མིང་ཚིག་འདི་དག་བོད་སྐད་དུ་ཡོད་དམ། ང་ཚོའི་ཉིན་རེའི་འཚོ་བའི་ནང་རྒྱུན་བཀོད་ཆེ་བའི་ཟ་མ་དང་འབྲེལ་བའི་མིང་ཚིག་འདི་དག འདིར་བཀོད་དོན་ནི། མིང་ཚིག་འདི་དག་བོད་སྐད་དུ་ཡོད་ན་བསམ་པ་དེ་ཡིན། སྐད་གཉིས་སྨྲ་བའི་དཔྱོད་ལྡན་དྲ་གྲོགས་དག་གིས། མིང་ཚིག་འདི་དག་བོད་སྐད་དུ་བསྒྱུར་རོགས།
1) Nutrition Facts
2) recipe
3) energy bar
4) Calories
5) Saturated Fat
6) Trans Fat
7) Sodium
8) Cholesterol
9) Carbohydrate
10) Fiber
11) Vitamin
12) Protein
13) Calcium
14) Iron
ཤེས་རིག་ལས་ཁུངས་ཀྱི་ཨིན་བོད་ཤན་སྦྱར་ཞིག་པར་འགྲེམས་གནང་སྐད་ཐོས། ཉིད་ནས་དེ་ལག་སོན་མ་བྱུང་བ་ཡིན་ནམ། དེའི་ནང་ན་མེད་པ་ཡིན་ནམ། གལ་སྲིད་ཡོད་དབང་དུ་བཏང་ན་གཞུང་གིས་གང་གནང་བ་དེ་རྩ་འཛིན་བྱེད་དགོས་ཀྱི་རེད་བསམས་སོང།
ཀྱིས་ཞེས་བཅོས་རོགས།
༡ འཚོ་བཅུད་ཀྱི་དཔྱད་གཞི་འམ་གཞི་རྩ།
༢ ཞལ་ལག་བཟོ་སྟངས་ཀྱི་དེབ། སྨན་སྦྱོར་ལམ་སྟོན་གྱི་དེབ།
༣ ནུས་པའི་འགོག་རྐྱེན།
༤ ལུས་ཀྱི་དྲོད་ཚད་དམ་ཟས་ཀྱིས་ཚ་དྲོད་སྐྱེ་ཚད་སོགས།
༥ ཚིལ་གྱིས་ཁྱབ་པའམ་བཟུང་བ། དབང་བ།
༦ ཚི་ལུའི་འགྱུར་ལྡོག་གམ། ཚི་ལུར་རག་ལས་པ།
༧ བུལ་ཏོག་གི་རྫས།
༨ མཁྲིས་པའི་ཞག་ཚི།
༩ མངར་མོའི་སྙིང་པོ་འམ་བཅུད།
༡༠ Fiber འདི་ཨ་རིའི་དབྱིན་སྐད་Fibre དང་དོན་མཚུངས། དོན་ནི་སྤུ་རྐང་ལ་ཟེར།
༡༡ སྟོབས་བསྐྱེད་ཀྱི་བཅུད།
༡༢ སྤྲི་དཀར་ལ་ཟེར།
༡༣ རྡོ་ཞོ། དཀར་རྫས།
༡༤ ལྕགས། ལུས་པ་མཁོ་བའི་ལྕགས་རྫས། འདི་རྣམས་ནས་འགའ་ཞིག་ལ་ཁུངས་གཏུགས་ས་ཡོད་པ་ལས་དེ་མིན་ཕལ་མོ་ཆེ་སོ་སོའི་བསམ་ཚོད་ཡིན་པས་དོན་ལ་འབྱོར་མིན་བརྟག་དཔྱད་གནང་རོགས།
recipe-ཟས་ཐོ།
Saturated Fat-ཤ་རྒྱགས་ཚད་ལོན་པ།
Trans Fat-ཤ་རྒྱགས་ཚད་ཀྱི་འགྱུར་ལྡོག
Sodium-རྫས་དཀར།
Cholesterol-མཁྲིས་ཕྲུམ། (སྙི་བའི་ཤེལ་གཟུགས་ཀྱི་རྫས་དཀར་པོ་ཞིག་སྟེ། མིའི་མཁྲིས་ཁུ་དང་དབང་རྩའི་མ་ལག་དང་ཁྲག་གི་ནང་དུ་ཅུང་མང་ལ། དེའི་རྙིང་ཚབ་གསར་བརྗེ་མ་སྙོམས་ཚེ་འཕར་རྩ་རེངས་པ་དང་མཁྲིས་པའི་རྡེའུ་སྐྲན་སོགས་ཀྱི་ནད་བསྐྱེད་དོ།)
Carbohydrate-མངར། མངར་གྱི་ནུས་པ་བསྐྱེད་པའི་རྫས།
Fiber-ཚི་སྣ། ཚི་སྣ་ཅན་ལས་བཏགས་པའི་དངོས་པོ།
Vitamin-འཚོ་རྩི།
Protein-སྤྲི་དཀར་རྫས།
Calcium-ཀལ། (ལྕགས་རིགས་ཀྱི་འབྱུང་རྒྱུ་མདོག་དཀར་ཞིང་མཉེན་ལ་ཡང་བ་ཞིག་དང་ལུས་ཀྱི་རུས་པའམ་ཚིགས་རུས་ཀྱི་འབྱར་སྐྱི་སོགས་སྲ་བར་འགྱུར་བྱེད་ཀྱི་རྫས་ཤིག་གོ)
Iron-ལྕགས།
མིང་ཚིག་འདི་དག་བོད་ནང་གི་བོད་རྒྱ་དབྱིན་གསུམ་ཚིག་མཛོད་དང་། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་གཉིས་ནས་བཏུས་པ་ཡིན། མིང་ཚིག་ཁག་ཅིག་སྒྲ་རང་སོར་བཞག་འདུག་པ་དང་། ཁག་ཅིག་གི་འགྲེལ་བཤད་མ་རྙེད།
