མིའི་མགོ་ལ་རྭ་སྐྱེས་པ། Posted on 2011-02-21 By ཡེ་ཤེས་ 26 Comments on མིའི་མགོ་ལ་རྭ་སྐྱེས་པ། པར་འདིའི་འགྲེལ་བཤད་ལྟར་ན་རྒན་མོ་འདི་ནི་རྒྱ་ནག་གི་རེད་འདུག གསར་འགྱུར། Tags:ཨཨཨ
མི་མགོ་ལ་ར་ཡོད་པ་གོ་ན་ཡ་མཚར་ཆེ། དངོས་སུ་ཨ་མ་རྒན་མོ་འདིའི་མགོའི་ར་མཐོང་དུས་དེ་འདྲའི་ཞེ་སྣང་ཞིག་མི་འདུག དུས་རབས་མུན་པ་རིམ་བཞིན་སེལ་དུས་མི་རྣམས་ཀྱི་རྣམ་རྟོག་དང་ལྐོག་གྱུར་བ་མང་པོ་ཞིག་ཚན་རིག་གི་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ཏེ། རྒན་མོ་འདིའི་མགོ་ལ་ར་ཡོད་ཡ་མཚན་རྒྱུ་དེ་ཙམ་མི་འདུག སྤྱའི་རྒྱ་ནག་ནང་ལ་ང་ཚོའི་མ་མཐོང་བའི་མི་མིན་འདྲེ་མིན་གྱི་མི་ཡ་མཚན་ཅན་དེ་འདྲ་མང་པོ་འདུག སྔོན་བསགས་ཀྱིས་མཐུ་སྟོབས་ཞེན་པའི་ཡིན་ས་རེད། མི་མགོ་ལ་ར་ཟེར་དུས་འཛམ་གླིང་ནང་གི་གཅིག་རེད། མི་ཟེར་བའི་ཐ་སྙད་ལས་བརྒལ་དུས་ཡན་ལག་ཐད་པ་མི་མགོ་ར་ཞེས་འདོགས་དགོས་སོང་བ་རེད། མི་མཁྲེགས་པོ་མགོ་ར་སྐྱེས་བ་ཡིན་རྒྱུ་མ་རེད།མཆན་འདེབས་ཚོའི་མི་འགོ་ར་འདི་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བ་རེད་དམ། ཚན་རིག་གི་འདིའི་སྐོར་འགྲེལ་བཤད་ཇི་ལྟར་བརྒྱག་གིན་འདུག འདིའི་ཐད་ལ་ཤེས་མཁན་ཚོའི་རང་ཉིད་ཀྱི་བསམ་ཚུལ་ཞིག་བརྗོད་རྒྱུ་རེ་བ་ཆེ།
མི་མགོ་ལ་ར་ཡོད་པ་སྔོན་མ་བདུད་ཨ་ཁྱུང་ཞེས་པ་གོ་མྱོང་ད་ལྟ་རྒན་མོ་འདིའི་དཔར་སྔོན་སུ་མཐོང་སོང་འདི་ཡག་པོ་ཨེ་ཡིན་ན།
མིའི་སྒོ་ལ་རྭ་སྐྱེས་པ་འདི་ལས་འབྲས་ཀྱི་སྐད་ཆ་ཞིག་གཞི་ལ་བཞག་ནས་གླེང་ན་དེ་ཙམ་གྱི་ཡ་མཚན་པོ་མ་རེད། སྟོན་པའི་སྐྱེས་རབས་དང་། གཞན་ཡང་མདོ་ལས་བྱུང་བའི་གཏམ་རྒྱུད་དེ་དག་ལ་གཟིགས་དང་། ངོ་མཚར་རྨད་དུ་བྱུང་བའི་གནས་ཚུལ་མང་པོ་ཞིག་ཡོད་པ་རེད། འདི་ལ་ཚན་རིག་གི་འགྲེལ་བཤད་རྒྱག་ཁག་པོ་རེད་དྲན་གི མ་གཞི་ང་ཚོའི་གསུང་རབ་ཀྱི་ཁྲོད་ན། གང་ལ་སྟོང་པ་ཉིད་ཡོད་པ། །དེ་ལ་ཐམས་ཅད་རུང་བ་ཡིན། །གསུངས་པའི་གནད་དོན་ལ་གཞིགས་ན། རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཚང་ཚེ་ཅི་ཡང་རུང་ཆོག་ལ་ཅི་ཡང་ཡོང་ཆོག་པའི་གནས་ལུགས་རྒྱ་ཆེན་པོ་ཞིག་དྲངས་ཡོད་ལ། གཞི་རྩ་འདི་འདྲ་ཞིག་ལ་ཐུག་ཡོང་དུས། ཨོ་རྒྱན་ཆེན་པོས། བདག་ལྟ་བ་ནམ་མཁའ་ལས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས་ཡོད་པ་རེད། དེར་བརྟེན་ང་ཚོས་ལས་རྒྱུ་འབྲས་ལ་རྩི་འཇོག་བྱ་དགོས་རྒྱུ་གལ་ཆེ་བར་སེམས། དེ་མིན་རང་རེའི་ནང་དོན་རིག་པའི་གཞུང་ལུགས་རྣམས་སུ་བསྟན་པའི་སྟོང་ཉིད་ཀྱི་ལྟ་བ་ལ་ཁ་གཡར་ནས་རྒྱུ་འབྲས་ཁྱད་དུ་གསོད་མཁན་ཇེ་མང་ནས་ཇེ་མང་སོང་ལུགས་ཤིག་གོ་རྒྱུ་འདུག་པས། དེ་རྣམས་ཀྱང་ནམ་ཞིག་འདི་ལས་ཡ་མཚན་ཆེ་བའི་ལུས་རྟེན་རེ་བླང་རྒྱུ་ལས་མ་འདས། ད་དུང་ཞོར་འཕྲོས་ཀྱི་གཏམ་ཞིག་གླེང་འདོད་བྱུང་། ང་ཚོའི་ལོ་རྒྱུས་ཕལ་ཆེ་བའི་ཁྲོད་དུ་བོད་རྗེ་བཞི་བཅུ་ཞེ་གཉིས་པ་ཁྲི་དར་འུ་དུམ་བཙན་པོའི་མཚན་ལ་གླང་དར་མ་ཞེས་འཁོད་ཡོད་ཅིང་། ངས་རྒྱུ་མཚན་ཞིབ་ཕྲའི་དྲི་ཚིག་རེ་འགོད་སྐབས། ཆུང་བྱིས་དུས་ན་གྲོང་གསེབ་གྱི་རྒན་རབས་དང་སློབ་གྲྭའི་དགེ་རྒན་དག་གི་ངག་རྒྱུན་ལས་གླང་དར་ཞེས་པ་དེ་མགོ་ལ་རྭ་ཅོ་ཡོད་པའི་རྒྱལ་པོ་ཞིག་ཡིན་རབས་ཀྱི་སྐད་ཆ་དེ་དག་ཐོས་ཐེངས་རེར་ང་ལ་ཡ་མཚན་གྱི་སྣང་བ་ཞིག་ཀྱང་སྐྱེས་མྱོང་ལ། ད་དུང་དེའི་རྒྱབ་ཏུ་ཁོང་བདུད་སྤྲུལ་རེད་ཅེས་པའི་གཏམ་རྒྱུད་རྣམས་ཀྱང་དྲངས་ཡོང་བས་འཇིགས་སྐྲག་གི་སྣང་བ་ཡང་ལན་མང་སྐྱེས་མྱོང་སྟབས། ཉིན་མོའི་བག་ཆགས་དེས་མཚན་དཀྱིལ་གྱི་རྨི་ལམ་ཡང་ཐེངས་མང་དཀྲུགས་མྱོང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། བོད་ཀྱི་ཆེས་རྙིང་པའི་ཡིག་ཆ་ཁག་ཏུ་ཁོང་གི་མཚན་ལ་ཁྲི་དར་མ་དང་འུ་དུམ་བཙན་པོ་ཞེས་པ་ལས་གླང་དར་ཞེས་པའི་ཐ་སྙད་ཅིག་ནམ་ཡང་མངོན་རྒྱུ་མེད་པའི་རྒྱུ་མཚན་རྣམས་གཟུར་གནས་ལོ་རྒྱུས་མཁན་རྣམས་ཀྱིས་རེ་རེ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་སྤུངས་པ་མཐོང་སྐབས། ང་ཚོའི་ལོ་རྒྱུས་ཕལ་ཆེ་བའི་ཁྲོད་ན་ཅི་མི་སྙམ་པར་ཆོས་སྲིད་ཟུང་འབྲེལ་གྱིས་བཀའ་དྲིན་འོག་མི་སེར་བདེ་སྐྱིད་ཀྱི་བསྐྱངས་པའི་མཛད་རྗེས་དག་བཙན་གྱིས་གསུབ་ཐབས་བྱེད་ཅིང་། མེས་པོའི་མཚན་ལའང་མིང་འདོགས་ཀྱིས་ནག་ཐིག་འདེབས་ལུགས་ཀྱི་བྱེད་སྟངས་ཁྱད་མཚར་བ་འདི་ཚོ་མངོན་ཡོང་དུས་ངའི་སེམས་གཏིང་ན་སྔར་ལས་ཡ་མཚན་ཆེ་བའི་སྣང་བ་ཞིག་སྐྱེས་མྱོང་ལ། འཁྱོག་བཤད་ཀྱི་གཏམ་རྒྱུད་བསྲེས་པའི་དེབ་ཐེར་རྣམས་མིག་ལམ་ན་མཐོང་དུས། ནམ་ཞིག་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་འབངས་མི་ཚོའི་ཐོད་པ་ལའང་གོང་དང་གཅིག་མཚུངས་ཀྱི་རྭ་ཅོ་རེ་རེ་སྐྱེ་ངེས་པའི་ལུང་བསྟན་ཞིག་ཤུགས་ཀྱིས་གསལ་འདུག་སྙམ་པའི་འཇིགས་སྣང་ཞིག་ངང་གིས་སྐྱེ་འོང་། དེར་བརྟེན་དེང་སང་ངའི་མཚན་དཀྱིལ་གྱི་རྨི་ལམ་ཡོད་ཚད་ཉིན་མོའི་བག་ཆགས་ཀྱིས་དཀྲུགས་ཏེ་མཐོ་སྒང་གངས་རིའི་ལྗོངས་སུ་མི་མགོ་རྭ་ཅོ་ཅན་གྱི་རིགས་རྒྱུད་ཇེ་མང་ནས་ཇེ་མང་འཕེལ་འགྲོ་བ་ཞིག་རྨིས་ཡོང་གིན་འདུག
ཨ་བུ་ལགས། གྲྭ་རྒན་འདི་ཚོའི་བཀའ་དྲིན་ལས་བོད་མི་རིགས་ཀྱི་བླ་སྲོག་རྩ་དགུང་དུ་བཏེགས་པ་མིག་ཡོད་ན་རིག་རྒྱུ་འདུག་གོ།
ཨ་བུ་ལགས། གྲྭ་རྒན་འདི་ཚོའི་བཀའ་དྲིན་ལས་བོད་མི་རིགས་ཀྱི་བླ་སྲོག་དགུང་དུ་བཏེགས་པ་མིག་ཡོད་ན་རིག་རྒྱུ་འདུག་གོ།
འདི་ལོ་འགའི་སྔོན་གྱི་གནས་ཚུལ་རེད། འདིས་ནུས་པ་ཐོན་རྒྱུ་ཡོད་པ་ཞིག་ཡིན་ན་ཐོན་ཚར་ཡོད་རེད། ཡང་བཀོད་བསྐྱར་བཀོད་བྱེད་དགོས་པ་མ་རེད།
རེད་རེད། སྤྱིར་བཏང་དོན་དག་ཆེ་མ་ཆུང་གསུམ་ཚང་མ་མིའི་བཟོས་བ་ལས་ངེས་བ་དོན་གྱི་ཡ་མཚན་ཅན་གྱི་འདི་དག་ཐམས་ཅད་རིག་པའི་རྟོགས་བཏགས་ཡིན་པ་འདྲ། གལ་ཏེ་མི་ཞིག་གི་གློ་བུར་དུ་མགོ་ར་ཅན་ཞིག་མཐོང་ཚེ་སེམས་ནང་ལ་དངངས་སྐྲག་ཞིག་སླེབས་ཡོང་རྒྱུ་དེ་མི་དེ་ནི་སྨྲོས་མ་དགོས་པ་ཞིག་རེད། མགོ་ལ་ར་ཅན་འཇིག་རྟེན་ན་ཧ་ཅང་དཀོན་པས་ཡིན་རྒྱུ་རེད་ལ། མགོ་ལ་ར་སྐྱེས་བ་དང་ཁོག་སྨད་སྦྲུལ་ཡིན་པ་མིའི་གཟུགས་པོ་ཕྱེད་ཀ་མི་ཡིན་པ་ཕྱེད་སེམས་ཅན་ཡིན་པ་དེང་སེང་འཛམ་གླིང་ཡུལ་ལུང་གང་སར་མཐོང་རྒྱུ་འདུག ་པའི་དེ་དག་ཚང་མ་ལས་འབྲེལ་ཡིན་རྒྱུ་རེད། ཚན་རིག་དང་སྨན་གཞུང་དུག་ཇི་ལྟར་འབྲེལ་བཤད་བརྒྱག་གི་ཡོད་པ་མི་ཤེས། ལས་དགེ་སྡུག་ཡིན་ན་རྒྱ་ནག་གིས་བོད་མི་མང་པོ་ཞིག་རྐྱེན་ལམ་དུ་བཏང་སོང་བའི་དེ་ལ་ཡང་ལས་རྒྱུ་འབྲས་ཤིག་ཡོད་ན་ད་རྒྱ་ནག་མགོ་ཁྲིད་དེ་དག་མགོ་ལ་ཡང་རྭ་ཅོ་གཡག་ར་འདྲ་འགའ་སྐྱེས་ཡོད་ཚོད་ཡིན། ཨོ་ལེ་ད་གང་ལྟར་མིའི་མགོའི་ར་ལ་ད་དུང་ཞིབ་འཇུག་དང་སློབ་སྦྱོང་དག་དག་ཡོད་ས་རེད། བྱ་དངོས་ཚང་མ་འགྱུར་བའི་རང་བཞིན་ཡིན་པའི་འགྲོ་བ་མི་བྱུང་སྟངས་ལའང་ཉ་སྤྲུལ་སོགས་ཀྱི་གཏམ་རྒྱུད་མང་པོ་བཤད་སྲོལ་ཡོད་པ་བཞིན་འདིའི་སྐོར་ལ་ཡང་འགྲེལ་བཤད་གཞན་ཞིག་ཡོད་རྒྱུ་རེད།
ནང་ཆོས་ལས། ལས་ཚུལ་བསམ་གྱིས་མི་ཁྱབ་པ། ། དེ་བཞིན་གཤེགས་པ་ཁོ་ནས་མཁྱེན། ། གསུངས་པ་ལྟར། ནང་པ་ཚད་ལྡན་གཅིག་ལ་ཡ་མཚན་དངོས་བྱུང་གང་ཡང་མ་ཡིན་པར་འདོད།
