་གྲུབ་ཐོག་ཞིག་པོ་མིན། །ངུར་སྨྲིག་མཛེས་ཀྱང་གཞན་སྣང་བསྒྱུར་ཐབས་ཙམ། །ཞེས་སོགས་གསུངས་ཤིང་། གཞན་ཡང་རང་རྣམ་དུ་ཀུ་ལའི་གོས་བཟང་ནང་དུ་བོད་ཀྱི་ཡང་སྲིད་ལམ་ལུངས་དང་གདུང་བརྒྱུད་ལམ་ལུགས་གཉིས་ལ་ཐུགས་མི་དགྱེས་གསུང་གསལ་བོ་ཡོད་པ་རེད།
རྒྱལ་དབང་ལྔ་པས་གདུང་བརྒྱུད་ལམ་ལུགས་ལ་ཐུགས་མི་དགྱེས་ཚུལ་གསུངས་མེད་པར་དེ་ལས་ལྡོག་སྟེ་ནི་ཕ་ཤུལ་བུས་འཛིན་བག་བྲོ་བོ་ཞིག་ཡོད་གསུངས་ཡོད། སྐུར་འདེབས་མ་བྱེད།
ཧ་ཧ། བཀྲ་ཤིས་ཁྱོད་རང་ཡང་མོ་སྣང་བ་འགྲོ་མྱོང་ཡོད་པ་འདྲ། ད་པར་མ་ཉར་དཀའ་ལས་ཁག་རྫས་རང་རེད།
ཀརྨ་པ་གཉིས་ལས་སི་ཏུའི་ཀརྨ་པ་༧གོང་ས་མཆོག་རྒྱབ་སྐྱོར་ཡོད་པས་ཕལ་ཆེར་སི་ཏུའི་ཀརྨ་པ་དབུ་འཕང་མཐོ་ཙམ་འདུག
བདུད་འཇོམས་གཉིས་ལས་བོད་ཀྱི་བདུད་འཇོམས་བྱ་བྲལ་སངས་རྒྱས་རྡོ་རྗེ་རྒྱབ་སྐྱོར་ཡོད་པས་ཕལ་ཆེར་བོད་ཀྱི་བདུད་འཇོམས་དབུ་འཕང་མཐོ་ཙམ་འདུག
གདུས་སྲས་གཉིས་ལས་ས་སྐྱ་གོང་མ་རྒྱབ་སྐྱོར་ཡོད་པས་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་དབུ་འཕང་མཐོ་ཙམ་འདུག
མདོར་ན་གོང་མའི་སྐྱེ་སྲིད་ངོ་མ་ཡིན་མིན་དང་བསྟན་འགྲོར་ཕན་མིན་མ་ལྟོས་པར་རྒྱབ་སྐྱོར་སུ་ཆེ་ཡིན་པ་མཐོང་གི་འདུག་ག་དྲ་གྲོགས་ཚོ།
མཚམས་དེར་དོན་གྲུབ་རྒྱལ་གྱི་སྤྲུལ་སྐུའི་སྒྲུང་ཐུང་ལ་ཕྱིར་དྲན་ཐེངས་ཤིག་བྱེད་དགོས་བྱུང་།
རྒྱལ་དབང་ལྔ་པས་གདུང་བརྒྱུད་དང་སྐྱེ་སྲིད་ཀྱིས་བསྟན་པ་འཛིན་པ་འདི་རྒྱ་གར་ན་མེད་ཀྱང་བོད་ལ་འདི་འདྲའི་ལུགས་ཤིག་ཡོད་པར་གསུངས་ཡོད། ཡི་གེ་ཀློག་ཚོད་མེད་ཀི
མོའི་པར་འདི་ན་ནང་ང་ལ་གཅིག་གིས་སྤྲད་སོང་། ས་སྐྱ་ཚང་གི་རིག་མ་རེད་མཛེས་ཡིན་པའི་སྐད་གྲགས་ཡོད་རེད་ཟེར། ངའི་རྩིས་འཕྲུལ་ནང་ག་ཤེད་ཅིག་ན་ཉར་ཡོད་བསམ་སོང་།
སྟོན་པ་བླ་མེད་སངས་རྒྱས་མཆོག་ནི་འཇིག་རྟེན་ཁམས་སུ་ཕེབས་པའི་ཉིན། །
བསྟན་པ་རྣམ་དག་བཤད་སྒྲུབ་མཛད་རྣམས་འདི་བདེ་ཕྱི་སྐྱིད་དུས་ཆེན་ཡིན། །
དགེ་འདུན་ཡང་དག་བསླབ་གསུམ་ལྡན་ལ་མི་ཕྱེད་དད་པས་རབ་ཏུ་འདུད། །
གཞིས་བྱེས་བོད་པའི་འདུག་ཆོས་འབད་ན་བསམ་བཟང་སྤྱོད་པ་ཀུན་གྱིས་མཛོད། །
ཨ་རིའི་ཨོཁལཧོམ་ཞེས་པའི་ས་གནས་སུ་སེར་བ་ཁུ་ཚུར་ཙམ་བབས་པའི་གློག་བརྙན་ལ་གཟིགས།
http://news.yahoo.com/video/us-15749625/hail-storm-hits-oklahoma-19917666#video=19917666
ཁ་བརྡ་ཚང་ལགས།
ད་ནི་རིམ་བཞིན་ཉུང་རུ་བཏང་མཐར་འཇའ་ལུས་ཆོས་སྐུ་ཆེན་པོ་ས་ལ་གཤེགས་རྒྱུ་ཡིན་པ་འདྲ།
གྲོགས་རྩམ་གཟན། ཁྱོད་ཀྱིས་ཅི་ཞིག་བཤད་གིན་ཡོད། ངས་མ་གོ་ཐལ། དངོས་གནས་ཡིན།
ཁ་བརྡ་ཚང་གི་རྩོམ་ཚང་མ་བསུབ་འགྲོ་གི་འདུག ༦༠ རེ་གྲངས་ནས་འདི་ཙམ་བར།
མཆན།༣༣༽ བཀྲ་ཤིས་ལགས་ལ་ཕུལ་བ། ཨེ་མ། བཤད་བརྒྱུད་འཛིན་པའི་ཀ་ཆེན་བཅུ་དང་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད། །མཁས་དངགྲུབ་པའི་སྐྱེས་བུ་་རིམ་བྱོན་སོར་བཅུ་སྙིང་གར་བཀོད་ནས་བསྟོད། །སྤྲུལ་སྐུ་རྫུན་མིའི་རྫོང་ཆེན་བྱུང་ན་བདེན་པའི་རིན་ཐང་ཇེ་མཐོར་འགྲོ། །སྲིད་པ་འདི་ན་ཆེས་ཆེར་ཉུང་ལ་དཀོན་མཆོག་ཞེས་སུ་གྲགས་མིན་ནམ། །ཀཿཐོག་མཁན་རབས་བླ་རབས་རྨོག་རབས་བཅུ་གསུམ་གསེར་གྱི་ཕྲེང་བ་དེ། །དབོན་པོར་གྲགས་པའི་གདུང་གིས་བསྐྱང་པ་ཁོ་ཚོའི་ལོ་རྒྱུས་ནང་དུ་བཞུགས། །བུ་དང་ཚ་བོ་སྤྲུལ་སྐུར་གྲགས་པ་ཉིད་ཀྱི་དགག་བྱར་དམ་བཅས་བཞིན། །ད་དུང་ཞིང་སྐྱོང་སྤྲུལ་སྐུར་བསྟོད་པའི་འགལ་བ་ཕྱག་གིས་སེལ་བར་མཛོད། །དཔལ་ཡུལ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཀཿཐོག་བསོད་ནམས་ལྡེའུ་བཙན་ཞབས། །རྫོགས་ཆེན་པདྨ་རིག་འཛིན་ལ་སོགས་ལོ་ངོ་སུམ་བརྒྱའི་སྔོན་དུ་བྱོན། །དེ་སྔར་རྙིང་མར་སྤྲུལ་སྐུ་མེད་པའི་སྒྲུབ་བྱེད་རི་བོང་རྭ་ལ་དྲིས། །སྲིད་དོན་གཉེར་ལ་སྤྲུལ་སྐུས་གནོད་ན་རང་ས་ཉིད་དུ་བཞག་ན་ཆོག །སྤྲུལ་སྐུ་མི་ཤེས་ནང་པ་མིན་ན་སྐྱོན་བརྗོད་བྱས་ཀྱང་རང་དབང ཉིད། །དད་པ་ཅན་ཀྱི་སེམས་རྒྱུད་དཀྲུགས་ན་ཐེག་ཆེན་ཆོས་དང་མ་འགལ་ལམ། །ཤེས་རབ་རལ་གྲིའི་སོ་རྒྱབ་མ་ནོར་བཀྲ་ཤིས་གྲགས་པའི་ལ་རྒྱ་ཅན། །ལྷག་བསམ་རྒན་བུས་སོ། །
ལྷག་བསམ་རྒྱ་མཚོ་ལགས། མི་འགྱུར་རྡོ་རྗེ། པདྨ་རིག་འཛིན། བསོད་ནམས་སྡེ་བཙན། ཞེ་ཆེན་རབ་འབྱམས་པ། འདི་དག་སྐུ་ཕྲེང་དང་པོ་སྤྲུལ་སྐུ་མ་རེད། སྐུ་ཕྲེང་གཉིས་པ་ནས་སྤྲུལ་སྐུའི་མིང་ཐོགས་ནི་རེད། ལོ་སུམ་བརྒྱ་ཡན་ཆད་ཀྱི་ལོ་རྒྱུས་ཆེར་མེད། རྒྱལ་དབང་ལྔ་པ་དང་ཧ་ལམ་དུས་མཉམ་དུ་བྱུང་བའི་བླ་ཆེན་ཁག་གཅིག་གི་ཡང་སྲིད་ངོས་འཛིན་བྱས་ཏེ་རིམ་པས་སྲོལ་ངན་རྙིང་མའི་ཆོས་བརྒྱུད་ནང་དུ་དར་ཁྱབ་བྱུང་བ་རེད།
གྲོགས་པོ་མཁན་ཆེན་དཔལ་དགྱེས་དང་བཀྲ་ཤིས་སོགས་ལ་རྩེ་མཚར་དུ་སྤྲིངས་པ།
ཁོ་བོ་བྱང་ཆུབ་སེམས་དང་མཉམ་དུ་སྐྱེས།།
ཤེས་རབ་ཟབ་མོའི་གྲོགས་དང་མཉམ་དུ་འཚར།།
མདོ་རྒྱུད་རྒྱ་མཚོའི་དཀའ་བའི་གནས་ཀུན་ལ།།
སྦྱངས་པའི་ཚེ་ན་བློ་གྲོས་གཞན་ལས་མྱུར།།
གང་ཚེ་ཁོ་བོ་མངལ་ལས་སྐྱེས་པའི་ཚེ།།
མཚན་མོའི་མུན་པ་འཇའ་འོད་སྣང་བས་བསལ།།
སྐབས་དེར་ཡུལ་མི་ཀུན་ལ་མཐུན་སྣང་དུ།།
སྔར་མེད་སེམས་ཀྱི་བདེ་སྐྱིད་ཐོབ་ཅེས་གླེང་།།
བྱིས་པའི་དུས་ནའང་དམ་པའི་སྤྱོད་པ་ལ།།
བླ་དཔོན་དུ་མས་དད་པའི་སྤྱན་ཆབ་བསིལ།།
འདི་ཡི་ལྷན་སྐྱེས་བྱམས་དང་སྙིང་རྗེ་ཡིས།།
སྒོམ་ཆེན་དུ་མ་སྐྱེངས་སུ་བཅུག་ཅེས་གསུངས།།
ངས་ནི་སྔོན་ཀྱི་སྐྱེ་བ་དུ་མ་དྲན།།
སྔོན་འགྲོ་བློ་སྦྱོང་སོགས་ནི་མ་བསླབས་ཤེས།།
ཅང་མེད་དབུལ་ཕོངས་ཁྱིམ་དུ་སྐྱེས་ན་ཡང་།།
དམ་པ་དུ་མས་དམ་པར་ངོས་འཛིན་མཛད།།
ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི།།
གཞུང་ལུགས་ཀུན་ལ་དད་པ་བརྟན་པོས་སྦྱངས།།
དེ་ཡི་མཐུ་ལས་ཆོས་ལ་ཆོས་ཀྱི་མིག།
ལེགས་པར་ཐོབ་ནས་དལ་འབྱོར་དོན་ཡོད་བྱས།།
མདོ་རྒྱུད་མན་ངག་སྙིང་པོའི་དོན་ལ་མཁས།།
རང་སེམས་རྩ་བ་ཆོད་པས་གྲུབ་པ་ཐོབ།།
བྱང་ཆུབ་སེམས་མཆོག་འབྱོངས་པས་བཟང་པོ་ཡིན།།
འཁོར་སློབ་ཆོས་མིག་དག་པས་གདུལ་བྱ་འདུལ།།
ང་ལ་མངོན་སུམ་ཉིད་དུ་གང་གྱུར་གྱུར་པའི།།
གཞན་ལས་བླ་ན་འབར་བའི་ཁྱད་ཆོས་དག།
གལ་ཏེ་མི་ཆོས་བླ་མའི་རྫུན་ཡིན་ན།།
འོ་ན་སུ་ལ་སུ་ཡིས་དཔང་པོ་བྱེད།།
སྐྱེ་བ་དྲན་ཅིང་སྦྱངས་པ་དྲན་པ་དང་།།
དེ་དང་མཐུན་པར་ངོས་འཛིན་གནང་བ་ལ།།
རྫུན་མ་ཞེས་སུ་ཨུ་ཚུགས་བྱེད་དྲགས་ན།།
རང་བློ་རྫུན་མར་གྱུར་ལས་གཞན་ཅི་ཡོད།།
ཞི་ལ་ཞི་དང་ཁྲོ་ལ་ཁྲོར་སྟོན་ཞིང་།།
ཆགས་ལ་ཆགས་པ་འབར་བར་སྟོན་པ་སོགས།།
མདོ་ལས་དོན་སྤྱོད་ཞེས་དང་གསང་སྔགས་ལས།།
ལས་བཞིའི་ཕྲིན་ལས་སྒྲུབ་ལ་མཁས་ཞེས་བསྔགས།།
དབང་གི་ཕྲིན་ལས་གྲུབ་པའི་མངོན་རྟགས་སུ།།
ཟས་ནོར་ལོངས་སྤྱོད་འཁོར་དང་བུ་སློབ་སོགས།།
སྤྲིན་བཞིན་སྡུད་ལ་གལ་ཏེ་ཕྲག་དོག་ན།།
སྐྱེ་བ་གཞན་དུ་ཡང་ཕྲག་དོག་ཁོ་ནས་འཚོ།།
སྤྲུལ་པའི་སྐུ་ལ་འདྲ་དང་འབྲེལ་བ་དང་།།
བྱིན་གྱིས་བརླབས་དང་སྐྱེ་བ་ངོ་མ་སོགས།།
དོན་གཟིགས་མཁྱེན་ལྡན་རྣམས་ཀྱིས་བསྟན་འགྲོའི་ཆེད།།
ངོས་འཛིན་མཛད་པ་ཀུན་ཀྱི་སྤྱོད་ཡུལ་མིན།།
ཞི་བ་ལྷ་ཡི་ལེ་ལོའི་སྤྱོད་པ་ལ།།
པཎ་ཆེན་ལྔ་བརྒྱས་གཟིགས་ཚུལ་ནོར་བ་འདི།།
དོན་གཟིགས་གྲུབ་བརྙེས་རྣམས་ཀྱི་མཛད་ཚུལ་ལ།།
ཁ་ཚོན་གཅོད་རྒྱུ་མེད་པའི་གཏན་ཚིགས་ཡིན།།
རང་གི་བློ་ཡི་ཡུལ་ལས་འདས་ཚད་ཀུན།།
གལ་ཏེ་རྫུན་ན་ཁྱེད་ལ་ཁྱེད་ཉིད་དང་།།
ཆུང་མ་གྲོགས་པོ་ལ་སོགས་འགའ་ཞིག་ལས།།
བདེན་པའི་སྐྱེ་བོ་མེད་པས་གཟབ་པར་འཚལ།།
གྲོགས་པོ་རྣམ་པ། དེ་རིང་དུས་ཚོད་མེད་པས་རྩེད་མོའི་མགོ་གླེང་ཙམ་ཡིན། དུས་ཚོད་ཡོད་སྐབས་རིགས་པས་འཕུལ་རེས་ཞིབ་ཏུ་བྱེད་ཆོག དེ་ནས་ང་ཚོ་སྤྲུལ་སྐུ་ཡིན་ཟེར་མཁན་ཚོ་དང་། ཁྱེད་ཚོ་སྤྲུལ་སྐུ་ཁས་མི་ལེན་མཁན་ཚོའི་བར་ལ་ཁྱད་པར་ཅི་ཡོད་ཤེས་པར་འགྱུར་ངེས་ཡིན། ཁ་དྲོ་ཚེ་རིང་།
ཧ་ཧ་ཧ།
༄༅། ། དགྱེས་རྡོར་གཏམ་ཀྱིས་བསྐུལ་བའི་བྲག་ཆའི་སྒྲ། ཨེ་མ་དེང་དུས་བོད་ཀྱི་བློ་གསལ། །ཤེས་ཡོན་རིགས་པའི་ཆང་གིས་བཟི་བས། །བྱུང་རྒྱལ་གཏམ་གྱི་ཆུ་སྐྱུར་སྐྱགས་པར། །དགའ་སྐྱོའི་སྣང་བ་འགྲན་བཞིན་ཤར་སོང་། །མཁན་སྤྲུལ་གཉིས་ཀྱི་ཐོབ་ཐང་རྩོད་པ། །བཀའ་བརྒྱུད་རྙིང་མའི་ནང་ན་གསར་བ། །མཁན་གདུང་གཉིས་ཀྱིས་ཐོབ་ཐང་རྩོད་པ། །ས་ཇོ་གཉིས་ལ་ལྟོས་ན་རྙིང་བ། །བན་བཙུན་ཕོ་མོས་གསེར་ཁྲི་རྩོད་པ། །དགེ་ལྡན་ལོ་རྒྱུས་ནང་དུ་གསར་པ། །སྔགས་བཙུན་གཉིས་ཀྱིས་ཆེ་ཐོབ་རྩོད་པ། །སྔ་འགྱུར་རྙིང་མའི་ནང་དུ་གསར་བ། །གདུང་རྒྱུད་གཉིས་ཀྱིས་ཆེ་ཐོབ་རྩོད་པ། །ས་སྐྱའི་ལོ་རྒྱུས་ཁྲོད་དུ་རྙིང་པ། །སྐྱ་སེར་གཉིས་ཀྱིས་སྤྲུལ་སྐུ་རྩོད་པ། །གངས་ལྗོང་ལོ་རྒྱུས་ནང་དུ་གསར་བ། །དགེ་བཤེས་རྣམས་ཀྱི་རྙེད་བཀུར་རྩོད་པ། །དགེ་ལྡན་ལོ་རྒྱུས་ནང་དུ་རྙིང་པ། །ཆོས་བརྒྱད་ཆེད་དུ་རྩོད་པར་བརྩོན་པ། །རྩོད་ལྡན་ལགས་པས་སྒྱུར་ཐབས་དཀའ་མོ། །སྣ་གཅིག་བཀག་ན་གཞན་ཞིག་སྡང་བས། །འགྲོ་བའི་གཤིས་རྒྱུད་ཐུག་མེད་རང་བཞིན། །སྐྱོ་ཡང་མི་ཕན་རྫོགས་ལྡན་རྫོགས་སོང་། །དེ་ལ་རྩོད་པ་ཆགས་སྡང་འཕེལ་བྱེད། །རང་སེམས་དྲི་མེད་དབང་པོར་བཞག་ནས། །དགྱེས་པ་རྡོ་རྗེ་རང་གི་ལུགས་བཞིན། །བྲག་ཆའི་སྒྲ་བཞིན་ལན་ཞིག་འབུལ་ན།་ཉམས་མཚར་རྩེད་མོར་ཐུགས་འགལ་མེད་འཚལ། །སྡོམ་གསུམ་རྣམ་ངེས་དཔང་པོར་བཅོལ་ན། །ཁྲོ་བའི་དབང་གིས་བདག་བསྟོད་གཞན་སྨོད། །རྙེད་དང་བཀུར་བསྟིའི་ཆེད་དུ་བདག་འཚོང་། །རྩ་ལྟུང་ཉིད་ཕྱིར་སྤངས་པར་བསྐུལ་ལོ། །གདུང་བརྒྱུད་ཚ་སྤྲུལ་དོར་བྱ་ཡིན་ན། །མངར་པཎ་ཁོ་ཡང་སྔགས་པའི་ཚ་བུ། །བསྟན་བཅོས་ཚད་མ་སྟོན་པ་ཚད་མིན། །ནང་འགལ་ཕུང་པོ་ཅི་དགར་སྒྲིགས་ཤིག །ཆོད་ཉིད་གཟིགས་པའི་འཕགས་པ་ཡིན་ན། །མཆེད་གྲོགས་ནང་འཁྲུགས་བྱུང་བ་ལྟར་སྣང་། །རྨི་ལམ་ཅི་བཞིན་ལྟུང་པའི་གཟུགས་བརྙན། །གཞན་རྒྱུད་མི་ཤེས་བཞག་ན་འགྲིག་ག །སྐད་ཅིག་ཙམ་དུ་དགེ་སེམས་སྐྱེས་པ། །ཆོས་ཉིད་བསམ་མི་ཁྱབ་པའི་མཐུ་ཡིན། །སྤྲུལ་བའི་སྐུ་ཡི་སྒྲ་ཙམ་ཐོས་པར། །བསོད་ནམས་དཔག་མེད་བཞེད་པ་མིན་ནམ། །སེམས་མེད་གཟུགས་བརྙན་མཆོད་བྱར་འོས་ན། །རྒྱུ་གཉིས་རྐྱེན་བཞིས་ཐུགས་རྒྱུད་སྨིན་པའི། །མ་དག་སྤྲུལ་སྐུ་བཀུར་ཀྱང་ཆོག་གི། །མ་འོངས་སངས་རྒྱས་འཁྲུལ་མེད་ངེས་སོ། །མཆོག་གསུམ་སྐུ་གསུམ་ཚིག་ཡང་མི་སྤངས། །ཡེ་ཤིར་སྐྱབས་འཚོལ་ནང་པར་མི་ཚུད། །དགོས་གལ་ཆེ་ཡང་གཞན་མི་འཚོལ་བ། །ཇོ་བོའི་རང་ལུགས་མངར་པཎ་སྐྱབས་སྡོམ། །རྒྱལ་བ་གོང་མིའི་རྒྱབ་ཤ་གྱོན་པ། །རྗེས་འཇུག་ལགས་ཕྱིར་འོས་ཤིང་འཚམ་པ། །ཅི་མཛད་སྤྱོད་ལ་ཅི་ནུས་སློབ་པ། །བཀའ་གདམས་གོང་མའི་མན་ངག་མིན་ནམ། །གསང་སྔགས་འབྱུང་བའི་དུས་དྲུག་གསུང་པ། །ཉོན་མོངས་དབང་བཙན་དེང་དུས་ཉིད་ཕྱིར། །སྤྲུལ་བའི་འཕྲིན་ལས་ཆུད་ཟོས་འགྲོ་བ། །མདོ་རྒྱུད་མན་ངག་རིགས་པར་མི་མཐུན། །༧ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས། །ས་སྐྱར་འཁྲུངས་པའི་ཞལ་བཞེས་དྲོན་མོ། །རྟེན་འབྲེལ་ཉམས་ཀྱང་ཕྱིས་སུ་གསོས་པས། །འཕྲིན་ལས་ཆད་པའི་སྨོན་ལམ་མ་ཞུ། །དུས་ཀྱི་རྒྱུད་པ་ཅི་ཙམ་བདོ་བ། །གསང་སྔགས་དེ་ཙམ་བྱིན་རླབས་མྱུར་བས། །བུ་དང་ཚ་མོ་ཡང་ཚ་སྣ་ཚོགས། །སྤྲུལ་བ་རིས་མེད་ཁྱབ་པ་ངོ་མཚར། །རྟག་ཁྱབ་ལྷུན་གྲུབ་འཕྲིན་ལས་འདོད་བཞིན། །མི་རིགས་སྐད་ཡིག་ཁྱིམ་བརྒྱུད་ངོས་ནས། །སྤྲུལ་སྐུའི་བདེན་རྫུན་རིས་སུ་གཅོད་པ། །རང་གི་གཞུང་ལ་རྒོལ་བ་མིན་ནམ། །རྫོགས་ཆེན་བླ་མ་འཇིགས་མེད་གླིང་པས། །འཕགས་པའི་ཡུལ་གྱི་གྲུབ་ཆེན་ཕལ་ཆེར། །ཐ་ཆད་ལྟར་དུ་གནང་བ་གསུང་ན། །ངན་སྤྱོད་ངོས་ནས་ཐག་གཅོད་ཐུབ་བམ། །གུ་རུའི་བླ་མ་དགོངས་འདུས་ལུང་ལས། །བཅུ་ཕྲག་ཡན་ཆད་ཁ་ལོ་བསྒྱུར་བ། །འཕགས་པ་དངོས་ཀྱི་སྤྲུལ་བར་བཞེད་ན། །དེ་ཡི་བཀའ་ལུང་འཁྲུལ་བར་སྨྲ་འམ། །ས་སྐྱ་འབྲི་གུང་བདུད་འདུལ་གླིང་པ། །མཆོག་གྱུར་གླིང་དང་བདུད་འཇོམ་ཞབས་ཀྱིས། །མི་རྒྱུད་འཁྲུལ་མེད་སྤྲུལ་སྐུར་བཞེད་པས། །བསྟན་རྩ་་གཏོར་མཁན་དེ་དག་ལགས་སམ། །ཞོགས་དུང་ཆོས་མེད་ཐ་མལ་རྒད་པོས། །སྨོད་པ་བཏང་ཡང་རྒོལ་བ་མི་དགོས། །ནང་ཆོས་མཁན་པོས་རྩ་རྒྱུད་བླ་མ། །རང་གི་མཆེད་ལ་སྨོད་པ་ཐན་ལྟས། །འདི་འདྲའི་ཚིག་རྣམས་དར་སྲོལ་ཆེ་ན། །བསྟན་པ་ནང་འཁྲུགས་འཕྲལ་དུ་སློང་བས། །ལུགས་གཉིས་གང་ལ་དགེ་མཚན་མེད་ཕྱིར། །སེམས་ལ་གང་དྲན་ཁ་ནས་ཤོར་སོང་། །ལུགས་ཟུང་མཁྱེན་པའི་བློ་གྲོས་ཡངས་པའི། །བློ་གསལ་རྣམས་ཀྱིས་བློ་དང་འགལ་ན། །སྙིང་ནས་བཤགས་སོ་བཟོད་པར་མཛོད་ལ། །ཀུན་ཕན་ལམ་ཆེན་གསལ་བར་མཛོད་ཅིག །ཅེས་ལྷག་བསམ་རྒན་བུས་འཕྲལ་བྲིས་སོ། །
༄། །བཀྲ་ཤིས་ལགས། རང་ཉིད་རྙིང མིའི་ལོ་རྒྱུས་ལ་འདྲིས་ཆ་ཆུང་བས་ནོར་བ་ཡང་སྲིད་མོད། མི་འགྱུར་རྡོ་རྗེ་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྤྲུལ་སྐུ་རེད། ཞེ་ཆེན་རབ་འབྱམས་མ་གཏོགས་གཞན་རྣམས་སྐུ་ཕྲེང་གཉིས་པ་ཡིན་ཚུལ་ཉིད་ཀྱིས་དགོངས་པ་ལྟར་རོ། དེའི་སྔོན་དུའང་རྙིང མར་སྤྲུལ་སྐུར་གྲགས་པ་ཅི་རིགས་བྱུང་བས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་སྙམ།
༄༅། །ལྷག་རྒྱམ་འབོད་པའི་དྲི་ཟའི་གླིང་བུ། །
བདེན་ཆེན་སྒྱུ་མའི་གླུ་དབྱངས་ལེན་ན། །བྲག་སྟོང་སྒྲོགས་པའི་གྲོགས་པོ་ཚོ་ལ། །བདེན་རྫུན་ལེགས་ཉེས་ལེགས་པར་མཁྱེན་པའི། །ངེས་དོན་ཤེས་རབ་རྒྱལ་བར་གྱུར་ཅིག །བྲག་ཆ་ཧ་བོའི་སྒྱུ་མའི་སྐད་ཆ། །ཆ་འཇོག་མེད་པའི་རྨི་ལམ་སྣང་བ། །འདྲ་མཉམ་སྟོན་པའི་དཔེ་བརྒྱད་ཇི་བཞིན། །ཆོས་བརྒྱད་དག་སྣང་ཁྱོད་འདྲ་དཀོན་པ། །