མིང་ཚིག་འདི་ཚོ་ངེད་ཚོས་རྒྱུན་ལྡན་འཚོ་བའི་ནང་ཕྱི་རྒྱལ་བ་ཚོ་ནོང་བཞིན་བེད་སྤྱོད་ལྷུག་པོ་གཏོང་བའི་གོམས་གཤིས་ཡོད་ལེ་མ་རེད་དེ་བོད་སྐད་ནང་དུ་ཚིག་དེ་དག་ཡོད་དང་ཡོད་ གོང་གི་མིང་ཚིག་དེ་དག་འཕྲོད་བརྟེན་དང་འབྲེལ་བའི་མིང་ཚིག་ཡིན་སྟབས་ཚིག་དོན་གཅིག་གྱུར་ཞིག་ཡོང་ལེའི་ཆེད་དུ་ཡག་ཤོས་རྡ་ས་འཕྲོད་བརྟེན་ལས་ཁུངས་ དང་སྨན་རྩིས་ཁང་ དེ་བཞིན་རང་རེ་བོད་ཀྱི་རང་ལུགས་དང་ཕྱི་ལུགས་སྨན་པ་ཚད་ལྡན་རྣམས་ལ་དྲིས་ན་དྲག་ལེ་རེད་བསམ་ མིང་ཚིག་ཚང་མ་ཤེས་དགོས་ལེ་དང་ཕན་ཐོག་པོ་གལ་ཆེན་པོ་དཔུས་མ་ཤ་རྟགས་བདའ་ ཁྱོད་དྲག་བཀའ་དྲིན་ཆེ་ཡ་།
1) Nutrition Facts = ཟས་བཅུད་ངོ་མ།
2) recipe = ཟས་ཐོ།
3) energy bar = ནུས་ཤུགས་འདོན་ཁུངས།
4) Calories = དྲོད་ཚད།
5) Saturated Fat = བཞུས་པའི་ཚིལ།
6) Trans Fat = ཚིལ་འགྱུར།
7) Sodium = བུལ་རྫས།
8) Cholesterol = མཁྲིས་ཞག
9) Carbohydrate = མངར་བཅུད།
10) Fiber = ཚི་སྣ།
11) Vitamin = བཅུད་སྙོམས།
12) Protein = ཟས་བཅུད་ཅན།
13) Calcium = ལྕགས་རིགས་ཞུ་རྡོ།
14) Iron = ལྕགས་སམ། ལྕགས་རྫས།
1.Vitamin = བཅུད་སྙོམས། ༼བཅུད་སྙོམས་སྨན་ཐུན་༽
2.Vitamin = ཟས་བཅུད། ༼ཟས་ནང་གི༽
གོང་གི་ཐོ་ནང་གལ་ཆེ་བ་གཅིག་ཆད་ཡོད་ལེ་འདྲ་།
༡༥ Calories =
༡༥ Calorie = དྲོད་ཚད། ༤པར་ཡོད། ཚིག་འགའ་ཞིག་རང་བཟོ་ཡིན་པས་དཔྱད་གཞིར་ཙམ་མོ།
འོ། གོམས་ན་སླ་བར་མི་འགྱུར་བའི། །
དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ཅིས་མ་བདེན། ད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རང་བཙན་ལྡེའུ་ཡང་བོད་སྐད་གང་འཚམ་ཡག་པོ་ཤོད་ཤེས་མཁན་ཞིག་ཆགས་འདུག
ད་དུང་བག་ཆགས་དབང་བཙན་པས་ཤ་ཟའི་སྐད་ཡོད་ལེ་མེད་ལེ་སོགས་ཉུང་ཤས་ཞིག་ལྷག་འདུག་པ་དེ་དག་ཀྱང་གང་མྱུར་གནས་ནས་དབྱུང་རྒྱུ་ཐུགས་འཇགས་ཞུའོ།།
བདེ་ཐང་འཛུབ་སྟོན་སྐོར་རེད་འདུག་མོ། སྨན་རྩིས་ཁང་གི་མཁས་བ་དེ་ཚོ་མཁྲིས་ནས་བསྐྱུར་ཏེ་འདི་ནས་ས་དོང་བརྐོ་དོན་ཅི་ཡིན། སྨན་རྩིས་ཁང་ལ་དྲིས་དེ་ནས་འཕྲོད་བསྟེན་ལས་ཁུངས་ལ་ཁ་པར་ཐོངས། དེ་ནས་མ་རག་ཚེ་རང་རང་གིས་མིང་བཏགས་གཅིག་གྱུར་མི་ཡོང་ཁོ་ཐག་ཡིན།
བདེ་ཐང་འཛུབ་སྟོན་སྐོར་རེད་འདུག་མོ། སྨན་རྩིས་ཁང་གི་མཁས་བ་དེ་ཚོ་མཁྲིས་ནས་བསྐྱུར་ཏེ་འདི་ནས་ས་དོང་བརྐོ་དོན་ཅི་ཡིན། སྨན་རྩིས་ཁང་ལ་དྲིས་དེ་ནས་འཕྲོད་བསྟེན་ལས་ཁུངས་ལ་ཁ་པར་ཐོངས། དེ་ནས་མ་རག་ཚེ་རང་རང་གིས་མིང་བཏགས་གཅིག་གྱུར་མི་ཡོང་ཁོ་ཐག་ཡིན། གསང་གྲོལ་གྱིས།