ངའི་ངོ་དེབ་སྟེང་ན་འདི་འདྲ་མང་། གཟིགས་འདོད་ན། http://www.facebook.com/album.php?id=100001786708543&aid=25134
ཨ་བུ་ལགས་ལ་ཞུ་རྒྱུ། བོད་མི་རིགས་ཀྱི་བླ་སྲོག་འཛམ་གླིང་ན་ཆེས་རིན་ཐང་ཅན་གྱི་རིགས་གཞུང་ཞིག་ཡོད་པ་འདི་ཉིད་སྔར་ཡང་གྲྭ་རྒན་དང་བླ་རྒན་དེ་ཚོས་འཛིན་སྐྱོང་བྱས་ལ་ ད་ལྟའང་རེད་ མ་འོང་པ་ལའང་དེ་རྣམས་ཀྱིས་འཛིན་སྐྱོང་བྱེད་རྒྱུ་རེད་ཡ། བོད་གཞིས་བྱེས་གཉིས་སུ་ཁྱེད་ཀྱིས་གཅིག་གཟིགས་དང་ཧ་ལམ་ཧ་གོ་མི་ཡོང་ངམ།
བསམ་བློ་ཡག་པོ་ཞིག་བཏང་ན་ངོ་མཚར་ཆེ་ཞིག་མཐོངགི་མི་འདུག །མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། དེ་ཡིསའགྲོ་འདི་སྣ་ཚོགས་བྱས།གསུང་པ་དང་དེ་བཞིན་མངོན་པ་མཛོད་ལས།འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས།གསུང་པ་ལྟར་རྒན་མོ་མོ་རང་མགོ་ལ་ར་སྐྱེས་ཡག་ལས་ཞིག་བསགས་ཡོད་ཚོད་རེད་དེ་དོན་མགོ་འཁོར་དགོས་ཡག་མི་འདུག །སངས་རྒྱས་ཆོས་ལུགས་ལྟར་ན་དེ་འདྲ་ཡིན་པ་འདྲ།དེང་དུས་དམུ་རྒོད་ལྟ་གྲུབ་ངེས་ཧ་མི་གོ །
རྒན་མོའི་མགོ་ལ་དངོས་ནས་རྭ་སྐྱེས་ཡོད་མེད་ཞིབ་དཔྱད་བྱེད་དགོས། དེང་སང་འཕྲུལ་རིགས་ཀྱི་ལམ་ནས་མི་ལ་རྭ་ཅོ་དང་རྔ་མ་སོགས་བཟོས་བཞག་པ་མང་པོ་མཐོང་རྒྱུ་འདུག ཕར་ལྟས་ན་གཅིག་པ་གཅིག་ཀྱང་འདྲ་བོ་མཐོང་གི་འདུག་པས་ང་ཚོས་ཞིབ་དཔྱད་གནང་ན་འདོད་། དཔེར་ན་ཁྱེད་ཚོ་ཚང་མས་གཟིགས་ཡོད་རྒྱུ་རེད། ཨ་རི་ནས་བཟོས་པའི་གློག་བརྙན་ཞིག་ལ་ཨ་ཝ་ཊར་ཟེར། དེའི་ནང་གི་མི་དེ་ཚོ་ལ་ཁ་དོག་སྔོན་པོ་ལ་འཇུག་མ་ཡོད་པ་མང་པོ་མཐོང་རྒྱུ་འདུག འོ་་ད་་་་་་་དེ་ལྟ་བུ་རེད་་་་་་་་་་་་་་་་་།་་་་
གླེང་གཞི་འདི་ནི་བྱ་རོག་སོ་རོགས་སོ་རྟོག་གི་ལོ་རྒྱུས་མ་ཡིན་ནམ།ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ་གསུངས་བ་མ་ཐོས་སམ དེ་ལས་ད་ལྟའི་ང་ཚོའི་བཀའ་བློན་དེ་ཚོའི་མགོ་ལ་ར་ཞིག་ཡོད་ན་ཅི་མ་རུང་། བོད་རྒྱལ་ལོ།།
གཅིག་ན་མོ་དེ་སྐྱེ་བ་སྐྱོན་མར་བསེ་ཡིན་པ་འདྲ་། དེ་ཡིས་མི་ལུས་བླངས་པ་ན་ཡང་། ལས་ལྷག་མ་ལུས་པས་སེམས་ཅན་བསེ་བཞིན་དུ་རུ་གཅིག་སྐྱེས་འདུག འདི་ཆུང་བ་ཞིག་ལས་མི་འདུག དངོས་གནས། འདི་ལས་ཆེ་བ་གཡག་ལྟ་བུའི་རུ་ཆེན་པོ་གཉིས་ཡོད་པ་ཡིན་ན། མོ་དང་མོའི་ཁྱིམ་ཚང་གིས་དངུལ་མང་པོ་བཟོ་ཐུབ། རྭ་ཅོ་ཆུང་ངུ་དེ་ལས་ཆེ་བ་མེད་པ་ཅུང་སྐལ་བ་དམན་འདུག
གཞན་གྱི་མགོ་ཡི་རྭ་ཅོ་དེ་ལས་དབང་ཞིག་གི་གྲུབ་པ་རེད། ཡི་གེ་འབྲི་གློག་ཁ་སྐད་འདྲེས་མ་འདི་ཡི་གེ་མགོ་ལ་ར་དང་འདྲ་འ་ཧཧཧཧ
གཞན་གྱི་མགོ་ཡི་རྭ་ཅོ་དེ་ལས་དབང་ཞིག་གི་གྲུབ་པ་རེད། ཡི་གེ་འབྲི་གློག་ཁ་སྐད་འདྲེས་མ་འདི་ཡི་གེ་མགོ་ལ་ར་དང་འདྲ་འ་ཧཧཧཧ
རུ་ཞེས་པ་ཁ་སྐད་ཡིན་ནམ། རྭ་ཞེས་པ་ཁ་སྐད་ཡིན། རུ་དང་རྭ་གཉིས་གང་སྔོན་ལ་བྱུང་། ཨུ་ཡིག་ཝ་ལ་གྱུར་པ་བོད་ཚིག་གཞན་དག་ཀྱང་ཡོད་པ་ལ་སྣང་རྟགས་བྱུང་ངམ།
རུ་དང་རྭ་གཉིས་གང་སྔ་བྱུང་མིན་གང་ཤེས། རུ་ཞེས་པ་ནི་ཡིག་སྐད་དང་རྭ་ཞེས་པ་ཁ་སྐད་རེད། ཨུ་ཡིག་ཝ་ལ་འགྱུར་བའི་རྒྱུ་མཚན་ཡོད་དམ། རུ་ཞེས་པ་ནི་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཐོབ་པ་ཅན་བཅོ་བརྒྱད་ལས་སོགས་ཡོད་པ་ལྟ་བུ་རེད། དེ་ཚོར་བྱ་རུ་ཅན་ཞེས་པ་ལས་རྭ་ཅོ་ཅན་ནམ་ཡང་མི་བརྗོད།
རུ་ཚིག་འདི། སྔོན་ལ་བྱུང་བར་ངེས་ཏེ། ཡི་གེ་མི་ཤེས་མཁན་དེ་དེ་ཚོའི་ཁ་ནང་ནས། ཐོན་པ་མང་བ་ཅིག་དྲན། དཔེར་ན། རྩམ་པ་ལ། ཕེ་སྔོན་དང་ཕྱིས་སུ། སུམ་རྟགས་དག་གསུམ་ཆགས་ནས་ཕྱེ་རུ་གྱུར་པ་འདྲ།
