༧གོང་ས་མཆོག
མིའི་འཕེན་པ་ཞེས་པ་འདི་གནད་ཆེན་པོ་ཡིན་ཅིང། མིའི་སེམས་ཕམ་དུ་མི་འཇུག་པ་དེ་གལ་ཆེན་པོ་ཡིན། མིའི་སེམས་ཕམ་ན་འཕེན་པ་ཐུང་དུ་འགྲོ་བའི་ཉེན་ཁ་ཡོད། འཕེན་པ་ཐུང་དུ་ཕྱིན་ན། དཔེར་ན། ང་ཐེ་བས་སྤྱིར་མི་སུ་ཞིག་ཡིན་རུང་སོ་སོར་རང་དབང་མེད་ཀྱང་འཕེན་པའི་ཤུགས་ཀྱི་ཁྱད་ཅིག་ཡོད། འཕེན་པ་ལ་ཕྱོགས་གཞན་ནས་བཤད་ན་སེམས་ཤུགས་ཟེར་བ་དེ་ཡིན། མི་རྒས་པོའམ། ནད་པར་སྨན་པ་སོགས་ཀྱིས་ཞིབ་འཇུག་སྐབས་ད་ལྟ་རང་འཆི་རྒྱུ་ལས་མེད་ཟེར་མཁན་ཁོ་མ་ཤི་བར་ཡུན་རིང་དུ་སྡོད་མཁན་ཡོང་གི་འདུག་པ་དང། འགའ་ཤས་ན་ཚ་ཆུང་ངུ་ལས་མེད་ནའང་ལམ་སེང་ཤི་བ་དེ་ཚོ་སེམས་ཤུགས་ཆེ་ཆུང་གི་ཁྱད་ཡིན། སྔོན་མ་དེའི་བསམ་བློར་ཆགས་པའམ། ཡང་ན་ཁོང་ཁྲོ་དྲག་པོས་བཟུང་སྟེ། དཔེར་ན། དམག་སར་འགའ་ཤས་རྨ་རྨས་ཆེན་པོ་བྱུང་སྟེ་བརྒྱལ་འགྲོ་འོས་པ་ཙམ་ཡོད་ཀྱང། ཁོ་ད་དུང་རང་འཚོ་བཟུང་ནས་ཡོང་གི་ཡོད་པ་དེ་ཚོ་ལུས་ཀྱི་གནས་ཚུལ་འོར་ལྷུངས་ཟིན་རུང། སེམས་འཕེན་ཤུགས་མ་ཆག་པའི་དབང་གིས་ཟིན་པ་དང། ད་དུང་བཞད་གད་ལྟ་བུར་བརྗོད་ན། ད་སྔ་གུང་ཐང་རིན་པོ་ཆེའི་སྐུ་དུས་སུ་དགེ་བཤེས་ཤི་ལ་ཁད་ཅིག་ཤག་ལ་ཆགས་ནས་དབུགས་གཏན་ནས་མ་ཕྱིན་པར་བསྡད་པ་ལ། གུང་ཐང་རིན་པོ་ཆེས་ཁོའི་གནས་ཚུལ་དང་བསྟུན་ཏེ་དགའ་ལྡན་ལ་ཤག་ལེགས་པོ་ཡོད་ཅེས་གསུངས་མ་ཐག་ཁོ་རང་ཤི་བའི་ལོ་རྒྱུས་བཤད་སྲོལ་ཡོད། གང་ལྟར་སྐྱེ་འཆི་ལ་རང་དབང་ཐོབ་པའི་སྐྱེས་བུ་དམ་པ་སྨོས་ཅི་དགོས། སྤྱིར་བཏང་རང་རེ་ཐ་མལ་པ་ཡིན་རུང། ང་སྡོད་དགོས། ངའི་མི་ཚེ་ལྡེང་པ་བྱ་དགོས་སྙམ་པའི་སེམས་ཤུགས་སམ། འཕེན་པ་ཡོད་ན་རྟེན་འབྲེལ་ཞིག་འགྲིགས་ཀྱི་ཡོད་པ་རེད། དེ་ལྟར་མིན་པར་མིའི་བློ་གཅིག་ཕམ། གཉིས་ཕམ་ནས་ད་ནི་ཕན་ཐོགས་གང་ཡང་མི་འདུག་བསམ་པ་ན། ཁོས་གྲི་མེ་མདས་རང་ཤི་རྒྱག་པ་མིན་ཡང། སེམས་ཤུགས་ཆག་པ་ཡིན་སྟབས་ཉེན་ཁ་ཞིག་ཡོང་གི་ཡོད་ཚོད་རེད། ང་ཚོ་ཚང་མས་ཧུར་ཐག་བྱས་ན་ཡག་པོ་མིན་ནམ་བསམ་གྱི་འདུག
༡༩༦༥ ། ༣། ༡༧ ། ཉིན་སྩལ། མི་མང་ལ་སྩལ་བའི་བཀའ་སློབ་པོད་དང་པོའི་ཤོག་ངོས ༢༧༣ ཐིག་ཕྲེང་བདུན་པར་གསལ།
ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » བསམ་ཚུལ། » བཅར་འདྲི།
ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཚོས་དམིཊ་བསལ་ཚོགས་ཆེན་ལ་དགོངས་འཆར་བཏོན།
འདོན་སྤེལ། ༢༠༡༢/༠༩/༢༤
སང་ཉིན་ནས་བཟུང་ངྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་འཆར་ལ། གྲོས་གཞིའི་ནང་དོན་ཁག་ཅིག་གི་ཐོག་བོད་པའི་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཚོར་དགོངས་འཆར་དྲིས་པར་ལན་འདེབས་གནང་།
གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།
ལན། ༡༩༤༩ ལོར་རྒྱ་ནག་དམར་པོའི་དྲག་དཔུང་གིས་བོད་ལ་ཐོག་མར་བཙན་འཛུལ་བྱས་པ་ནས་བཟུང་བོད་ནང་ཉིན་གཅིག་རིང་ཛ་དྲག་མིན་པའི་གནས་སྟངས་ཆགས་མ་མྱོང་བ་དང་། དེར་གདོང་ལེན་བྱེད་ཕྱོགས་ཐད་བོད་གཞུང་མང་གཉིས་ནས་ཐབས་ལམ་མ་བཙལ་བ་དང་དཀའ་ལས་མ་བསྐྱོན་པ་གང་ཡང་མེད་པ་རེད། དེ་ལས་ལྷག་པའི་ཐབས་ལམ་སོགས་མ་འདྲ་བ་དམིགས་བསལ་ཞུ་རྒྱུ་མེད་ཀྱང་། ད་སྐབས་ཆེས་ཛ་དྲག་པའི་བོད་ཀྱི་གནས་སྟངས་དང་། བོད་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་འཇིག་ཉེན་ལས་སྐྱོབ་ཆེད། གཙོ་བོ་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མ་བཏང་ཚེ་གདོང་ལེན་ཐུབ་རྒྱུ་དཀའ་ནའང་། བོད་གཞུང་མང་སུས་ཀྱང་གནས་ལུགས་ཚུལ་བཞིན་ཤེས་པ། ཁ་བཤད་དོན་དང་མཚུངས་པ། མངོན་ལྐོག་རྒྱབ་མདུན་མེད་པ། ལས་རིམ་འཆར་གཞི་ལྡན་པ། ནུས་པ་མཉམ་དུ་སྤུངས་པའི་ཐོག་ནས། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་གཞིས་བཞུགས་བོད་མིའི་རེ་འདུན་དང་པོ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་ཆེད། རྒྱལ་སྤྱིའི་ས་ཕྱོགས་གང་ས་ནས་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་དགོས་རྒྱུ་དང་། རྒྱ་དམར་དབང་འཛིན་པའི་བཙན་གནོན་འོག་གཞིས་བཞུགས་བོད་མི་རྣམས་ཀྱི་ཚེ་སྲོག་བློས་གཏོང་གིས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་དང་། གཞིས་བྱེས་བོད་མིའི་ལས་འགུལ་རྣམས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གསལ་སྟོན་ཆེད། དྲ་རྒྱ་བེད་སྤྱོད་གཏོང་མཁན་བོད་མི་ཡོད་དོ་ཅོག་གིས་འགན་ཁུར་ཤུགས་ཆེ་ཙམ་གནང་དགོས་རྒྱུ་དང་། དམིགས་བསལ་སྲུང་སྐར་བརྙན་འཕྲིན་གྱི་བརྒྱུད་ལམ་ཞིག་བསྐྲུན་ཐབས་དགོས་རྒྱུ་ཁ་ཚ་དགོས་གཏུག་ཏུ་མཐོང་གི་ཡོད།
དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།