ཀྱེ་མ་ཀྱི་ཧུད་ལྷག་བསམ་རྒྱ་མཚོ། །སྙིང་གཏམ་བསྐུལ་མ་ཁྱོད་ལ་བཤད་ཀྱང་། ། ཀརྨ་རྐུན་མ་ངན་ལོང་ཚོགས་པ། །རྒྱལ་བ་དགྱེས་པའི་ཐབས་སུ་སྒྲུབ་འདུག ། ས་དགེ་བཀའ་རྙིང་སུ་འདྲ་ཡིན་ཡང་། །རྩོད་པ་ནང་འཁྲུག་ཇི་སྙེད་ཡོད་པ། ། ནང་པ་སངས་རྒྱས་བསྟན་པ་མིན་པས། །སྒྲ་ཐོས་དཀོན་མཆོག་མིང་ཙམ་ཡིན་ནོ། ། མིང་ཙམ་དགེ་བས་དམ་བཅའ་ཡིན་ན། །བཀའ་གདམས་དོལ་རྒྱལ་དགག་དགོས་མི་འདུག ། ཡེ་ཤུ་དཀོན་མཆོག་སྒྲུབ་དགོས་མི་འདུག །རྫུན་གྱི་ངོས་སོ་ཁྱོད་ལ་བསྟོད་དོ། །ཕན་ཡོད་ཉེས་དམིགས་ལེགས་པར་ཤེས་ནས། །འདུན་པ་མཐུན་པའི་གྲུབ་འབྲས་བྱུང་ན། ། ནང་པ་སླར་གསོ་བསྟན་པ་ལོས་ཡོད། །ཉན་ཐོས་སྡེ་བ་བཅོ་བརྒྱད་བྱུང་ཡོད། །ཆགས་སྡང་གཏི་མུག་བསྟན་པ་སྨྲ་ན། །ཞོགས་དུང་སེང་རྡོར་ཁག་ཀྱང་མི་འདུག ། ཁྱེད་ཚོས་ལྷག་བསམ་རྒྱ་མཚོ་ཟེར་ནས། །བསྟན་འཛིན་རྒྱ་མཚོར་དབུ་བསྐོར་ཞུས་འདུག །རིག་རྡོར་རྒད་པོས་བསགས་བསགས་ནོམ་པར། །དགྱེས་རྡོར་ང་ཚོས་བསྟན་པ་མི་ཟེར། །སི་ཞྭ་ནང་འཁྲུག་བསྟན་པའི་གྱོད་ཁ། །གནས་ལུགས་རྟོགས་པའི་གྲུབ་འབྲས་མི་འདོད། ། བཀའ་བརྒྱུད་བསྟན་པ་སྒྲུབ་བརྒྱུད་སྙིང་པོ། །རིག་རྡོར་རྒན་པོས་རྒྱུ་ལ་རྗེས་ནས། །རིམ་སྟེགས་ཆགས་སྡང་རྨིང་གཞི་འཇོག་པ། །ལྷག་བསམ་རྒན་པོའི་བསྟན་པ་ཡིན་ནམ། །རེ་དྭོགས་མེད་པའི་བྲག་ཆའི་སྒྲ་དབྱངས། །དགའ་སྐྱོའི་སྣང་བ་ཤར་དོན་མི་འདུག ། མིང་གྲགས་བྲག་ཆ་ཡང་ཡང་སྒྲོགས་པའི། །ལྷག་རྒན་བཟི་བོ་ཁྲོ་དགོས་མི་འདུག ། རྟོན་བཞི་གོ་ལོག་སོང་བའི་རིགས་རྣམས། རྒྱལ་བ་མཆོག་གི་ལུང་གི་ཟིན་པའི། ། འདོད་ཡོན་བདུད་ཀྱི་སློབ་དཔོན་འདི་ཚོ། །མངའ་རིའི་པན་ཆེན་ནང་བཞིན་འདོད་དམ། ། བདེན་རྫུན་གཉིས་ཀ་ཁྱད་མེད་སྨྲས་ཏེ། །སྔ་འགྱུར་མཁན་པོར་སློབ་སྟོན་ཡོད་འདོགས། ། ས་འབྲིའི་གདུང་གིས་བསྟན་པ་འཛིན་ལུགས། །ཀརྨ་བླ་མ་རྒྱུ་ཆེན་ཡིན་རབས། ། སྤྲུལ་མིང་དགའ་བའི་ལྷག་རྒྱམ་ཉིད་ཀྱང་། ། །མིང་ཙམ་འཛིན་པའི་རྗེས་སུ་རྒྱུགས་དང་། ། རྟགས་ཙམ་འཛིན་པའི་བསྟན་པ་འདི་ཚོ། །སྐྱ་སེར་གཉིས་ལ་ཁྱད་པར་མི་འདུག ། སྤྲུལ་སྐུ་ཡང་དག་མི་འདོད་མིན་ཡང་། །སྤྲུལ་རྫུན་ངན་པའི་རྒྱབ་སྐྱོར་མི་ཕོད། རྒྱལ་བསྟན་རིན་ཆེན་རྩེད་མོ་མ་འཚལ། །བཤད་སྒྲུབ་དྲི་མེད་ཆོས་བརྒྱད་མ་ལགས། །བསྟན་པ་རྣམ་དག་སྒྲུབ་འདོད་ཡོད་ན། །རྐུན་མ་ཁྲམ་པ་ངོ་སོ་མ་འདོན། །སོ་བྱང་སྔགས་ཀྱི་སྡོམ་པ་བསམ་ཚེ། །བླ་མ་དག་མ་ཉིན་མོའི་སྐར་མ། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ། །ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས། །བདེན་གསུང་བཀའ་འབུམ་མཆོག་གི་གཟིགས་དང་། །བདེན་པའི་རྟེན་འབྲེལ་ཕྱི་ནས་འཁྱུག་སོང་། །ཀུན་མཁྱེན་ཡབ་སྲས་རྒྱལ་བ་བརྒྱུད་པར། ཆོས་བརྒྱད་སྒྲུབ་པའི་ཁུངས་སུ་དྲངས་ན། ། ཞོགས་དུང་ལས་ཀྱང་ཁྱད་རང་ཐུ་འདུག །སྔ་འགྱུར་བསྟན་པར་ལྷག་བསམ་ཆེ་སོང་། ། སྤྲུལ་སྒྲ་ཐོས་པའི་ཕན་ཡོན་བསམ་ནས། །ཆོས་སྒྲ་ཐོས་པ་ནུས་མེད་བཟོས་འདུག །རྒྱུ་དྲུག་རྐྱེན་བཞིའི་གོ་བ་ཟབ་པས། །ཆོས་དྲུག་ཚོང་དཔོན་སྔར་ལས་ལྷག་འདུག །བདེན་རྫུན་མེད་པའི་སྤྲུལ་སྐུ་འདོད་ན། །དགྱེས་རྡོར་མཚན་ཙམ་རྣ་བ་ཐོས་པས། །གྲོགས་པོ་ཁྱེད་ཚོ་ངན་སོང་མེད་པས། །ཚེ་འདིར་ཅི་དགའ་ཅི་དགོས་སྒྲུབས་ཤིག །མདོར་རྩ་སྙིང་པོ་ཁྱོད་ལ་བཤད་ན། །མིང་དོན་གཉིས་ལ་ཁྱད་པར་ཆེའོ། ། བདེན་རྫུན་གཉིས་ལ་ཁྱད་པར་ཆེའོ། །དྲང་ངེས་གཉིས་ལ་ཤན་འབྱེད་དགོས་སོ། །སི་ཞྭའི་ཞྭ་འཁོན་ང་ལ་མི་དགོས། །དོལ་འདྲེའི་ཆོས་འཁོན་ང་ལ་མི་མཁོ། །
ལྷག་བསམ་ཁྱེད་རང་དགོངས་པ་མ་ཚོམས། །ཤྲྰི་སྨྱོན་ནད་པས་ཅི་དྲན་ཕུལ་ལོ། །
གྲོགས་པོ་མཁན་ཆེན་དཔལ་དགྱེས་དང་བཀྲ་ཤིས་སོགས་ལ་རྩེ་མཚར་དུ་སྤྲིངས་པ།
ཁོ་བོ་བྱང་ཆུབ་སེམས་དང་མཉམ་དུ་སྐྱེས།།
ཤེས་རབ་ཟབ་མོའི་གྲོགས་དང་མཉམ་དུ་འཚར།།
མདོ་རྒྱུད་རྒྱ་མཚོའི་དཀའ་བའི་གནས་ཀུན་ལ།།
སྦྱངས་པའི་ཚེ་ན་བློ་གྲོས་གཞན་ལས་མྱུར།།
གང་ཚེ་ཁོ་བོ་མངལ་ལས་སྐྱེས་པའི་ཚེ།།
མཚན་མོའི་མུན་པ་འཇའ་འོད་སྣང་བས་བསལ།།
སྐབས་དེར་ཡུལ་མི་ཀུན་ལ་མཐུན་སྣང་དུ།།
སྔར་མེད་སེམས་ཀྱི་བདེ་སྐྱིད་ཐོབ་ཅེས་གླེང་།།
བྱིས་པའི་དུས་ནའང་དམ་པའི་སྤྱོད་པ་ལ།།
བླ་དཔོན་དུ་མས་དད་པའི་སྤྱན་ཆབ་བསིལ།།
འདི་ཡི་ལྷན་སྐྱེས་བྱམས་དང་སྙིང་རྗེ་ཡིས།།
སྒོམ་ཆེན་དུ་མ་སྐྱེངས་སུ་བཅུག་ཅེས་གསུངས།།
ངས་ནི་སྔོན་ཀྱི་སྐྱེ་བ་དུ་མ་དྲན།།
སྔོན་འགྲོ་བློ་སྦྱོང་སོགས་ནི་མ་བསླབས་ཤེས།།
ཅང་མེད་དབུལ་ཕོངས་ཁྱིམ་དུ་སྐྱེས་ན་ཡང་།།
དམ་པ་དུ་མས་དམ་པར་ངོས་འཛིན་མཛད།།
ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི།།
གཞུང་ལུགས་ཀུན་ལ་དད་པ་བརྟན་པོས་སྦྱངས།།
དེ་ཡི་མཐུ་ལས་ཆོས་ལ་ཆོས་ཀྱི་མིག།
ལེགས་པར་ཐོབ་ནས་དལ་འབྱོར་དོན་ཡོད་བྱས།།
མདོ་རྒྱུད་མན་ངག་སྙིང་པོའི་དོན་ལ་མཁས།།
རང་སེམས་རྩ་བ་ཆོད་པས་གྲུབ་པ་ཐོབ།།
བྱང་ཆུབ་སེམས་མཆོག་འབྱོངས་པས་བཟང་པོ་ཡིན།།
འཁོར་སློབ་ཆོས་མིག་དག་པས་གདུལ་བྱ་འདུལ།།
ང་ལ་མངོན་སུམ་ཉིད་དུ་གང་གྱུར་གྱུར་པའི།།
གཞན་ལས་བླ་ན་འབར་བའི་ཁྱད་ཆོས་དག།
གལ་ཏེ་མི་ཆོས་བླ་མའི་རྫུན་ཡིན་ན།།
འོ་ན་སུ་ལ་སུ་ཡིས་དཔང་པོ་བྱེད།།
སྐྱེ་བ་དྲན་ཅིང་སྦྱངས་པ་དྲན་པ་དང་།།
དེ་དང་མཐུན་པར་ངོས་འཛིན་གནང་བ་ལ།།
རྫུན་མ་ཞེས་སུ་ཨུ་ཚུགས་བྱེད་དྲགས་ན།།
རང་བློ་རྫུན་མར་གྱུར་ལས་གཞན་ཅི་ཡོད།།
ཞི་ལ་ཞི་དང་ཁྲོ་ལ་ཁྲོར་སྟོན་ཞིང་།།
ཆགས་ལ་ཆགས་པ་འབར་བར་སྟོན་པ་སོགས།།
མདོ་ལས་དོན་སྤྱོད་ཞེས་དང་གསང་སྔགས་ལས།།
ལས་བཞིའི་ཕྲིན་ལས་སྒྲུབ་ལ་མཁས་ཞེས་བསྔགས།།
དབང་གི་ཕྲིན་ལས་གྲུབ་པའི་མངོན་རྟགས་སུ།།
ཟས་ནོར་ལོངས་སྤྱོད་འཁོར་དང་བུ་སློབ་སོགས།།
སྤྲིན་བཞིན་སྡུད་ལ་གལ་ཏེ་ཕྲག་དོག་ན།།
སྐྱེ་བ་གཞན་དུ་ཡང་ཕྲག་དོག་ཁོ་ནས་འཚོ།།
སྤྲུལ་པའི་སྐུ་ལ་འདྲ་དང་འབྲེལ་བ་དང་།།
བྱིན་གྱིས་བརླབས་དང་སྐྱེ་བ་ངོ་མ་སོགས།།
དོན་གཟིགས་མཁྱེན་ལྡན་རྣམས་ཀྱིས་བསྟན་འགྲོའི་ཆེད།།
ངོས་འཛིན་མཛད་པ་ཀུན་ཀྱི་སྤྱོད་ཡུལ་མིན།།
ཞི་བ་ལྷ་ཡི་ལེ་ལོའི་སྤྱོད་པ་ལ།།
པཎ་ཆེན་ལྔ་བརྒྱས་གཟིགས་ཚུལ་ནོར་བ་འདི།།
དོན་གཟིགས་གྲུབ་བརྙེས་རྣམས་ཀྱི་མཛད་ཚུལ་ལ།།
ཁ་ཚོན་གཅོད་རྒྱུ་མེད་པའི་གཏན་ཚིགས་ཡིན།།
རང་གི་བློ་ཡི་ཡུལ་ལས་འདས་ཚད་ཀུན།།
གལ་ཏེ་རྫུན་ན་ཁྱེད་ལ་ཁྱེད་ཉིད་དང་།།
ཆུང་མ་གྲོགས་པོ་ལ་སོགས་འགའ་ཞིག་ལས།།
བདེན་པའི་སྐྱེ་བོ་མེད་པས་གཟབ་པར་འཚལ།།
གྲོགས་པོ་རྣམ་པ། དེ་རིང་དུས་ཚོད་མེད་པས་རྩེད་མོའི་མགོ་གླེང་ཙམ་ཡིན། དུས་ཚོད་ཡོད་སྐབས་རིགས་པས་འཕུལ་རེས་ཞིབ་ཏུ་བྱེད་ཆོག དེ་ནས་ང་ཚོ་སྤྲུལ་སྐུ་ཡིན་ཟེར་མཁན་ཚོ་དང་། ཁྱེད་ཚོ་སྤྲུལ་སྐུ་ཁས་མི་ལེན་མཁན་ཚོའི་བར་ལ་ཁྱད་པར་ཅི་ཡོད་ཤེས་པར་འགྱུར་ངེས་ཡིན། ཁ་དྲོ་ཚེ་རིང་།
ཧ་ཧ་ཧ།
༄༅། །སྒྲིབ་བྲལ་ཤེར་རབ་རྡོ་རྗེར་སྐུལ་བྱེད་སྨིག་སྒྱུའི་སྣང་བརྙན། །
ང་རྒྱལ་དཔའ་གླུ་གཡུ་འབྲུག་སྒྲ་དབྱངས། །
ཤེར་རྡོར་མཆོག་གིས་མགུར་མ་བཞེས་འདུག །
ཀུ་རེ་རྩེད་མོ་དངོས་ནས་མིན་ན། །
ཡང་དག་སྤྲུལ་སྐུ་ཁྱོད་འདྲ་ཞིག་གོ །
བྱང་ཆུབ་སེམས་དང་མཉམ་དུ་སྐྱེས་ན། །
བྱང་སེམས་སྤྲུལ་པ་དེ་ཀ་མིན་ནམ། །
སྐྱེས་སྦྱང་ཤེར་རབ་ཁྱོད་ལ་མཆིས་ན། །
སྐྱེ་སྤྲུལ་བཤད་ཀྱང་དེ་ཀ་རང་ལགས། །
མདོ་རྒྱུད་རྒྱ་མཚོའི་དཀའ་གནད་ཤེས་ཀྱང་། །
ཉམས་ལེན་དེ་ཀ་མཛོད་དང་སྙིང་ནོར། །
རྟགས་མཚན་བདེན་པ་མངོན་སུམ་བྱུང་ཚེ། །
ཨ་ཕ་ཨ་མ་དགའ་བར་ལོས་བདེན། །
བླ་མ་དམ་པས་སྤྱན་ཆབ་བསིལ་བ། །
དགོས་པ་རྒྱུ་མཚན་དུ་མ་ཡོད་ལགས། །
བྱམས་དང་སྙིང་རྗེའི་བྱིང་ཐག་ཆད་པའི། །
སྒོམ་ཆེན་དེ་ཚོ་བྱི་དྲེད་མིན་ནམ། །
སྐྱེ་བ་དྲན་པ་ཡ་མཚན་མ་རེད། །
མ་སློབ་ཤེས་པ་ངོ་མཚར་ཆེ་ཡང། །
ཀུ་རེ་ཚིག་གིས་ནུས་མེད་བཟོས་འདུག །
སྤྲང་ཕྲུག་རང་སྣང་འུར་ཁུ་མ་འདུག །
ཞི་རྒྱས་དབང་དྲག་རང་དབང་ཐོབ་ནས། །
ས་དགེ་བཀའ་རྙིང་རིས་ཆད་མེད་པར། །
བསྟན་པ་ཡང་དག་འཛིན་སྐྱོང་སྤེལ་བར། །
དགྱེས་པ་རྡོ་རྗེས་དགག་དགོས་མི་འདུག །
མཁས་བཙུན་བཟང་གསུམ་ཡོན་ཏན་ཐོབ་པ། །
འཆད་རྩོད་རྩོམ་པས་བསྟན་པ་འཛིན་པ། །
བསྙེན་སྒྲུབ་ཕྲིན་ལས་འཁོར་ལོ་བསྒྱུར་བ། །
ཐལ་ངག་འདི་ཚོས་སྔ་རྒོལ་མིན་ནོ། །
རང་རིག་མ་ཤེས་རང་སྣང་གང་ཤར་བ། །
འཁོར་བ་སྒྲུབ་པའི་རྫུན་དང་གཡོ་སྒྱུ། །
ཀུན་བདེ་རིག་པ་འདོད་རྣམས་འཁྲུལ་ཐལ། །
སྤྲུལ་སྐུ་ཡང་དག་མ་འཁྲུལ་ཤེས་ན། །
འཁྲུལ་བ་ཞིག་པའི་བླ་མ་ལོས་ཡིན། །
མི་ཆོས་བླ་མའི་རྫུན་དེ་བཤད་ན། །
མི་རིགས་ཉམ་ཆུང་ཨ་སྡུག་ཡང་སྡུག །
ཞི་ལྷ་ཟླ་གྲགས་རྒྱལ་དང་དགོངས་མཉམ། །
ལོག་འཚོ་ངན་པས་གཞན་དབང་མ་སོང་། །
སྒྱུ་མའི་ཟས་ཀྱི་འཚོ་བ་སྒྲུབ་པ། །
གྲུབ་ཐོབ་གོང་མའི་ཁྱད་ཆོས་མིན་ནམ། །
ཤེར་མདོར་གསུངས་པའི་སྤྲུལ་བ་དེ་དང་། །
སྒྱུ་འཕྲུལ་སྤྲུལ་བའི་ཟློས་གར་སྣང་བ། །
བསམ་བཞིན་བསྟན་འགྲོར་ཕན་བདེར་ཕེབས་རྣམས། །
ཁྱད་པར་ཆེ་ཆུང་མཆོག་གིས་དཔྱོད་ཅིག །
སྔོན་བྱོན་དོན་གཟིགས་མཁྱེན་སྤྱན་ལྡན་པ། །
དེང་དུས་ཆགས་སྡང་རྫུན་འཕྲུལ་གཡོ་སྒྱུ། །
ཀུན་སྤྱོད་མཐོང་བར་མངོན་སུམ་མིན་ནམ། །
བསྟན་པ་རྩེད་མོ་མཐོང་བའི་སྒྲིབ་བྲལ། །
བསྟན་འཛིན་བསྟན་བཤིག་ཤེས་རབ་མེད་ན། །
བསམ་བཞིན་སྤྲུལ་ཞེས་རྡོ་རྗེ་ཚིག་དེ། །
ནུས་མེད་བཤད་པས་གནའ་དེང་མཁྱེན་འཚལ། །
རང་བློ་རང་རིག་ལྐོག་གྱུར་མེད་ན། །
རང་གཤིས་རིག་པ་ནང་ནས་མཐོང་བས། །
རང་གི་གྲོགས་མཆེད་སློབ་སྟོན་གནང་བར། །
རང་ལུགས་བསྟན་པ་འཛིན་སྐྱོང་སྤེལ་ལོ། །
རྙིང་མ་མཁན་པོ་དགྱེས་རྡོར་དང་བཀའ་རྒྱུད་སྒོམ་ཆེན་ལྷག་བསམ་གཉིས་ཀྱིས་རྩོད་པ་མ་བྱེད་ཟེར་བཞིན་རྩོད་པའི་སྒོ་ཆེན་ཡངས་རུ་གཏོང་པ་མིན་ནམ། ཐམས་ཅད་འཇུག་བདེ་བའི་ལམ་ཞིགཡོད་ན་ཅི་མ་རུང་།
མ་སྦྱང་བསླབ་པ་མངོན་སུམ་ཚད་མ་ལགས་སོ༎བྱང་སེམས་ལྷནསྐྱེས་སྤྲུལ་སྐུ་ངོ་མ་ལགས་སོ། །ལས་བཞི་ལྷུན་གྲུབ་སྔགས་པ་ངོ་མ་ལགས་སོ། །དེ་འདྲ་བདེན་ན་བསྔགས་ཀྱང་འོས་པ་ཉིད་དོ། །
༄༅། །པྲ་ཛྙཱ་དྷྭ་ཛ་ལ་ཕུལ་བའི་ཆུ་ཟླའི་འོད་སྣང་། །
ཀུན་གསལ་དབྱིངས་ན་ཟླ་བ་ཉ་གང་གི་བཞིན་རིས། །
སྐྱོན་མེད་སྤྲིན་བྲལ་མཁའ་ལ་ཤར་བ་དག་མཐོང་ཡང་། །
ནོར་འཛིན་དྲ་བའི་ཆུ་སྣོད་བཟང་ངན་གྱི་སྣང་བར། །
གནམ་ཟླ་མཆོག་ལ་རེ་དྭོགས་བསམ་པ་ཞིག་མི་འདུག །
སྔ་འགྱུར་བསྟན་པ་ནང་པའི་ཆུ་འགོ་ཡི་ཐོག་མ། །
བཀའ་བརྒྱུད་གྲུབ་མཐའ་སྒྲུབ་རྒྱུད་ཆུ་བོ་ཡི་བཀའ་བབས། །
ས་སྐྱའི་ལམ་འབྲས་བཤད་པའི་ཆུ་རྒྱུན་གྱི་རྩ་བ། །
དགེ་ལུགས་བསྟན་པ་ལམ་རིམ་རྒྱ་མཚོ་ཡི་སྙིང་པོ། །
ལྟ་བ་ཀ་དག་ཆུ་འགོ་གཙང་མ་དེ་ཤེས་དགོས། །
སྒོམ་པ་ཡང་དག་ཆུ་བོ་དལ་བབས་དེ་མཐོང་དགོས། །
ལྟ་སྤྱོད་རྣམ་དག་ཆུ་རྒྱུན་བཟང་པོ་ཡང་མཁྱེན་དགོས། །
འབྲས་བུ་ཀུན་དག་རྒྱ་མཚོ་ཐོབ་པ་ལ་དགོངས་ཤིག །
བསྟན་པ་དམ་ཆོས་སྐྱོན་མེད་སྐྱོན་ཅན་དུ་མ་སྒྲུབས། །
བསྟན་བཤིག་གང་ཟག་སྐྱོན་ཅན་སྐྱོན་མེད་དུ་མ་ཟེར། །
རྒྱལ་བསྟན་གཅིག་ལ་ཞུགས་པའི་ཆོས་མཆེད་ཚོས་དཔྱོད་དང། །
ལས་ཉོན་གཞན་དབང་གྱུར་ལ་སྙིང་རྗེ་རེ་གནང་མཛོད། །
བློ་ལྡོག་རྣམ་བཞི་མི་དགོས་ངེས་འབྱུང་ཞིག་མི་སྲིད། །
རང་དོན་འདོད་ཡོན་སྒྲུབ་པར་བྱང་སེམས་ནི་མི་ཟེར། །
གསང་ཆེན་ཚོང་དཔོན་དག་ལ་སྐྱབས་སྡོམ་ཡང་དཀའ་ན། །
གཡོ་སྒྱུས་དཀོར་གཟན་ནང་ཆོས་རྣམ་དག་ཅིག་མིན་ནོ། །
ཉོན་མོངས་རྣམ་རྒྱལ་མཆོག་སྤྲུལ་ཤྰཀ྄་ཐུབ་ཉན་ཐོས། །
ཉོན་མོངས་རྣམ་གྲོལ་པདྨ་ཀ་ར་དང་རྗེ་འབངས། །
ཉོན་མོངས་རྣམ་པར་སྤྱོད་པའི་འགྲོ་བ་ཡིས་འགྲན་ན། །
ལས་ཉོན་སྤྲུལ་པ་ཞིག་ལས་འགྲོ་ས་རང་མེད་དོ། །
ལོག་འཚོས་ཡུལ་རིང་འཚོ་ཡང་དལ་འབྱོར་ནི་དོན་མེད། །
ཚངས་གནས་བརྒྱ་བྱིན་ཟེར་ཡང་འཁོར་བ་ལས་མ་འདས། །
སྙིགས་ལྔའི་མུན་ནག་ཀློང་གི་རྒྱལ་བསྟན་ལ་བསམ་ཚེ། །
གཡོ་རྫུན་མགོ་སྐོར་ཕོད་པའི་བསྟན་འཛིན་ཞིག་སྲིད་དམ། །
ཁ་བརྡ་ཁ་བྲོ་ཁ་འཁྲུག་བཤད་པ་ཞིག་མིན་ཡང་། །
ཁ་ཁོག་ཅི་ཡོད་ཁ་བརྡའི་དྲ་ཐོག་ལ་ཤོར་ཐལ །
ཁ་བ་ཅན་གྱི་ཁ་ཚང་དེ་རིང་གི་ལས་དབང་། །
ཁ་ཙམ་མིན་པར་བསམ་མཁན་ཉིན་སྐར་ལས་དཀོན་པ། །
ཁ་གསོ་འཚོ་བ་དུད་འགྲོ་ཕྱུགས་ཀྱིས་ཀྱང་ནུས་སོ། །
ཁ་རྗེ་དབང་ཐང་ཡེ་ཤུ་རྒན་པོ་ཡང་འདོད་དོ། །
ཁ་ཆེའི་ལ་རྒྱ་དཔལ་འབྱོར་ཆོས་བརྒྱད་ལ་ཕྱོགས་སོ། །
ཁ་བའི་ལ་རྒྱ་དག་མ་དེ་འདྲ་ཞིག་མིན་ནོ། །
ཨོ་ཡ་ད་མང་ཐལ། སོར་མོ་བཅུ་བོ་ཁྲིག་ཁྲིག་མྱུར་བ། །རྣམ་རྟོག་འཁྲུལ་བ་ཧྲིག་ཧྲིག་རྒོད་པ། ། གྲོགས་པོ་སྤུན་ཟླར་ཏག་ཏག་སུན་ན། །ཤྲྰི་སྨྱོན་ཁ་བརྡ་མཚམས་འཇོག་བྱེད་ཆོག ། བཀྲ་ཤིས་མཁས་པ་ངོ་སོ་བསྟོད་དོ། །ལྷག་བསམ་རྒན་པོས་གཏམ་ལ་ཉན་ནས། རེ་ཞིག་སྤྲུལ་རྩོད་དགོས་པ་མ་མཐོང་། །མི་རྟག་བློ་ཐུང་གཟིམ་སར་བདེའོ། །
དགྱེས་རྡོར་མཁས་པའི་གཞུང་ལུགས་ལ་བརྟེན་དྲང་ངེས་དགོངས་དོན་རྣམ་པར་དབྱེ། །ལྷག་བསམ་སྒོམ་ཆེན་དགོངས་པ་ཟབ་པས་བཟང་ངན་ཀུན་ལ་དག་སྣང་སྤྱངས། །གཉིས་ཀ་རང་བྱུང་ཀློང་རྡོལ་རྩོམ་་པ་ཚིག་མི་མཐུན་ཡང་དོན་ཏུ་གཅིག །མཚར་གཏམ་གཅིག་གིས་དགོངས་པ་མ་ཚོམ་བཀའ་རྙིང་མཁས་པའི་ཁྱུ་མཆོག་ལགས། །བཟོད་གསོལ་ཞུ༎
ཡ། གྲོགས་པོ་བཟོད་དགོས་དོན་མི་འདུག ཁྱོད་རང་ཉེས་འགལ་གང་ཡང་མེད་དོ།
དམ་པའི་ཆོས་ལ་བརྩོན་བསྐུལ་གཟུར་གནས་དགྱེས་པའི་གེ་སར་། །
ན་མོ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
བརྒྱད་ཁྲི་བཞི་སྟོང་བདུད་རྩི་སྙིང་པོ་ཡི་བཅུད་མཆོག །
གང་ལ་གང་འདུལ་གནང་མཛད་ཐབས་མཁས་ཀྱི་ལམ་བཟང་། །
ཐར་གླིང་ཀུན་བཟང་ཞིང་གི་སྨིན་གྲོལ་ལ་འགོད་མཛད། །
སྟོན་པ་བླ་མེད་ཤྰཀྱ་སེངྒེ་ལ་འདུད་དོ། །
སྟོན་དང་བསྟན་པ་ཀུན་འདུས་འདུལ་བསྟན་གྱི་སྙིང་པོ། །
རྒྱལ་བ་དགྱེས་པའི་ཚུལ་ལྡན་འདྲེན་མཆོག་གི་བླ་མའི། །
གདམས་ངག་རྒྱ་མཚོའི་སྙིང་གཏམ་ཡིད་བཞིན་གྱི་ནོར་བུ། །
རང་གཞན་སྨོན་འདུན་དམ་བཅའི་གསལ་འདེབས་སུ་འབུལ་ལོ། །
་་་་་་་་་་་་་་་་་་་་་་་་་་་་་་་་
༄༅། །བླ་མ་དང་བླ་མའི་རྣལ་འབྱོར་བསྟེན་ཚུལ་བློ་ལྡན་ཉི་མ་ཞེས་བྱ་བ། །
ན་མོ་མ་ཧྰ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཀ་དག་ཆོས་དབྱིངས་བླ་མ་ཀུན་ཏུ་བཟང་། །
ལྷུན་གྲུབ་འོད་གསལ་བླ་མ་རྡོ་རྗེ་འཆང་། །
དཔག་ཡས་ཕན་བདེའི་བླ་མ་་རིན་པོ་ཆེ། །
སྐུ་གསུམ་དོན་གྱི་བླ་མ་རྟག་ཏུ་འདུད། །
བླ་མ་མ་བསྟེན་སངས་རྒྱས་ཐོབ་པའི་ཚུལ། །
ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་དག་ན་མེད། །
མཐོང་ཆོས་སུ་ཞིག་རང་བཟོ་ཕོ་ཚོད་ཀྱིས། །
ས་ལམ་ཡོན་ཏན་སྐྱེས་པ་གཅིག་ཀྱང་མེད། །
འདི་ལྟར་རང་གཞན་སེམས་ཅན་ཐམས་ཅད་ནི། །
མ་རིག་དབང་གིས་འཁོར་བའི་རྒྱ་མཚོ་འདིར། །
གྲོགས་མེད་ལོང་བ་ཐང་དཀྱིལ་ལྷག་དང་མཚུངས། །
དེས་ན་དེད་དཔོན་བཤེས་གཉེན་བསྟེན་པར་རིགས། །
དེད་དཔོན་མ་བསྟེན་རིན་ཆེན་གླིང་བགྲོད་ནས། །
ཡིད་བཞིན་ནོར་བུ་བླངས་བའི་ལོ་རྒྱུས་མེད། །
དེ་ཕྱིར་བཤེས་གཉེན་གྲོགས་བཟང་ལེགས་བསྟེན་ནས། །
ཐར་དང་ཀུན་མཁྱེན་ལམ་ལ་བགྲོད་པར་ནུས། །
རིས་ཆད་འཕྲལ་བྱུང་རྐྱེན་ངན་དྲག་པོ་ཡིས། །
དང་པོའི་ལས་ཅན་གྲོགས་ཀྱིས་བསྒྱུར་བསླ་བས། །
ཙནྡན་ཚལ་དང་གསེར་གླིང་དཔེ་བཞིན་དུ། །
མཚན་ལྡན་བཤེས་གཉེན་དམ་པ་སྟེན་ཅིག་ཨང་། །
མདོ་རྒྱུད་མན་ངག་དག་ལས་བཤད་པ་བཞིན། །
བླ་མའི་ཡོན་ཏན་མཐའ་དག་ཚང་བ་ནི། །
སྙིགས་ལྔའི་དུས་སུ་རྙེད་པར་དཀའ་ན་ཡང་། །
ཐར་བའི་ལམ་སྟོན་མ་ནོར་སྟེན་ཅིག་ཨང་། །
ངེས་འབྱུང་བྱང་སེམས་དག་པའི་སྡོམ་པ་བཙུན། །
མདོ་རྒྱུད་མན་ངག་རྒྱ་མཚོའི་ཆོ་ག་མཁས། །
སྤངས་རྟོགས་ཡོན་ཏན་ཀུན་རྫོགས་བླ་མ་དེ། །
སྙིང་དང་སྲོག་ལས་གཅེས་པར་སྟེན་ཅིག་ཨང་། །
ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །
དབང་ཐོབ་དམ་ལྡན་ཐུགས་རྒྱུད་ཤིན་ཏུ་ཞི། །
གཞི་ལམ་འབྲས་བུའི་རྒྱུད་དོན་ཀུན་ཏུ་མཁྱེན། །
བསྙེན་སྒྲུབ་རྟགས་རྫོགས་གཞན་དོན་རྟག་ཏུ་མཛད། །
ཆོས་བརྒྱད་དང་བྲལ་ནན་ཏན་དམ་ཆོས་འཛིན། །
ཐབས་མཁས་སྟོབས་ཀྱིས་གཞན་ཡང་དེ་ལ་བསྐུལ། །
བརྒྱུད་གསུམ་བླ་མའི་བྱིན་རླབས་ལྡན་པ་ཞིག །
མཆོག་ཐུན་དངོས་གྲུབ་རྩ་བ་སྟེན་ཅིག་ཨང་། །
ཚེ་འདིར་ཞེན་ཆགས་ཆེ་བའི་འཁོར་འཛིན་གཅིག །
རྙེད་དང་བཀུར་སྟིས་སྦོས་པའི་རྒྱགས་ཆེན་གཉིས། །
ཁྲོམ་པའི་རུས་སྦལ་དཔེ་བཞིན་མཐོང་ཆུང་གསུམ། །
བསྟེན་ན་རྨོངས་དད་ཡིན་པས་སྤོངས་ཤིག་ཨང་། །
མདོ་རྒྱུད་ཐོས་བསམ་མེད་པའི་བླུན་པོ་གཅིག །
དྲན་ཤེས་བག་ཡོད་མེད་པའི་ཚུལ་འཆལ་གཉིས། །
བྱམས་བརྩེ་དྲང་བདེན་མེད་པའི་བླ་གཟུགས་གསུམ། །
སྨྱོན་པའི་ལམ་མཁན་ཡིན་པས་སྤོངས་ཤིག་ཨང་། །
ཁྱད་པར་དམ་ཉམས་ལས་འབྲས་མེད་པ་ཚོ། །
ལོང་བའི་དེད་དཔོན་ནོར་བ་ཆེན་པོ་སྟེ། །
གཏན་གྱི་སྐྱབས་གནས་དམ་པར་བརྟག་དཔྱོད་ནས། །
དལ་འབྱོར་མི་ལུས་སྙིང་པོ་ལོངས་ཤིག་ཨང་། །
དམ་པའི་ཡོན་ཏན་ཚང་བའི་བླ་མ་ནི། །
སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡེ་ཤེས་སྐུ། །
གདུལ་བྱའི་སྣང་ངོར་མི་ཡི་ཚུལ་བྱོན་པས། །
དཀོན་མཆོག་དགུ་ལྡན་ངོ་བོར་སྟེན་ཅིག་ཨང་། །
ངེས་དོན་ཆོས་སྐུ་དྲང་དོན་སྤྲུལ་བའི་སྐུ། །
འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་ཆེན་ཡིན། །
ཐར་བའི་ལམ་བཟང་སྟོན་པའི་དེད་དཔོན་ཡིན། །
ལས་ཉོན་མེ་ཚོགས་འཇོམས་པའི་བདུད་རྩི་ལགས། །
མ་རིག་མུན་པ་སེལ་བའི་ཉི་ཟླ་དངོས། །
ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །
གང་འདོད་རེ་བ་བསྐོང་བའི་བླ་མ་ལ། །
དད་གསུམ་མི་ཕྱེད་འདུན་པས་སྟེན་ཅིག་ཨང་། །
བླ་མ་སངས་རྒྱས་ལྟ་བའི་ངེས་ཤེས་གཅིག །
གདམས་ངག་བདུད་རྩི་འཐུང་བའི་དད་བརྩོན་གཉིས། །
དམ་ཚིག་ངོ་ལྐོག་མེད་པའི་དགེ་འདུན་གསུམ། །
བྱུང་ན་དེ་ནི་སྐལ་བཟང་སྐྱེས་བུ་ལགས། །
ལས་ཉོན་དགྲ་ལ་འཇིགས་པའི་སྐལ་བཟང་ཚོས། །
ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །
འཇིགས་པས་རམ་ཟླ་ཚོང་པས་དེད་དཔོན་དང་། །
གྲུ་ཞུགས་མཉན་པ་བཞིན་དུ་སྟེན་ཅིག་ཨང་། །
འཕྲལ་རྐྱེན་ངན་པས་མ་བསྒྱུར་མོས་གུས་བརྟན། །
ལུས་སྲོག་གཅེས་པར་མི་ལྟ་རིམ་གྲོ་དང་། །
ཅི་གསུང་བཀའ་སྒྲུབ་རང་དོན་མི་སེམས་པ། །
སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །
དད་དང་ཤེས་རབ་སྡོམ་ལྡན་སྙིང་རྗེ་ཆེ། །
སྒོ་གསུམ་ཞི་དུལ་ཁྲེལ་ཡོད་ངོ་ཚ་ཤེས། །
ཁོང་ཡངས་གཏོང་ཕོད་དག་སྣང་བརྩོན་འགྲུས་ཆེ། །
མཉེས་གསུམ་དག་པས་དཀོན་མཆོག་བཞི་བར་མཆོད། །
དེ་ལྟར་བླ་མ་བརྟག་བསྟེན་ཚུལ་ཤེས་ན། །
རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་དང་། །
བུང་བ་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །
སྐྱོ་ངལ་མེད་པས་ཐུགས་དགོངས་རྟོགས་པར་འགྱུར། །
དམ་པ་དེ་ལ་འབྲེལ་བའི་ཚོགས་གཉིས་པོ། །
དོན་མཐུན་སྤྱོད་པས་ངལ་བ་འབྲས་ཅན་ཡིན། །
མངག་གཞུག་བང་ཕྱིན་ཕྱག་དར་ཚུན་ཆོད་ཀྱང་། །
སྨིན་གྲོལ་ལམ་གྱི་ཚོགས་བསགས་ཁོ་ན་ལགས། །
དེས་ན་བྱང་སེམས་རྟག་ཏུ་ངུ་བཞིན་དང་། །
ཡེ་ཤེས་མཚོ་རྒྱལ་མནྡ་ར་ཝ་བཞིན། །
བླ་མ་སངས་རྒྱས་མཐོང་ན་སྨིན་གྲོལ་མཆོག །
བསླུ་མེད་སྐྱབས་གནས་དམ་པའི་དངོས་གྲུབ་ལགས། །
དེའི་ཕྱིར་མདོ་རྒྱུད་བསྟན་བཅོས་དུ་མ་ནས། །
བླ་མ་སངས་རྒྱས་དངོས་སུ་གསུངས་པ་དང་། །
སྐྱབས་གནས་ཀུན་འདུས་བླ་མ་ཡོངས་སུ་བསྔགས། །
ཕྱི་ནང་བསྐྱེད་རྗོགས་རྒྱ་མཚོའི་སྙིང་པོ་ལགས། །
བླ་མ་བཞུགས་ལ་བཀུར་སྟི་རིམ་འགྲོ་དང་། །
ངོ་ལྐོག་མེད་པར་དྲན་ཤེས་བག་ཡོད་དང་། །
མོས་གུས་དད་པའི་སྣང་བ་རྟག་འགྲོགས་ནས། །
བླ་མའི་དགོངས་སྤྱོད་རྣམ་དག་སློབས་ཤིག་ཨང་། །
ཐོག་མར་ཐོས་བསམ་ཡང་དག་མཛད་དང་གཅིག །
བར་དུ་བསྒོམ་པས་ཆགས་སྡང་སེལ་དང་གཉིས། །
ཐབས་ཤེས་ཟུང་འཇུག་ཡེ་ཤེས་འཁྲུངས་དང་གསུམ། །
དམ་ཆོས་རྣམ་དག་སྙིང་ནས་སྒྲུབས་ཤིག་ཨང་། །
ཕྱི་ཡི་བླ་མ་མཆོག་གསུམ་གཙུག་ཏུ་བཀུར། །
ནང་གི་བླ་མ་རྩ་གསུམ་རྒྱུན་དུ་བསྟེན། །
དོན་གྱི་བླ་མ་སྐུ་གསུམ་མངོན་དུ་བྱས། །
མཚུངས་མེད་བླ་མའི་རྣམ་ཐར་སྐྱོངས་ཤིག་ཨང་། །
འདིར་སྨྲས་དགེ་བས་བདག་གཞན་འགྲོ་བ་ཀུན། །
ཀུན་བཟང་བླ་མའི་ཐུགས་དང་མི་འབྲལ་ཞིང་། །
ཀུན་མཁྱེན་རྒྱལ་བ་དགྱེས་པའི་བསྟན་འགྲོའི་དོན། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས་པ་འདི་ན་རབ་རྒྱན་མེ་ཁྱི་ཟླ་བཞི་བའི་ཚེས་བཅུ་ཉིན་དབྱིན་རྒན་འཕགས་པ་ཚུལ་ཁྲིམས་དང་གྲོགས་རིག་པའི་རྡོ་རྗེ།ཨ་ནེ་དམ་ཆོས་སྒྲོལ་མ་དང་དྷརྨྰ་ར་ཛའི་མཁན་པོ་དོན་གྲུབ་སོགས་ཀྱིས་དེང་དུས་བླ་མ་འདྲ་མིན་མང་པོ་འདུག་པས་བླ་མ་ཡང་དག་དང་དེ་བསྟེན་ཚུལ་ཅི་འདྲ་ལགས་ཞེས་ཡང་ཡང་བསྐུལ་བ་དང་རང་གི་ཕ་གཅིག་བླ་མའི་ཡོན་ཏན་དྲན་བཞིན་ཐོལ་བྱུང་ནང་པ་སངས་རྒྱས་པའི་གྲལ་མཐའ་འཁོད་པའི་གྲྭ་གཟུགས་གྱི་ན་བ་དཔལ་དགྱེས་པ་རྡོ་རྗེས་ཨ་རིའི་དྷརྨྰ་ཀིརྟི་ཆོས་ཚོགས་ཁང་དུ་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ། ། ༢༠༠༦ ༦ ༦ལའོ། །
༡༽དཔལ་དགྱེས་པ་རྡོ་རྗེའི་མཚན་ལ་གུས་པས་འདུད་དོ། །འཁོར་གྱི་ལྷ་མོབརྒྱད་བདེ་བ་ཆེན་པོས་མྱོས་པའི་ཞུ་བ་གླུས་བསྐུལ་བ་ལ། དུས་ལ་བབས་པོ་ཞེས་ལན་དུ་བསྩལ་བ། །ལགས། ནང་ཆོས་ལ་དད་པ་ཡོད་མཁན་ཕལ་ཆེར་མོས་པས་འཇུག་པ་ཡིན་པས་དྲང་ངེས་དང་སྐུ་གསུམ་གྱི་རྣམ་བཞག་རྒྱས་པ་གོ་དཀའ། ལོག་ལྟ་རྣམས་འགོ་སླ་བས་དེང་དུས་རྗེ་ཕྱག་ན་པདྨོ་དང་རྒྱལ་བ་ཀརྨ་པ་སོགས་ལ་སྐྱོན་བརྗོད་བྱེད་པ་འདིས་སེམས་ཅན་མང་པོ་ངན་འགྲོར་སྐྱེལ་ངེས་སྙམ། མ་ཟད་དེང་སང་གི་དུས་ལ་དཔག་ན་ཕན་ཚུན་སྐྱོན་བརྗོད་དར་དྲག་པས་ནམ་ཞིག་སུ་ལ་སུས་ཡིད་མི་ཆེས་ཤིང་ཁྲམ་པ་ཁ་མཁས་ཀྱི་མཁན་པོ་ལྐོག་ན་བུད་མེད་ཁྱུ་དང་བཅས་པ་རྣམས་དང་། དངུལ་གྱི་ཉོས་པའི་དགེ་བཤེས་སོགས་ས་སྟེང་གང་སྟེ་ནང་ཆོས་ལ་དད་པ་བྱེད་མཁན་ཉིན་སྐར་བཞིན་འགྲོ་བའི་ཉེན་ཁ་ཡང་ཆེ། བྱང་སེམས་རྣམས་་ནི་མཁན་སྤྲུལ་དགེ་བཤེས་ཀྱི་སྐུར་སྣང་ཡང་སྐལ་བ་དམན་པ་རྣམས་ཀྱིས་སྐྱོན་ཤ་སྟག་ཏུ་སྣང་སྟེ་མཇལ་དཀའ། མདོར་ན་དད་ངེས་འབྱུང་སྙིང་རྗེ་དག་སྣང་ཉམས་པར་བྱེད་པའི་ཆོས་བཤད་ཚིག་སྙན་ཞིང་དོན་ཟབ་པ་ལྟར་བདོག་ཀྱང་བདུད་ལས་ཁོ་ནར་འགྱུར་ཞེས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཁམས་ལུང་པས་གསུངས་སོ། ། ༢༽ རྒྱལ་བའི་གསུང་དང་རྡོ་རྗེའི་ལུང་རྣམས་རང་གི་འདོད་པ་དང་མ་མཐུན་ཚེ་དྲང་དོན་འབའ་ཞིག་གི་ཕྱོགས་སུ་འདྲེན་པ་དང་། རྗེ་ཀརྨ་པ་སོགས་རང་ལས་གཞན་པའི་བླ་ཆེན་འཕྲིན་ལས་ཅན་རྣམས་ཆོས་བརྒྱད་ཆོས་སུ་སྨྲ་བར་འདོད་པ་དང་། རྙེད་བཀུར་སོགས་བསོད་ནམས་ཀྱིས་མངོན་པར་འདུ་བྱས་པ་ཐེ་ཚོམ་ཙམ་ཡང མེད་པར་ཁ་ཆེའི་ཚོང་ པའི་ཕྱོགས་སུ་གཅོད་པ་འདི་ཐལ་དྲག་སྙམ། ༣༽ གསང་ ཆེན་ཚོང་པ་ཟེར་བ་ཁྲོམ་དབང་བསྐུར་མཁན་ལ་དགོངས་པ་འདྲ་སྟེ། དེ་ཡིན་ན་རྒྱལ་བ་པཎ་ཆེན་གཉིས་ནས་བཟུང་ཁྲི་གུང་ཐང་ཚང་དང་། ཆོས་རྗེ་འཇིགས་མེད་ཕུན་སོགས་འདུས་པ་རྒྱ་ཆེ་བ་རྣམས་ཕྱོགས་སྔ་གཙོ་བོར་མངོན་སུམ་ཚདམས་གྲུབ་པོ། །གཞན་བླ་ཆུང་རྣམས་གྱིས་བླ་ཆེན་དེ་དག་གིས་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཟིན་པ་དག་ལ་འགོ་འདྲེན་ཙམ་ལས་ཚོང་ཆེན་པོ་ཕོག་གི་མེད་པ་མཐོང་བའི་ཆོས་སུ་གྲུབ་པོ། །འདི་སྐོར་ལ་སེ་ར་མཁན་ཟུར་དང་ས་སྐྱ་སྒྲོལ་མ་ཕོ་བྲང་གིས་ཕན་གནོད་དམ་དགོས་པ་ཆེ་ཆུང་ཐག་བཅད་དེ་གསུངས་ཡོད་པས་དེ་དག་ལ་འདྲི་བར་འཚལ། ༤༽ ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཡང་སྤྲུལ་ཐད། ཉག་བླ་བསོད་རྒྱལ་གྱི་རྣམ་ཐར་དུ་ཡོད་པར་ལུང་བསྟན་པ་དང ། རྣམ་ཐར་དུ་ས་སྐྱར་རྟེན་འབྲེལ་མ་འགྲིགས་ཚུལ་གསུང་ནའང་། ས་སྐྱའི་ཕྱོགས་ཀྱི་ངག་སྒྲོས་ལྟར་ན། སྔཪ་སེར་བྱེས་དགོན་དུ་བླ་དཔོན་ཆེ་དགུ་ཁག་ཅིག་ལ་གུར་ལྷ་བརྒྱད་དང་ཐུན་མིན་རྡོ་རྗེ་བྲག་རྫོང་གི་མན་ངག་གནང་སྐབས་ཆོས་རྗེ་མཆོག་གྲྭ་བཙུན་དཀྱུས་མ་ཆས་གོས་དམན་པའི་ཚུལ་གྱིས་ཕེབས་པར། ༧ས་སྐྱ་བདག་ཆེན་ཐུགས་ཤིན་ཏུ་མཉེས་ཚུལ་གནང་ཞིང་གྲྭ་བ་འདི་གཞན་དང་མ་དྲ་བ་ཞིག་རེད་ང་ལ་རྨི་ལམ་ཡང་མཚར་པོ་ཞིག་ཡོད་དབང་གྲལ་དུ་ཤོག་བཀའ་ཅེས་གནང་ པ་དང་། བཀའ་བགོའི་སྐབས་ཐུན་མིན་ཀྱི་ཞལ་བསྒྱུར་གནང་ཞིང་གཏོར་མ་ཆོས་རྗེའི་ཕྱག་ཏུ་གཏད། སྐུ་ཚེ་ལ་བར་ཆད་མེད་པ་དང་་བསྟན་འགྲོའི་དོན་རྒྱ་ཆེར་འབྱུང་བར་འཕྲིན་ལས་མཛོད་ཅེས་དང་། མ་འོངས་པར་ས་སྐྱར་ཕེབས་ཤོག་གསུངས་ཤིང་། ཆོས་རྗེའི་སྙན་ལམ་དུ་གསུང ་ཆུང་ངུས་མང་པོ་ཞིག་བཤད་པར་ཆོས་རྗེས་བཀའ་བཞིན་ཁས་ལེན་བགྱི་ཞེས་གསུངས། དབང་གྲོལ་འཕྲལ་གྲྭ་བ་དེ་ཚོགས་མང་ནང་བོར་སོང་པས་སྐབས་དེར་ཚང་མས་གྲྭ་བ་དེ་སྤྲུལ་བ་ཞིག་ཡིན་པ་ལས་མི་དངོས་སུ་ཡོད་སྣང་མ་བྱས་ཟེར། ཕྱིས་སུ་༧གོང་མ་བདག་ཆེན་ཀྱིས་རྡོ་རྗེ་གླིང་གུམ་དགོན་པར་ལམ་འབྲས་གསུང་མཐར་གུར་ལྷ་བརྒྱད་དང་དམར་ཟོར་མའི་རྗེས་གནང་བསྩལ་ཞིང་མངའ་གསོལ་སྐབས་བསྟན་པ་སྤྱི་དང་བྱེ་བྲག་རྒྱས་པའི་གཉེར་གཏད་དང་། ཁྱད་པར་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཞབས་པད་བརྟན་པ་དང་མཛད་འཕྲིན་རྒྱས་པ། རྟེན་འབྲེལ་ཉམས་པ་སོར་ཆུད་པ་བཅས་འདུས་པ་སྟོང་ཕྲག་གཉིས་བརྒལ་བའི་ནང་དུ་གསུངས་པ་དང་། ཆོས་རྗེ་སྐུ་གཤེགས་པའི་ལོར་ཞལ་པར་བརྒྱུད་ཚེ་ཚད་ཞུས་ཚེ་ས་སྐྱ་བདག་ཆེན་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཚེ་ཚད་འཛིན་མི་རུང་། ལོ་བརྒྱད་ཅུར་བཞུགས་པའི་རྟེན་འབྲེལ་ཡོད་ཅེས་དང་། ནམ་ཞིག་སྐུ་ཞི་བར་གཤེགས་ཚེ་ཉིད་ཀྱིས་དམ་བཅས་པ་བཞིན་གཙང་ས་སྐྱར་ཕེབས་དགོས་གསུང་པར། ཆོས་རྗེ་མཆོག་གིས་ངའི་མི་ཚེ་གང་པོར་བླ་མའི་བཀའ་གཅོག་མ་མྱོང་གསུངས་པ་ལྟར་སྨོན་པ་བྱེད་ཅེས་པའི་ཞལ་བཞེས་གནང་པ་དང་། ཆོས་རྗེ་དགོངས་པ་རྫོགས་འཕྲལ་༧གོང་མ་བདག་ཆེན་ཀྱིས་དགོངས་རྫོགས་མཆོད་འབུལ་དང་མྱུར་བྱོན་གསོལ་འདེབས་མཛད་ཅིང་ངེད་བླ་སློབ་གཉིས་ལ་ནང་གྲོས་ཞིག་ཡོད་པས་གཞན་སུས་ཀྱང་འདི་ལ་ཐེ་གཏོགས་བྱེད་རྒྱུ་མེད་ཆེས་བཀའ་བཙན་བྱུང་གསུངས། དེ་དག་བདེན་པར་གྱུར་ན་སྤྲུལ་སྐུ་ཞིག་ངེས་པར་འབྱུང་པས་རྩ་བའི་བླ་མའི་སྤྲུལ་སྐུ་ལ་མི་མཇལ་བའི་སྨོན་པ་ཚིག་ཙམ་དུ་ཡང་བྱ་མི་རུང་སྙམ། གཞན་སྤྲུལ་སྐུ་བཟང་ངན་གྱི་རྩོད་པ་འདི་ནས་བསྡུ་བར་བྱའོ། །སྨྲས་པ། །ཁ་ནི་མི་དགེའི་བང་མཛོད་དེ། །ཁ་ཟེར་སྣ་ཚོགས་འབྱུང་བའི་རྒྱུ། །ཁ་བ་ཅན་ལ་ད་བར་ཏུ། །ཁ་ལ་བརྟེན་ནས་སྐྱོན་མང་བྱུང་། །ཁ་ལ་ལྷ་འདྲེ་བབས་པ་ན། །ཁ་བཤད་གཏེར་ཁ་རྡོལ་བ་འདྲ། །ཁ་ཚིག་མི་མཚུངས་གཡོན་ཅན་ཀྱིས། །ཁ་ཅན་སེམས་ཅན་ངན་འགྲོར་སྐྱེལ། །ཁ་ངན་ང་ཡི་ལས་ངན་ཀུན། །ཁ་མཁས་དགྱེས་རྡོར་སོགས་ལ་བཤགས། །ཁ་ཙམ་མིན་པའི་བསྟན་དོན་འགྲུབ། །ཁ་ལས་རླུང་རྟ་དར་བར་ཤོག །ཁ་བའི་སྤྲུལ་སྐུ་རྩོད་པ་ཡི། །ཁ་ཡི་ལས་ངན་ཅི་བསགས་པ། །ཁ་ནས་འཐོལ་ཞིང ཡིད་ཀྱིས་སྡོམ། །ཁ་བརྡ་དགེ་ལ་འགྱུར་བར་ཤོག ། །ཅེས་ཀརྨ་ལྷག་བསམ་རྒྱ་མཚོར་འབོད་པས་བྱུང་རྒྱལ་དུ་སྨྲས་པའོ། །
སྐྱོ་ཆད་ཀྱི་སྨོན་གླུའི་གདམས་བསྐུལ།
ན་མོ་གུ་རུ་ཀརྨ་ས་ཏྭ་ཡེ། །
ལས་འབྲས་མེད་པའི་འུག་པས་ཚན་རིག་འཛིན་པ། །
ཁ་ཁོག་མི་མཚུངས་ལི་ལིས་རྒྱལ་བསྟན་སྐྱོང་བ། །
ནོག་ཆུང་རྒྱུ་ལ་རིག་གཞུང་ཚོང་ནོར་སྤེལ་བའི། །
རིས་མེད་སྨྲ་ཡང་ཕ་མེས་བླ་བཙོང་སྣང་ངོ་། །
རིག་གཞུང་མེ་ཏོག་ཆུ་བོའི་གཞུང་ལ་གཡུགས་ནས། །
ཡབ་མེས་བཀའ་དྲིན་རྨོངས་པའི་གྲལ་དུ་འཇོགས་ཏེ། །
དོན་མེད་གྲགས་སྟོང་སྐམ་པོ་རྗེས་སུ་བརྒྱུགས་པའི། །
དེང་རབས་སྤྱི་ཚོགས་མཐོང་ན་ཞེན་པ་ལོག་གོ །
གཞོན་པའི་མི་ཚེ་སྟོང་ཟད་རླུང་ལ་བསྐུར་ནས།
གཞན་གྱི་རྒྱུ་ལ་བརྣབ་གནོད་འདོད་པས་སྡང་བཞིན། །
རང་གི་སྙིང་ལ་གདོན་དང་དམ་སྲི་ཞུགས་ཏེ། །
ཡང་དག་ཚུལ་ཁྲིམས་དོན་མེད་གྱི་ནར་བོར་འདུག །
སྟོང་ཉིད་རྟེན་འབྲེལ་གནད་ལ་ངེས་ཤེས་མ་སྐྱེས། །
བདེ་ཆེན་ཕྱག་རྒྱའི་ལམ་ལ་གོམས་པར་དབེན་ཞིང་། །
རང་རིག་ཡེ་ཤེས་མ་མཐོང་མདོ་ཤོར་འགའ་རེས། །
ཐོ་ཅོ་སྤྱོད་པས་བསྟན་པ་རྨིང་ནས་གཤིགས་སོང་། །
བདག་བདེ་གཞན་ལ་བཏང་བའི་ལམ་རིམ་སྣ་གཅིག །
བདག་ལས་གཞན་གཅེས་བསམ་པའི་ལམ་མཆོག་རྣམ་གཉིས། །
བདག་གཞན་མཉམ་ཉིད་མཐོང་བའི་ལམ་འབྲས་ཐེག་གསུམ། །
མེད་ཀྱང་ཡོད་འདོགས་སྟོན་པའི་མགོ་སྐོར་སྤོངས་ཤིག །
གཞན་རྒྱུ་གང་ཐོབ་ཁྱེར་བའི་ནོར་གྱི་སྤྲུལ་རྐུ། །
རང་ནོར་བསགས་བསྲུང་སྤེལ་བའི་འདོད་འདུན་ལོངས་རྐུ། །
ཆོས་བརྒྱད་ཁོ་ན་གཉེར་བའི་དམ་པའི་ཆོས་རྐུ། །
བསྟན་འཛིན་བསྟན་བཤིག་ཡིན་མིན་འཕྱང་མོ་ཉུག་གོ །
རྙིང་མའི་རྒྱལ་དབང་ནམ་མཁའ་རིན་པོ་ཆེ་དང་། །
བཀའ་བརྒྱུད་རྒྱལ་དབང་སི་ཏུའི་ཀརྨ་པ་ཞེས། །
དགེ་ལུགས་རྒྱལ་དབང་གངས་ཅན་བླ་མ་རྒྱ་བོ། །
རིས་མེད་བསྟན་འཛིན་གྲགས་ཀྱང་ཐེ་ཚོམ་མི་ཟ། །
བདག་བདེ་ཁོ་ན་འདོད་ལ་སོ་ཐར་མི་ཟེར། །
གཞན་བདེ་དུག་ཏུ་མཐོང་བར་བྱང་སེམས་མི་ཟེར། །
དུག་ལྔ་ཅི་དགར་སྤྱོད་པར་རྣལ་འབྱོར་མིན་ནོ། །
བོད་ཆོས་ལྟ་ཅི་ཁ་ཆེས་དེ་ལྟར་མི་འདོད། །
རྟེན་འབྱུང་སྟོང་ཉིད་སེམས་ལ་གོམས་པ་ཡོད་ན། །
ཐོས་རྟགས་ཞི་དུལ་སྒོམས་རྟགས་ཉོན་མོངས་མེད་པ། །
གཞན་གནོད་སྤངས་ཤིང་གཞན་ཕན་གཞི་བཅས་སྒྲུབ་ནས། །
སྡོམ་དང་དམ་ཚིག་བཀའ་བསྟན་གཞུང་བཞིན་མཛད་རོགས། །
འཇིག་རྟེན་ཡ་རབས་དགེ་བར་ངེས་ཤེས་རྙེད་པ། །
སོ་ཐར་རྣམ་བརྒྱད་གང་རང་རང་རྒྱུད་ལྡན་པ། །
བྱང་ཆུབ་སེམས་མཆོག་ལྟ་སྤྱོད་རྣམ་དག་བརྩོན་པ། །
སྣང་སྲིད་དག་མཉམ་རྟོགས་པ་ཡང་དག་བླ་མ། །
མི་ཡི་རང་ཚུགས་ཤོར་ལ་རྟུལ་ཕོད་སྨྲ་ཞིང་། །
ཆོས་པ་རང་ཚུགས་ཞིག་ལ་རྣལ་འབྱོར་རྩི་བ། །
ཆགས་སྡང་རྨོངས་གསུམ་འཛོམས་པར་ལ་རྒྱ་ཡིན་ན། །
འཛམ་གླིང་ཞི་བདེའི་དེད་དཔོན་དགོས་པ་མི་འདུག །
ཞི་བདེའི་ལྷ་ལུང་དཀར་པོ་དམུ་བློ་མ་བཏང། །
ཞི་བདེའི་ལྷ་བྱ་དཀར་པོ་ནག་ཐིག་མ་བགོ །
ཞི་བདེའི་དེད་དཔོན་མཆོག་གི་དགོངས་གཞི་མ་བརྫེད། །
ཞི་བདེའི་རྒྱལ་ཁབ་བསམ་ན་སྤྱི་དོན་སྒྲུབ་རོགས། །
རྒྱུ་འབྱོར་གོ་ཐོབ་ཅན་གྱི་བླ་སྤྲུལ་མ་འབད། །
མི་ལུས་ལན་གཅིག་ཐོབ་པ་དོན་མེད་མ་གཏོང་། །
རང་མགོ་རང་གི་སྐོར་བའི་རུ་ཏྲ་མ་གནང་། །
རང་སྐྱོན་ཅི་ཡོད་ཚང་མ་དགྱ་མགོར་མ་བཞག །
རྙིང་མས་བཀའ་གཏེར་ཆོས་ལ་ཉམས་ལེན་མ་བརྗེད། །
བཀའ་བརྒྱུད་རྒྱུ་ནོར་ཞྭ་རྩོད་བསྟན་པ་མ་འཛིན། །
ས་སྐྱའི་བཀའ་དམ་ཆོས་ལ་འཆོལ་ཉོག་མ་བྱེད། །
དགེ་ལུགས་ཆོས་ཀྱིས་འཇིག་རྟེན་སྒྲུབ་བྱེད་མ་གནང་། །
གོས་ལ་རབ་བྱུང་མ་ཡིན་རྟགས་ཙམ་འཛིན་པ། །
ཞྭ་ལ་བྱང་སེམས་ངོས་འཛིན་ལྟར་སྣང་སྐྱབས་མགོན། །
རྒྱུ་ཆེན་སྔགས་འཆང་བདག་པོ་འཁོར་བའི་མགོ་འཛིན། །
སོ་བྱང་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་མ་ཡིན། །
གོས་དམར་ཙམ་ཞིག་ཀླ་ཀློའི་དཔུང་གི་ས་ལས། །
ཞྭ་རིགས་འདྲ་མིན་དམག་ཆེན་ཁག་ལ་ཡོད་དོ། །
རྒྱུ་ཆེན་གོས་དཀར་ཁ་ཆེའི་ལ་རྒྱ་བྱེད་པ། །
དགེ་སྡིག་མ་ནོར་ནང་བསྟན་ཁོ་ན་ལགས་སོ། །
ཉམ་ཆུང་འགྲོ་བ་དག་ལ་ཁྱད་གསོད་མ་མང་། །
ན་ཆུང་ཕོ་མོ་དག་ལ་ཆགས་སྲེད་མ་ཆེ། །
གལ་ཆུང་རྩེད་མོའི་རིགས་ལ་གཡེང་རྒོད་མ་གནང་། །
འདོད་ཆུང་ཆོག་ཤེས་ཞིག་ལ་འབད་པར་སྙིང་གཏམ། །
རང་ཡུལ་དགྲ་ལ་ཤོར་བ་བདེན་པ་ལགས་མོད། །
རང་ཆོས་རང་གིས་གཤིག་པའི་བྱ་བྱེད་ཕོད་དམ། །
རྒྱ་དབྱིན་སྐད་རིགས་མཁས་ན་བཟང་བར་སྣང་མོད། །
རང་སྐད་ཡིག་རིགས་མ་ཤེས་ཤིན་ཏུ་ཕོངས་སོ། །
མཁས་པ་བསམ་ན་ནང་ཆོས་རིག་གནས་སློབ་གཉེར། །
བཙུན་པ་བསམ་ན་རང་རྒྱུད་ཆོས་དང་སྦྱོར་བ། །
གྲུབ་པར་འདོད་ན་ཆོས་བརྒྱད་རྒྱང་དུ་དོར་ནས། །
དམ་པའི་ཕ་ཁྱིམ་ཁོ་ན་བཟུང་དང་ལེགས་སོ། །
རྐང་གཉིས་མི་ཞེས་སྨྲ་ཤེས་དོན་གོ་ཟེར་ཡང་། །
ཞེ་འདོད་ལག་ལེན་འགལ་བ་མ་ཤེས་ཡིན་ནམ། །