མི་ཡི་མགོ་ལ་རྭ་སྐྱེས་པ་མཐོང་དུས་རི་བོང་གི་མགོ་ལ་ཡང་རྭ་སྐྱེས་མི་ཆོག་པའི་སྒྲུབ་བྱེད་རྙེད་ཐབས་མི་འདུག རི་བོང་རྭ་ཆོས་ཅན་ཞེས་་་་་མེད་པའི་སྒྲུབ་བྱེད་དུ་ངས་ལོ་བཞི་ཙམ་རྩོད་པ་ཚང་མ་རིག་འགལ་ཆགས་ཚར་འདུག རྒྱལ་པོ་གླང་དར་གྱི་མགོ་ལ་རྭ་ཅོ་འདུག་ཅེས་བཤད་སྲོལ་ཞིག་ཡོད་པ་དེ་ཡང་བདེན་སྣང་གི་མཐུན་འགྱུར་དུ་གྲུབ་འདུག
སྐད་ཀྱི་འགྲོ་སྟངས་ལ་བལྟ་ན། བསེ་བའི་རྭ་ལ། བསེ་རུ། སྔོན་བདག་གིས་བསེ་རུ་ཞེས་པ་སེམས་ཅན་ནགས་སུ་སྡོད་པའི་རིགས་ཤིག་ཟེར་བ་ཐོས། མཇུག་ལ་དཔྱད་པ་ན། བསེ་བའི་དཔྲལ་བའི་སྒང་ལ་རུའམ་རྭ་གཅིག་གཅིག་ཡོད་པ་དཔེར་བླངས་ཏེ། རང་སངས་རྒྱས་ལ་བསེ་རུ་ལྟ་བུ་ཞེས་བྱ། རུའམ་རྭ་དེ་ལ་ལེགས་སྦྱར་སྐད་དུ། རལ་གྲི་ཟེར་བར་མངོན། སྔོན་གྱི་སྒྲ་སྒྱུར་པ་ཆེན་པོ་ཡེ་ཤེས་སྡེས་རྟ་རུ་བཞིན་ཞེས་བསྒྱར། ཕྱིས་ཀྱི་མཚན་ཉིད་པ་རྣམས་ཀྱིས་མེད་པའི་དཔེར། རི་བོང་རྭ། ཞེས་བཀོད། ཨུ་ཡིག་ཝ་དང་དེ་ཉིད་ཨོ་ཡིག་ལ་འགྱུར་ཚུལ་བདག་གིས་མཐོང་། བདེན་མིན་མི་ཤེས་རིམ་པས་ཞུ་ཆོག་གོ །
རང་རྒྱལ་གྱི་དབྱེ་བར་བསེ་རུ་ལྟ་བུར་གཅིག་པུར་གནས་པའི་རྒྱལ་དང་ནེ་ཙོ་ལྟ་བུར་ལྷན་ཅིག་ཏུ་གནས་པའི་རང་རྒྱལ་གཉིས་སུ་དབྱེ་བ་ཡོད། བསེ་རུ་ལྟ་བུའི་རང་རྒྱལ་ཞེས་པ་སེམས་ཅན་བསེ་རུའི་དཔྲལ་བར་རྭ་ཅོ་གཅིག་ཡོད་པའི་རྒྱུ་མཚན་དཔེ་བཞག་པ་ཡིན་པར་དེ་རིང་མ་གཏོགས་གོ་མྱོང། འདབ་ཆགས་བྱ་རིགས་ནེ་ཙོ་ནི་རྟག་ཏུ་རིག་གསལ་བཞིན་ཁྱུ་དང་ཁྱུ་བྱས་ཏེ་འཚོགས་ཀྱི་ཡོད་པ་དང། སེམས་ཅན་བསེ་རུ་ནི་ཁྱུ་དང་ཁྱུ་བྱས་ཏེ་མི་འདུག་པར་ཕལ་ཆེར་གཅིག་པུར་གནས་པས་ན་དེ་ལྟར་བརྗོད་པ་གཞུང་དང་དགེ་རྒན་གྱི་ངག་ལམ་མཐུན་པར་བྱུང་ཡོད།
ལ་སྟོད་བུ་ལགས། བསྟན་བཅོས་མངོན་རྟགས་རྒྱན་ན་ཡོད་པའི་བསེ་རུ་དང་། སློབ་སྤྲིངས་ན་ཡོད་པའི་བསེ་ཞེས་པ་གཉིས་ཀར་ལེགས་སྦྱར་སྐད་དོད། ཁདག khadgaཞེས་པ་མཐོང་། དེ་ཡང་བསེ་བའི་རྭ་ཅོ་དེ་རལ་གྲི་དང་འདྲ་བས་ཁདག་སྟེ་རལ་གྲི་ཞེས་བརྗོད། དེ་ཉིད་ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པས་བསེ་རུ་ཞེས་པ་སེམས་ཅན་བསེ་བ༐དཔྲལ་བ་ན་རུ་ཡོད་པ་ལ་འཇུག་པ་ཁྱེད་བདེན་པར་འདུག། རྟ་རུ་བཞིན་ཞེས་པ་རྟ་ལ་མི་འཇུག་པར་རུའམ་རྭ་རྐྱང་རྐྱང་ལ་འཇུག་དགོས་སོ་སྙམ། ཁྱེད་ཀྱིས་གསན་པའི་གཞུང་དང་དགེ་རྒན་གྱི་ངག་ལམ་བདེན་པར་སྣང་། དགོངས་དག་ཞུ། ཀ་རྡོ་རབས་འབྱམས་པ་ལགས། རྩམ་པ་ལ། ཕེ་སྔོན་དང་ཕྱིས་སུ། སུམ་རྟགས་དག་གསུམ་ཆགས་ནས་ཕྱེ་རུ་གྱུར་པ་འདྲ། ཞེས་གསུངས་པར་ཕྱེ་ཞེས་པ་ནི་སྔར་ན་ཡོད་ཡོད་པ་ཡིན། དེ་ཉིད་གནའ་བོའི་འབོད་ཚུལ་ལྟར་ཡ་ཡིག་ཀྱང་འདོན་དགོས་པ་ལ། དེ་ལྟར་མ་འབོད་པར་ཕེ་ཞེས་པ་ལ་དྭགས་སོགས་ཀྱི་ཁ་སྐད་དུ། ཉིད་ཀྱིས་གསན་བཞིན་པ་དེ་ཟུར་ཆག་ཡིན། ཟུར་མ་ཆག་པར་འདོན་ན། ཕྱེ་ phye རང་ཡིན། དེ་བཞིན་དུ་ལ་དྭགས་གཤམས་ཡུལ་དང་། འབྲས་ལྗོངས་སོགས་སུ་ཡང་ཕྱག་ཞེས་པ། གནའ་བོའི་འབོད་སྟངས་བཞིན་phyag ཡིན་འདུག ། ད་ལྟའི་འབོད་ཚུལ་ལྟར་ན། ཀླུ། གླུ། བླུ། སླུ་ཞེས་པར་ཚང་མར་ལུ་ཞེས་འབོད་ན་སྐྱོན་མི་འདུག་གམ། དེ་བཞིན་དུ། གྲི དྲི། བྲི་ གཅིག་པར་འདོན་ན། སྔར་བོད་གཙང་པ་ཞིག་གིས་ལ་དྭགས་པ་ངོ་ཤེས་པ་ཞིག་ལ་དྲི་དང་གྲིའི་དག་ཆ་ནོར་ནས། གྲི་བཟང་རེ་བསྐུར་གྲོགས་ཞེས་པ་ན། ལ་དྭགས་པ་དེ་ཡིས། གྲི་ལེགས་པ་ཁ་ཤས་བཟོ་རུ་བཅུག་སྟེ་བསྐུར་ཏོ་ཞེས་ལོ་ངོ་དྲུག་ཅུ་ཙམ་སྔོན་དུ་བོད་པ་བླ་རྒན་དག་གིས་གསུངས་པ་ཐོས་སོ། །
