བོད ལྷ་ཀླུ་གཉན་གསུམ།
རྒྱབ་ནས་བལྟས་དུས་མྱི་གཟུགས་གསོན་པོ་ཞིག།
ཁོག་དུ་འཛུལ་དུས་གསོན་འདྲེ་ཡར་བླངས་ཞིག།
ཉིན་མོའི་དུས་སུ་ཞི་ཞིང་དུལ་བར་འགྲོ།
མཚན་མོའི་དུས་སུ་ཆགས་པའི་འཚུག་བཞིན་འཚོ།།
ལུས་ཀྱི་ཕྱི་ནང་ཁ་ཁར་སོང་བ་ཡིས།།
མི་ཡུ་ཡུལ་དུ་གཟུགས་རིས་སྐམ་པོ་ཞིག།
སྲུང་དེ་ཡིན་འདོག་བྱས་ནས་བགྲོད་པ་འདི།།
བསམ་ཞིང་བསམ་དུས་སྙིང་བོ་མཐོང་མ་སོང་།།
ཁ་ནས་གླེང་བ་སྤྱི་དོན་རིགས་ཞེན་ཡིན།།
ལག་ལེན་བསྟར་བ་རང་དོན་རུལ་བ་ཡིན།།
རང་གཞན་གང་ཡང་མེད་པའི་འགྲུལ་ལམ་འདི།།
ཞིབ་དུ་བརྟག་དུས་ཐལ་སྐྱ་རླུང་ཁུར་འདྲ།།
ཕར་ལ་བཤད་ན་ཁ་འདི་ཀུན་ཤེས་ཡིན།།
ཚུར་ལ་དཔྱད་དུས་གྱང་ཁའི་རྩྭ་རྐང་ཞིག།
ལུས་པོ་གཅིག་ལ་བྱེད་ལས་སྣ་ཚོགས་ཤིག།
དམིགས་ས་གང་ཡང་མེད་པའི་ཚུལ་འདི་སྡུག།
རུས་ཞེན་ཟབ་མོ་ཞིག་གི་བསྡམས་ཡོད་ཟེར།།
ཆོད་སེམས་གང་ཡང་མེད་པའི་བྱས་ཉེས་ལ།།
རེ་བཞག་འཁོར་ས་སྟོང་བ་འཇའ་མཚོན་བཞིན།།
མཛེས་ཀྱང་ལེན་ཐབས་བྲལ་བའི་ལས་འདི་སྐྱོ།།
སྲིད་པའི་འཁོར་བའི་གྲོང་དུ་ཉུལ་ཉུལ་བས།།
གཡོ་སྒྱུ་ཁྲམ་གསུམ་བྱེད་ལ་བྱང་ཆུབ་ཡང་།།
རང་དོན་གཞན་དོན་མི་འཁྱོངས་ཁ་ཁོག་གཉིས།།
གང་དུ་སླེབས་ཀྱང་གཏན་ཚིག་བྱེད་ཡུལ་མེད།།
གཞན་ལ་འགྲམ་ཆུ་ཤོར་བའི་མུད་པ་དང་།།
རང་ལ་ཆུ་མ་འདེབས་པའི་བྱེད་སྟངས་ཤིག།
སྤྱི་ཚོགས་འདི་ཡི་ཁྲོད་དུ་དར་ཆེ་བས།།
ང་དང་ང་འདྲའི་རིགས་འདི་གད་སྙིགས་ཤིག།
His Holiness the Dalai Lama offered his condolences to the people of Poland for the loss of President Kaczynski, and all the others who died in a tragic air crash in a letter to the Polish Prime Minister Donald Tusk sent on 10th April, 2010.
His Holiness “recalled having been privileged to meet the President when he visited Poland and expressed his admiration for the late President’s dedication to the cause of freedom, democracy and human rights”.
President Lech Kaczynski, 60, and other senior figures including Poland’s army chief, central bank governor, MPs and military heads were among the 97 people on board the plane that crashed in thick fog in Smolensk, Russia. The mishap occurred when the president and his entourage were travelling to Russia to take part in the official commemoration ceremony of the 70th anniversary of the Katyn massacre.
བོད་མིས་བོད་སྐད་བཤད་པ་དང་བོད་ཡིག་འབྲི་དགོས་པ་དེར་ཁྲིམས་ཤིག་འཇོག་མི་དགོས་པར་ཤོག ཉིད་རང་ཕེབས་པ་དགའ་ཡང་། དབྱིན་ཡིག་བྲིས་པ་དེར་དགའ་བསུ་བྱེད་ཐུབ་མ་སོང་ལགས།