མི་ལུས་ཐོབ་རུང་ཕྱུགས་དང་གཉིས་མེད་མ་བྱེད། །
རང་མགོ་ཉི་མ་ཆོས་ཀྱིས་སྟོན་པར་འཚལ་ལོ། །
བསམ་དཀར་ཕྱི་ནང་མ་ནོར་དྲན་ཤེས་བསྟེན་མཛོད། །
ངེས་འབྱུང་འཁོར་བ་ཞེན་ལོག་བདག་མེད་སྒོམས་ཤིག །
བྱང་སེམས་སྦྱོར་དངོས་རྗེས་གསུམ་ཚང་བར་མཛོད་ཅིག །
སྣང་སྲིད་རྣམ་དག་རྟོགས་པའི་རྣལ་འབྱོར་རེམས་རེམ། །
ཀུན་མཁྱེན་མི་ཕམ་ལུགས་ཀྱི་བསྟན་བཅོས་ཉིད་ལས། །
རྩ་བ་བློ་དང་ཟུང་ཐུབ་ལྡན་པ་ཡིན་ན། །
སྡོང་པོ་ཁྲེལ་དང་བག་ཡོད་བརྟན་པ་མཆོག་ཡིན། །
ཡལ་ག་དྲང་དང་དམ་བཅའ་བརྟན་པའི་སྟོབས་དང་། །
ལོ་མ་བྱས་ཤེས་གཞན་ཕན་བརྩོན་ལ་འབད་ནས། །
མེ་ཏོག་དད་དང་གཏོང་ཕོད་ཡོད་པ་དེ་ལ། །
འབྲས་བུ་བདེ་དང་གྲགས་པ་རྣམ་པར་སྨིན་པས། །
འདི་རྣམས་མེད་དུ་མི་རུང་ཆོས་དང་འཇིག་རྟེན། །
དེང་དུས་བློ་དང་ཟུང་ཐུབ་རྩ་གཞི་རལ་བས། །
ཁྲེལ་མེད་བག་མེད་དྲང་བདེན་དམ་བཅའ་ཤོར་བ། །
བྱས་པ་མི་ཤེས་གཞན་ཕན་འབད་བརྩོན་བྲལ་བས། །
དད་གུས་གཏོང་ཕོད་མི་ལྡན་རང་དོན་གཉེར་མཁན། །
འདི་འདྲར་སངས་རྒྱས་བསྟན་པའི་སྙིང་པོ་འཛིན་ན། །
ཆོས་པ་ལྟ་ཅི་འཇིག་རྟེན་མི་ནག་ཕལ་ཆེར། །
བདེན་དྲང་ཆོས་མཐུན་སྤྱོད་པ་དྲང་ཀྱི་མི་ཆོད། །
དེ་འདྲ་པ་དག་ནང་པ་སངས་རྒྱས་མཐར་ཐུག །
རང་བློ་འཆར་བའི་གཞན་ལས་དྲི་མའི་ཕུང་པོ། །
རང་གཞན་སུ་ལ་ཡོད་རུང་སྤང་བྱའི་ངོ་བོ། །
རང་སྡིག་རོགས་བརླག་མཛད་པའི་དཀོར་རྒྱལ་ཚོ་ལ། །
རང་བློ་གཙང་མས་སྙིང་གཏམ་གླུ་རུ་ཤོར་སོང་། །
དགེ་བས་བསྟན་པ་རྣམ་དག་མི་ནུབ་རྟག་བརྟན། །
བསྟན་འཛིན་དམ་པའི་ཐུགས་བཞེད་ཇི་བཞིན་འགྲུབ་ནས། །
བསྟན་འགྲོའི་དོན་ཆེན་ཕན་བདེའི་ལེགས་ཚོགས་ཐོབ་པས། །
དྲང་བདེན་རྒྱལ་ཁམས་བཀྲ་ཤིས་བདེ་ལེགས་སྨོན་ནོ། །
ཞེས་རྒྱལ་ཁམས་པ་ཤྲྰི་སྨྱོན་པས་ཡོ་རོབ་རྒྱལ་ཕྲན་ཞིག་ནས་ཁྲེལ་མེད་འགས་བྱ་བྱེད་འགའ་ཞིག་མཐོང་ནས་
ཅི་དྲན་དུ་བྲིས་པ་བི་ཛ་ཡནྟུ།། དགེའོ། མངྒ་ལཾ།། །།
དགྱེས་རྡོར་ལགས།
གཤམ་གྱི་ཚིགས་བཅད་དེར་གོ་བ་སྐོན་མི་ཐུབ་ཀྱི་འགྲེལ་བ་ཞིག་ཡོད་པ་མཁྱེན།
རྙིང་མའི་རྒྱལ་དབང་ནམ་མཁའ་རིན་པོ་ཆེ་དང་། །
བཀའ་བརྒྱུད་རྒྱལ་དབང་སི་ཏུའི་ཀརྨ་པ་ཞེས། །
དགེ་ལུགས་རྒྱལ་དབང་གངས་ཅན་བླ་མ་རྒྱ་བོ། །
རིས་མེད་བསྟན་འཛིན་གྲགས་ཀྱང་ཐེ་ཚོམ་མི་ཟ། །
ཁྱེད་ཀྱིས་གསུངས་ན། ཁོང་གི་བླ་མ་དེ་དག་ཐ་ཤལ་རེད་ཟེར་རམ། ལྷག་པར་དུ་གངས་ཅན་བླ་མ་དེ་ཟིང་སློང་མཁན་ལྟེ་བ་ཞིག་རེད།
ཨ་རོགས་དགྱེས་རྡོར། ད་ཁ་ཚོད་ཚོད་བྱས་ན་མི་དགའ་འམ། དཀོན་མཆོག་གསུམ། ཉི་མ་གཅིག་ལ་ཅིག་ཟིག་གིས་བརྡུང་ན་ཐང་ཀོ ལྷག་པར་དུ་ཀརྨ་པ་ཁོང་ཚོ་རྡ་བྱང་ཆུབ་སེམས་དཔའ་ཡིན་རྒྱུ་རེད་དེ་ལག་གཡོག་གི་མི་དེ་ཚོ་བྱས་རྗེས་མེད་པའི་དམག་དཔོན་ཤ་སྟག་རེད། རྡོར་གདན་སྨོན་ལམ་གྱི་སྐབས་སུ་གྲྭ་བ་ཉམ་ཆུང་ཚོ་དང་ཡུལ་མི་དབུལ་པོ་ཚོར་དབྱུག་རྙོག་རེ་བྱས་བཞག་དུས་གཞིས་ཀ་རྩེའི་རྒྱ་མིའི་རྒྱུགས་ཁྱི་དེ་ཚོ་མིག་ལམ་ལ་ཤར་ཡོང་ནི་ཟིག་རེད། ད་དུང་སྐབས་རེ་ཁྱེད་ཀྱིས་རྫུན་ཡང་གསུངས་ཀྱི་འདུག སྔོན་མ་སེར་ཤུལ་ཁྲི་པ་རིན་པོ་ཆེས་ཤུལ་ཡུལ་ནས་ཁྱིམ་ཚང་ཞིག་གཏོར་ཏེ་རྒན་མོ་ཁྲིད་ནས་བྲོས་སོང་བ་རེད་ཅེས་ཁྱེད་ཀྱིས་གསུངས་སོང་ང་། སེར་ཤུལ་ཁྲི་པ་རིན་པོ་ཆེས་ནི་དེ་རིང་ཁར་སང་ད་དུང་སེར་སྡེ་སྟོང་གི་གསོ་སྦྱོང་གི་མཁན་པོ་གནང་གི་འདུག ཁོང་དངོས་གནས་དྲང་གནས་ཆོས་ལུགས་རིས་མེད་ལ་བརྩི་འཇོག་དང་གཟིགས་རྟོགས་གནང་མཁན་ཞིག་ཡིན་པའི་མ་ཚད། བོད་པ་ཚང་གི་དོན་དམ་པའི་ཕོ་རྒོད་ཉི་མ་ལྟ་བུ་ཞིག་རེད། དེའི་རིགས་དེ་བརྟག་དཔྱད་མེད་པར་གསུངས་མི་ཉན་ན། མཁན་ཆེན་ལོ་ལོ། སྐུ་ཚེ་རིང་རྒྱུ།
དཔལ་དགྱེས་གཤོབ་རྐྱའི་ཁ་ལ་སུ་ཡིས་ཉན།
ད་ཁྱེད་ཚོས་རྩོམ་ཡིག་ཆ་ཚང་ཞིབ་ཕྲ་ཀློག་རྒྱུ་མ་བྱུང་། ལྷག་བསམ་རྒྱ་མཚོས་ལོ་རྒྱུས་གསར་བ་ཞིག་གོ་འདུག འདི་དཔྱད་གཞི་གལ་ཆེན་ཞིག་རེད། སྔོན་ས་སྐྱོང་གོང་མ་ཕུན་ཚོགས་ཕོ་བྲང་རིན་པོ་ཆེ་ཁམས་ལ་ཕེབས་སྐབས་ཆོས་རྗེ་མཁན་ཆེན་དང་མཇལ་འཕྲད་གནང་ཡོད་རབས་གོ་མྱོང་། ལྕང་མ་རི་ཁྲོད་དུ་གདན་ཞུས་བྱས་པའི་ལོ་རྒྱུས་ཀྱང་ཡོད། གཞན་མང་པོ་མི་ཤེས། ས་སྐྱའི་གདུང་དུ་ཐེངས་གཅིག་འགྲོ་དགོས་ཡོད་གསུང་ནས་སྨོན་ལམ་འདེབས་སྙམ་པ་ལ་རྟེན་འབྲེལ་མ་འགྲིག་རབས་ཤིག་ཁོང་གི་སློབ་མ་ཚོས་ཞལ་ནས་གོ་མྱོང་། གཞན་མང་པོ་མི་ཤེས།
ཨོ་ཡ། ད་དངོས་ནས་བཤད་པའི་སྐབས་སུ་བབས་པ་ཡིན་པ་འདྲ། འབག་མགོ་རང་གི་གྱོན། འཇིགས་སྐྲག་གཞན་ལ་སྟོན་ཟེར་བའི་དཔེ་བཞིན་སོང་ངམ།ང་ལ་མཚོན་ན་ཀརྨ་པ་རིག་རྡོར་ཡང་བླ་མ་མཚན་ལྡན་ཞིག་ཏུ་ངོས་འཛིན་བྱས་མེད། བདེན་དྲང་གི་ལོ་རྒྱུས་བཤད་ན་སྐྱུར་ཁ་བ་ཞིག་འདུག ཁྱད་པར་སི་ཀར་སོགས་འདི་དག་ཀྱང་ད་ཐང་བོད་བཙན་བྱོལ་གྱི་ངོ་ཤུགས་ལ་རྟེན་ནས་རྒྱུ་ནོར་དཔུང་བ་ངོམས་པ་འདི་དག་ངོ་ཚ་དང་བཀའ་ཁྲེལ་མེད་པའི་ལས་ཀ་ཞིག་རེད།དཔེར་ན།སི་ཏུ་འདི་ཚོས་བླ་མའི་རྒྱུ་ནོར་དམིགས་པ་ལས།ནང་ཆོས་ལ་དད་པ་ཡང་དག་ཅིག་ལྟ་ཅི་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་བཟང་པོ་ཙམ་ཡང་མེད་པར་རྒྱལ་ཕྱི་ནང་ཀུན་ཏུ་མགོ་བོ་གདུགས་ལྟར་བསྐོར་མཁན་ཞིག་རེད། དེ་ལྟར་མིན་ན་ཆོས་མཆེད་ནང་གྲོས་ཡག་པོ་ཞིག་མི་བཟོ་བར་རྩམ་པ་རང་གིས་རྩམ་ཁུག་གཞན་མགོ་གཡོགས་པའི་དཔེ་བཞིན་༧གོང་ས་མཆོག་གི་དབུ་ལ་ཞྭ་ནག་གཡོག་པའི་གློག་བརྙན་རྫུན་མ་ཅི་འདྲ་བཟོ་ཡོད་པར་མི་དྲན་ནམ། བཀའ་གདམས་པ་དང་བཀའ་བརྒྱུད་གོང་མ་ནང་བཞིན་འདོད་པ་ནི་ཤིན་ཏུ་མ་ཐལ་ལམ། དེས་ན་རྒྱ་ནག་གཞུང་གི་གསར་སྒྲགས་ནང་བཞིན་ཁྲ་འགུ་མཁན་ཆེན་དང་སི་ཏུའི་ཇུས་ཐབས་འདི་དག་བལྟས་ན་ཀརྨ་པ་ཡང་དག་ཅིག་ཏུ་ངོས་འཛིན་གཏན་ནས་བྱེད་ཀྱིན་མེད་ན་ད་དུང་རྒྱལ་པན་དང་ཆོས་རྗེ་ཡིད་བཞིན་ནོར་བུ་དང་གུང་ཐང་རྣམ་པ་དཔེ་མཚོན་བཞག་པ་ནི་རྒྱ་གཞུང་གི་པན་ཆེན་ནང་བཞིན་བཙན་གྱིས་བཞག་པ་ཞིག་རེད་ཡ། །༡༽ཀརྨ་ལྷག་བསམ་རྒྱ་མཚོའི་དོན་ལ་ཡི་རངས་དང་ཐུགས་ལ་སྤྱི་སེམས་ཡོད་ན་དགའ་བསུ་ཡོད་མོད། ང་ཡིས་བཤད་པ་ཡང་ད་ལྟའི་སྐབས་སུ་རྒྱལ་བ་བརྒྱུད་པར་བཅས་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གྲུབ་མཐའ་འཛིན་པ་དག་ལ་ཐལ་ངག་ཅིག་བཀོད་ཡོད་པ་དེ་དག སྡུག་ཐང་ལ་ཡོད་པ་ཐོད་ལ་ཁུར་ནས་ཀརྨ་པ་ལ་ཨ་རི་ཧོང་ཀོང་ལ་དངུལ་སྡུད་ཁང་ཡོད་རབས་བཤད་པ་ཙམ་གྱིས་བླ་མ་ཡང་དག་ཅིག་སྒྲུབ་པར་ནི་གད་མོ་གནས་སོ། ལྷ་དང་ལྷ་མོས་གླུ་བསྐུལ་དང་ངག་འགུགས་གང་ཡང་མེད་ཀྱང་ང་རང་གི་བསམ་ན་ཕྱག་ན་པདྨོ་དངོས་སུ་འདོད་པའི་དབང་དུ་བཏང་ན་ངོ་ལྐོག་མི་མཚུངས་པའི་དད་པ་ཁ་ཁྱེར་གྱི་ནང་མཆེད་འཁོན་འདྲིས་ད་དུང་ཡོད་པ་འདི་ཚོ་མཐོང་ཚེ་སེམས་ཅན་མང་པོ་ངན་སོང་དུ་སྐྱེ་ངེས་གསུངས་སའི་སྔ་རྒོལ་སུ་ཡིན་ཤེས་སླའོ། ། ནང་ཆོས་དེ་མོས་པ་ཡིད་བྱེདཙམ་དུ་འདོད་པ་དང་སྐུ་གསུམ་རྣམ་བཞག་མི་གོ་མཁན་དག་གིས་མཁན་པོ་བུ་མེད་ཁྱུ་བཅས་དང་དངུལ་གྱི་ཉོས་པའི་དགེ་བཤེས་ཟེར་ལུགས་ལྟས་ན་ནང་ཆོས་ལ་དད་པ་ཡོད་མཁན་ཇེ་མང་འགྲོ་སྙམ་པ་ནི་ནམ་མཁའི་གནས་སུ་སྐྱེད་ཚལ་འདོད་པ་བཞིན་མིན་ནམ། མདོར་ན་མཆོག་གི་བཤད་པའི་སྤྲུལ་རྫུན་དག་ལས་དད་ངེས་འབྱུང་སྙིང་རྗེ་དག་སྣང་སྐྱེ་བ་ཡིན་ན་དམ་ཉམས་རུ་ཁག་དོལ་རྒྱལ་བཀའ་གདམས་གསར་པ་ཟེར་བ་འདི་ཚོས་ཚིག་སྙན་པོ་དང་དོན་ཟབ་མོ་གང་ཡང་བཤད་མི་ཤེས་པར་འདྲེ་ཁོ་ན་སྐྱབས་སུ་སོང་ན་མཆོག་གསུམ་ཀུན་འདུས་རེད་ཟེར་བ་དེ་ཚོ་བཀའ་གདམས་དགེ་བཤེས་ཁམས་ལུང་པའི་ལུང་གི་སྒྲུབས་དང་ངོ་མཚར་ཆེའོ། །
༢༽ རྒྱལ་བའི་བཀའ་དང་རྡོ་རྗེའི་ལུང་རྣམས་དྲང་ངེས་ལྡེམ་དགོངས་བཞི་བཞི་ཡོད་པ་མདོ་རྒྱུད་ཀུན་ལ་ཡོད་པ་སྙོམ་མེད་རེད།ཁྱོད་རང་འདོད་པ་ལི་ལིའི་སྟུག་པ་གསེར་དུ་སྒོམ་པའི་སི་ཀར་དེ་རྒྱལ་པན་དང་ཁྲི་གུང་ཐང་དང་ཆོས་རྗེ་ཡིད་བཞིན་ནོར་བུ་ཚོ་དང་མཉམ་པ་ལྟ་བ་ནི་ཁྲ་འགུས་བཤད་པ་དེ་ཚོ་རྗེས་ཟློས་བཤད་པ་དག་ངོ་ཡང་མི་ཚའམ། ལས་རྒྱུ་འབྲས་འདི་བདག་ཅག་སྟོན་པ་མཆོག་གི་གསུང་གཞིར་བཞག་ནས་སྲུང་དགོས་ན་གང་ཟག་མཐོ་དམན་སུས་སྒྲུབ་རུང་དམིགས་བསལ་བ་ཞིག་མེད་པར་ཡིན་ནོ། བརྙེད་བཀུར་ཆགས་སྡང་བ་ཞེས་རྒྱལ་པན་སོགས་དེའི་ཕྱོགས་སུ་ཕན་འདོད་ན་ཁྱོད་རང་གི་དག་སྣང་ཚད་མ་ལས་ང་ཡིས་བཤད་པ་ཞིག་གཏན་ནས་མིན་ནོ །
། ༤༽ ཆོས་རྗེ་ཡིད་བཞིན་ནོར་བུ་ལྟ་བུ་མི་འགྱུར་བའི་རྟགས་བདུན་དང་དམ་པའི་ཡོན་ཏན་ཡོངས་ཚང་བ་དག་ལ་སྤྲུལ་སྐུ་ཡིན་མིན་རྩོད་པ་མེད་མོད། ཡང་སྤྲུལ་ཀྱི་འཐད་ལ་མཆོག་གི་ཞལ་གསུང་དྲོན་མོས་འཚོགས་པ་དགེ་འདུན་ཁྲི་ཕྲག་གི་དབུས་སུ་རྒྱལ་མཆོག་ཉིད་བསམ་བཞིན་བསྟན་འགྲོར་ཕེབས་པར་གསུངས་པར་ལས་དེང་དུས་ཀྱི་མོ་སྟོན་ཕག་མགོ་དག་གི་རྗེས་སུ་རྒྱུགས་ནས་བསྟན་དཀྲུག་དང་ཆགས་སྡང་སློངས་ཞེས་གཏན་ནས་གསུངས་མེད་དོ། ས་སྐྱའི་དེ་འདྲའི་རྟེན་འབྲེལ་ཉེས་སེལ་བསམ་ན་དགོངས་པ་མ་རྫོགས་པའི་སྔོན་ལ་མཇལ་འཕྲད་བཤགས་སྦྱངས་རེ་བྱས་ན་ལེགས་མོད། ཞེ་དབུས་ནས་ཀླུ་ལྡིང་མཁན་ཆེན་བྲོས་རབས་ལས། སྨོན་ལམ་རྒྱུན་ཞུས་ཙམ་ལ་ངོ་སོ་ཅི་ཞིག་ཡོད། མ་ཚད་ཁྱོད་ཀྱིས་བཤད་པ་ལྟར་ན་ལུང་དུམ་རིས་ཆོད་རེ་འདྲེན་ཁུལ་ས་ཕྲུག་ཅིག་ཏུ་འདོད་པ་ནི་སི་ཏུའི་རང་རིག་ཀུན་བདེ་རྗེས་སུ་དྲན་པར་རིགས་སོ། མདོར་ན་ཀརྨ་པ་ཞེས་དཔེ་མཚོན་ཙམ་རེད་མ་གཏོགས་རྒྱུ་ཤུགས་དང་དཔུང་ཤུགས་ཀྱིས་རྒྱལ་བསྟན་མི་ངོ་དང་ནོམ་པ་ལ་རྗེ་ཚར་ནས་བཟུང་རྒྱལ་བསྟན་རིན་པོ་ཆེའི་མིང་དོན་བརླགས་ཚར་བ་ཡིན་པ་ཧ་ཡང་མི་གོ་འམ།།
མཁས་བཙུན་བཟང་གསུམ་ལྡན་པའི་བླ་གྲྭ་ཚོ་སྣང་མེད་དུ་བཞག་ནས་འོད་སྡེར་དང་ཚོང་ལས་འགྲིམ་པའི་བླ་གཟུགས་ཁག་ལ་སྐྱབས་སུ་འགྲོ་བ་ནི། ཇི་སྐད་དུ། །རྨོངས་པ་ཕལ་ཆེར་གཟུགས་བརྙན་འབྲི་ཞིང་སྒོམ། །དངོས་སུ་བཞུགས་ལ་རིམ་འགྲོ་རྒྱུ་བ་མེད། སྒྲུབ་དང་སྒྲུབ་བྱ་འགལ་བ་ཤིན་ཏུ་འཁྲུལ། །མོས་གུས་མེད་བཞིན་བར་དོ་མཇལ་བར་འཚར། ། གསུངས་པ་ནང་བཞིན་འགྱུར་ཉན་ཆེ་འདུག་པས་གཟབ་དགོས་པར་སྣང་ངོ། ། ངས་ད་ཐང་དམིགས་བསལ་བོད་ཕྱི་ནང་དང་ཕྱི་རྒྱལ་ཁབ་ཁག་ནས་ཡག་ཤོས་རྩི་བ་འགའ་དམིགས་ཀྱིས་བསལ་གྱི་མིང་ཐོ་བཀོད་པ་འདི་དག་ལ་དམ་པའི་ཆོས་དང་འགལ་བར་མཐོང་ཐོས་ཡོད་ནས་བཀོད་པ་ལས་རྫུན་དང་གཡོ་སྒྱུའི་ཆ་ཏིལ་ཙམ་ཡང་འདྲིས་མེད་དོ། ཁྱེད་ཚོས་དམངས་གཙོ་དང་དྲང་བདེན་དགོས་ཞེས་ཁ་ནས་མ་ཎི་འདོན་འདོན་བྱས་ཀྱང་དོན་སྙིང་པོའི་བཤད་སྒྲུབ་ལ་མི་བསམ་པ་དག་མཐོང་ཚེ་འདི་དག་མི་བཤད་ཐབས་མེད་ཅིག་རེད་ཡ། བགད་བྲོ་བ་ཞིག་ལ་ད་གཟོད་བཙན་བྱོལ་བོད་སྤྱི་ཚོགས་དང་གྲྭ་ས་ཁག་ནས་ཞོགས་དུང་གི་གནམ་ས་གོ་འབྱེད་རྩ་ཆེན་འཛིན་པ་འདི་ཚོ་ལྟོས་དང་བཙན་བྱོལ་བོད་ཀྱི་ལྟ་གྲུབ་ཀྱི་ཚད་ག་ཚོད་ལ་ཐོན་ཡོད་པར་ཤིན་ཏུ་གསལ་ལོ། །
སླར་སྨྲས་པ། །ཁ་མི་གྲགས་ཚང་མ་དགེ་བ་མིན། །ཁ་རླུང་རྟ་ཟེར་བ་ཁ་འབོད་རེད། ། ཁ་བཤད་པ་དོན་ལ་མ་ཡོད་ན། །ཁ་ཁོག་པ་མ་མཚུངས་ཌ་རུ་མགོ །ཁ་ཀརྨ་ཁ་ལས་སྔ་བཞིན་དགེ །ཁ་སྤྲུལ་པ་ས་ཁྱབ་རྡོ་ཁྱབ་རེད། །ཁ་དོན་མེད་སྨྲ་བ་རྒྱུན་ཆད་ནས། །ཁ་ཅི་བཤད་དོན་ལ་མེད་པར་ཤོག །ཁ་མཁས་པ་དགྱེས་རྡོར་མ་ཡིན་ཡང་། །ཁ་གྲགས་པའི་རང་དབང་ཁ་བརྡས་དྲིན། །ཁ་ཁ་བའི་ལ་རྒྱ་འཛིན་མི་ཚོ། །ཁ་ཡག་པོས་བསྟན་པ་ཨེ་ཟིན་ནམ། །ཁ་བཟང་པོ་ཆོས་ཆར་ཐ་ར་ར། །ཁ་མི་དགེའི་བང་མཛོད་ཐོ་རོ་རོ། །ཁ་ཁོག་པ་མཚུངས་པའི་ཁ་བརྡ་འདི། །ཁ་བདག་མེད་དགྱེས་རྡོར་གདམས་པ་ལགས། །ཁ་དད་པ་ཡོད་འདོགས་སྟོན་ནི་ཚོ། །ཁོག་རྫུན་མ་མིན་ན་ངོ་སོ་བསྟོད། །ཁ་དགེ་བ་ཆོས་ཀྱི་བགྲོ་གླེང་འདི། །ཁོག་བསམ་པ་མཐུན་པའི་ཆོས་མཆེད་ཚོར། །བཟང་ངན་པ་བདེན་དྲང་རྭ་སྤྲོད་ལགས། །དོན་ཆོས་བསམ་འགྲུབ་པའི་བཀྲ་ཤིས་ཤོག །ཁ་ཉེས་པ་ཅི་ཡོད་གྲོགས་ལ་བཤགས། །ཁོག་བདེན་པ་སྨྲ་བའི་དགེ་བ་འདིས། །མ་འགྲོ་བའི་ཁ་སྨྲས་ངན་བརྗོད་ཀུན། །མི་བདག་གི་མྱོང་གོ་ཆོད་པར་ཤོག །
། ཅེས་ཀརྨ་ལྷག་བསམ་རྒྱ་མཚོས་དད་གུས་ཀྱི་དབྱུག་གུ་མཇམ་པོས་དགྱེས་རྡོར་སྐྱོ་གདུང་གི་བྲང་ཁོག་རྔ་བཞིན་དུ་རྡུང་པའི་ལན་མ་སྟོང་ཙམ་དུ་ཤྲྰི་སྨྱོན་པས་ཐོལ་བྱུང་དུ་བྲིས་པ་དགེའོ། །
ད་ཁྱེད་ཚོས་མཆུ་ཐོ་ཚུགས་ཤིག
http://www.khabdha.org/?p=8945&cpage=2#comment-28757
ད་ཁྱེད་ཚོ་བདེ་མོ་གྱིས། ཇི་སྐད་དུ། །
ཀུན་ནས་བརྩོད་བཅས་ཉོན་མོངས་ཟག་པ་འཕེལ། །
འདུ་འཛིས་གཡེང་ཞིང་ལུས་དང་སྲོག་ལ་རྒོལ། །
དོན་དང་བྱ་བ་མང་ཞིང་ཆོས་དང་འགལ། །
འཕགས་པ་རྣམས་ཀྱིས་སྨད་པ་ཡིན། །
འདོད་པ་ཆུང་རྣམས་ངང་གིས་དགེ་བ་འཕེལ། །
དེས་ན་ཞི་བའི་ཐར་ལམ་ཞུགས་རྣམས་ཀྱིས། །
འདོད་པ་ཆུང་ཞིང་ཆོག་ཤེས་ལྡན་པར་མཛོད། །
འདོད་པ་ཟད་ན་འཕགས་པ་དངོས་ཡིན་ལ། །
འདོད་པ་ཆུང་ན་འཕགས་པའི་རིགས་ཞེས་བྱ། །
འདོད་ལྡན་སྡུག་བསྔལ་ཉོན་མོངས་འཕེལ་བ་ལྟར། །
འདོད་པ་ཆུང་རྣམས་ངང་གི་དགེ་བ་འཕེལ། །
དེ་བས་སྔོན་གྱི་དམ་པའི་རྗེས་འགྲོ་བ། །
རྟག་ཏུ་ཆོག་ཤེས་ཡོ་བྱད་བསྐྱུང་བར་བྱ། །
མི་དང་འགྲོགས་པའི་ཉེས་པའང་ཚད་མེད་དེ། །
དོན་མེད་རྣམ་པར་གཡེང་ཞིང་བྱ་བ་མང་། །
ཁྲོ་ཞིང་འཐབ་རྩོད་འཕེལ་ཞིང་ཆགས་སྡང་སྐྱེ། །
རྟག་ཏུ་སྡུག་བསྔལ་འགོ་ཞིང་སྙིང་པོ་མེད། །
ཇི་ལྟར་བྱས་ཀྱང་འགུ་བའི་དུས་མེད་ལ། །
གང་ལྟར་རྟེན་ཡང་ཕན་པའི་གོ་སྐབས་དཀའ། །
དེ་ལྟར་མཉན་ཡང་ལེགས་པའི་ཆོས་མེད་ལ། །
བཤེས་ལྟར་མཐུན་ཡང་ཐ་མ་འབྲལ་བར་འགྱུར། །
དེ་བས་འཁོར་དང་མཛའ་བཤེས་གཉེན་འདུན་ལ། །
ཉེ་བར་རྟེན་པའི་འབྲེལ་འདྲིས་ཀུན་སྤངས་ཏེ། །
གཅིག་པུ་དབེན་པར་དམ་ཆོས་སྒྲུབ་པའི་ཕྱིར། །
དི་རིང་ཉིད་ནས་ངེས་པར་འབད་པར་བྱ། །
སྔོན་གྱི་སྐྱེ་བོ་དམ་པ་མཆོག་རྣམས་ཀྱང་། །
དབེན་པར་གནས་ལ་བདུད་རྩི་བརྙེས་ཞེས་གསུང་། །
དེ་ཕྱི་བདག་ཀྱང་ཞི་བ་བསྒྲུབ་པའི་ཕྱིར། །
ནགས་ནང་དབེན་པར་གཅིག་པུ་གནས་པར་བྱ། །
དབེན་པའི་གནས་ནི་རྒྱལ་བ་རྣམས་ཀྱིས་བསྔགས། །
མི་བསྲུན་མི་མེད་ཟབ་མོའི་ཏིང་འཛིན་འཕེལ། །
རང་གི་ཆོས་འགྲུབ་མི་རྟག་སྐྱོ་ཤས་སྐྱེ། །
ཡོ་བྱད་སྐྱུང་ཞིང་འདུ་འཛི་རྣམ་གཡེང་མེད། །
དད་དང་ངེས་འབྱུང་ཡོན་ཏན་ཚོགས་འཕེལ་ཞིང་། །
རྟེན་འདྲིས་མེད་པས་ངང་གིས་བྱ་བ་ཉུང་། །
གཞན་གྱི་སེམས་འཛིན་ངོ་བསྲུང་ཆོས་བརྒྱད་མེད། །
རང་དབང་འབྱོར་བདེ་ཉིན་མཚན་ཆོས་ཀྱིས་འདའ། །
དལ་འབྱོར་དོན་ཡོད་སྒྲུབ་པ་སྙིང་པོར་བྱེད། །
དེ་སོགས་ཡོན་ཏན་བརྗོད་ཀྱི་མི་ལང་བས། །
གཅིག་པུར་རབ་ཏུ་དབེན་པའི་ནགས་ཁྲོད་དུ། །
ཚེ་གང་ཟབ་མོའི་ཏིང་འཛིན་སྒྲུབ་པར་བྱ། །
དེ་ལྟར་ལེགས་གསུངས་ཆོས་ཀྱི་ཆར་བསིལ་བས། །
ཉོན་མོངས་གདུང་བའི་རྟོག་པ་རབ་ཞི་ནས། །
ཏིང་འཛིན་དགེ་ཚོགས་པད་མཚོ་རབ་གང་སྟེ། །
ཞི་བའི་ནགས་ན་འབྱོར་བ་རབ་རྒྱས་ཤོག །