མི་མགོ་ལ་ར་ཡོད་པ་གོ་ན་ཡ་མཚར་ཆེ། དངོས་སུ་ཨ་མ་རྒན་མོ་འདིའི་མགོའི་ར་མཐོང་དུས་དེ་འདྲའི་ཞེ་སྣང་ཞིག་མི་འདུག དུས་རབས་མུན་པ་རིམ་བཞིན་སེལ་དུས་མི་རྣམས་ཀྱི་རྣམ་རྟོག་དང་ལྐོག་གྱུར་བ་མང་པོ་ཞིག་ཚན་རིག་གི་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ཏེ། རྒན་མོ་འདིའི་མགོ་ལ་ར་ཡོད་ཡ་མཚན་རྒྱུ་དེ་ཙམ་མི་འདུག
སྤྱའི་རྒྱ་ནག་ནང་ལ་ང་ཚོའི་མ་མཐོང་བའི་མི་མིན་འདྲེ་མིན་གྱི་མི་ཡ་མཚན་ཅན་དེ་འདྲ་མང་པོ་འདུག
སྔོན་བསགས་ཀྱིས་མཐུ་སྟོབས་ཞེན་པའི་ཡིན་ས་རེད། མི་མགོ་ལ་ར་ཟེར་དུས་འཛམ་གླིང་ནང་གི་གཅིག་རེད།
མི་ཟེར་བའི་ཐ་སྙད་ལས་བརྒལ་དུས་ཡན་ལག་ཐད་པ་མི་མགོ་ར་ཞེས་འདོགས་དགོས་སོང་བ་རེད། མི་མཁྲེགས་པོ་མགོ་ར་སྐྱེས་བ་ཡིན་རྒྱུ་མ་རེད།མཆན་འདེབས་ཚོའི་མི་འགོ་ར་འདི་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བ་རེད་དམ། ཚན་རིག་གི་འདིའི་སྐོར་འགྲེལ་བཤད་ཇི་ལྟར་བརྒྱག་གིན་འདུག
འདིའི་ཐད་ལ་ཤེས་མཁན་ཚོའི་རང་ཉིད་ཀྱི་བསམ་ཚུལ་ཞིག་བརྗོད་རྒྱུ་རེ་བ་ཆེ།
མི་མགོ་ལ་ར་ཡོད་པ་སྔོན་མ་བདུད་ཨ་ཁྱུང་ཞེས་པ་གོ་མྱོང་ད་ལྟ་རྒན་མོ་འདིའི་དཔར་སྔོན་སུ་མཐོང་སོང་འདི་ཡག་པོ་ཨེ་ཡིན་ན།
མིའི་སྒོ་ལ་རྭ་སྐྱེས་པ་འདི་ལས་འབྲས་ཀྱི་སྐད་ཆ་ཞིག་གཞི་ལ་བཞག་ནས་གླེང་ན་དེ་ཙམ་གྱི་ཡ་མཚན་པོ་མ་རེད། སྟོན་པའི་སྐྱེས་རབས་དང་། གཞན་ཡང་མདོ་ལས་བྱུང་བའི་གཏམ་རྒྱུད་དེ་དག་ལ་གཟིགས་དང་། ངོ་མཚར་རྨད་དུ་བྱུང་བའི་གནས་ཚུལ་མང་པོ་ཞིག་ཡོད་པ་རེད། འདི་ལ་ཚན་རིག་གི་འགྲེལ་བཤད་རྒྱག་ཁག་པོ་རེད་དྲན་གི
མ་གཞི་ང་ཚོའི་གསུང་རབ་ཀྱི་ཁྲོད་ན། གང་ལ་སྟོང་པ་ཉིད་ཡོད་པ། །དེ་ལ་ཐམས་ཅད་རུང་བ་ཡིན། །གསུངས་པའི་གནད་དོན་ལ་གཞིགས་ན། རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཚང་ཚེ་ཅི་ཡང་རུང་ཆོག་ལ་ཅི་ཡང་ཡོང་ཆོག་པའི་གནས་ལུགས་རྒྱ་ཆེན་པོ་ཞིག་དྲངས་ཡོད་ལ། གཞི་རྩ་འདི་འདྲ་ཞིག་ལ་ཐུག་ཡོང་དུས། ཨོ་རྒྱན་ཆེན་པོས། བདག་ལྟ་བ་ནམ་མཁའ་ལས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས་ཡོད་པ་རེད།
དེར་བརྟེན་ང་ཚོས་ལས་རྒྱུ་འབྲས་ལ་རྩི་འཇོག་བྱ་དགོས་རྒྱུ་གལ་ཆེ་བར་སེམས། དེ་མིན་རང་རེའི་ནང་དོན་རིག་པའི་གཞུང་ལུགས་རྣམས་སུ་བསྟན་པའི་སྟོང་ཉིད་ཀྱི་ལྟ་བ་ལ་ཁ་གཡར་ནས་རྒྱུ་འབྲས་ཁྱད་དུ་གསོད་མཁན་ཇེ་མང་ནས་ཇེ་མང་སོང་ལུགས་ཤིག་གོ་རྒྱུ་འདུག་པས། དེ་རྣམས་ཀྱང་ནམ་ཞིག་འདི་ལས་ཡ་མཚན་ཆེ་བའི་ལུས་རྟེན་རེ་བླང་རྒྱུ་ལས་མ་འདས།
ད་དུང་ཞོར་འཕྲོས་ཀྱི་གཏམ་ཞིག་གླེང་འདོད་བྱུང་། ང་ཚོའི་ལོ་རྒྱུས་ཕལ་ཆེ་བའི་ཁྲོད་དུ་བོད་རྗེ་བཞི་བཅུ་ཞེ་གཉིས་པ་ཁྲི་དར་འུ་དུམ་བཙན་པོའི་མཚན་ལ་གླང་དར་མ་ཞེས་འཁོད་ཡོད་ཅིང་། ངས་རྒྱུ་མཚན་ཞིབ་ཕྲའི་དྲི་ཚིག་རེ་འགོད་སྐབས། ཆུང་བྱིས་དུས་ན་གྲོང་གསེབ་གྱི་རྒན་རབས་དང་སློབ་གྲྭའི་དགེ་རྒན་དག་གི་ངག་རྒྱུན་ལས་གླང་དར་ཞེས་པ་དེ་མགོ་ལ་རྭ་ཅོ་ཡོད་པའི་རྒྱལ་པོ་ཞིག་ཡིན་རབས་ཀྱི་སྐད་ཆ་དེ་དག་ཐོས་ཐེངས་རེར་ང་ལ་ཡ་མཚན་གྱི་སྣང་བ་ཞིག་ཀྱང་སྐྱེས་མྱོང་ལ། ད་དུང་དེའི་རྒྱབ་ཏུ་ཁོང་བདུད་སྤྲུལ་རེད་ཅེས་པའི་གཏམ་རྒྱུད་རྣམས་ཀྱང་དྲངས་ཡོང་བས་འཇིགས་སྐྲག་གི་སྣང་བ་ཡང་ལན་མང་སྐྱེས་མྱོང་སྟབས། ཉིན་མོའི་བག་ཆགས་དེས་མཚན་དཀྱིལ་གྱི་རྨི་ལམ་ཡང་ཐེངས་མང་དཀྲུགས་མྱོང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། བོད་ཀྱི་ཆེས་རྙིང་པའི་ཡིག་ཆ་ཁག་ཏུ་ཁོང་གི་མཚན་ལ་ཁྲི་དར་མ་དང་འུ་དུམ་བཙན་པོ་ཞེས་པ་ལས་གླང་དར་ཞེས་པའི་ཐ་སྙད་ཅིག་ནམ་ཡང་མངོན་རྒྱུ་མེད་པའི་རྒྱུ་མཚན་རྣམས་གཟུར་གནས་ལོ་རྒྱུས་མཁན་རྣམས་ཀྱིས་རེ་རེ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་སྤུངས་པ་མཐོང་སྐབས། ང་ཚོའི་ལོ་རྒྱུས་ཕལ་ཆེ་བའི་ཁྲོད་ན་ཅི་མི་སྙམ་པར་ཆོས་སྲིད་ཟུང་འབྲེལ་གྱིས་བཀའ་དྲིན་འོག་མི་སེར་བདེ་སྐྱིད་ཀྱི་བསྐྱངས་པའི་མཛད་རྗེས་དག་བཙན་གྱིས་གསུབ་ཐབས་བྱེད་ཅིང་། མེས་པོའི་མཚན་ལའང་མིང་འདོགས་ཀྱིས་ནག་ཐིག་འདེབས་ལུགས་ཀྱི་བྱེད་སྟངས་ཁྱད་མཚར་བ་འདི་ཚོ་མངོན་ཡོང་དུས་ངའི་སེམས་གཏིང་ན་སྔར་ལས་ཡ་མཚན་ཆེ་བའི་སྣང་བ་ཞིག་སྐྱེས་མྱོང་ལ། འཁྱོག་བཤད་ཀྱི་གཏམ་རྒྱུད་བསྲེས་པའི་དེབ་ཐེར་རྣམས་མིག་ལམ་ན་མཐོང་དུས། ནམ་ཞིག་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་འབངས་མི་ཚོའི་ཐོད་པ་ལའང་གོང་དང་གཅིག་མཚུངས་ཀྱི་རྭ་ཅོ་རེ་རེ་སྐྱེ་ངེས་པའི་ལུང་བསྟན་ཞིག་ཤུགས་ཀྱིས་གསལ་འདུག་སྙམ་པའི་འཇིགས་སྣང་ཞིག་ངང་གིས་སྐྱེ་འོང་། དེར་བརྟེན་དེང་སང་ངའི་མཚན་དཀྱིལ་གྱི་རྨི་ལམ་ཡོད་ཚད་ཉིན་མོའི་བག་ཆགས་ཀྱིས་དཀྲུགས་ཏེ་མཐོ་སྒང་གངས་རིའི་ལྗོངས་སུ་མི་མགོ་རྭ་ཅོ་ཅན་གྱི་རིགས་རྒྱུད་ཇེ་མང་ནས་ཇེ་མང་འཕེལ་འགྲོ་བ་ཞིག་རྨིས་ཡོང་གིན་འདུག
དྲ་འབུ་འདི་ཚོ་ལ་བཤད་རྒྱུ་འདུག
མཁས་མདོག་ཡོད།
གྲྭ་རྒན་དང་གྲྭ་ལོག་འདི་ཚོ།
ཨ་བུ་ལགས།
གྲྭ་རྒན་འདི་ཚོའི་བཀའ་དྲིན་ལས་བོད་མི་རིགས་ཀྱི་བླ་སྲོག་རྩ་དགུང་དུ་བཏེགས་པ་མིག་ཡོད་ན་རིག་རྒྱུ་འདུག་གོ།
ཨ་བུ་ལགས།
གྲྭ་རྒན་འདི་ཚོའི་བཀའ་དྲིན་ལས་བོད་མི་རིགས་ཀྱི་བླ་སྲོག་དགུང་དུ་བཏེགས་པ་མིག་ཡོད་ན་རིག་རྒྱུ་འདུག་གོ།
so nice
འདི་ལོ་འགའི་སྔོན་གྱི་གནས་ཚུལ་རེད། འདིས་ནུས་པ་ཐོན་རྒྱུ་ཡོད་པ་ཞིག་ཡིན་ན་ཐོན་ཚར་ཡོད་རེད། ཡང་བཀོད་བསྐྱར་བཀོད་བྱེད་དགོས་པ་མ་རེད།
རེད་རེད། སྤྱིར་བཏང་དོན་དག་ཆེ་མ་ཆུང་གསུམ་ཚང་མ་མིའི་བཟོས་བ་ལས་ངེས་བ་དོན་གྱི་ཡ་མཚན་ཅན་གྱི་འདི་དག་ཐམས་ཅད་རིག་པའི་རྟོགས་བཏགས་ཡིན་པ་འདྲ། གལ་ཏེ་མི་ཞིག་གི་གློ་བུར་དུ་མགོ་ར་ཅན་ཞིག་མཐོང་ཚེ་སེམས་ནང་ལ་དངངས་སྐྲག་ཞིག་སླེབས་ཡོང་རྒྱུ་དེ་མི་དེ་ནི་སྨྲོས་མ་དགོས་པ་ཞིག་རེད། མགོ་ལ་ར་ཅན་འཇིག་རྟེན་ན་ཧ་ཅང་དཀོན་པས་ཡིན་རྒྱུ་རེད་ལ། མགོ་ལ་ར་སྐྱེས་བ་དང་ཁོག་སྨད་སྦྲུལ་ཡིན་པ་མིའི་གཟུགས་པོ་ཕྱེད་ཀ་མི་ཡིན་པ་ཕྱེད་སེམས་ཅན་ཡིན་པ་དེང་སེང་འཛམ་གླིང་ཡུལ་ལུང་གང་སར་མཐོང་རྒྱུ་འདུག ་པའི་དེ་དག་ཚང་མ་ལས་འབྲེལ་ཡིན་རྒྱུ་རེད། ཚན་རིག་དང་སྨན་གཞུང་དུག་ཇི་ལྟར་འབྲེལ་བཤད་བརྒྱག་གི་ཡོད་པ་མི་ཤེས། ལས་དགེ་སྡུག་ཡིན་ན་རྒྱ་ནག་གིས་བོད་མི་མང་པོ་ཞིག་རྐྱེན་ལམ་དུ་བཏང་སོང་བའི་དེ་ལ་ཡང་ལས་རྒྱུ་འབྲས་ཤིག་ཡོད་ན་ད་རྒྱ་ནག་མགོ་ཁྲིད་དེ་དག་མགོ་ལ་ཡང་རྭ་ཅོ་གཡག་ར་འདྲ་འགའ་སྐྱེས་ཡོད་ཚོད་ཡིན། ཨོ་ལེ་ད་གང་ལྟར་མིའི་མགོའི་ར་ལ་ད་དུང་ཞིབ་འཇུག་དང་སློབ་སྦྱོང་དག་དག་ཡོད་ས་རེད།
བྱ་དངོས་ཚང་མ་འགྱུར་བའི་རང་བཞིན་ཡིན་པའི་འགྲོ་བ་མི་བྱུང་སྟངས་ལའང་ཉ་སྤྲུལ་སོགས་ཀྱི་གཏམ་རྒྱུད་མང་པོ་བཤད་སྲོལ་ཡོད་པ་བཞིན་འདིའི་སྐོར་ལ་ཡང་འགྲེལ་བཤད་གཞན་ཞིག་ཡོད་རྒྱུ་རེད།
ནང་ཆོས་ལས།
ལས་ཚུལ་བསམ་གྱིས་མི་ཁྱབ་པ། །
དེ་བཞིན་གཤེགས་པ་ཁོ་ནས་མཁྱེན། །
གསུངས་པ་ལྟར། ནང་པ་ཚད་ལྡན་གཅིག་ལ་ཡ་མཚན་དངོས་བྱུང་གང་ཡང་མ་ཡིན་པར་འདོད།
ངའི་ངོ་དེབ་སྟེང་ན་འདི་འདྲ་མང་། གཟིགས་འདོད་ན།