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མཁན་པོ་དཔལ་དགྱེས་དང་སྒོམ་ཆེན་ལྷགབསམ་གཉིས་གྱི་རྩོམ་ལ་དཔྱད་ན་ཚིག་གི་སྙན་ཆ། དོན་གྱི་ཟབ་ཁྱད་གཉིས་ལ་བཟང་ངན་ཡད་པ་་མ་མཐོང་། རང་ཕྱོགས་སྟོད་པ་འདོད་ཁམས་མི་ཡི་རང་གཤིས་རེད། འོན་ཀྱང་སྐབས་རེར་འདོད་པ་མཐུན་ཀྱང་བསམ་བཞིན་ཕན་ཚུན་ལ་བདེན་ཁ་མི་སྤྲོད་དང་། སྐད་བརྡ་འཕྲོད་ཀྱང་གཞན་དུ་འགྲེལ་ནས་རྩོད་པ་ལྷུར་ལེན་པ་ལྟ་བུ་ཡང་སྣང་། སྤྲུལ་སྐུ་ཡོད་པ། བདེན་རྫུན་ཡོད་པ། བསྟན་པའི་དོན། བོད་ཀྱི་དོན། ཆོསབརྒྱད་མི་འདོད་པ། བླ་མ་གལ་ཆེ་བ། དད་པ་གལ་ཆེ་བ། མཁན་ཆེན་འཇིགས་ཕུུུུུན་ལ་ཆེ་བརྗོད། བླ་མ་གོང་མ་རྣམས་ལ་ཡིད་ཆེས་བརྟན་པོ་ཡོད་པ་སོགས་གཉིས་ཀ་འདྲ་བས་བླ་མ་གཅིག་གི་སློབ་མའམ་རིག་གཞུང་གཅིག་གི་གཡོགས་པོ་ཡིན་པ་ཐག་ཆོད། བཀའ་རྙིང་གཉིས་ནང་གཤིམ་པོ་ཡོད་པས་གྲོགས་པོ་དང་མཆེད་གྲོགས་ཡང་ཡིན་སྲིད། །གཉིས་ཀ་ལ་བཀྲ་ཤིས་བདེ་ལེགས་ཞུ། །
སྤྲུལ་རྫུན་མ་མི་འདོད་པ་གཉིས་ཀ་མཉམ། ཀརྨ་པའི་དོན་དུ་མི་མཐུན་པ་བཞག་ན་ཁོང་གཉིས་དགོངས་པ་གཅིག་པར་མཚུངས་པ། ལྷགབསམ་རྒྱ་མཚོའི་མཆན། ༡༠༽ པ་ལ་གཟིགས་པས་ཤེས་སོ། །
རྐུན་མ་ནང་འཁྲུག་ཤོར། ཁྱི་རྒན་ཉི་མ་ཤར། འདི་གནའ་མིའི་གཏམ་དཔེ་ཞིག་རེད།
དེང་སང་སྤྲུལ་རྫུན་གྱི་གོ་ས་ཐོབ་ནས་ཨ་སྒོར་གྱི་ཁྲི་ལ་འགྱིང་མཁན་འགའ་རེས། རང་བྱས་ཀྱི་ངན་སྤྱོད་ལ་འགྱོད་པ་མེད་པར་མ་ཟད་ད་དུང་སྤྲུལ་རྫུན་གཞན་ལ་བསླབ་བྱ་བྱེད་ཁུལ་གྱིས་སྙན་རྩོམ་སྤེལ་ཕོད་པ་ལ་ཡ་མཚན་ཆེན་པོས་གད་མོ་ཤོར་སོང་།
འོ་ཛི་སྡེ་དགེ་ལགས། དེ་སུ་རེད་གསུངས་དང་། དེ་འདྲ་ཡང་ཡོད་འདུག ཨ་མ་མ
༄༅། །དགྱེས་པ་རྡོ་རྗེ་བསྐུལ་བའི་བྷ་ག་བཟང་མོའི་གླུ་དབྱངས་ཞེས་བྱ་བ། །ན་མོ་གུ་རུ། །མཁན་དགྱེས་པ་རྡོ་རྗེར་གྲགས་པ་དེས། །དུས་སྙིགས་མར་སྐྱོ་བ་སྐྱེས་པའི་གཏམ། །དོན་དངོས་པོ་འཁོར་བའི་རང་བཞིན་ཏེ། །བློ་ངེས་འབྱུང་སྐྱེ་བའི་རྒྱུར་གྱུར་ཅིག །སྐྱབས་བླ་མར་བརྟེན་པའི་ཡིད་ཆེས་དང་། །སྒོམ་བླ་མའི་དམིགས་རྣམ་སྐྱོང་པ་དང་། །ནོར་འདོད་ཆུང་ཆོག་ཤེས་གཉེར་བ་སོགས། །ཚིག་དོན་མཐུན་ཆོས་པའི་རྣམ་ཐར་ལགས། །དགྲ་ཆོས་བརྒྱད་འཇོམས་པའི་སྙིང་སྟོབས་དང་། །མ་འགྲོ་ཀུན་འདྲེན་པའི་བྱང་ཆུབ་སེམས། །གནས་དབེན་པ་བརྟེན་པའི་དམ་བཅའ་སོགས། །སྒྲ་གོ་ཡང་སྨོན་པའི་ཡུལ་དུ་བྱ། །ཆོས་ནོར་དང་མི་བརྗེའི་ཐ་ཚིག་དང་། །སྲོག་བོར་ཡང་བསྟན་པ་སྲུང་བ་དང་། །ཚེ་གང་དུ་སྒྲུབ་པ་བྱེད་པ་སོགས། །ཐུགས་རྒྱ་ཆེར་བསྐྱེད་ལ་རྗེས་ཡི་རང་། །རྗེ་བརྒྱུད་པའི་མན་ངག་དང་མཐུན་པའི། །མི་ཁྱོད་ཀྱི་བཅས་པའི་དམ་བཅའ་ལ། །ལྷ་རྩ་གསུམ་བདེན་པའི་མེ་ཏོག་འཐོར། །འདི་དངོས་གྲུབ་ཡིན་ནོ་ངོ་ཤེས་མཛོད། །ང་ཕྱག་རྒྱ་ཆེན་པོའི་མོས་སྒོམ་མཁན། །སེམས་རྣམ་རྟོག་རོ་གཅིག་ངང་དུ་སྡོམ། །ལམ་བྱར་མེད་སྣང་བ་དགག་སྒྲུབ་བྲལ། །དོན་རང་གནས་འབྲས་བུ་མངོན་དུ་བྱ། །ཁྱོད་འོད་གསལ་རྫོགས་ཆེན་རྣལ་འབྱོར་པ། །གཞི་ཀ་དག་ངང་ལས་མི་གཡོ་བར། །ལམ་ཐོད་བརྒལ་སྣང་བཞི་མཐར་ཕྱིན་ཞིང་། །འབྲས་གདོད་མའི་བཙན་ས་ཟིན་གྱུར་ཅིག །ཅེས་པའང་ལྷག་བསམ་རྒན་པོ་མྱོས་པའི་འཆོལ་གཏམ་མོ། །
དཔལ་དགྱེས་ལགས་ཐུགས་རྗེ་ཆེ་སླབ་བྱ་ཡག་པོ་བྱུང་།
༄༅། །ལྷག་བསམ་རྒྱ་མཚོར་མཆོད་པའི་བདུད་རྩིའི་དྭངས་མ་ཞེས་བྱ་བ། །
ཨེ་མ་ཧོ། །
ལྷ་རྩ་གསུམ་རྒྱལ་བ་རྒྱ་མཚོ་དང་། །
ལམ་མཐར་ཕྱིན་བྷ་གའི་ཕྱག་རྒྱ་ཆེ། །
དོན་ཡང་གསང་གནས་ལུགས་རྫོགས་པ་ཆེ། །
སྐྱབས་ཀུན་འདུས་ལྷག་བསམ་རྒྱ་མཚོར་འདུད། །
ཕྱི་སྣང་སྲིད་སྣོད་བཅུད་ཆོས་རྣམས་ལ། །
ནང་སེམས་མེད་སྤྲུལ་པ་མིག་ཡོར་བཞིན། །
དོན་ཡང་དག་རིག་པ་བྱང་ཆུབ་སེམས། །
གྲོགས་བྷ་ག་བཟང་མོའི་ལྷག་བསམ་རྒྱལ། །
ཚེ་མི་རྟག་སྒོམ་པའི་སྒོམ་ཆེན་དང་། །
གྲོང་ཁྱི་བཞིན་ཉུལ་བའི་བན་འཁྱམ་གཉིས། །
ལམ་ལྟ་བ་མཐུན་པ་ད་རིས་ཙམ། །
ཆོས་ཡང་དག་གོ་བ་ཁྱེད་ལ་བསྟོད། །
ཕ་བརྒྱུད་པའི་སྲོལ་འཛིན་དག་སྣང་མཁན། །
མ་སྙིང་བརྩེ་ཆེ་བའི་ལྷག་བསམ་ཅན། །
བུ་དམ་ཚིག་གཙང་བའི་ལྷག་རྒྱམ་ལ། །
ཁ་ཙམ་མིན་སྙིང་ནས་ཡི་རངས་ཐལ། །
ཁྱེད་སྣང་སྲིད་སྤྲུལ་བའི་དཀྱིལ་འཁོར་ལ། །
ངས་བཟང་ངན་བླང་དོར་མི་དགོས་ཀྱང་། །
དོན་འདི་དང་འབྲེལ་བའི་ཁ་སྨྲས་ཀུན། །
ཀུན་བཟང་པོའི་བྷ་ག་རྒྱལ་གྱུར་ཅིག །
རྗེ་འཕགས་པ་ཁྱེད་དང་འབྲེལ་བ་ཀུན། །
ཀུན་བཟང་མོ་བྷ་གའི་བསོད་ནམས་ཅན། །
ཆོས་དོན་མཐུན་བཅོམ་ལྡན་རྒྱུད་པར་བཅས། །
གནད་ཡང་ཟབ་ཕྱག་རྒྱའི་གར་མཁན་མར། །
ཐུགས་དགྱེས་པའི་བདུད་རྩི་མཆོད་པ་འབུལ། །
གཞི་ལྟ་བ་རིག་པའི་རང་ངོ་ཤེས། །
ལམ་སྒོམ་པ་ཕྱག་རྒྱའི་བདེ་ཆེན་མྱོང་། །
རྒྱུ་རྟེན་འབྲེལ་ཟབ་མོའི་ཉམས་ལེན་པ། །
གྲོགས་ཁྱོད་འདྲ་ཡོད་ན་རེ་རེའི་ཆོག །
ངས་རྒྱལ་བ་ཀརྨ་ཁྱོད་ལ་འདོད། །
རྗེ་སི་ཞྭ་དགོངས་འགལ་མེད་པར་མཁྱེན། །
དོན་ལྷག་བསམ་རྒྱ་མཚོའི་བྱང་ཆུབ་སེམས། །
སྤྲུལ་ཡང་དག་བྷ་ག྄་རྒྱལ་གྱུར་ཅིག །
ཅེས་པ་སྙིང་གྲོགས་ལྷག་བསམ་རྒྱ་མཚོ་འབོད་པར་སྙིགས་དུས་ཀྱི་ཆོས་སྨྲ་བ་བྷ་ག་ཝན་ཤྲྰི་ཨནནྟ་བཛྲའི་ཡིད་མཚོ་ལས་བྱུང་བ་དགེའོ། །
ཧ་ཧ་ཧ། མཚམས་རེ་ལ་ཀུན་ཏུ་བཟང་པོའི་བྷ་ག་ཡིན་པ་འདྲ་འདྲ། ཡང་མཚམས་རེ་ལ་ཀུན་ཏུ་བཟང་མོའི་བྷ་ག་ཡིན་པ་འདྲ་ཞིག་གསུངས་ཀྱི་འདུག ད་སྣང་སྲིད་ཐམས་ཅད་བྷ་གའི་རང་བཞིན་ཏུ་གཟིགས་པའི་རྣལ་འབྱོར་པ་ཁྱེད་གཉིས་ངོ་མ་ཅིག་འཇིག་གི
བྷ་ ག་ ཝན་ནི་ རིམ་པ་བཞིན་བཅོམ་ ལྡན་ འདས་ལ་འཇུག་པས། བྷ་ག་ཡང་བཅོམ་ དང་ལྡན་ལ་འཇུག་ཚེ། བྷ་གས་ཅི་ཞིག་བཅོམ་པ་རེད། བྷ་གར་གང་ཞིག་ལྡན་པ་རེད།
བྷ་གས་ལིངྒ་བཅོམ་པ་གསལ་པོ་རེད། བྷ་ག་ལ་ལིངྒ་བཅོམ་པའི་ནུས་པ་ལྡན་ཡོད། ཧཧཧཧཧ་སྐུ་རྩེ་རང་ཡིན་ཏ།
ལགས་སོ། །བྷ་གའི་དོན་ལ་ཐུགས་དགྱེས་ན། ཕྱག་ཆེན་ཐིག་ལེ་ལས། ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་གར་བཤད། །ཅེས་དང ། ཀྱེ་རྡོ་རྗེར། །སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་ཞེས་ནི་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བྷ་ག་ལྡན་ཞེས་བརྗོད། །ཅེས་དང་། །དུས་ཀྱི་འཁོར་ལོ་ལས། །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་ཡང་མཉམ་པ་གཡས་གཡོན་མདུན་རྒྱབ་དང ། །སྟེང་འོག་ཀུན་ཏུ་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང ། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་དུས་འཁོར་འགྲེལ་ཆེན་དང་སེམས་འགྲེལ་སྐོར་གསུམ་སོགས་ན་རྒྱ་ཆེར་བཤད་པའི་དོན་ལ་ཐུགས་མཉམ་པར་འཇོག་པར་འཚལ་ལོ། །
སྐུ་ཞབས་རྡོར་དབང་གིས་བཀོད་པའི་རྩམ་ཟན་གྱི་རྩོམ་ཡིག་ནང་། སེམས་ཁུར་བྱེད་སྟངས་ཡག་པོ་ཞིག་འདུག ཡིན་ན་ཡང་། བོད་ཀྱི་སྤྲུལ་སྐུ་ཚོའི་ནང་སངས་རྒྱས་ཆོས་ལུགས་ཀྱི་གོ་དོན་དང་ཡོངས་སུ་མཐུན་པའི་སྤྲུལ་སྐུ་ནི་སྣ་གཅིག་ཀྱང་མེད་ཅེས་བཤད་ཆོག་ལ། དེ་ནི་སྤྲུལ་སྐུ་ནི་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཐབས་ལམ་ལྟ་བུ་ཞིག་ཡིན་པས་རེད། མདོར་ན་དེ་ལྟའི་སྤྲུལ་སྐུ་ནི་སངས་རྒྱས་ཉག་གཅིག་ལས་གཞན་མེད།
འོ་ན་བོད་ཀྱི་སྤྲུལ་སྐུ་དེ་ཚོ་ཅི་ཞིག་ཡིན་ནམ་ཞེས་པ་ནི་དྲི་བ་ཆེན་པོ་ཞིག་ཡིན་ཡང། དེ་ལ་ཐད་ཀར་ལན་བཏབ་ན་སྤྲུལ་སྐུའི་མིང་གཡར་བ་དང། བརྐུས་པ། འཕྲོག་པ་བཅས་རེད།
མི་དཀྱུས་མ་སངས་རྒྱས་ཟེར་བ་ཞིག་ཡོད་ན། དེ་ནི་སངས་རྒྱས་མིན་པར་དེའི་མིང་སངས་རྒྱས་ཡིན་སྙམ་པ་ཇི་བཞིན། བོད་ཀྱི་སྤྲུལ་སྐུ་ཚོ་ཡང་དེ་བཞིན་རྒྱུ་མིང་འབྲས་བུར་བཏག་པ་ཞིག་ཡིན་པ་ཆོས་ལུགས་པ་ཚོས་བཤད། རང་རེས་མཆོག་གི་སྤྲུལ་སྐུའི་གོ་འཕང་མངོན་དུ་བྱེད་ཐུབ་མིན་ཡང་ཐེ་ཚོམ་གྱི་གཞི་ཡིན་ས་ཞིག་ནས། སྤྲུལ་སྐུ་ཞིག་ཡོད་ཤག་གིས་གླེང་མོལ་བྱེད་མི་ཐུབ་ཡང། འཇིག་རྟེན་མཐུན་སྣང་གཙོར་བཟུང་གིས་བཤད་ན། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ནི། སངས་རྒྱས་ཀྱི་བསྟན་དོན་ཁོ་ན་མིན་ལ། བོད་མི་རིགས་ཀྱི་བདེ་དོན་ཁོ་ན་ཡང་མིན་པར། འདི་ནི་ཉ་ཉོག་མཉམ་བསྲེས་བྱས་པའི་ཆབ་སྲིད་རང་བཞིན་གྱི་དཀྱིལ་འཁོར་ཞིག་རེད།
སྤྲུལ་སྐུའི་ལམ་ལུགས་འདིར་མང་ཚོགས་སྟངས་འཛིན་བྱེད་བདེའི་ཆབ་སྲིད་ཀྱི་རང་བཞིན་ལྡན་པ་དང། ངལ་སྩོལ་མེད་པའི་ཡོང་འབབབ་ཅན་གྱི་དཔལ་འབྱོར་རང་བཞིན་ལྡན་པ། མཁས་བཙུན་བཟང་གསུམ་གྱི་བྱས་རྗེས་གང་ཡང་མི་དགོས་པའི་མཁས་མིང་དང། རྐུབ་སྟེགས་ཀྱི་རང་བཞིན་ལྡན་པ་སོགས་ཡིན་ཏེ། མདོར་ན། རང་བཞིན་ལྷུན་འགྲུབ་བམ། ཡང་ན་འགྲན་བྲལ་གྱི་འཇུབ་རྩལ་ཆེན་མོ་ཞིག་ཡིན་པར་འགྲེལ་ཆོག ལམ་ལུགས་འདི་དང། མིང་འདི་ཁུར་མཁན་ཚང་མ་སྤྱི་ཚོགས་འདིའི་གདོན་རྫས་ལྟ་བུ་ཡིན་ཚུལ་བཤད་པ་མིན་རུང། ཕལ་མོ་ཆེ་སྤྱི་ཚོགས་ཀྱི་བསམ་བློའི་གོ་རྟོགས་འགོག་བྱེད་ཅིག་ཡིན། སྤྱིར་ལོ་རྒྱུས་ཀྱི་སྣང་ཚུལ་ཞིག་ཡིན་པའི་སྤྲུལ་སྐུའི་ལམ་ལུགས་དེ། ད་ལྟའི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཆགས་པ་རེད། འདི་ནི་བོད་མི་རིགས་ཀྱི་དཀའ་ངལ་ཞིག་དང། ཆོས་ལུགས་མི་སྣ་ཚད་ལྡན་ཚོའི་དཀའ་ངལ་ཞིག དེ་མཚུངས་བོད་ཀྱི་བསམ་བློའི་གོ་རྟོགས་ཀྱི་སྣེ་ཁྲིད་ཀྱི་འགན་བབ་ཡོད་པའི་ཤེས་ཡོན་པའི་དབུང་སྡེའི་དཀའ་ངལ་ཞིག་ཡིན་མོད། དཀའ་ངལ་དེ་ཉིད་གཙང་སེལ་ཡོང་རྒྱུར། མང་ཚོགས་ཀྱི་གོ་རྟོགས་སད་དགོས་པ་དང། ཤེས་ཡོན་པའི་དབུང་སྡེས་སྣེ་ཁྲིད་དང། དགག་རྒྱག་རྒོལ་རྡུང་གི་ལས་འགུལ་སྤེལ་དགོས་པ་དེ་ཡིན་པ་ལས། རང་ཉིད་གཅིག་བུས་སེམས་འཁྲུལ་བྱས་པས་མི་ཕན་ནོ།།
གང་ལྟར་ཁ་བཤད་ཆུ་ཡི་ཟིལ་བ་ལས། །ལག་ལེན་གསེར་གྱི་སྙིང་པོ་ཐུ་ཟེར་བ་དེ་རེད། ལྷག་བསམ་རྣམ་པར་དག་པ་རང་འདོད་ཡིད་བྱེད་མེད་ནས་བསྟན་འགྲོར་ཕན་བདེ་ཐོབ་པ་ཞིག་ཡོད་ན་སུ་ཡང་སྤྲུལ་རུང་བ་ཞིག་དང་རྐུ་རུང་བ་ཞིག་ལོས་ཡིན་ཡ། །མདོར་ན་ཆོས་འཇིག་རྟེན་གྱི་སྙིང་པོ་ལོན་པ་ཞིག་ཀུན་གྱི་འབད་པར་འཚལ་ལོ། །
བརྙན་འཁོར་འདི་ལ་གཟིགས་དང་གོ་རྒྱུ་དང་མྱོང་རྒྱུ་སེམས་ལ་འཛིན་རྒྱུ་ཞིག་ཀྱང་ཡོད་དོ། །
http://www.youtube.com/watch?v=gC46L5kBsIs&feature=fvw
༄༅། །རྡོ་རྗེ་འཆང་གི་སྤྲུལ་སྐུའི་དོགས་གཅོད་བློ་ལྡན་འོད་སྣང་ཞེས་བྱ་བ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡེ། །
གཟུར་གནས་ཉི་མ་ནུབ་པའི་ཉིན་མོ་ཞིག །
བློ་ལྡན་ཟླ་བ་མ་ཤར་མཚན་ནག་ཁྲོད། །
དོན་གཉེར་སྐར་ཚོགས་སྤྲིན་གྱིས་སྒྲིབ་པའི་སྐབས། །
ལྷག་བསམ་སྲིན་བུ་མེ་ཁྱེར་སྣང་བ་སྤྲོ། །
ལེགས་སོ་ལེགས་སོ་དབུས་པོ་ཤིན་ཏུ་ལེགས། །
ལེགས་དཔྱད་དྭོགས་པར་ཟ་བ་མཆོག་ཏུ་ལེགས། །
ལེགས་པའི་རེ་བསྐུལ་གནང་བ་རྟག་ཏུ་ལེགས། །
ལེགས་དཔྱད་དོན་བཞིན་བསྒྲུབ་ན་ཀུན་ཏུ་ལེགས། །
བདག་ཅག་སྟོན་པས་ང་ཡི་བསྟན་པ་ལ། །
འདོད་ཡོན་བདུད་ཀྱི་གནོད་པ་འབྱུང་ཞེས་གསུངས། །
དྲན་ཤེས་བག་ཡོད་གཞི་ཕྱིས་ནང་གྲོས་མཐུན་ན། །
འདི་འདྲའི་གཏམ་ངན་མི་ཁ་ཡོང་དོན་མེད། །
རྒྱུ་ནག་རིག་དུས་ཐམས་ཅད་མྱིག་ནག་བཙིམས། །
རྐུན་ནག་སྐུ་ཚོང་ནག་ཚོང་སྤྲུལ་སྐུ་ཟེར། །
ཆོས་ཚོང་བླ་བཙོང་སྤྲུལ་སྐུ་ཆོས་སྐུ་ཚོ། །
ཚོ་དྲུག་སྡེ་བས་མཐོང་ཚེ་ངོ་རེ་ཚ། །
ར་མགོ་ས་མགོའི་དག་ཆ་མ་ནོར་བར་། །
ཐ་སྙད་ཚད་མས་གཞལ་ཡང་མི་གནོད་པ། །
དོན་དམ་གནས་ལུགས་མཇལ་བའི་སྐྱབས་མགོན་ཚོས། །
བསྟན་འགྲོར་ཕན་པའི་ངོས་འཛིན་གནང་རོགས་ཞུ། །
རྐུན་ནག་སྐུ་ཚོང་བླ་གཙོང་བླ་སྤྲུལ་ཟེར། །
བླ་སྤྲུལ་མ་རེད་བླ་རྫུན་ཁྲམ་པ་རེད། །
རྐུན་མ་ཁྲམ་པ་སྤྲུལ་སྐུ་མ་སེམས་པར་། །
མཆོག་གསུམ་བདེན་དཔུང་བཅས་ཏེ་བདེན་ཐག་མཛོད། །
ཆོས་སྐུའི་དོན་རྟོགས་ལོངས་སྐུའི་ཞིང་ཁམས་སྦྱངས། །
སྤྲུལ་སྐུས་བསྟན་དང་འགྲོ་བའི་དོན་སྒྲུབ་བསྔགས། །
སྤྲུལ་མིང་རྒྱུས་ཉོ་ལྷ་མིང་ལོངས་སུ་སྤྱོད། །
ཆོས་སྐུ་བརྟགས་ཀྱང་ཆོམ་རྐུན་བདུད་སྤྲུལ་ལགས། །
བཀའ་བསྟན་མཐུན་པའི་བརྟག་དཔྱོད་ཡང་ཡང་དགོས། །
བདག་ཅག་སྟོན་པས་གསེར་བཟང་དཔེ་ཡིས་བསྟན། །
ཆོས་མཐུན་སྤྱོད་ན་ལོག་ཆོས་རིམ་གྱིས་འགྲིབ། །
བརྟག་པར་དོན་ལྡན་བསྟན་འགྲོར་ཕན་བདེ་འགྱུར། །
ཟེར་ཚད་ཁ་ལ་ཉན་ན་ཚེ་འདིར་ཕུང་། །
དམིགས་ཚད་རྒྱུ་ལ་སོང་ན་ཕྱི་མར་ཕུང་། །
རང་མགོ་གཞན་གྱིས་གཡོག་ན་གནས་སྐབས་ཙམ། །
རང་མགོ་རང་གི་སྐོར་ན་མཐར་ཐུག་བརླག །
ཟེར་བའི་དཔེ་བཞིན་དེང་དུས་འདི་འདྲ་དག །
རྡོ་རྗེ་ཟེར་ཀྱང་རྡོ་ལོག་སེམས་མེད་བཞིན། །
འཆང་ཆེན་ཆགས་སྡང་རྨོངས་ཚོགས་རྒྱས་པ་རྣམས། །
སྤྲུལ་སྐུའི་བརྟག་ཡིག་སྟོང་གིས་བརྒྱབ་སྐྱོར་ཡང་། །
ཆོས་མཐུན་ལུང་རིགས་དཔྱད་པས་ཚར་གཅོད་ན། །
ཆོས་དང་འཇིག་རྟེན་རྐུན་མ་རྫུན་མ་མེད། །
ཆོས་ཀྱི་བདེན་སྨྲ་ཆོས་མིན་སྤྱོད་པ་བྲལ། །
ཆོས་སྲིད་འགལ་མེད་དྲང་བདེན་དཔལ་ལ་སྤྱོད། །
དགེ་ལུགས་ཡིན་ཟེར་སྡིག་ལུགས་རྒྱལ་ངན་སྒྲུབ། །
ས་སྐྱའི་ས་ཡིག་རྐུ་རྫུན་སྤྲུལ་རྟགས་བཀོད། །
ཀརྨས་ཀརྨ་ཁྱད་གསོད་བླ་འཁྲུག་སློང་། །
རྙིང་མས་རྟོག་ཆོས་གཏེར་ཆོས་མ་ཤེས་ན། །
རྙིང་མས་རྟོག་བཟོས་སྤྲུལ་རྟགས་མཚམས་འཇོག་དང་། །
ཀརྨས་བསྟན་འཁྲུག་དམག་ཇག་ཞི་མཐུན་བྱས། །
ས་སྐྱས་ས་ཡིག་དོན་མེད་བེད་བྱེད་སྤངས་། །
དགེ་ལུགས་ཆོས་ལུགས་རྣལ་མ་རྟག་འབད་ན། །
རྫོགས་ཆེན་བསྟན་པའི་ཉི་མ་སྔར་བཞིན་གསལ། །
ཕྱག་ཆེན་ལྟ་གྲུབ་ཟླ་བ་གསར་དུ་ཚེས། །
ལམ་འབྲས་བསྒོམ་རིམ་སྐར་ཚོགས་རབ་ཏུ་བཀྲ།
གཞི་ལམ་འབྲས་བུའི་འོད་སྣང་འབུམ་དུ་འཇོ། །
རྒྱ་བླས་རྒྱུ་ཐོབ་འདོད་པའི་ཆགས་པ་གཅིག །
བོད་བླས་མགོ་གནོན་འོང་བའི་སྡང་པ་གཉིས། །
དབྱིན་བླས་ཆོས་ཚོང་གཉེར་བའི་གཏི་མུག་གསུམ། །
མ་བྱས་བདེན་དྲང་ལམ་ནས་གཏམ་འདི་རྡོལ། །
རྒྱུ་དུས་དེ་དུས་དེ་དུས་ཀུན་སློང་མི་ཤེས་མོད། །
ལེགས་བཤད་ཆོས་དང་མཐུན་པའི་དྭོགས་དཔྱད་འདི། །
མཐོང་ཚེ་ཅོལ་ཆུང་མགྲིན་བཟང་དབང་པོ་ངས། །
ཁ་ཁོག་ཚང་པའི་རེ་བ་སྙིང་ནས་ཞུས། །
སྤྲང་པོ་དབུས་པོས་རྒྱ་བླའི་དྭོགས་དཔྱད་གཅིག །
ཕྱག་མཛོད་སྟོབས་དགས་ཀུན་རྟོག་རི་མོ་གསུམ། །
དགེ་ཆོས་མཁས་པས་བོད་ཆོས་བསམ་པ་གསུམ། །
འགྱོད་པ་ཕྱི་ནས་མ་སྐྱེ་གངས་ཅན་ཚོ། །
ཉེས་འགལ་ཅི་མཆིས་ཡེ་ཤེས་ལྷ་ལ་བཤགས། །
དགེ་བས་བསྟན་སྲིད་མི་ནུབ་རྒྱལ་མཚན་བརྟན། །
བསྟན་འཛིན་དམ་པས་ཐུགས་བཞེད་གེགས་མེད་འགྲུབ། །
གངས་ལྗོངས་སྐྱིད་པའི་ཉི་མ་རྟག་རོལ་སྨོན། །
ཞེས་པའང་རབ་རྒྱན་ས་བྱི་ཟླ་ཚེས་སམ་ཕྱི་ལོ་༢༠༠༩ ༢ ༡༧ ཉིན་བྱང་ཨ་རའི་ཆོས་ཀྱི་གྲགས་པའི་ཆོགས་ཚོགས་སམ་དྲི་མེད་ཟླ་བའི་རི་ཁྲོད་ནས་འདི་འདྲ་བའི་དྭོགས་པ་ཟ་མཁན་ཚོ་དང་ཅི་ཡང་མི་ཤེས་མཁན་དུ་མས་དངོས་ནས་གྲགས་པའི་རྗེས་སུ་རྒྱུགས་མཁན་རྣམས་ལ་ཅུང་ཙམ་ཕན་དུ་རེ་ནས་རང་ལ་ཁ་སྨྲས་དང་ཚིག་ངན་ལ་མ་སེམས་པར་གངས་ཅན་པ་ཚོ་ལ་ལྷག་བསམ་དག་པས་ཅི་དྲན་དུ་རིག་འཕྲུལ་མཛུབ་རྩིས་ལམ་དུ་དཔལ་དགྱེས་པ་རྡོ་རྗེས་སྨིན་དབུས་པོ་ལ་གུས་ཕུལ།།
བྱང་ཨ་རའི་རི་ཁྲོད་ན་བཞུགས་པའི་བྱ་བྲལ་རྣལ་འབྱོར་པ་འདི་ཉམས་ལེན་ཡོད་ས་རེད། བོད་ལ་བཞུགས་ན་དགའ་བ་ལ།
ཨ་རིའི་གནས་བཞུགས་དགྱེས་རྡོར་ལགས། རྒྱལ་བསྟན་དག་ཐེར་གནང་གི་ཡོད་དམ། དམའ་འབེབ་གནང་གི་ཡོད།
དགྱེས་པ་རྡོ་རྗེ་ལགས། ད་སྣང་བ་ལྷར་སྒྲུབ་ལ་ཅིག་བལྟས་ན་མི་དགའ་འམ། ང་ཚོས་ཁྱེད་ཡག་པོ་འདྲ་ཞིག་ལ་བརྩི་གི་ཡོད། འོན་ཀྱང་ཡོད་ཚད་ནག་པོར་མཐོང་ན་མིག་སྐྱོན་ཡོད་པའི་རྟགས་རེད། རང་ཉིད་ལས་མ་དག་ན་དེ་འདྲ་ཡིན་ནི་རེད། མཁྲིས་ནད་ཅན་གྱིས་གངས་རི་ཡང་སེར་བོར་མཐོང་ནི་རེད།
ཆོས་གྲོགས་ལགས་ད་ཁྱེད་ཀྱིས་རང་ཅག་རྣམས་ཀྱིས་རྩ་བའི་བླ་མ་ཡོངས་ཀྱི་ལྷམ་ནང་དུ་ས་མ་བླུགས་རོགས་སྐུ་ཚེ་རིང་།