http://www.facebook.com/album.php?id=100001786708543&aid=25134
ཨ་བུ་ལགས་ལ་ཞུ་རྒྱུ། བོད་མི་རིགས་ཀྱི་བླ་སྲོག་འཛམ་གླིང་ན་ཆེས་རིན་ཐང་ཅན་གྱི་རིགས་གཞུང་ཞིག་ཡོད་པ་འདི་ཉིད་སྔར་ཡང་གྲྭ་རྒན་དང་བླ་རྒན་དེ་ཚོས་འཛིན་སྐྱོང་བྱས་ལ་ ད་ལྟའང་རེད་ མ་འོང་པ་ལའང་དེ་རྣམས་ཀྱིས་འཛིན་སྐྱོང་བྱེད་རྒྱུ་རེད་ཡ། བོད་གཞིས་བྱེས་གཉིས་སུ་ཁྱེད་ཀྱིས་གཅིག་གཟིགས་དང་ཧ་ལམ་ཧ་གོ་མི་ཡོང་ངམ།
བསམ་བློ་ཡག་པོ་ཞིག་བཏང་ན་ངོ་མཚར་ཆེ་ཞིག་མཐོངགི་མི་འདུག །མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། དེ་ཡིསའགྲོ་འདི་སྣ་ཚོགས་བྱས།གསུང་པ་དང་དེ་བཞིན་མངོན་པ་མཛོད་ལས།འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས།གསུང་པ་ལྟར་རྒན་མོ་མོ་རང་མགོ་ལ་ར་སྐྱེས་ཡག་ལས་ཞིག་བསགས་ཡོད་ཚོད་རེད་དེ་དོན་མགོ་འཁོར་དགོས་ཡག་མི་འདུག །སངས་རྒྱས་ཆོས་ལུགས་ལྟར་ན་དེ་འདྲ་ཡིན་པ་འདྲ།དེང་དུས་དམུ་རྒོད་ལྟ་གྲུབ་ངེས་ཧ་མི་གོ །
རྒན་མོའི་མགོ་ལ་དངོས་ནས་རྭ་སྐྱེས་ཡོད་མེད་ཞིབ་དཔྱད་བྱེད་དགོས། དེང་སང་འཕྲུལ་རིགས་ཀྱི་ལམ་ནས་མི་ལ་རྭ་ཅོ་དང་རྔ་མ་སོགས་བཟོས་བཞག་པ་མང་པོ་མཐོང་རྒྱུ་འདུག ཕར་ལྟས་ན་གཅིག་པ་གཅིག་ཀྱང་འདྲ་བོ་མཐོང་གི་འདུག་པས་ང་ཚོས་ཞིབ་དཔྱད་གནང་ན་འདོད་། དཔེར་ན་ཁྱེད་ཚོ་ཚང་མས་གཟིགས་ཡོད་རྒྱུ་རེད། ཨ་རི་ནས་བཟོས་པའི་གློག་བརྙན་ཞིག་ལ་ཨ་ཝ་ཊར་ཟེར། དེའི་ནང་གི་མི་དེ་ཚོ་ལ་ཁ་དོག་སྔོན་པོ་ལ་འཇུག་མ་ཡོད་པ་མང་པོ་མཐོང་རྒྱུ་འདུག འོ་་ད་་་་་་་དེ་ལྟ་བུ་རེད་་་་་་་་་་་་་་་་་།་་་་
གླེང་གཞི་འདི་ནི་བྱ་རོག་སོ་རོགས་སོ་རྟོག་གི་ལོ་རྒྱུས་མ་ཡིན་ནམ།ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ་གསུངས་བ་མ་ཐོས་སམ དེ་ལས་ད་ལྟའི་ང་ཚོའི་བཀའ་བློན་དེ་ཚོའི་མགོ་ལ་ར་ཞིག་ཡོད་ན་ཅི་མ་རུང་། བོད་རྒྱལ་ལོ།།
གཅིག་ན་མོ་དེ་སྐྱེ་བ་སྐྱོན་མར་བསེ་ཡིན་པ་འདྲ་། དེ་ཡིས་མི་ལུས་བླངས་པ་ན་ཡང་། ལས་ལྷག་མ་ལུས་པས་སེམས་ཅན་བསེ་བཞིན་དུ་རུ་གཅིག་སྐྱེས་འདུག འདི་ཆུང་བ་ཞིག་ལས་མི་འདུག དངོས་གནས། འདི་ལས་ཆེ་བ་གཡག་ལྟ་བུའི་རུ་ཆེན་པོ་གཉིས་ཡོད་པ་ཡིན་ན། མོ་དང་མོའི་ཁྱིམ་ཚང་གིས་དངུལ་མང་པོ་བཟོ་ཐུབ། རྭ་ཅོ་ཆུང་ངུ་དེ་ལས་ཆེ་བ་མེད་པ་ཅུང་སྐལ་བ་དམན་འདུག
གཞན་གྱི་མགོ་ཡི་རྭ་ཅོ་དེ་ལས་དབང་ཞིག་གི་གྲུབ་པ་རེད། ཡི་གེ་འབྲི་གློག་ཁ་སྐད་འདྲེས་མ་འདི་ཡི་གེ་མགོ་ལ་ར་དང་འདྲ་འ་ཧཧཧཧ
གཞན་གྱི་མགོ་ཡི་རྭ་ཅོ་དེ་ལས་དབང་ཞིག་གི་གྲུབ་པ་རེད། ཡི་གེ་འབྲི་གློག་ཁ་སྐད་འདྲེས་མ་འདི་ཡི་གེ་མགོ་ལ་ར་དང་འདྲ་འ་ཧཧཧཧ
རུ་ཞེས་པ་ཁ་སྐད་ཡིན་ནམ། རྭ་ཞེས་པ་ཁ་སྐད་ཡིན། རུ་དང་རྭ་གཉིས་གང་སྔོན་ལ་བྱུང་། ཨུ་ཡིག་ཝ་ལ་གྱུར་པ་བོད་ཚིག་གཞན་དག་ཀྱང་ཡོད་པ་ལ་སྣང་རྟགས་བྱུང་ངམ།
རུ་དང་རྭ་གཉིས་གང་སྔ་བྱུང་མིན་གང་ཤེས།
རུ་ཞེས་པ་ནི་ཡིག་སྐད་དང་རྭ་ཞེས་པ་ཁ་སྐད་རེད།
ཨུ་ཡིག་ཝ་ལ་འགྱུར་བའི་རྒྱུ་མཚན་ཡོད་དམ།
རུ་ཞེས་པ་ནི་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཐོབ་པ་ཅན་བཅོ་བརྒྱད་ལས་སོགས་ཡོད་པ་ལྟ་བུ་རེད།
དེ་ཚོར་བྱ་རུ་ཅན་ཞེས་པ་ལས་རྭ་ཅོ་ཅན་ནམ་ཡང་མི་བརྗོད།
གླང་དར་གྱིས་དངུལ་མང་པོ་བཟོས་ཡོད་མདོག་རེད།
རུ་ཚིག་འདི། སྔོན་ལ་བྱུང་བར་ངེས་ཏེ། ཡི་གེ་མི་ཤེས་མཁན་དེ་དེ་ཚོའི་ཁ་ནང་ནས། ཐོན་པ་མང་བ་ཅིག་དྲན། དཔེར་ན། རྩམ་པ་ལ། ཕེ་སྔོན་དང་ཕྱིས་སུ། སུམ་རྟགས་དག་གསུམ་ཆགས་ནས་ཕྱེ་རུ་གྱུར་པ་འདྲ།