ལགས་སོ། མི་འགྱུར་རྡོ་རྗེ་མཆོག་གིས་དགྱེས་རྡོར་ཡག་པོ་བརྩི་བར་ཙམ་གྱིས་ཡག་པོ་འགྱུར་ཀྱིན་མ་རེད། ང་ནི་ཐོག་མེད་ནས་སྒྲིབ་པའི་དུག་གསུམ་ནད་ཀྱིས་མནར་བས་ངན་པ་མ་གཏོགས་ཡག་པོ་ཞིག་ཡེ་མཐོང་གི་མི་འདུག ཁྱད་པར་སྣང་བ་ལྷར་སྒྲུབ་དང་སྦྲུལ་ནག་ལྟུང་ཐུན་དང་དམ་ཚིག་མདོ་རྒྱས་སོགས་གང་ལ་སྦྱར་ཡང་འདི་དག་དམ་པའི་ཆོས་དང་གསང་སྔགས་ཀྱི་རྒྱུད་སྡེ་ཀུན་དང་འགལ་བ་ཞིག་རེད་མ་གཏོགས། སྣང་བར་ལྷར་མཐོང་ན་བླ་མ་བཙོང་། རྡོར་སྤུན་འཁྲུག རྒྱལ་བསྟན་ལ་རྨ་འབྱིན་པ་འདི་ཚོ་མཐོང་ན་ཡང་སོལ་བ་ནག་པོ་ཇི་ལྟར་དཀྲུས་ཀྱང་ནག་པོ་ལས་དཀར་པོ་རུ་མཐོང་གི་མི་འདུག་པས་དགོངས་དག
ཡོད་ཚད་དཀར་པོ་མཐོང་བའི་མི་རྡོར་དང་། །
དཀར་ལས་ནག་ཆེར་ལྟ་བའི་དགྱེས་རྡོར་གཉིས། །
དགེ་སྐྱོན་སྡིག་ལས་སུ་ཡིན་རང་གིས་ཤེས། །
མི་རྡོར་མི་ནག་མིན་ན་ངོ་སོར་བསྟོད། །
༈ དམ་ཚིག་སྲུང་རྒྱུ་དངོས་གནས་གལ་ཆེན་རེད། ཧཱུྃ དམ་པ་གོང་མའི་ཞལ་གདམས་མང་པོར། །དམ་ཚིག་སྐོར་ལ་ནན་ཏན་གསུང་འདུག །དམ་པར་བཀུར་བའི་སེམས་མཆོག་བསྐྱེད་ནས། །དམ་ལྷོད་མེད་པའི་དབུ་མར་ཞུགས་ཤིག །དམ་ཚིག་རོ་སྙོམ་རྣལ་འབྱོར་ཆེན་པོ། །དམ་རལ་ལྟར་སྣང་དྲི་མས་མི་གོས། །དམ་ཚིག་མ་ཤེས་མཐོ་སྐད་མ་འདོན། །དམ་གཙང་དགྱེས་རྡོར་བཀའ་ལ་ཉོན་ཅིག །དམ་པའི་མཚན་གྱིས་དབུ་ལ་བརྒྱན་ཡང་། །དམ་ལྡན་དགེ་འདུན་དབྱེན་གྱིས་གཏོར་ན། །དམ་ཆོས་ཉི་མ་ནུབ་རིར་འགྲོ་བས། །དམ་པར་གྲགས་པའི་མཚན་དོན་སྟོར་འགྲོ། །དམ་བཅའ་བརྟན་པོ་སྙིང་ལ་བཅང་སྟེ། །དམ་ཚིག་ངོ་ལྐོག་མེད་པར་སྲུང་དང་། །དམ་པ་གོང་མའི་ཐུགས་དམ་བསྐང་སྟེ། །དམ་ཅན་སྲུང་མས་བུ་བཞིན་སྐྱོང་ངོ་། །ལྷག་བསམ་སྨྱོན་པས་འཕྲལ་བྲིས་སོ། །
༈ ཡང་རེ་བ་གཅིག་ནི། གཞིས་བྱེས་གཉིས་མཉམ་འཛོམ། རྒྱ་བོད་གཉིས་མཐུན་སྒྲིལ། སྤྲུལ་དད་ཡོད་མེད་གཉིས་ཕན་ཚུན་བཀུར་བ། །རྒྱལ་བ་ཀརྨ་པ་གཉིས་ཀྱི་ཕྱོགས་ལ་རྩོད་པ་མེད་པར། སྡེ་སྣོད་གསུམ་གྱི་འཆད་ཉན་དང་། བསླབ་པ་གསུམ་གྱི་ཉམས་ལེན་སོགས་དར་ཞིང་རྒྱས་པར་གྱུར་ཅིག །མདོར་ན། བསྟན་འཛིན་ཐུགས་མཐུན་ཞབས་པད་བརྟན་པ་དང་། །སེམས་ཅན་མ་ལུས་བྱམས་པའི་འཚོ་བ་སོགས། །བྱང་ཆུབ་ཤིང་དྲུང་མངོན་པར་སངས་རྒྱས་ཚེ། །སྨོན་ལམ་མ་ལུས་བདག་གིས་རྫོགས་པར་བགྱི། །
ཨ་རོ་དགྱེས་རྡོར། སྦྲུལ་ནག་པོའི་སྟུང་ཐུན་ཟེར་བ་དེ་ཁྱོད་ཀྱིས་གསར་དུ་བྲིས་པ་མ་ར། གལ་ཏེ་རོང་ཟོམ་གྱི་དེ་ལ་ཟེར་གྱི་ཡོད་ན་སྦྲུལ་ནག་པོ་སྟོང་ཐུན་ཟེར་བ་རེད། ཁ་ཆེན་པོ་བཤད་མཁན་ཞིག་ཡིན་ན་མ་མཐའ་ཡང་ཡི་གེ་ཤེས་དགོས་ནི་རེད།
སྙིང་ཁྲག་དྲོན་མོའི་མཆོད་པ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡེ། །
བློ་ཕུགས་ཆོས་ལ་བསམ་པའི་གངས་ཅན་གྱི་སྐྱེ་འགྲོར། །
དམ་ཆོས་ལེགས་ལམ་མཇལ་བའི་ལྷག་བསམ་ནི་རྣམ་དག །
ཆོས་ལམ་བར་ཆད་བསལ་བའི་ཤེས་རབ་ཀྱི་རལ་གྲིས། །
མ་རིག་འཁྲུལ་རྟོག་སྒྲིབ་གཉིས་རྩ་བ་ནས་གཅོད་དོ། །
ཆོས་རྒྱལ་དམ་པས་རང་ཆོས་གཙང་བདེ་ཡི་ངོ་བོ། །
རང་ལུགས་ཆོས་སྲིད་ཟུང་འབྲེལ་ཐབས་ཤེས་ཀྱི་རང་བཞིན། །
ཐུགས་རྗེ་ཀུན་ཁྱབ་དཔལ་མགོན་བླ་དཔོན་གྱི་རྣམ་ཐར། །
མི་ཕྱེད་དད་འདུན་ཕྱག་རྒྱས་སྙིང་དབུས་ནས་འདུད་དོ། །
ཕྱི་སྣོད་འཇིག་རྟེན་དྭངས་གཙང་གངས་ལྗོངས་ཀྱི་ཞིང་ཁམས། །
ནང་བཅུད་བསྟན་འཛིན་བཅུ་ཕྲག་རིག་གནས་ཀྱི་རྒྱ་མཚོ། །
གསང་བ་དེ་ཉིད་རྟོགས་པའི་ཡིད་བཞིན་གྱི་ནོར་བུ། །
འཛམ་གླིང་གཞན་ན་མེད་པའི་མཁས་གྲུབ་དེ་ཤེས་སམ། །
ཁ་ནས་ཁ་བའི་ལས་དབང་འུར་འུར་དང་ལྷང་ལྷང་། །
ལག་ལས་ཏང་ཡན་འདུག་ཆོས་ཏག་ཏག་དང་ཁྲིག་ཁྲིག །
ཁ་ལག་མི་མཐུན་ལྟ་སྤྱོད་ཁ་ཁ་དང་སོ་སོར། །
རང་ཆོས་རང་གིས་བརླག་པའི་ངང་ཚུལ་དེ་མཐོང་ངམ། །
རང་ཆོས་བླ་གྲྭ་ཚད་ལྡན་ཚུལ་ལྡན་ནི་མི་ཤེས། །
ཨ་ཕ་ཨ་མ་ཚང་མ་སྤྲུལ་སྐུ་དང་ལོངས་སྐུ །
རང་མགོ་རང་གི་བསྐོར་བའི་ཆོས་ཚོང་གི་དེད་དཔོན། །
ལྟ་གྲུབ་མི་ཤེས་ཆགས་སྡང་ངན་སྨོད་གྱི་ལས་ཁང་། །
འདི་འདྲ་ཆོས་བརྒྱད་སྐྱབས་མགོན་དམ་ཆོས་དང་མི་མཐུན། །
ཁོག་ནས་ཅི་དྲན་མའུ་ཏང་ཡན་གྱི་ལྟ་བ། །
ཁ་ནས་བཤད་པ་སྐུ་གསུང་ཐུགས་རྟེན་གྱི་གཙུག་ལག །
རང་ཡུལ་མི་སེམས་རང་ཁྱིམ་སྒེར་དོན་གྱི་དཀོར་སྡུད། །
རྒྱ་བལ་ཀུན་ཏུ་རྒྱུ་བའི་རྐུན་ཇག་གི་དཔུང་གཉེར། །
རང་ཆོས་རང་གིས་བརླག་པའི་ཆོས་དྲུག་གི་ཚོང་དཔོན། །
སྙིང་ཁམས་གཏིང་ནས་འཁྲུལ་པའི་སྤྱོད་ངན་དེ་མ་མཛད། །
ཀུན་བདེ་ཞི་བདེར་འདོད་པའི་རེ་བསྐུལ་ཅིག་བྱས་ཀྱང་། །
མི་བདེ་གཞི་མ་སྤེལ་བའི་ན་གཞོན་གྱི་ཚོགས་པས། །
བྱང་སེམས་བདག་ཉིད་ཆེན་པོའི་མཚན་མཆོག་གི་རྣམ་ཐར། །
མ་ཉེས་ཁ་གཡོག་སྟོང་གི་མུན་ཁང་དུ་ཁྲིད་སོང་། །
རྨད་བྱུང་པུར་རྒྱལ་བོད་པའི་ལྷག་ལྷ་དང་བླ་མ། །
སྣང་སྲིད་སྐྱེ་འགྲོའི་དེད་དཔོན་སྙིང་རྗེ་ཡི་རང་གཟུགས། །
ངོ་ལྐོག་མེད་པའི་དད་འདུན་རྣམ་དག་ཅིག་ཡོད་ན། །
རང་སྲོག་འབེན་དུ་འཇོག་པའི་སྙིང་སྟོབས་ཅིག་ཡོད་ངེས། །
མེས་དབོན་གོང་མས་རང་མགོ་མི་ལག་ལ་མ་བཞག །
རིགས་ཞེན་སྙིང་ལ་བཅངས་ན་གཅེས་སྲོག་དང་རྒྱུ་ནོར། །
བོད་རིགས་མིང་སྲིང་ཕྱོགས་ལ་ཕོངས་མེད་དུ་བཏང་དང་། །
སྤྲུལ་སྐུ་ལོངས་སྐུ་བཏགས་ཀྱང་དེ་ག་རང་ལགས་སོ། །
སྙིང་ཁོངས་རུས་པའི་སྟེང་ནས་རྗེས་དྲན་ཅིག་མེད་ན། །
ཁ་བཤད་སྟོང་པས་མི་ཚེ་དོན་མེད་དུ་བཏང་ན། །
གཏོར་བཤིག་ལོག་ལམ་འཚོ་བའི་དགྱ་དམར་གྱི་རྒྱུགས་ཁྱི། །
རྐང་གཉིས་མི་རུ་སྐྱེས་ཀྱང་དགོས་པ་ཞིག་ཡོད་དམ། །
ཡབ་མེས་ཁྱི་ཡིན་ཟེར་བའི་འདུ་ཤེས་དེ་བཟུང་ནས། །
མའུ་མི་རུ་སྒྲུབ་པའི་ལུག་ལམ་ལ་འབད་ན། །
ཞེ་འཁོན་མི་ལོ་ལྔ་བཅུའི་ན་ཟུག་གི་མནར་བའི། །
རེ་སྒུག་བོད་ཁམས་སྙིང་ནད་དྲག་ཐབས་ཤིག་འདུག་གམ། །
ནོག་ཆུང་རྒྱུ་ཡིས་ཕ་ཆོས་ཕ་ས་ཞིག་མི་ཁུག །
ན་ཆུང་རྐུབ་ཀྱིས་མ་རྒན་དྲིན་ལན་ཅིག་མི་སོད། །
གལ་ཆུང་འཁོན་འཐབ་མི་ཚེ་དོན་མེད་ཅིག་མིན་པར། །
སྙིང་པོ་ཆོས་སྲིད་ཕྱོགས་ལ་མཉམ་བརྩོན་ཞིག་རེམ་རེམས། །
བླ་མའི་མཛད་ཕྲིན་ཆོས་འཁོར་རྟག་བརྟན་དུ་སྣང་ཞིང་། །
གྲྭ་སའི་བཤད་སྒྲུབ་ཡར་ངོའི་ཟླ་བ་བཞིན་འཕེལ་རྒྱས། །
བློན་འབངས་མངའ་ཐང་ཆབ་སྲིད་རང་ལག་ཏུ་སོན་ན།
རང་མགོ་རང་གིས་ཐོན་པའི་དུས་སྐབས་ཞིག་ལོས་ཡིན། །
དམར་ཆུང་སེམས་ཀྱི་སྙིང་ཁྲག་དྲོན་མོ་ཡི་མཆོད་པ། །
ཆོལ༵་གསུམ༵་ཁ༵་བ༵འི་ལ༵་རྒྱའི་དྭངས་མ་ཡི་བདུད་རྩི། །
མེས་པོའི་དྲིན་ལན་བསྟན་སྲིད་སྙིང༵་གཏམ༵་ལ་བསམ་ནས། །
ཤ་ཁྲག་རུས་གསུམ་གཅིག༵་པུའི་སྤུན་ཟླ་ཚོར་ཕུལ༵་ཡོད༵། །
བོད་ཡུལ་རང་ལ་དབང་བའི་གནའ་བོ་ཡི་ལོ་རྒྱུས། །
སྨྲ་ལྕེ་རང་ལག་ཡོད་ཚེ་ཅི་ནུས་ཞིག་བརྗོད་ངེས། །
བཀའ་བསྟན་མན་ངག་རྒྱ་མཚོ་གློ་གཡས་སུ་བཞག་ནས། །
རང་སྣང་མཆི་མ་རློན་པས་ཀོ་གྱོང་དེ་ཐུལ་ལམ། །
རིགས་རུས་གཅིག་ལས་སྐྱེས་པའི་གདོང་དམར་ཞིག་ཡིན་ཚོད། །
འཛམ་གླིང་རྩེད་ཐང་ཆེན་མོ་མཉམ་འཛོམ་དུ་ཕེབས་ནས། །
གཉིས་མེད་རྒྱུད་རྒྱལ་དུས་འཁོར་གསང་གསུམ་ལ་སྤྱོད་ནས། །
བདེ་དགའ་རྒྱ་མཚོ་ལྟ་བུའི་ལོངས་སྤྱོད་ཅིག་རོལ་འདོད། །
འདོད་ཆུ་ས་ལ་ཟགས་ནས་རྒྱལ་ཁམས་ཀུན་བརླན་འགྲོ། །
རང་སེམས་རང་གིས་ངལ་གསོའི་ཚིག་བཅད་ཀྱི་དུམ་བུ། །
རང་བློ་གང་ཤར་གབ་སྦས་གསང་གསུམ་ཞིག་མེད་པར། །
མདོ་ཤོར་མཁན་པོ་དཔལ་དགྱེས་རྡོ་རྗེ་ཡིས་ཕུལ་ལོ། །
༢༠༠༩ ༦ ༡༦ལ་ཐོལ་བྱུང་དུ་བྲིས་པའོ།། །།
༥༠༽ རྩམ་གཟན་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ གི་ཆུ་ཚོད་ ༡༢ སྐར་མ་ ༤༡
ཀརྨ་པ་གཉིས་ལས་སི་ཏུའི་ཀརྨ་པ་༧གོང་ས་མཆོག་རྒྱབ་སྐྱོར་ཡོད་པས་ཕལ་ཆེར་སི་ཏུའི་ཀརྨ་པ་དབུ་འཕང་མཐོ་ཙམ་འདུག
བདུད་འཇོམས་གཉིས་ལས་བོད་ཀྱི་བདུད་འཇོམས་བྱ་བྲལ་སངས་རྒྱས་རྡོ་རྗེ་རྒྱབ་སྐྱོར་ཡོད་པས་ཕལ་ཆེར་བོད་ཀྱི་བདུད་འཇོམས་དབུ་འཕང་མཐོ་ཙམ་འདུག
གདུས་སྲས་གཉིས་ལས་ས་སྐྱ་གོང་མ་རྒྱབ་སྐྱོར་ཡོད་པས་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་དབུ་འཕང་མཐོ་ཙམ་འདུག
མདོར་ན་གོང་མའི་སྐྱེ་སྲིད་ངོ་མ་ཡིན་མིན་དང་བསྟན་འགྲོར་ཕན་མིན་མ་ལྟོས་པར་རྒྱབ་སྐྱོར་སུ་ཆེ་ཡིན་པ་མཐོང་གི་འདུག་ག་དྲ་གྲོགས་ཚོ།
མཚམས་དེར་དོན་གྲུབ་རྒྱལ་གྱི་སྤྲུལ་སྐུའི་སྒྲུང་ཐུང་ལ་ཕྱིར་དྲན་ཐེངས་ཤིག་བྱེད་དགོས་བྱུང་།
བདུད་འཇོམས་གཉིས་ལས་བདུད་འཇོམས་གཅིག་ནི་རྒྱལ་བ་རིན་པོ་ཆེས་བཟོས་པ་རེད་ཅེས་ཐོས།
དེ་བཞིན་དིལ་མཁྱེན་ཡང་མང་པོ་བྱུང་ཡོད་པའི་ལོ་རྒྱུས་ཐོས་ཀྱང་གཅིག་ལ་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་ཚར་བས་གཞན་མ་རྣམས་ཁུ་སིམ་པོར་ལྷགས་ཡོད་པ་འདྲ།
སྤྲུལ་སྐུའི་ལམ་ལུགས་ལ་སྡང་ཞེན་བྱེད་མཁན་ཁྲོད་དུ། རྒྱུ་མཚན་ཡོད་མེད་གཉིས་སུ་མཆིས། འགའ་ཞིག་གིས་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་ཕྲག་དོག་གིས་སྤྲུལ་སྐུའི་ལམ་ལུགས་ལ་རྐྱོན་བརྗོད་བྱེད་ཀྱིན་འདུག དཔེར་ན་ཆོས་བརྒྱུད་ཆེན་བཞིའི་མངའ་ཁུངས་སུ་གཏོགས་པའི་ཤེས་ཡོན་ཨེན་ཙམ་གྲོད་པ་ཁེངས་ཤིང་ང་རྒྱལ་ཅན་གཞན་རྐྱོན་མ་གཏོགས་མི་མཐོང་བ་འགས་སྡང་ཞེན་གྱིས་གོ་ས་རྩོད་ཀྱིན་འདུག དེ་ལ་རྒྱུ་མཚན་ཡང་དག་ཅིག་མཐོང་མ་སོང་།
འགའ་ཞིག་གིས་དེང་སང་སྤྲུལ་སྐུའི་མིང་ཁུར་མཁན་མང་དྲགས་པ་དང་བསྟན་པ་ཞབས་འདེགས་བསྒྲུབ་མཁན་ཉུང་དུ་ཕྱིན་པའི་རྒྱུ་གཉིས་དང་། དོན་གྱིས་སྟོང་པའི་སྤྲུལ་རྫུན་དག་གིས་གོ་ས་བཀག་བསྡད་ན་ཤེས་ཡོན་པ་སྤྱི་ལ་གནོད་གྱིན་ཡོད་པ་རྒྱུ་མཚན་དུ་བཟུང་ནས་བཀག་འགོག་བྱེད་པ་ནི་བླ་ན་མེད་པའི་བསམ་འཆར་ལགས་སོ།།།
ཡག་གི་ཡག་གི ཧ་ཅང་ཡག་གི སྤྔུལ་སྐུ་མི་དགོས་སྤྲུལ་སྐུས་བྱེད་ཀྱི་ཅི་ཡང་མེད། ཏཱ་ལའི་བླ་མས་ནཱ་ལེནྡྲའི་ལུགས་སྲོལ་འཛིན་དགོས་པར་ཡང་ཡང་གསུངས་ཡོད། ཀརྨ་པས་འདུལ་བ་ལྟར་ལག་བསྟར་བྱེད་དགོས་པར་ཡང་ཡང་གསུངས་ཡོད། དེར་བརྟེན་སྤྲུལ་སྐུ་ནི་ནཱ་ལེནྡྲ་ན་ཡང་་མེད་ལ། འདུལ་བའི་ནང་ན་སྤྲུལ་སྐུ་ངོས་འཛིན་དགོས་རབས་དང་མི་ཆོས་བླ་མའི་རྫུན་བཤད་དགོས་པའི་རྣམ་བཞག་ཅིག་མེད་དོ།
ལགས་སོ་ཤ་རུས་གཅིག་ལགས། དཔལ་ནཱ་ལེནྡྲ་ན་ཡང་ཆོས་ལོངས་སྤྲུལ་སྐུ་སྐུའི་རྣམ་བཞག་མེད་པ་ཡང་མ་རེད། ཐོགས་མེད་སྐུ་མཆེད་དང་ཞི་བ་ལྷ་དང་ཟླ་གྲགས་སོགས་ཀྱི་རྣམ་ཐར་གཟིགས་དང་ཤིན་ཏུ་གསལ། ངས་འདིར་བཤད་འདོད་པ་ནི་སྤྲུལ་རྫུན་མེད་བཤད་ཀི་ཡོད། རྐུ་རྫུན་ཁྲམ་པ་མཚམས་འཇོག་བྱེད་རོགས་ཞེས་འབོད་བསྐུལ་ཞུ་གི་ཡོད། འདུལ་བ་རང་རྐང་ནས་བཤད་ན་སྟོན་དང་བསྟན་པ་གཉིས་ཀ་དམ་ཆོས་འདུལ་བ་རང་རེད། དེ་ཚུལ་བཞིན་བྱེད་ན་སྤྲུལ་རྫུན་ས་ཁྱབ་རྡོ་ཁྱབ་འབྱུང་དགོས་དོན་ཡོད་མ་རེད། ༧གོང་ས་མཆོག་ཡར་ཕུད། སི་ཏུའི་ཀརྨ་པས་འདུལ་བ་ལྟར་ལག་བསྟར་བྱེད་དགོས་བསམ་གྱིན་ཡོད་ན། རྒྱ་དང་དབྱིན་ཇི་ག་ཚོད་ལ་སྤྲུལ་སྐུའི་རྟགས་ཡིག་བཀོད་འདུག གཟིགས་དང་། དཔེར་ན་ཧང་ཀྰང་རྒྱ་རྒན་རྡོ་རྗེ་འཆང་སྐུ་འཕྲེང་གསུམ་པ་སོགས་ནང་བཞིན་རེད། མ་ཚད་ཁོ་རང་ཨ་རི་ནས་ཚོགས་པ་སྟོང་ཕྲག་མང་པོ་ནང་ནས་གོང་ས་མཆོག་གིས་གཏོང་པ་ཡིན། ཨ་རི་ལ་དགའ་རབས་སོགས་སྐྱག་རྫུན་ག་ཚད་བཤད་སོང་། ཧ་གོ་སོང་ངམ། མ་ཚད་སི་ཀར་གྱིས་ཨ་རི་ནས་དམག་ཞྭ་ཞིག་གྱོན། དམག་རྒྱ་བཅས་པའི་དཔར་དེ་མཐོང་ན་སྐྱུག་བྲོ་བ་ཞིག་མི་འདུག་གམ། དེ་འདྲ་བག་མེད་ཀྱི་སྤྱོད་པ་འདུལ་ལུང་སྡེ་བཞི་གང་གི་ལུགས་རེད་དམ། ཁ་བཤད་པ་དེ་ལག་ལེན་མེད་ན་ལི་ལིའི་ཆོས་བཤད་ནང་བཞིན་མ་ཡིན་ནམ། གྲོགས་པོ་ཚོ་ལགས། རྒྱུ་ངོ་དང་བུ་ངོ་། དགའ་ངོ་དང་ཡག་ངོ་ལ་བལྟ་ཆེ་ནས་ཆོས་བརྒྱད་གྲགས་པའི་རྗེས་སུ་འབྲང་བ་ཚོས་བསྟན་པ་དང་ར་ཤ་རྗེས་ནས་བརྫིག་བརྫིག་ཇི་ལྟར་བྱས་རུང་རྒྱལ་བ་གོང་མ་དག་གི་ཐུགས་ཀྱིས་ཁྲེལ་འགྲོ་བ་ལ་ཐེ་ཚོམ་མེད་དོ། །
ཨ་ཧ་བོ་
ད་དཔལ་ཁྱེད་ཀྱིས་ལྟ་བ་དེ་སྔོན་དང་མི་འདྲ་བ་རེད་འདུག
བློ་ཕམ་ཆེ།
ང་ཚོ་ཆོས་གྲོགས་ཚོས་མཆོག་ཉིད་ལ་རེ་བ་ཆེན་པོ་ཡོད་།
ཡིན་ན་འང་ག་ས་གང་ལ་ཁ་གཏང་ཡ་མང་འགྲོ་གི་འདུག་
དེ་ང་ཚོ་རྩ་བའི་བླ་མའི་གནང་བའི་གདམ་ངག་རེད་དམ།
ཡང་ན་མཆོག་ཉིད་སྲིད་དོན་ཉམས་ཞུབ་པ་ཞིག་བྱེད་གྱི་ཨེ་ཡིན།
སྐུ་ཚེ་རིང་སྔོན་གྱི་ལྟ་བ་དེ་ག་རང་ལ་བཞུགསརོགས་ཞུ།
དགོང་དག་སྐུ་ཚེ་རིང་།་
དྲྭ་གྲོགས་ཚོས་མིང་ཐོ་བསྡུས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པ་འདི་མཐའ་གཅིག་ཏུ་མེད་པ་བཟོ་དགོས་ལུགས་བཤད་སོང།
མཆན་བརྒྱ་དང་བཅུ་འདི་ནི་མཐའ་མའི་མཐའ་སྡོམ་ཞིག་ཡིན།་་་མིང་ཐོ་བསྡུས་ནས་སྤྲུལ་སྐུ་ངོས་འཛིན་མེད་པར་བཟོ་དགོས་ན་ཆོས་རྒྱུད་ཁག་གི་བླ་ཆེན་དེ་ཚོར་འབོད་བསྐུལ་ཞུ་དགོས་དེ་མིན་ནམ་ཡང་ཐག་གཅོད་བྱེད་མི་ཐུབ།་ བཟོ་གྲྭའི་བདག་པོ་དེ་ཚོར་གནོན་ཞུགས་སྤྲོད་དགོས་དེ་མིན་བར་སྣང་སྟོང་པ་ལ་སྐད་རྒཡབ་མ་རྒྱབ་མི་འདུག་སེམས། བླ་ཆེན་དེ་ཚོས་ཆབ་སྲིད་མི་མཁྱེན་ཚུལ་སྟོན་ནའང་བོད་ཀྱི་བླ་ཆེན་ཁག་གི་ཆབ་སྲིད་ཁྲབ་སྟེ་བོད་ཤོར་བའང་དེ་ཚོས་རྐྱེན་བྱས་ཡོད་སྙམས།་དང་པོ་རྒྱ་གར་ལ་འཕགས་པའི་ཡུལ་ཅེས་ཚད་མེད་པ་བསྟོད་ར་བཏང་སྟེ་བོད་ཀྱི་ས་ཆ་མང་ཆེ་བ་རྒྱ་གར་གྱིས་ཟོས་ཟིནྲ་དེ་ནས་སོག་པོ་ལ་ཆབ་སྲིད་ཁྲབ་སྟེ་སོག་པོས་བོད་ཟོས་དེ་ནས་རྒྱ་ནག་ལ་ཆབ་སྲིད་ཁྲབ་སྟེ་རྒྱ་ནག་གི་དཔོན་རིགས་དེ་ཚོར་འཇམ་དབྱངས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་ཏེ་མཐར་བོད་ལ་ཁ་ཆག་སྣ་རལ་གྱི་ལྟས་ངན་སྣ་དགུ་ཤར་བ་དེ་ཚོར་གཟིགས་དང།
བོད་ཀྱི་ནང་ཆོས་བྱེད་པོས་བོད་ལ་ཕན་པ་ལས་གནོད་པ་མང་བར་བྱས་ཡོད།
ད་དུང་ཆབ་སྲིད་ཁྲབ་སྟེ་ཨ་རིར་བསྟོད་ར་ཚད་མེད་གཏོང་གི་ཡོད་ཉིན་གཅིག་རྒཡ་ནག་གིས་བྱས་པ་ནང་བཞིན་མི་ཡོང་པའི་ངེས་པ་མི་འདུག་གོ།
ད་ལྟ་མཐོང་བཞིན་པའི་སྟོན་པའི་སྐུ་བརྙན་དང་མ་ནིའི་གཟུང་དེ་ཚོ་ལྷམ་གྱི་སྟེང་དུ་བཀོད་པ་དེ་ཚོར་གཟིགས་དང་ནུབ་ཕྱོགས་པ་ལྷ་རུ་བརྩིས་པ་ལ་བརྟེན་ནས་བྱུང་བ་རེད།
ནུབ་ཕྱོགས་པ་ལྷ་རུ་བརྩི་མཁན་ཐོག་མ་ནི་བོད་ཀྱི་བླ་སྤྲུལ་དེ་ཚོ་རེད་དེ་ནས་རིམ་བཞིན་ནད་ངན་དེ་ཡིས་བོད་རིགས་ཡོངས་ལ་ཁྱབ་འདུག་ད་བྱེད་རྒྱུ་ཡོད་མ་རེད་དྲན།
མ་གཞི་ནི་ངེད་ཚོས་མིང་ཐོ་བསྡུས་ནས་སྤྲུལ་སྐུ་མེད་པ་བཟོ་དགོས་ཚུལ་དང་དེ་དག་རྫུས་མ་ཡིན་ཚུལ་རྒྱབ་བཤད་བྱེད་ཀྱང་གདོང་དུ་དེ་དག་ལ་སྤྲེལ་ལད་ཁྲབ་མཁན་ནི་ང་ཚོ་རང་རེད།
བྱུང་ན་དེ་དག་ལ་གུས་ཞབས་དང་མཐོང་མི་བཞག་རྒྱུ་གལ་ཆེ་བ་རེད་དེ་ནས་རིམ་གྱིས་འཇའ་ལྟར་ཡལ་རྒྱུ་རང་རེད་ཇི་སྲིད་ང་ཚོས་དེ་ཚོར་གུས་ཞབས་དང་བརྩི་བསྐུར་བྱེད་ན་དེ་སྲིད་མིང་ཐོ་བསྡུས་ནས་སྤྲུལ་སྐུ་ངོས་འཛིན་བྱས་པའི་སྤྲུལ་སྐུ་མང་དུ་འགྲོ་རྒྱུ་ལས་ཉུང་དུ་ནམ་ཡང་འགྲོ་ཡི་མ་རེད་དྲན་ནོ།
འབྲོང་བུ་ནས།
༄༅། །མི་འགྱུར་རྡོ་རྗེ་ལ་སྤྲིངས་པའི་འཕྲིན་ཐུང་སྨིག་སྒྱུའི་ཆུ་རེག །
ན་མོ་གུ་རུ་བུདྡྷ་ཛྙ་ན་ཡེ། །
སྐྱབས་གནས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །
མཚུངས་མེད་ཐུགས་རྗེའི་གཏེར་མཛོད་རིན་པོ་ཆེ། །
དྲིན་ཆེན་རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །
ཚེ་རབས་ཀུན་ཏུ་ཐུགས་དགྱེས་རྗེས་ཟུང་ཤིག །
རིང་རིང་ཡུལ་གྱི་བསྐལ་བའི་གྲོགས་པོ་ཁྱེད། །
ཉེ་ཉེར་དམ་པའི་གསུང་དང་མ་མཐུན་ན། །
བརྩེ་བརྩེ་ཆོས་མཆེད་གྲོགས་པོ་ཅི་ལྟར་འགྱུར། །
གདུང་གདུང་སྨྲེ་ངག་འབོད་པ་ཁྱེད་ལ་ཁྲོལ། །
ཀུན་རྟོག་བློ་ཡི་གཞལ་བའི་ཚུར་མཐོང་གཅིག །
ཀུན་གཟིགས་དག་པའི་སྒྱུ་འཕྲུལ་ཞིང་ཁམས་གཉིས། །
ཀུན་མཁྱེན་རྒྱལ་བའི་ཟག་མེད་ཡེ་ཤེས་གསུམ། །
ཀུན་ལ་མཐུན་སྣང་ཉིད་དུ་ཤིན་ཏུ་དཀོན། །
ཀྱེ་མ་སྙིགས་ལྔའི་སྤྱོད་པ་དར་དྲག་ནས། །
ཆོས་ཁྲིམས་དར་གྱི་མདུད་པ་ལྷོད་ནས་ཐལ། །
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག་ནས་འདུག །
བྱ་བྱེད་ཐམས་ཅད་ལོག་པར་མ་སོང་ངམ། །
སྣོད་བཅུད་ཐམས་ཅད་སྡུག་བསྔལ་རང་བཞིན་ཤར། །
ལྟ་སྤྱོད་ཐམས་ཅད་མ་རབས་ལད་མོ་དར། །
སྨྲ་བརྗོད་ཐམས་ཅད་སྐྱག་རྫུན་འཁོར་ལོ་བསྐོར། །
ལོངས་སྤྱོད་ཐམས་ཅད་ལོག་འཚོར་མ་སོང་ངམ། །
སྙིགས་མའི་རང་མཚང་མཐོང་ཡང་ངོ་མཚར་ཅན། །
མི་འགྱུར་རྡོ་རྗེ་རང་གཤིས་འགྱུར་མེད་པས། །
ངེས་འབྱུང་བྱང་ཆུབ་སེམས་ཀྱི་བསྐུལ་མ་དང་། །
དད་པ་དག་སྣང་སྐྱེ་བར་ངོ་སོ་བསྟོད། །
རྒྱལ་འགོང་དམ་སྲིའི་བསླུ་བར་མ་ཡིན་པར། །
མཁྱེན་བརྩེའི་དམ་ཚིག་གཏིང་མཐའ་མི་མངོན་ན། །
དམེ་འཁྲུགས་གྱོད་ཁ་གཡོ་སྒྱུའི་ངན་སྦྱོར་ཀུན། །
བསམ་སྦྱོར་མཚོན་ཆ་གཞན་ལ་འཁོར་བ་འགྱུར། །
རྒྱལ་བསྟན་སེམས་པའི་ལྷག་བསམ་རྒྱ་མཚོ་བཞིན། །
དགོས་འདོད་ཀུན་འབྱུང་བསམ་པ་བཟང་པོ་ཞིག །
ཡོད་ན་གཅིག་ཆོག་ཡིད་བཞིན་ནོར་བུ་ལགས། །
ཅི་བྱས་ཆོས་སུ་འགྲོ་བ་གསུངས་མིན་ནམ། །
མདོར་ན་དཔྱོད་ལྡན་མི་འགྱུར་རྡོ་རྗེ་ལ། །
ཁ་ངན་དགྱེས་རྡོར་འགལ་བ་ཅི་མཆིས་བཤགས། །
དགེ་བས་ས་དགེ་བཀའ་རྙིང་བདེན་གྲུབ་རིགས། །
ཕྱོགས་ལས་རྣམ་རྒྱལ་སྐུ་གསུམ་མཐར་ཕྱིན་ཤོག །
ཅེས་པ་འདི་ནི་སྤྲུལ་མི་འགྱུར་རྡོ་རྗེ་ལ་ཤྲྰི་སྨྱོན་པས་ཐོལ་བྱུང་དུ་བྲིས་པ་དགེའོ། །
བོད་ཀྱི་སྤྲུལ་སྐུ་ཐུགས་ཐག་གཅོད་ཕྱོགས་ཐད་ནས་བསམ་ཚུལ་འདི་འདྲ་མང་པོ་བཀོད་འདུག ཐ་ན་ཁ་ཤས་ཀྱིས་ ༧ གོང་ས་མཆོག་ལ་ཡང་མཚན་སྨད་ཞུ་གི་འདུག འོན་ཀྱང་སྤྲུལ་སྐུ་རྒྱ་གུང་ཁྲན་གྱིས་བཟོ་བཞིན་པར་དཔྱད་་པ་དང་བསམ་ཚུལ་གང་ཡང་བརྗོད་ཐུབ་མི་འདུག འདི་ལ་བསམ་ན་བོད་པ་ཚོ་ནང་ལ་རྣོ་ངར་མདུང་། ཕྱི་ལ་འཇམ་པོ་བལ་ཡིན་པ་ཤེས་ཐུབ།
གོང་གི་མཆན་ཚང་མ་མདོར་བསྡུས་ནས་བཤད་ན། བོད་ཀྱི་བླ་མ་གནད་ཡོད་ཞིག་གིས་བོད་ཀྱི་སྤྲུལ་སྐུ་ཐུགས་ཐག་བཅད་ན་མི་འགྲིགས་པ་དང་། རྒྱ་གུང་ཁྲན་གྱི་ཐུགས་ཐག་བཅད་ན་འགྲིག་པའི་བཟོ་འདྲ་བཤད་ཀྱི་འདུག་ཀ
གོང་གསལ་རྩོམ་མཆན་ཡོངས་སུ་རྫོགས་པ་ཁག་བགོས་ན། ༡༽ ཆོས་མེད་བལྟ་ཚུལ་ཐོག་ནས་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དགག་པ་དང་། ༢ ༽ ཆོས་ཡོད་བལྟ་ཚུལ་ཐོག་ནས་སྤྲུལ་སྐུ་ལམ་ལུགས་དགག་པ། ༣༽ ད་དུང་ཕྱོགས་རིས་བལྟ་ཚུལ་ཐོག་ནས་སྤྲུལ་སྐུ་ལམ་ལུགས་དགག་བཞིན་པ་བཅས་མང་ན་ཡང་། ཚང་མས་རྒྱས་བོད་ལ་བཟོ་བཞིན་པའི་སྤྲུལ་སྐུའི་ལམ་ལུགས་ཀྱིས། བོད་ཀྱི་མ་འོངས་པར་ཅི་བྱེད་ལ་བསམ་བློ་རྩ་ནས་གཏོང་གི་མེད་པ་ནི་ཡ་ཆ།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་དང་པོ་གང་ནས་བྱུང་ངམ་ང་ཚོས་སྡུག་བསྔལ་བདེན་པ་མེད་པ་བྱེད་དགོས་ཚེ་དེ་ཡི་རྒྱུ་ཀུན་བྱུང་བདེན་པ་མེད་པར་བྱེད་མི་དགོས་སམ།
རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་བོད་མི་རྨོང་དད་པ་དེ་ཚོར་དམིགས་ནས་ངོས་འཛིན་པ་རེད།
གལ་ཏེ་མིང་ཐོ་བསྡུས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་འདི་དག་བཀག་ཚེ་རྒྱ་ནག་གིས་པན་ཆེན་དང་༸་གོངས་༸་མཆོག་གི་སྤྲུལ་སྐུར་ཐེ་བྱུས་བྱས་ཏེ་བོད་ལ་རྙོག་གླེང་བྱེད་ས་མེད་པ་ཆགས་འགྲོ་གི་རེད།
དེ་བཞིན་་ཀརྨ་པ་ཡི་སྤྲུལ་སྐུའི་རྙོག་གླེང་དེ་དག་ཀྱང་རང་བཞིན་གྱི་མེད་པ་ཆགས་འགྲོ་གི་རེད།
ད་ལྟ་རྒྱ་ནག་གིས་མིང་ཐོ་བསྡུས་ནས་སྤྲུལ་སྐུ་ངོས་འཛིན་གྱིས་སྤྲུལ་སྐུ་དེ་དག་གིས་བོད་ཀྱི་ཆབ་སྲིད་ལ་གནོད་སྐྱོན་ཇི་ཙམ་བྱེད་ཀྱི་མི་འདུག་གམ།
ད་དུང་རྨོངས་དད་མགོ་འཐུམ་བྱས་ནས་སྡོད་རྒྱུ་ཡིན་ནམ།
མ་གཞི་མིང་ཐོ་བསྡུས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་སྤྲུལ་སྐུ་དེ་དག་ནི་ཡ་མཚན་ཞིག་རེད། སྔར་གྱི་མཁྱེན་པའི་ཡོན་ཏན་ཐམས་ཅད་ཐུགས་བརྗེད་ཤོར་ནས་ཀ་ངོ་ར་ངོ་ངོས་འཛིན་མི་ཐུབ་ཅིང་།
ཞེན་ཆགས་ཀྱིས་བཅིངས་པའི་འཕྲེང་བ་དང་དྷར་མ་རུ་དེ་བཞིན་ནང་གི་དངོས་པོ་ཐམས་ཅད་ངོ་ཤེས་ཁུལ་གྱིས་གློག་བརྙན་དང་པར་རིས་སོགས་ཀྱི་རྒྱུད་ལམ་ནས་སྟོན་པ་ནི་གཞན་གྱིས་མཐོང་ཚེ་སྐྱུག་བྲོ་བ་ལས་མི་འདུག
དེ་ནི་ནང་རྟགས་ཕྱིར་རུ་སྟོན་པ་རང་རེད། ཆུང་བྱིས་པའི་དུས་སུ་ཐ་མལ་འགྲོ་བའི་དཀའ་སྡུག་མིག་གི་ཡུལ་དུ་མ་གྱུར་ཅིང་ཆེ་ཆེར་གྱུར་དུས་སུ་བདའ་དགུའི་ཟས་དང་འཇམ་དགུའི་གོས་ཀྱིས་སྐྱབས་ཏེ་ཤ་མདངས་གཟི་མདངས་རྒྱས་ཏེ་མང་ཚོགས་ཀྱི་མདུན་སར་ཆེ་འགྱིང་ཇི་ལྟར་བྱེད་ཀྱི་མི་འདུག་གམ།
ཕྱི་རྒྱལ་གྱི་ཆེས་མཐོའི་དཔོན་རིགས་དེ་དག་མང་ཚོགས་དང་མཉམ་བཟའ་དང་མཉམ་འཐུང་་གིས་འཇིག་རྟེན་མི་ཡི་སྣང་ངོར་འགྲོ་བ་ཅི་འདྲ་བ་ཞིག་འདུག་གམ།
མིང་ཐོ་བསྡུས་ནས་སྤྲུལ་སྐུའི་ལམ་ལུགས་འདི་མེད་པ་མ་བྱས་ཚེ་ཉིན་གཅིག་ཕྱོགས་བཅུའི་སངས་རྒྱས་སྟོང་དང་དུས་གསུམ་གྱི་སྟོན་པ་ཐམས་ཅད་ཀྱི་ཡང་སྲིད་འབྱོན་རྒྱུ་ཐག་གཅོད་རེད།
ད་དུང་དེ་ཡིས་ག་ལ་ཚད་ནུབ་ཕྱོགས་ཀྱི་སྲིད་འཛིན་སྐད་གྲགས་ཆེ་བ་དཔེར་ན།་ ཨོ་བྷ་མ་དང་བྷུ་ཤུ་ལས་སོགས་ཀྱི་སྤྲུལ་སྐུ་ཡང་འབྱོན་རྒྱུ་ཐག་གཅོད་ཐུབ
དེ་ནས་ཉིན་གཅིག་མཱ་འོ་ཡི་སྤྲུལ་སྐུ་ཡང་འབྱོན་ངེས་རེད་འདུག་གོ་ད་གཟབ་གཟབ་རན་རན་གནང་རོགས།
བྲེལ་བ་མ་ལངས་ཅི་ཅི་ཧྥུན་ཙི་རྣམས།
བོད་པའི་རིག་གཞུང་དང་། འཚོ་གནས་ཀྱི་གནས་བབས་ནི་ཐོགས་སེར་གྱིས་སྟོན་འབྲས་བཅོམ་པ་ལྟ་བུའི་ཆག་འཇིག་དང་། ཁྲ་ཡིས་བྱེའུ་ཁྱུ་གཏོར་བ་ལྟ་བུའི་འཇིགས་རྔམ། མཚོ་རླུང་གིས་གྲོང་དང་གྲོང་ཁྱེར་བཅོམ་པ་ལྟ་བུའི་ཉམས་ཆག། ཆུ་མཛོད་ཤོར་ནས་ཡུལ་ལུང་ཆུས་འཁྱེར་བ་ལྟ་བུའི་དུས་ཀྱི་རྦབ་ཀློང་ཁྲོད་ཡོ་འཁྱོམ་བྱེད་ཀྱིན་ཡོད་ན། ཡར་ཐོན་ཅན་ ཅི་ཅི་ཧྥུན་ཙི་རྣམས་བྲེལ་འཚུབ་མ་བྱེད་དང་། འདོད་པའི་དཀྱུས་ས་ན་་རྟ་ཕོ་དགུ་ཕྲེང་གཤར་འདུག
༄༅། །བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་མོས་གུས་སྙིང་གི་གཟེར་འདེབས་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་ར་བེ། །བླ་མ་རྒྱང་འབོད་ཀུན་ལ་གྲགས་ཆེའང་། །བྱིན་རླབས་བསྐུལ་བའི་གནད་སྐྱོ་ཤེས་ངེས་འབྱུང་གིས་བསྐུལ་བའི་མོས་གུས་ཁ་ཙམ་མ་ཡིན་པར་སྙིང་གི་དཀྱིལ། རུས་པའི་གཏིང་ནས་བསྐྱེད། བླ་མ་དང་ལྷག་པའི་སངས་རྒྱས་གཞན་ན་མེད་པར་ཐག་ཆོད་པའི་ངེས་ཤེས་དང་ལྡན་པས་དབྱངས་རྟ་སྙན་པོས། བླ་མ་མཁྱེན་ནོ། །དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །དུས་གསུམ་སངས་རྒྱས་ཀྱི་ངོ་བོ། ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །འཕགས་ཚོགས་དགེ་འདུན་གྱི་མངའ་བདག །རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །བྱིན་རླབས་ཐུགས་རྗེ་ཡི་གཏེར་ཆེན། །དངོས་གྲུབ་རྣམ་གཉིས་ཀྱི་འབྱུང་གནས། །ཕྲིན་ལས་ཅི་འདོད་ཀུན་སྩོལ་མཛད། །།རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །བླ་མ་འོད་དཔག་མེད་པ་མཁྱེན་ནོ། །སྤྲོས་བྲལ་ཆོས་སྐུའི་ཀློང་ནས་གཟིགས་ཤིག །བདག་སོགས་ལས་ངན་འཁོར་བར་འཁྱམས་རྣམས། །བདེ་ཆེན་དག་པའི་ཞིང་དུ་དྲོངས་མཛོད། །བླ་མ་སྤྱན་རས་གཟིགས་དབང་མཁྱེན་ནོ། །འོད་གསལ་ལོངས་སྐུའི་ཞིང་ནས་གཟིགས་ཤིག །རིགས་དྲུག་སྡུག་བསྔལ་རྩད་ནས་ཞི་ཞིང་། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛོད། །བླ་མ་པདྨ་འབྱུང་གནས་མཁྱེན་ནོ། །རྔ་ཡབ་པདྨ་འོད་ནས་གཟིགས་ཤིག ། སྙིགས་དུས་སྐྱབས་མེད་བོད་འབངས་ཉམས་ཐག །ཐུགས་རྗེས་མྱུར་བ་ཉིད་དུ་སྐྱོབ་མཛོད། །བླ་མ་ཡེ་ཤེས་མཚོ་རྒྱལ་མཁྱེན་ནོ། །མཁའ་སྤྱོད་བདེ་ཆེན་གྲོང་ནས་གཟིགས་ཤིག །སྡིག་ལྡན་བདག་སོགས་སྲིད་པའི་མཚོ་ལས། །ཐར་བའི་གྲོང་ཁྱེར་ཆེན་པོར་སྒྲོལ་མཛོད། །བཀའ་གཏེར་བརྒྱུད་པའི་བླ་མ་མཁྱེན་ནོ། །ཟུང་འཇུག་ཡེ་ཤེས་ཀློང་ནས་གཟིགས་ཤིག །བདག་རྒྱུད་འཁྲུལ་བའི་མུན་ཁང་བརྟོལ་ནས། །རྟོགས་པའི་ཉི་མ་ཤར་བར་མཛོད་ཅིག །ཀུན་མཁྱེན་དྲི་མེད་འོད་ཟེར་མཁྱེན་ནོ། །ལྷུན་གྲུབ་འོད་ལྔའི་ཀློང་ནས་གཟིགས་ཤིག །ཀ་དག་དགོངས་པའི་རྩལ་ཆེན་རྫོགས་ནས། །སྣང་བཞི་མཐའ་རུ་ཕྱིན་པར་མཛོད་ཅིག །མཉམ་མེད་ཇོ་བོ་ཡབ་སྲས་མཁྱེན་ནོ། །དགའ་ལྡན་ལྷ་བརྒྱའི་དབུས་ནས་གཟིགས་ཤིག །སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི། །བྱང་སེམས་རྒྱུད་ལ་སྐྱེ་བར་མཛོད་ཅིག །གྲུབ་མཆོག་མར་མི་དྭགས་གསུམ་མཁྱེན་ནོ། །བདེ་ཆེན་རྡོ་རྗེའི་དབྱིངས་ནས་གཟིགས་ཤིག །བདེ་སྟོང་ཕྱག་ཆེན་མཆོག་དངོས་གྲུབ་ཅིང་། །ཆོས་སྐུ་སྙིང་དབུས་སད་པར་མཛོད་ཅིག །འཇིག་རྟེན་དབང་ཕྱུག་དཔལ་དགྱེས་པ་མཁྱེན་ནོ། །མཁའ་ཁྱབ་འགྲོ་འདུལ་དབྱིངས་ནས་གཟིགས་ཤིག །ཆོས་ཀུན་བདེན་མེད་སྒྱུ་མར་རྟོགས་ནས། །སྣང་སེམས་སྐུ་གསུམ་འཆར་བར་མཛོད་ཅིག །བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་མཁྱེན་ནོ། །རང་སྣང་དག་པའི་དབྱིངས་ནས་གཟིགས་ཤིག །གནས་སྐབས་བཞི་ཡི་འཁྲུལ་བ་སངས་ནས། །ཉམས་རྟོགས་མཐའ་རུ་ཕྱིན་པར་མཛོད་ཅིག །རྗེ་བཙུན་གོང་མ་རྣམ་ལྔ་མཁྱེན་ནོ། །འཁོར་འདས་དབྱེར་མེད་ཀློང་ནས་གཟིགས་ཤིག །རྣམ་དག་ལྟ་སྒོམ་སྤྱོད་གསུམ་འབྲེལ་བས། །གསང་བའི་ལམ་མཆོག་བགྲོད་པར་མཛོད་ཅིག །མཉམ་མེད་ཤངས་པ་བཀའ་བརྒྱུད་མཁྱེན་ནོ། །རྣམ་དག་སངས་རྒྱས་ཞིང་ནས་གཟིགས་ཤིག །ཐབས་གྲོལ་ཉམས་ལེན་ཚུལ་བཞིན་འབྱོངས་ནས། །མི་སློབ་ཟུང་འཇུག་བརྙེས་པར་མཛོད་ཅིག །གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཁྱེན་ནོ། །རྩོལ་མེད་ཐུགས་རྗེའི་ཀློང་ནས་གཟིགས་ཤིག །བདེན་མེད་རྟོགས་པའི་བརྟུལ་ཞུགས་གྲུབ་ནས། །རླུང་སེམས་རང་དབང་འདུ་བ་མཛོད་ཅིག །ཕ་གཅིག་དམ་པ་སངས་རྒྱས་མཁྱེན་ནོ། །ལས་རབ་གྲུབ་པའི་དབྱིངས་ནས་གཟིགས་ཤིག། །བརྒྱུད་པའི་བྱིན་རླབས་སྙིང་ལ་ཞུགས་ནས། །རྟེན་འབྲེལ་ཕྱོགས་མེད་འཆར་བར་མཛོད་ཅིག །མ་ཅིག་ལབ་ཀྱི་སྒྲོན་མ་མཁྱེན་ནོ། །ཤེས་རབ་ཕར་ཕྱིན་ཀློང་ནས་གཟིགས་ཤིག །བདག་འཛིན་སྙེམས་བྱེད་རྩད་ནས་ཆོད་ཅིང་། བདག་མེད་སྤྲོས་བྲལ་བདེན་མཐོང་མཛོད་ཅིག །ཀུན་མཁྱེན་དོལ་བོ་སངས་རྒྱས་མཁྱེན་ནོ། །རྣམ་ཀུན་མཆོག་ལྡན་དབྱིངས་ནས་གཟིགས་ཤིག །འཕོ་བའི་དབུགས་རྣམས་དབུ་མ་འགགས་ནས། །འཕོ་བྲལ་རྡོ་རྗེའི་སྐུ་ཐོབ་མཛོད་ཅིག །རྗེ་བཙུན་ཏྰ་ར་ནྰ་ཐ་མཁྱེན་ནོ། །རྣམ་གསུམ་ཕོ་ཉའི་དབྱིངས་ནས་ཤིག །རྡོ་རྗེའི་གསང་ལམ་གེགས་མེད་གྲོལ་ནས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་མཛོད་ཅིག །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན་ནོ། །མཁྱེན་གཉིས་ཡེ་ཤེས་དབྱིངས་ནས་གཟིགས་ཤིག །མི་ཤེས་བློ་ཡི་མུན་པ་སངས་ནས། །མཁྱེན་རབ་སྣང་བ་རྒྱས་པར་མཛོད་ཅིག །འོད་གསལ་སྤྲུལ་བའི་རྡོ་རྗེ་མཁྱེན་ནོ། །འཇའ་ཟེར་འོད་ལྔའི་ཀློང་ནས་གཟིགས་ཤིག །རླུང་ཐིག་སེམས་ཀྱི་དྲི་མ་དག་ནས། །གཞོན་ནུ་བུ་སྐུར་བྱང་ཆུབ་མཛོད་ཅིག །པདྨ་མདོ་སྔགས་གླིང་པ་མཁྱེན་ནོ། །བདེ་སྟོང་འགྱུར་མེད་ཀློང་ནས་གཟིགས་ཤིག །རྒྱལ་དང་རྒྱལ་སྲས་་དགོངས་པ་མཐའ་དག །བདག་གིས་ཡོངས་སུ་སྐོང་ནུས་མཛོད་ཅིག །ངག་དབང་ཡོན་ཏན་རྒྱ་མཚོ་མཁྱེན་ནོ། །དབྱིངས་ཡེ་ཟུང་འཇུག་ཀློང་ནས་གཟིགས་ཤིག །སྣང་བའི་བདེན་འཛིན་ཧྲུལ་གྱིས་ཞིག་ནས། །གང་བྱུང་ལམ་དུ་ཁྱེར་ནུས་མཛོད་ཅིག །རྒྱལ་སྲས་བློ་གྲོས་མཐའ་ཡས་མཁྱེན་ནོ། །བྱམས་དང་སྙིང་རྗེའི་ངང་ནས་གཟིགས་ཤིག །འགྲོ་ཀུན་དྲིན་ཆེན་ཕ་མ་ཤེས་ནས། །གཞན་ཕན་སྙིང་ནས་སྒྲུབ་ནུས་མཛོད་ཅིག །པདྨ་གར་གྱི་དབང་ཕྱུག་མཁྱེན་ནོ །བདེ་ཆེན་འོད་གསལ་དབྱིངས་ནས་གཟིགས་ཤིག །དུག་ལྔ་ཡེ་ཤེས་ལྔ་རུ་གྲོལ་ནས། །སྤང་ཐོབ་གཉིས་འཛིན་ཞིག་པར་མཛོད་ཅིག །བསྟན་གཉིས་གཡུང་དྲུང་གླིང་པ་མཁྱེན་ནོ། །སྲིད་ཞིའ་མཉམ་ཉིད་དབྱིངས་ནས་གཟིགས་ཤིག །མོས་གུས་རྣལ་མ་རྒྱུད་ལ་སྐྱེས་ནས། །རྟོགས་གྲོལ་དུས་མཉམ་ཆེན་པོ་མཛོད་ཅིག །འདི་ནས་། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཁྱེན་ནོ། །གྲུབ་མཐའ་རྒྱ་མཚོའི་དབུས་ནས་གཟིགས་ཤིག། །སྣང་སྲིད་བླ་མའི་དཀྱིལ་འཁོར་རྫོགས་ནས། །དག་པ་རབ་འབྱམས་འཆར་བ་མཛོད་ཅིག །འདི་བར་ཞལ་སྐོང་། དྲིན་རྩ་བའི་བླ་མ་མཁྱེན་ནོ། །སྤྱི་གཙུག་བདེ་ཆེན་གནས་ནས་གཟིགས་ཤིག །རང་རིག་ཆོས་སྐུའི་རང་ཞལ་མཇལ་ནས། །ཚེ་གཅིག་སངས་རྒྱས་འགྲུབ་མཛོད་ཅིག །ཀྱེེ་མ། །བདག་འདྲའི་སེམས་ཅན་ལས་ངན་སྡིག་ཏོ་ཅན། །ཐོག་མེད་དུས་ནས་འཁོར་བར་ཡུན་རིང་འཁྱམས། །ད་རུང་སྡུག་བསྔལ་མཐའ་མེད་མྱོང་གྱུར་བས། །སྐྱོ་ཤེས་སྐད་ཅིག་ཙམ་ཡང་མ་སྐྱེས་པས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །དལ་འབྱོར་ཐོབ་ཀྱང་མི་ཚེ་སྟོང་ཟད་མཁན། །དོན་མེད་ཚེ་འདིར་བྱ་བས་རྟག་ཏུ་གཡེང་། །དོན་ཆེན་ཐར་བ་སྒྲུབ་ལ་ལེ་ལོས་ཁྱེར། །ནོར་བུ་གླིང་ནས་ལག་སྟོང་ལོག་གྱུར་པས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ལོང་མེད་བློ་སྣ་ཐུང་བར་བྱིན་གྱིས་རློབས། །སྙིང་དུ་སྡུག་པའི་མཛའ་བཤེས་སོ་སོར་འབྲལ། །སེར་སྣས་བསགས་པའི་ནོར་རྫས་གཞན་གྱིས་སྤྱོད། །གཅེས་པའི་ལུས་ཀྱང་ཤུལ་དུ་བོར་ནས་སུ། །རྣམ་ཤེས་བར་དོ་གཏོལ་མེད་འཁོར་བར་འཁྱམས། །བླ་མ་མཁྱེན་ནོ་ཐུགས་རྗེ་མྱུར་དུ་གཟིགས། །ཅིས་ཀྱས་དགོས་མེད་རྟོགས་པར་བྱིན་གྱིས་རློབས། །འཇིགས་པའི་མུན་པ་ནག་པོས་སྔོན་ནས་བསུ། །ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། །མི་སྡུག་གཤིན་རྗེའི་ཚོ་ཉས་བརྡེག་ཅིང་བཙོག །བཟོད་དཀའ་ངན་འགྲོའི་སྡུག་བསྔལ་མྱོང་དགོས་ན། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ངན་སོང་གཡང་ལས་ཐར་བར་བྱིན་གྱིས་རློབས། །རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦེད། །གཞན་སྐྱོན་ཏིལ་འབྲི་ཙམ་ཡང་སྒྲོག་ཅིང་སྨོད། །ཡོན་ཏན་ཅུང་ཟད་མེད་ཀྱང་བཟང་པོར་རློམ། །ཆོས་པའི་མིང་བཏགས་ཆོས་མིན་ཁོ་ན་སྤྱོད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རང་འདོད་ང་རྒྱལ་ཞི་བར་བྱིན་གྱིས་རློབས། །གཏན་ཕུང་བདག་འཛིན་འགོང་པོ་ཁོང་དུ་བཅུག །བསམ་ཚད་ཐམས་ཅད་ཉོན་མོངས་འཕེལ་བའི་རྒྱུ། །བྱས་ཚད་ཐམས་ཅད་མི་དགེ་འབྲས་བུ་ཅན། །ཐར་བའི་ལམ་དུ་ཕྱོགས་ཙམ་མ་ཕྱིན་པས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ངར་འཛིན་རྩད་ནས་ཆོད་པར་བྱིན་གྱིས་རློབས། །བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་སྐྱེ། །ཚིག་ངན་ཙམ་ལ་བཟོད་པའི་གོ་ཆ་ཤོར། །ཉམ་ཐག་མཐོང་ཡང་སྙིང་རྗེ་སེམས་མི་སྐྱེ། །སྦྱིན་ཡུལ་བྱུང་དུས་སེར་སྣའི་མདུད་པས་བཅིངས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །འཁོར་བ་སྙིང་པོ་མེད་ལ་སྙིང་པོར་བཟུང་། །ལྟོ་གོས་ཕྱིར་དུ་གཏན་འདུན་ལིང་གིས་བོར། །མཁོ་རྒུ་ཚང་ཡང་དགོས་དགོས་ཕྱི་ཕྱིར་མང་། །མི་བདེན་སྒྱུ་མའི་ཆོས་ཀྱིས་རང་སེམས་བསླུས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །ལུས་སེམས་སྡུག་བསྔལ་ཕྲ་མོ་འང་མི་བཟོད་ཀྱང་། །ངན་འགྲོར་འགྲོ་ལ་མི་འཚེར་སྙིང་རྡོས་ཅན། །རྒྱུ་འབྲས་བསླུ་མེད་མངོན་སུམ་མཐོང་བཞིན་དུ། །དགེ་བ་མི་འགྲུབ་སྡིག་པའི་ཡོ་ལང་འཕེལ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ལས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །དགྲ་ལ་སྡང་སེམས་གཉེན་ལ་ཆགས་སེམས་སྐྱེ། །བླང་དོར་གནས་ལ་གཏི་མུག་མུན་ལྟར་འཐོམ། །ཆོས་བཞིན་སྤྱོད་ཚེ་བྱིང་རྨུགས་གཉིད་དབང་ཤོར། །ཆོས་མིན་སྤྱོད་ཚེ་དབང་པོ་གསལ་ཅིང་གྲུང་། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཉོན་མོངས་དགྲ་བོ་ཆོམ་པར་བྱིན་གྱིས་རློབས། །ཕྱི་ནས་བལྟས་ན་ཡང་དག་ཆོས་པའི་གཟུགས། །ནང་དུ་རང་སེམས་ཆོས་དང་མ་འདྲེས་པས། །སྦྲུལ་གདུག་བཞིན་དུ་ཉོན་མོངས་ཁོང་ནས་སྦས། །རྐྱེན་དང་འཕྲད་ཚེ་ཆོས་པའི་མཚང་རྟགས་སྟོན། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རང་རྒྱུད་རང་གིས་ཐུལ་བར་བྱིན་གྱིས་རློབས། །རང་སྐྱོན་ངན་པ་རང་གིས་མ་རྟོགས་པས། །ཆོས་པའི་གཟུགས་བཟུང་ཆོས་མིན་སྣ་ཚོགས་སྤྱོད། །ཉོན་མོངས་མི་དགེའི་ལས་ལ་ཤུགས་ཀྱིས་གོམས། །དགེ་བློ་ཡང་ཡང་སྐྱེས་ཀྱང་ཡང་ཡང་ཆད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རང་སྐྱོན་རང་གིས་མཐོང་བར་བྱིན་གྱིས་རློབས། །ཞག་རེ་སོང་བཞིན་འཆི་ལ་ཕར་ཕར་ཉེ། །ཉིན་རེ་ལོན་བཞིན་རང་རྒྱུད་ཕྱིར་ཕྱིར་གྱོང་། །བླ་མ་བསྟེན་བཞིན་མོས་གུས་རིམ་གྱིས་འགྲིབ། །མཆེད་ལ་བརྩེ་གདུང་དག་སྣང་ཇེ་ཆུང་སོང་། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རྨུ་རྒོད་རང་རྒྱུད་ཐུལ་བར་བྱིན་གྱིས་རློབས། །སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་བྱས་ན་ཡང་། མོས་གུས་སྙིང་རྗེ་གཏིང་ནས་མ་སྐྱེས་པས། །ཚིག་ཙམ་དབང་གྱུར་ཆོས་སྤྱོད་དགེ་སྦྱོར་རྣམས། །བྱས་བློ་ཙམ་ལས་རྒྱུད་ཐོག་མ་ཁེལ་བས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཅི་བྱས་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །བདག་བདེ་འདོད་ལས་སྡུག་བསྔལ་ཐམས་ཅད་འབྱུང་། །གཞན་ཕན་སེམས་ཀྱིས་སངས་རྒྱས་འགྲུབ་གསུངས་ཀྱང་། །སེམས་མཆོག་བསྐྱེད་ཅིང་རང་དོན་ཐུགས་སུ་བཅུག །གཞན་ཕན་ལྟ་ཅི་གཞན་གནོད་ཞོར་ལསྒྲུབ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །བདག་གཞན་བརྫེ་བར་ནུས་པར་བྱིན་གྱིས་རློབས། །སངས་རྒྱས་དངོས་སྣང་བླ་མ་མི་རུ་བཟུང་། །གདམས་ངག་སྟོན་པའི་བཀའ་དྲིན་ངང་གིས་བརྗེད། །རང་འདོད་མ་བྱུང་ཚེ་ན་ཡིད་ཆད་བསྒོམ། །མཛད་སྤྱོད་རྣམས་ལ་ཐེ་ཚོམ་ལོག་ལྟས་བསྒྲིབས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །མོས་གུས་འགྲིབ་མེད་འཕེལ་བར་བྱིན་གྱིས་རློབས། །རང་སེམས་སངས་རྒྱས་ཡིན་ཀྱང་ངོ་མ་ཤེས། །རྣམ་རྟོག་ཆོས་སྐུ་ཡིན་ཀྱང་དོན་མ་རྟོགས། །མ་བཅོས་གཉུག་མ་ཡིན་ཀྱང་སྐྱོང་མ་ནུས། །རང་བབས་གནས་ལུགས་ཡིན་ཀྱང་ཡིད་མ་ཆེས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རང་སེམས་རང་སར་གྲོལ་བར་བྱིན་གྱིས་རློབས། །ཡོང་ངེས་འཆི་བ་སྙིང་ནས་དྲན་མ་ཐུབ། །ཕན་ངེས་དམ་ཆོས་ཚུལ་བཞིན་སྒྲུབ་མ་ནུས། །བདེན་ངེས་ལས་འབྲས་བླང་དོར་ཚུལ་བཞིན་མེད། །དགོས་ངེས་དྲན་ཤེས་མ་བརྟེན་གཡེང་བས་ཁྱེར། ། བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཡེངས་མེད་དྲན་པས་ཟིན་པར་བྱིན་གྱིས་རློབས། །སྔོན་ལས་ངན་པས་སྙིགས་མའི་དུས་མཐར་སྐྱེས། །སྔར་བྱས་ཐམས་ཅད་སྡུག་བསྔལ་རྒྱུ་རུ་སོང་། །གྲོགས་ངན་རྣམས་ཀྱི་སྡིག་པའི་གྲིབ་མས་གཡོགས། །དོན་མེད་གླེང་མོས་དགེ་སྦྱོར་གཡེང་བས་ཁྱེར། ། བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཆོས་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །དང་པོ་བསམ་རྒྱུ་ཆོས་ལས་མེད་པ་ལ། །ཐ་མ་གྲུབ་འབྲས་འཁོར་བ་ངན་སོང་རྒྱུ། །ཐར་བའི་ལོ་ཏོག་མི་དགེའི་སད་ཀྱིས་བཅོམ། །གཏན་འདུན་ཉེས་པའི་རྨུ་རྒོད་བདག་འདྲ་རྣམས། ། བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དམ་ཆོས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གཉེན་པོ་རང་ཚུགས་ཐུབ་པར་བྱིན་གྱིས་རློབས། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །གནས་ལུགས་རང་ཞལ་མཇལ་བར་བྱིན་གྱིས་རློབས། །རང་རིག་སྙིང་དབུས་སད་པར་བྱིན་གྱིས་རློབས། །འཁྲུལ་སྣང་གཞི་རྩ་ཆོད་པར་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གདུང་བས་འབོད་དོ་དྲིན་ཆེན་ཆོས་ཀྱི་རྗེ། །སྐལ་མེད་བདག་ལ་རེ་ས་ཁྱེད་ལས་མེད། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །ཚུལ་འདི་མོས་ལྡན་དགེ་སྦྱོང་འགའ་ཞིག་གིས་སྔ་སོར་ནས་བསྐུལ་ཡང་རིམ་ལུས་སུ་གྱུར་པ། ཉེ་ཆར་རིགས་ལྡན་ཆོས་མཛད་མ་བསམ་འགྲུབ་སྒྲོན་མ་དང་། དེ་ཝ་རཀྵི་ཏ་ཟུང་གིས་ནན་སྭལ་ངོར་སྙིགས་དུས་བླ་མའི་གཟུགས་བརྙན་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱེས་པ་དགེ་ལེགས་འཕེལ།།འཇམ་དབྱངས་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ལས་འཁྲུངས་ཤིང་། །ངེས་གསང་ལེགས་པའི་ལམ་སྟོན་དྲིན་ཆེན་རྗེ། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།
གླུ་ཟབ་དོན་གླིང་བུ་ཞེས་བྱ་བ།
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས།
ཨ་ཧོ།
འོག་མིན་དཔལ་གྱི་བསམ་ཡས་མཆིམས་ཕུ་ཡི་ཡང་རྩེ།།རང་བྱུང་ཤེལ་གྱི་ཕ་ཝྃ་དཀར་པོ་ཡི་གུར་ཁང་།།མ་བསམ་ལྷུན་གྲུབ་གཞལ་མེད་ཁང་ཆེན་འདི་དགའ་འོ།། དགུང་སྔོན་དག་པ་དབྱངས་ཆེན་ཕྱོགས་ལྷུང་དང་བྲལ་བ།། འོད་གསལ་ཉི་ཟླའི་དཀྱིལ་འཁོར་བཀྲགས་མདངས་ནི་འཚེར་བས།། རིག་པ་ཚད་ལ་ཕེབས་པའི་ངོ་མཚར་གྱི་ལྟད་མོ།།མངོན་སུམ་ཆོས་ཉིད་སྤྱན་གྱིས་སྣང་བ་འདི་ཨ་ཧོ།།རྣལ་འབྱོར་ང་ཡི་སྣང་བ་གཏད་མེད་དུ་ཟང་ཐལ།། ཤེས་རབ་རང་བྱུང་སྒྲོན་མའི་རིག་པ་ཡི་རང་གདངས།།ཕྱི་རོལ་དངྱིངས་ཀྱི་མཁའ་ལ་རྒྱ་འབྱམས་སུ་གསལ་བས།།སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནས་ལུགས་ལ་ཡིད་ཆེས།།སངས་རྒྱས་གཞན་ནས་མ་བཙལ་རང་ཆས་སུ་རྫོགས་འདུག།ཀུན་བཏགས་བློ་ཡིས་སྤྲོས་པའི་བསྐྱེད་རྫོགས་ཀྱི་ཨ་མཐས།།ཡིད་དཔྱོད་མཚན་འཛིན་རྟོག་པ་ཐེ་ཚོམ་གྱི་དྲ་བའི།།སྦུབས་སུ་འཐུམས་པའི་དཀའ་ཚེགས་ངལ་བ་འདིས་ཅི་བྱ།།མ་བཅོས་གདོད་ནས་པའིརིག་གདངས་ཀྱི་དཀྱིལ་འཁོར།།ཇི་ལྟར་སྣང་བ་འདི་དག་ཇི་བཞིན་དུ་བཀོད་པ།།སངས་རྒྱས་འཕགས་པ་ང་ཡི་དབང་པོ་རུ་བྱོན་དང་།།ཐེ་ཚོམ་བྲལ་བའི་ངེས་ཤེས་ནང་ནས་རང་རྙེད་དོ།།རྩ་རླུང་བྱེད་རྩོལ་མཚན་མའི་འདུ་བྱེད་ཀྱི་ཐག་པས།།དམ་དུ་བཅིངས་ལས་རྟོག་མེད་བག་ཙམ་ཞིག་འཆར་རུང་།།ཀུན་གཞིའི་ཆ་དང་འདྲེས་པས་རང་བྱུང་གི་ཡེ་ཤེས།།སྒྲུབ་བྱེད་ཙམ་ལས་གནས་ལུགས་དངོས་མ་ནི་མ་ལགས།།ཐེག་བརྒྱད་བློས་བྱས་གྲུབ་མཐའི་གཟུགས་བརྙན་གྱི་རི་མོ།།རྫུན་པ་ཆུ་ཟླ་དང་མཚུངས་གནས་ལུགས་ལ་ཐག་རིང།།ང་ཅག་རིག་འཛིན་དགའ་རབ་དཔའ་བོ་ཡི་བརྒྱུད་འཛིན།།རྣམ་པར་རྟོག་པའི་གཟེབ་ཀྱི་འཆིང་བ་ལས་རང་གྲོལ།།རང་བྱུང་རང་ཤར་རང་གནས་ཀུན་བཟང་གི་རོལ་བ།།གདོད་མ་གཞི་ཡི་གནས་ལུགས་མངོན་སུམ་འདི་ཨ་ཧོ།།བསྒོེམ་བྱ་སྒོམ་བྱེད་བྲལ་བའི་འོད་གསལ་གྱི་གཤིས་ལ།།རང་བབ་རྒྱ་འབྱམས་ལྷུན་གྲུབ་ཚོམ་བུ་ཡི་བཀྲག་མདངས།།མ་བྲིས་མ་བྱས་རང་ཤར་སྣང་བ་འདི་ཨ་ཧོ།། གཟུང་འཛིན་འཁྲུལ་རྟོག་ཆོས་ཉིད་དབྱིངས་ཆེན་དུ་ཟད་དེ།།ལོ་དང་ཟླ་བའི་སྡུག་སྒུར་ཆེན་པོ་ནི་མི་དགོས།།སྐྱིད་ཉལ་ངང་དུ་ལས་རླུང་ཟད་པ་ལ་ཕྱོགས་པ།།འོད་གསལ་སྙིང་ཐིག་རིག་འཛིན་བརྒྱུད་པ་ཡི་བྱིན་མཐུ།།སྙིང་དབུས་འཕོས་པའི་རྟགས་ཚད་སྣང་བ་འདི་ཨ་ཧོ།། ཅེས་པའང་མེ་སྤྲེལ་ནག་ཟླའི་ཚེས་༢༩ལ་བསམ་ཡས་མཆིམས་ཕུའི་བློན་ཆེན་གུར་དཀར་ཕུག་ཏུ་ཉམས་སྐྱིད་པས་རྐྱེན་བྱས་ཏེ།།རང་འདི་འདྲའི་རྟོགས་ཚད་མི་ལྡན་ཡང་མ་འོངས་འབྱུངས་འགྱུར་གྱི་རྟན་འབྱུང་ཙམ་དུ་ཐོལ་བྱུང་གླུ་རུ་བླུངས་པའོ
༄༅། །དུས་ཀྱི་རྒུད་པ་ཞི་བའི་བདེན་ཚིག་སྨོན་ལམ་བཞུགས་སོ། །
ཨོྃ་ཨྰཿཧྰུྃ་ཧོཿ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས། །ལྷ་དང་དྲང་སྲོང་དཀར་ཕྱོགས་སྐྱོང་བའི་མཐུས། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཐབ་རྩོད་སོགས། །མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་དཔལ་འབྱོར་རྒྱས། །དགེ་བའི་སེམས་ལྡན་ཆོས་ཀྱི་བྱ་བ་འཕེལ། །མཐའ་ཡས་འགྲོ་ཀུན་བྱང་ཆུབ་ལམ་ལ་འཇུག །འཇིགས་མེད་བདེ་བ་ཆེན་པོའི་གནས་ཐོབ་ཤོག །ཆོས་ཉིད་གདོད་ནས་རྣམ་པར་དག་པ་ལ། །སྡུག་བསྔལ་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་དོན་གཟིགས་པ་རྒྱལ་བ་སྲས་བཅས་ཀྱི། །སྨོན་ལམ་མཐུ་བཙན་ཐུགས་རྗེའི་སྟོབས་ཆེ་བས། །འཁྲུལ་སྣང་སྙིགས་མའི་རྒུད་པ་རབ་ཞི་ནས། །བཀྲ་ཤིས་བདེ་ལེགས་ངོ་མཚར་སྣང་བ་ཡིས། །ས་གསུམ་ཀུན་ཏུ་ཁྱབ་པའི་དགེ་མཚན་དཔལ། །ཉིན་མོར་བྱེད་པ་བཞིན་དུ་གསལ་གྱུར་ཅིག །
ཧ་ཀྵ་མ་ལ་ཝ་ར་ཡྃ་སྭྰ་ཧྰ། ཞེས་པ་འདི་ནི་རྣལ་འབྱོར་དབང་ཕྱུག་རྟོགས་ལྡན་ཆེན་པོ་ཤྰཀྱ་ཤྲྰི་ཛྙྰ་ནས་དུས་རྒུད་ཞི་བའི་སྨོན་ལམ་ཞིག་བྲིས་ཞེས་གསུང་བསྐུལ་ལྟར་༧མི་ཕམ་འཇམ་དཔལ་དགྱེས་པས་ཆབ་མདོའི་ས་ཕྱོགས་སུ་ཞི་བ་ས་བྱི་དབོ་ཟླ་བའི་ཚེས་རྒྱལ་བའི་གྲངས་ཀྱི་དུས་དགེ་བར་དམ་པ་དང་པོའི་སངས་རྒྱས་ལ་གསོལ་བ་བཏབ་སྟེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག༔ དགེའོ།
འདིར་གཟིགས་དང་སྤྲུལ་སྐུའི་སྐོར་ཤེས་ཀི་རེད། http://www.khabdha.org/?p=7795
དྲྭ་གྲོགས་ཚོ་ཞིབ་ཏུ་གཟིགས་དང་གོ་རྒྱུ་རེ་འདུག
༼༼༦༤༽ བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༣༠ གི་ཆུ་ཚོད་ ༡༢ སྐར་མ་ ༢༨
༡༽ སྤྲུལ་སྐུ་རྫུན་མ་བཟོ་མཁན་སྤྲུལ་སྐུ་རེད། །
༢༽ སྤྲུལ་སྐུ་ངོས་འཛིན་བྱེད་མཁན་སྤྲུལ་སྐུ་རེད། །
༣༽ མི་ཆོས་བླ་མའི་རྫུན་གྱི་འབྱུང་ཁུངས་སྤྲུལ་སྐུ་རེད། །
༤༽ རྒྱ་དམག་བོད་དུ་ཁྲིད་མཁན་སྤྲུལ་སྐུ་རེད། །
༥༽ སོག་དམག་བོད་ལ་འདྲེན་མཁན་སྤྲུལ་སྐུ་རེད། །
༦༽ འདུལ་བ་རྨངས་ནས་བཤིག་མཁན་སྤྲུལ་སྐུ་རེད། །
༧༽ ཆོས་སྲིད་གཉིས་ཀ་སྲེ་སླད་གཏོང་མཁན་སྤྲུལ་སྐུ་རེད། །
༨༽ བསྟན་པ་སྒོར་མོར་བརྗེ་མཁན་སྤྲུལ་སྐུ་རེད། །
༩༽ སྐྱ་མིན་སེར་མིན་བྱེད་མཁན་སྤྲུལ་སྐུ་རེད། །
༡༠༽ འདུལ་བའི་གཞུང་དང་འགལ་ན་སྤྲུལ་སྐུ་འགལ། །
༡༡༽ བོད་པའི་ལུང་པ་ཤོར་དོན་སྤྲུལ་སྐུར་ཐུག །
༡༢༽ ཆོས་ལུགས་ནང་དམེ་རྒྱག་མཁན་སྤྲུལ་སྐུ་རེད། །
༡༣༽ ཆོས་མིན་སྲིད་མིན་བྱེད་མཁན་སྤྲུལ་སྐུ་རེད། །
༡༤༽ དོལ་རྒྱལ་ཚོགས་པ་བཙུགས་མཁན་སྤྲུལ་སྐུ་རེད། །
༡༥༽ སྤྲུལ་སྐུ་གྲགས་རྒྱམ་སྤྲུལ་སྐུ་དོལ་རྒྱལ་རེད། །
༡༦༽ མདོར་ན་བོད་འདི་སྤྲུལ་སྐུས་ཕུངས་ནི་རེད། །
སྟོན་པ་མཆོག་དང་བསྟན་པའི་གཏད་རབས་བདུན། །
རྒྱན་དྲུག་རྗེས་འབྲང་གཙོས་པའི་འཕགས་བོད་ཀྱི། །
བསྟན་པའི་མངའ་བདག་རྣམས་དང་མི་མཐུན་པའི། །
སྤྲུལ་སྐུ་ལམ་ལུགས་གཏན་དུ་ཕམ་གྱུར་ཅིག །༽༽
ངས་བལྟས་ན་བཀྲ་ཤིས་བདེན་གི་བསམ།
རྙིང་མ་གསེར་རྟའི་མཁན་པོ་བཀྲ་ཤིས་སམ་ཆོས་་་་་་་་་་་་་་་་་་་
ཡ། གུ་ར་རྫ་ལགས་རྙིང་མ་གསར་མ་ཡི་ཁྱད་པར་མི་བལྟ་བར་རྟོན་པ་བཞི་བོ་གོ་མ་ལོག་པར་རྫུན་མ་དག་ཚར་བཅད། བདེན་པ་ངོ་སོ་བསྟོད་པའི་དུས་ཞིག་ལ་སླེབས་འདུག་པས། ཁྱེད་ཀྱིས་རྙིང་མ་གསེར་རྟའི་མཁན་པོ་ཟེར་བ་དེ་ཁྱེད་རང་ཕྱོགས་ཞེན་དྲི་མ་ཁ་བའི་རྟགས་ཤིག་ཏུ་མངོན་ནོ། བཀྲ་ཤིས་དེ་ས་སྐྱའི་མནའ་མའི་དཔར་གཉེར་མཁན་དེ་རེད། སྤྲུལ་སྐུ་ཡང་དག་གི་ཡོན་དང་རྫུན་མའི་སྐྱོན་ཞེས་སྐྱོན་ཡོན་ལ་མི་དཔྱད་པར་ངན་པ་ཁོ་ན་བཤད་རྒྱུ་གང་ན་ཡོད། བདེན་པ་དང་རྫུན་པ། བཟང་པོ་དང་ངན་པ། དགེ་བ་དང་སྡིག་པ། འཁོར་བ་དང་མྱང་འདས་སོགས་དུ་མ་ཡོད། མདོར་ན་མི་དགེ་བཅུ་བོ་གང་ཟག་སུ་འདྲ་ཞིག་གི་སྤྱོད་ཀྱང་དེ་དམིགས་བསལ་བ་ཞིག་མེད་པར་དམ་པའི་ཆོས་ཁས་བླངས་ནས་བཟུང་དེ་དག་འདྲ་འདྲ་རེད། དེས་ན་ངས་སེར་ཁྲི་དང་ཀརྨ་པ་ཞེས་དཔེ་ཙམ་ལས་དགེ་སྡིག་དེ་ཀུན་ལ་རིགས་ཕྱེ་ཤེས་པར་གྱིས་ཤིག ། ནང་པ་སངས་རྒྱས་པའི་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་དག་ནི་མ་གཏོགས་སོ། །
ལགས་སོ། རྩམ་གཟན་དབུ་བྱས་པའི་དྲ་གྲོགས་བཟང་ངན་ཀུན་པོ་ལ་གལ་ཆེན་པོ་ཞུ་ནི། བདག་གིས་ཀརྨ་པའི་དབུ་བྱས་ནས་སྤྲུལ་མིང་འཛིན་པ་ཚོ་ལ་སྒྲོ་བཀུར་མིན་པར་ཚིག་ནག་འགའ་ཞིག་ཤོར་སོང་བ་ལ་བཟོད་གསོལ་ཞུ་བ་དང་ཁ་སྨྲས་ངན་པ་ཀུན་པོ་བདག་གིར་བྱེད་ཆོག ངས་བཤད་པའི་སྙིང་པོ་ངོ་མ་དེ་ཁྱེད་ཚོ་གོ་མི་འདུག སྤྲུལ་རྫུན་མེད་ཐབས་དང་བཤད་སྒྲུབ་འཕེལ་ཐབས་ལ་དམིགས་ཡོད། དེས་ན་རྒྱུ་ནོམ་པ་ངོ་འདོན་པ་ཚོང་དཔོན་ཞིག་ལས་ཡོངས་གྲགས་ཀྱི་སྤྲུལ་སྐུ་ཞེས་པ་དེའི་མིང་བེད་སྤྱོད་མི་གནང་བར་མཁྱེན་ནོ། ཁྱད་པར་ད་ལྟ་བཞུགས་ཡོད་པའི་ས་སྐྱ་གོང་མ་རྣམ་གཉིས་དང་རྡོ་གྲུབ་རིན་པོ་ཆེན་དང་ཞེ་རྫོགས་སྤྲུལ་སྐུ་ཚོ་དང་སྨིན་གླིང་མཁན་སྤྲུལ་མཁའ་འགྲོ་མ་དང་། ཀརྨ་པ་ཞྭ་དམར་ནག ཇོ་ནང་བླ་ཆེན་ཁག་དང་། དགེ་ལུགས་སོགས་བོད་ཕྱི་ནང་བཞུགས་པའི་ང་ཚོས་རྩ་ཆེན་དུ་རྩི་བའི་བླ་ཆེན་ཁག་དང་ལས་གཉེར་བ་ཀུན་པོས་ལན་ཞིག་བདག་ལ་གནང་བར་མཁྱེན། ། དངོས་ནས་ཁྱེད་རྣམ་པས་རྡོ་རྗེ་འཆང་གི་སྐུ་ཕྲེང་གསུམ་པ་དེ་ངོས་འཛིན་བྱེད་མྱོང་ངམ་མ་མྱོང་། བོད་ནང་གི་བླ་མ་ཚང་མས་དངོས་ནས་གསུངས་མྱོང་མི་འདུག ད་ག་རེ་རེད། རྒྱ་བལ་དབྱིན་ཇི་བཞུགས་པའི་བླ་ཆེན་ཚོ་དྲ་ཐོག་ལ་ཕེབས་མི་ཐུབ་མོད། དཀོར་གཉེར་ཕྱག་མཛོད་ཚོས་འདི་དག་མཐོང་ངེས་པར་དུ་ལན་རེ་རྒྱ་བོད་དབྱིན་ཇི་དྲ་ཐོག་དག་ལ་འགོད་པར་ཞུ་ཞུ་ཞུ།
ཁོ་རང་ཚོ་འདི་ལྟར་བསྒྲིགས་འདུག འདིར་སྣུན་དང་ཡོད
http://www.youtube.com/watch?v=7BZ5Ma_NbMo&feature=related
འདི་བདེན་པ་ཡིན་ནམ་བརྫུན་གྱིས་བཟོས་པ་རེད། ཁོས་བཤད་པའི་སྐད་ཆ་དེ་ཚོ་བདེན་ནམ། བསྟན་པ་ར་ཤ་བརྗེ་བའི་ལས་ཀ་འདི་དག་བདེན་པ་རེད་དམ། སྔོན་རྒྱ་གར་ཆོས་ཀྱི་འབྱུང་གནས་ཞེས་དམ་ཆོས་དྲི་མ་མེད་དེ་དག་ཆ་ཚང་བ་དེ་ད་ལྟ་ང་ཚོ་བོད་བརྒྱུད་ནང་ཆོས་གྲུབ་མཐའ་ཁག་ལ་ཀུན་འདུས་ཀུན་འཛོམས་ཡོད་པ་དག་འཛིན་སྐྱོང་སྤེལ་གསུམ་ཡང་དེ་དག་གི་གཞུང་དུ་ཤིན་ཏུ་གསལ། དེ་མིན་བོད་བརྒྱུད་བརྫུན་གྱི་ཕུང་པོའི་ནང་གཡུག་ན་ཁ་རོག་ཏུ་བསྡད་ནས་མི་ངོ་དང་རྒྱུ་ངོ་བལྟས་ནས་བཙོང་ཕོད་དམ། འདི་ང་རང་ཁེར་ལབ་ཅིག་ཡིན་ཡང་། ཀུན་གྱིས་ཐུགས་བསམ་གཏོང་དགོངས་སྣང་ངོ།
དཔལ་དགྱེས་པས་གུས་ཕུལ། །