མི་ཡི་མགོ་ལ་རྭ་སྐྱེས་པ་མཐོང་དུས་རི་བོང་གི་མགོ་ལ་ཡང་རྭ་སྐྱེས་མི་ཆོག་པའི་སྒྲུབ་བྱེད་རྙེད་ཐབས་མི་འདུག
རི་བོང་རྭ་ཆོས་ཅན་ཞེས་་་་་མེད་པའི་སྒྲུབ་བྱེད་དུ་ངས་ལོ་བཞི་ཙམ་རྩོད་པ་ཚང་མ་རིག་འགལ་ཆགས་ཚར་འདུག
རྒྱལ་པོ་གླང་དར་གྱི་མགོ་ལ་རྭ་ཅོ་འདུག་ཅེས་བཤད་སྲོལ་ཞིག་ཡོད་པ་དེ་ཡང་བདེན་སྣང་གི་མཐུན་འགྱུར་དུ་གྲུབ་འདུག
སྐད་ཀྱི་འགྲོ་སྟངས་ལ་བལྟ་ན། བསེ་བའི་རྭ་ལ། བསེ་རུ། སྔོན་བདག་གིས་བསེ་རུ་ཞེས་པ་སེམས་ཅན་ནགས་སུ་སྡོད་པའི་རིགས་ཤིག་ཟེར་བ་ཐོས། མཇུག་ལ་དཔྱད་པ་ན། བསེ་བའི་དཔྲལ་བའི་སྒང་ལ་རུའམ་རྭ་གཅིག་གཅིག་ཡོད་པ་དཔེར་བླངས་ཏེ། རང་སངས་རྒྱས་ལ་བསེ་རུ་ལྟ་བུ་ཞེས་བྱ།
རུའམ་རྭ་དེ་ལ་ལེགས་སྦྱར་སྐད་དུ། རལ་གྲི་ཟེར་བར་མངོན། སྔོན་གྱི་སྒྲ་སྒྱུར་པ་ཆེན་པོ་ཡེ་ཤེས་སྡེས་རྟ་རུ་བཞིན་ཞེས་བསྒྱར། ཕྱིས་ཀྱི་མཚན་ཉིད་པ་རྣམས་ཀྱིས་མེད་པའི་དཔེར། རི་བོང་རྭ། ཞེས་བཀོད། ཨུ་ཡིག་ཝ་དང་དེ་ཉིད་ཨོ་ཡིག་ལ་འགྱུར་ཚུལ་བདག་གིས་མཐོང་། བདེན་མིན་མི་ཤེས་རིམ་པས་ཞུ་ཆོག་གོ །
རང་རྒྱལ་གྱི་དབྱེ་བར་བསེ་རུ་ལྟ་བུར་གཅིག་པུར་གནས་པའི་རྒྱལ་དང་ནེ་ཙོ་ལྟ་བུར་ལྷན་ཅིག་ཏུ་གནས་པའི་རང་རྒྱལ་གཉིས་སུ་དབྱེ་བ་ཡོད།
བསེ་རུ་ལྟ་བུའི་རང་རྒྱལ་ཞེས་པ་སེམས་ཅན་བསེ་རུའི་དཔྲལ་བར་རྭ་ཅོ་གཅིག་ཡོད་པའི་རྒྱུ་མཚན་དཔེ་བཞག་པ་ཡིན་པར་དེ་རིང་མ་གཏོགས་གོ་མྱོང།
འདབ་ཆགས་བྱ་རིགས་ནེ་ཙོ་ནི་རྟག་ཏུ་རིག་གསལ་བཞིན་ཁྱུ་དང་ཁྱུ་བྱས་ཏེ་འཚོགས་ཀྱི་ཡོད་པ་དང།
སེམས་ཅན་བསེ་རུ་ནི་ཁྱུ་དང་ཁྱུ་བྱས་ཏེ་མི་འདུག་པར་ཕལ་ཆེར་གཅིག་པུར་གནས་པས་ན་དེ་ལྟར་བརྗོད་པ་གཞུང་དང་དགེ་རྒན་གྱི་ངག་ལམ་མཐུན་པར་བྱུང་ཡོད།
ལ་སྟོད་བུ་ལགས།
བསྟན་བཅོས་མངོན་རྟགས་རྒྱན་ན་ཡོད་པའི་བསེ་རུ་དང་། སློབ་སྤྲིངས་ན་ཡོད་པའི་བསེ་ཞེས་པ་གཉིས་ཀར་ལེགས་སྦྱར་སྐད་དོད། ཁདག khadgaཞེས་པ་མཐོང་། དེ་ཡང་བསེ་བའི་རྭ་ཅོ་དེ་རལ་གྲི་དང་འདྲ་བས་ཁདག་སྟེ་རལ་གྲི་ཞེས་བརྗོད། དེ་ཉིད་ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པས་བསེ་རུ་ཞེས་པ་སེམས་ཅན་བསེ་བ༐དཔྲལ་བ་ན་རུ་ཡོད་པ་ལ་འཇུག་པ་ཁྱེད་བདེན་པར་འདུག། རྟ་རུ་བཞིན་ཞེས་པ་རྟ་ལ་མི་འཇུག་པར་རུའམ་རྭ་རྐྱང་རྐྱང་ལ་འཇུག་དགོས་སོ་སྙམ། ཁྱེད་ཀྱིས་གསན་པའི་གཞུང་དང་དགེ་རྒན་གྱི་ངག་ལམ་བདེན་པར་སྣང་། དགོངས་དག་ཞུ།
ཀ་རྡོ་རབས་འབྱམས་པ་ལགས།
རྩམ་པ་ལ། ཕེ་སྔོན་དང་ཕྱིས་སུ། སུམ་རྟགས་དག་གསུམ་ཆགས་ནས་ཕྱེ་རུ་གྱུར་པ་འདྲ། ཞེས་གསུངས་པར་ཕྱེ་ཞེས་པ་ནི་སྔར་ན་ཡོད་ཡོད་པ་ཡིན། དེ་ཉིད་གནའ་བོའི་འབོད་ཚུལ་ལྟར་ཡ་ཡིག་ཀྱང་འདོན་དགོས་པ་ལ། དེ་ལྟར་མ་འབོད་པར་ཕེ་ཞེས་པ་ལ་དྭགས་སོགས་ཀྱི་ཁ་སྐད་དུ། ཉིད་ཀྱིས་གསན་བཞིན་པ་དེ་ཟུར་ཆག་ཡིན། ཟུར་མ་ཆག་པར་འདོན་ན། ཕྱེ་ phye རང་ཡིན། དེ་བཞིན་དུ་ལ་དྭགས་གཤམས་ཡུལ་དང་། འབྲས་ལྗོངས་སོགས་སུ་ཡང་ཕྱག་ཞེས་པ། གནའ་བོའི་འབོད་སྟངས་བཞིན་phyag ཡིན་འདུག ། ད་ལྟའི་འབོད་ཚུལ་ལྟར་ན། ཀླུ། གླུ། བླུ། སླུ་ཞེས་པར་ཚང་མར་ལུ་ཞེས་འབོད་ན་སྐྱོན་མི་འདུག་གམ། དེ་བཞིན་དུ། གྲི དྲི། བྲི་ གཅིག་པར་འདོན་ན། སྔར་བོད་གཙང་པ་ཞིག་གིས་ལ་དྭགས་པ་ངོ་ཤེས་པ་ཞིག་ལ་དྲི་དང་གྲིའི་དག་ཆ་ནོར་ནས། གྲི་བཟང་རེ་བསྐུར་གྲོགས་ཞེས་པ་ན། ལ་དྭགས་པ་དེ་ཡིས། གྲི་ལེགས་པ་ཁ་ཤས་བཟོ་རུ་བཅུག་སྟེ་བསྐུར་ཏོ་ཞེས་ལོ་ངོ་དྲུག་ཅུ་ཙམ་སྔོན་དུ་བོད་པ་བླ་རྒན་དག་གིས་གསུངས་པ་ཐོས་སོ། །