ལན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དང་། དམིགས་བསལ་ཚོགས་ཆེན་དེའི་རྗེས་འབྲེལ་ ༢༠༡༠ ལོའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ། ༸གོང་ས་གི་གསུང་འཕྲིན་ཉམས་ལེན་བྱེད་ཕྱོགས་དང་འབྲེལ་བའི་ ༢༠༡༡ ལོའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བཅས་ཀྱི་རྒྱབ་གཉེར་དང་། ཕྱོགས་བསྡོམས་སྙན་ཐོ་ཁག་ལ་བཀའ་སྤྱི་ཐུན་མོང་ངམ་སོ་སོ་ནས། འབྲེལ་ཆགས་དོན་ཚན་རེ་རེ་བཞིན་ལ་གོ་བསྡུར་ཞིབ་ཕྲ་དང་འབྲེལ་ལག་བསྟར་དོན་འཁེལ་འགྲིག་ཐག་ཆོད་བྱུང་ཡོད་པ་ངས་ཤེས་ཀྱི་ཡོད། གྲུབ་འབྲས་གང་ཡང་མ་ཐོན་པ་དང་ཕན་ཐོགས་སྤུ་ཙམ་མེད་པ། གཞུང་གྲོན་ཆུད་ཟོས་ཡིན་སྐོར་བཤད་མཁན་ཁག་ཅིག་ཡོད་པ་ཡང་ཤེས་ཀྱི་ཡོད། རྟ་རྒྱུག་མཁན་དང་ལྟད་མོ་ལྟ་མཁན་གཉིས་ལ་ཁྱད་པར་ཡོད་པ་བཞིན་ཚོགས་འདུའི་གྲུབ་དོན་སྙན་ཐོ་ཁག་ལག་ལེན་བསྟར་ཆེད་དངོས་སུ་འབད་བརྩོན་བྱེད་མཁན་དང་། འབད་བརྩོན་མི་དགོས་པར་ཁ་བདེ་ལྕེ་མཁས་ཀྱིས་སྤྱི་ཚོགས་ནང་མཐོ་བཤད་དམའ་བཤད་བྱེད་མཁན་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། མ་འོངས་པར་མི་ཡིས་བྱས་ན་མི་འགྲིག་སྐད་དང་། རང་གིས་གང་ཡང་མི་འཇོན་མཁན་རྣམས་ཚོགས་ཆེན་འདི་ལྟ་བུ་ལ་མ་ཞུགས་ན་ཡག་ཤོས་རེད་དྲན་ཡོད། མ་གཞི་གལ་ཆེའི་མི་སྣ་ཤ་སྟག་འདུས་པའི་ཚོགས་ཆེན་འདི་རིགས་ཚོགས་ཐུབ་པ་ཙམ་གྱིས་གྲུབ་འབྲས་ཆེན་པོ་ཡོད། རྒྱ་ནག་དང་རྒྱལ་སྤྱིར་བརྡ་ལན་ཡག་ཐག་ཆོད་སྤྲོད་ཀྱི་ཡོད། ང་རང་གི་ངོས་ནས་ཚོགས་ཆེན་མ་ཚོགས་པ་ལས་ཚོགས་པ་དགེ་མཚན་ཆེ་བ་དང་། གྲུབ་འབྲས་མ་ཐོན་པ་ལས་ཐོན་པ་བརྒྱ་ཆ་མང་བ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ད་རེབ་ཀྱང་གྲོས་ཆོད་དམ། སྙན་ཐོ་ཁག་སྣང་མེད་དུ་མ་སོང་བར་ལག་བསྟར་དགོས་རྒྱུ་གལ་ཆེ་དོན་ཆེན་རེད། ཚོགས་ཆེན་ནས་ཀྱང་དོན་སྙིང་ལྡན་ཞིང་གནད་ལ་འཁེལ་བའི་གྲོས་ཆོད་དམ་ཕྱོགས་བསྡོམས་གནང་དགོས་རྒྱུ་ལས་མི་ཚང་མས་བཤད་ཚད་དང་། མང་མོས་ཡོད་མེད་ཀྱི་བསམ་འཆར་སྣ་ཚོགས་ཕྱོགས་གཅིག་ཏུ་སྤུངས་བཞག་ན་ལག་ལེན་བསྟར་ཐབས་མེད་པ་མཁྱེན་དགོས།
ལན། བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་ལས་འགུལ་ཐོག ཕྱི་ཕྱོགས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་སྤེལ་སྟངས་ལ་གཟིགས་ཚུལ་ག་རེ་ཡོད་དམ།
ལན། ཕྱི་ཕྱོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་སོ་སོ་ནས་རང་རང་གི་རྣམ་དཔྱོད་དང་ནུས་སྟོབས། འཁོས་འབྱོར་བཅས་ལ་དཔག་པའི་ལས་འགུལ་ཅི་ཐུབ་གང་ཐུབ་ཀྱིས་སྤེལ་བཞིན་ཡོད་པ་ཞིག་ཏུ་མཐོང་སོང་། འོན་ཀྱང་ནུས་ཤུགས་གཅིག་སྒྲིལ་དང་ཕན་ཚུན་མཉམ་ཞུགས་ཀྱི་ལས་འགུལ་ཚད་དང་ལྡན་པ་ཞིག་ད་དུང་སྤེལ་ཐུབ་ཀྱི་མི་འདུག་ལ། ཚོགས་པ་སྐྱིད་སྡུག་མང་པོ་ཞིག་གིས་བཀའ་སྤྱིའི་འོས་བསྡུའི་ལས་འགུལ་སྤེལ་སྐབས་ཀྱི་ཁྱབ་བསྒྲགས་བྱེད་ཕྱོགས་དང་། འགན་ཁུར་ལེན་ཕྱོགས། དཀའ་ལས་རྒྱག་སྟངས། ནང་ཁུལ་ལྟ་གྲུབ་མཐུན་མིན་སྐོར་གྱི་ཚོར་ཤུགས་སྐྱེན་ཕྱོགས་ལ་བལྟས་ཏེ། འུར་རྒྱག་སྟངས་སོགས་ལ་གཞིགས་ན་བོད་ནང་གི་གནས་སྟངས་ལ་ད་དུང་ཤུགས་དེ་ཙམ་བསྐྱོན་མ་ཐུབ་པའམ། བསྐྱོན་གནང་གི་མེད་པའི་མཐོང་སྣང་ཞིག་ངང་ངམ་ཤུགས་ཀྱིས་ཡོང་གི་འདུག
འཐུས་ཚོཊ་གཞོན་དང་རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།
ལན། བོད་ནང་གི་བོད་མིའི་གནས་སྟངས་ནི་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། རྐྱེན་རྩ་གཙོ་བོར་རྒྱ་གཞུང་གིས་བོད་མིའི་ཐོག་འཇམ་རྩུབ་ཀྱི་སྲིད་བྱུས་ཡིད་དུ་མི་འོང་བ་ལག་བསྟར་བྱས་པར་ཐུག་ཡོད། སྟབས་ཉེས་པ་ཞིག་ལ་རྒྱ་གཞུང་གིས་སྲིད་བྱུས་དེ་དག་ལ་བསྐྱར་ཞིབ་བྱ་རྒྱུ་ཕར་ཞོག ད་ཆར་ཡང་བོད་སར་བོད་མི་གནས་མ་ཐུབ་པར་མི་རིགས་ཆེན་པོའི་ངོ་བོར་འཐིམ་འཇུག་རྒྱུ་དང་། དེ་བཞིན་བོད་མིའི་སྐད་ཡིག་རིག་གཞུང་སོགས་ཀྱང་ཡལ་འཇུག་པའི་མཁྲེཊ་འཛིན་གྱི་་སྲིད་བྱུས་འཛིན་བཞིན་ཡོད། དཔེར་ན། མི་ནད་པ་ཞིག་ལ་མི་འཕྲོད་པའི་ཁ་ལག་ཟ་བཅུག་རྒྱུ་དང་སྒོ་ཀུན་ནས་མཚུངས་ཀྱི་འདུག རྒྱུ་མཚན་དེར་གཞིགས་པའི་བོད་གཞུང་དམངས་གཉིས་ཀས་བོད་ནང་གི་གནས་སྟངས་རྒྱུས་ལོན་གང་ཐུབ་བྱ་དགོས་རྒྱུ་དང་། དེ་དང་མཚུངས་པའི་བོད་མི་རིཊ་རང་གིས་འགན་ཁུར་ཆེ་ཙམ་ཁྱེར་དགོས་རྒྱུ་དེ་གལ་ཆེན་པོ་ཆཊ་ཡོད། བོད་ཀྱི་ཆོས་དང་སྐད་ཡིག བོད་མིའི་གོམས་གཤིས། ལོ་རྒྱུས། དེ་བཞིན་དེང་གི་རིག་གསར་གཞན་ཁག་ལ་དོ་སྣང་དང་། གཞོན་སྐྱེས་ཚོར་ཤེས་ཡོན་གྱི་ནུས་པ་ཆེ་རུ་ཡོང་ཐབས་དགོས་རྒྱུ་གལ་ཆེན་པོ་རེད། རྒྱལ་སྤྱི་དང་རྒྱ་ནག་ནང་ཁུལ་བཅས་ལ་བོད་ཀྱི་གནས་སྟངས་གོ་བརྡ་སྤྲོད་ཐུབ་དགོས་རྒྱུ། རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་མི་སྣ་དང་གྲགས་ཅན་མི་སྣ། རྩོམ་པ་པོ། ཉམས་ཞིབ་པ། མཁས་དབང་སོགས་ཐ་ན་ཡུལ་ལུང་སོ་སོའི་ཡུལ་མི་ཚུན་ལ། བོད་ཀྱི་སྣོད་བཅུད་གནས་སྟངས་འགྲེལ་བརྗོད་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། འགྲོ་བ་མིའི་རིགས་ཡིན་ཕྱིན་ཆད་འདྲ་མཉམ་དང་དྲང་བདེན་བརྒྱུད་དེ། བོད་པའི་དཀའ་སེལ་ཐབས་ཅི་ཡོད་སྒོ་གསུམ་འཇུག་པ་གཅིག་ཏུ་སྒྲིལ་དགོས་ཀྱི་འདུག
དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།
ལན། དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དང་། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་རིམ་པར་བཙན་བྱོལ་བོད་མིའི་འཛིན་སྐྱོང་ཚཊ་ཚུད་ཡོང་སླད་སོཊ་ལ་ཕན་ཐོགས་གང་འཚམ་བྱུང་ཡོད། བོད་དོན་བདེན་མཐའ་གསལ་ཐབས་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ངེས་ཅན་བྱུང་ཡོད། ཡིནའང་གྲོས་ཆོད་ཀྱི་ཚིག་དོན་ཇི་བཞིན་ལག་ལེན་བསྟར་དགོས་མིན་ལྟ་དགོས་པ་རེད། ཡུལ་དུས་ཁོར་ཡུག་སོགས་མང་པོ་ཞིག་ལ་འབྲེལ་བ་ཆགས་ཡོད། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གྲོས་ཆོད་ཁག་དམིཊ་བསལ་མ་འདྲ་བ་ཞིག་ཡོང་གི་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན་བརྗོད་གཞི་གཅིག་རེད། བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་བྱ་ཕྱོགས་ཞེས་པ་དེ་གཅིག་པུ་རེད། དེར་ལགས་བསྟར་བྱ་ཕྱོགས་གཞུང་གི་ངོས་ནས་གནང་རྒྱུ་རིགས་གཅིག་དང་། ཚོགས་པ་ཁག་གིས་གནང་དགོས་པ་རིགས་ཤིག བོད་པ་མི་རེ་ངོ་རེ་ནས་གནང་དགོས་རྒྱུའི་རིཊ་ཤིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་གནང་དགོས་པ་རིགས་ཤིག་སོགས་ཁ་གསལ་གྱིས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་མི་སོ་སོར་ནས་མཇུག་གནོན་ཡོང་ཐབས་ལ་འབད་བརྩོན་རྒྱུན་མཐུད་ཞུ་དགོས་ཡ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག
དྲི་བ། བོད་ཕྱི་ནང་གི་རང་ལུས་མེར་བསྲེགས་ལས་འགུལ་ལ་གྲུབ་འབྲས་འབྱུང་མིན་ཐོག་གཟིགས་ཚུལ་ག་རེ་ཡོད།
ལན། བོད་བསྟན་སྲིད་ཆེད་བོད་ནང་གི་བོད་མིའི་བློས་གཏོིང་དང་། སེམས་ཤུགས་དེ་དག་བློ་ཡུལ་ལ་འཁོར་མ་ཐུབ་པ་ལྟ་བུ་རེད། ལོ་རབས་བཅུ་ཕྲག་དྲུག་ལྷག་རྒྱ་གཞུང་གི་སློབ་གསོས་བཅུན་ཡོད་ནའང་། ད་ཆ་བོད་མི་ཚོས་རྒྱ་གཞུང་གི་ཀུན་སློང་དང་བྱ་སྤྱོད་ལ་ངོས་ལེན་མེད་པ་གསལ་འདོན་བྱས་པ་རེད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཤེས་རྟོགས་བྱུང་བ་བོད་མིར་ ༥༡ གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེས། ཁོང་ཚོའི་ཀུན་སློང་དང་མངོན་འདོད་དེ་དག་གིས་བོད་ནང་གི་བོད་མིའི་མངོན་འདོད་ངོ་མ་གང་ཡིན་པ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ནང་མིག་སྟོན་བྱས་ཐུབ་ཡོད། རྒྱལ་སྤྱིའི་ནང་གནད་ཡོད་མི་སྣ་ཁག་དང་། གཞུང་དང་གྲོས་ཚོགས་མང་པོས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཆེན་པོ་སྐྱེ་གཞི་ཞིག་ཆགས་ཡོད། དེ་མཚུངས་རྒྱ་རིགས་མི་སྣ་མང་པོས་སེམས་འཚབ་དང་རྒྱ་གཞུང་ལ་རྣམ་འགྱུར་མི་དགའ་བ་བཏོན་བཞིན་ཡོད། དེ་དག་རྒྱ་ནག་གཞུང་གི་ཤེས་ཀྱི་ཡོད་པ་རེད། བོད་མདོ་དབུས་ཁམས་གསུམ་དུ་བོད་མིར་དྲག་གནོན་དང་། བོད་མི་ལ་ཞེན་ཡོད་མཁན་མང་པོ་འཇུ་བཟུང་བཙན་ཁྲིད་བྱས་པ་དེས། མངོན་པར་མི་གསལ་བའི་ཐོག་ནས་སྲིད་བྱུས་མཁྲེཊ་འཛིན་བྱེད་ཀྱི་ཡོད། ཡིན་ནའང་བོད་མི་ཚོས་ལོ་རྒྱུས་ནང་དཀའ་སྡུག་ཆེན་པོ་མྱང་དང་མྱོང་བཞིན་རང་དབང་གི་འཐབ་རྩོད་དང་། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་རྒྱུ། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་བཅས་འགྱུར་བ་མེད་པར་འཛིན་ཐུབ་པའི་སེམས་ཤུཊ་དང་། སྙིང་སྟོབས། བློས་གཏོང་། ལྷག་བསམ་སྔར་ལྷག་སྐྱེད་བཞིན་པ་འདིས་འཐབ་རྩོད་ཀྱི་གནས་ཚད་མཐོན་པོ་ཞིག་བསླེབས་ཡོད་པ་མཚོན་གྱི་ཡོད།
ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ།
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་བྱེད་དགོས།
ལན། རྒྱ་ནག་དམར་པོའི་གཞུང་གི་མི་མང་འཐུས་མི་ཚོགས་ཆེན་ཟེར་བས་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་རིགས་སྤྱི་དང༌། བྱེ་བྲག་ཏུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གསལ་བ་རྣམས་ཁ་ཙམ་མིན་པར་ལག་ལེན་དོན་འཁེལ་ཡོང་ཐབས་གནང་དགོས་པ་དང༌། ད་དུང་རྒྱ་ནག་གི་མགོ་ཁྲིད་བརྗེ་ལེན་བྱེད་མིན་ལ་མ་ལྟོས་པར། ཐོག་མ་རྒྱ་ནག་རང་ཉིད་ནས་ཚུར་གྲོས་མགོ་བཏོན་པའི་བོད་རྒྱའི་འབྲེལ་མོལ་ཚད་ལྡན་དོན་འབྲས་སོན་པ་ཡོང་ཐབས་གནང་རྒྱུ་དེ་གལ་འགངས་ཆེ་ཤོས་ཤིག་རེད།
བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ཚེ། གླིང་ཆེན་ཨེ་ཤ་ཡའི་ནང་རྒྱལ་ཁབ་ཆེ་ཤོས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་ངལ་སེལ་ཐུབ་པ་རྣམས་རྒྱལ་ཁབ་གཉིས་ཀྱི་བརྒྱུད་ལམ་ཁག་ནས་གཞུང་མང་ལ་གོ་བརྡ་འཕྲོད་པ་གནང་དགོས་པ་མ་ཟད། དེང་སྐབས་རྒྱ་ནག་གཞུང་གི་གོ་སྒྲིག་འོག་བསམ་མེད་བོད་མི་ཉུང་ཤས་ཤིག་ནས་བརྙན་འཕྲིན་དང་བརྒྱུད་ལམ་ཁག་ནས། གཞིས་བཞུགས་བོད་མིའི་མངོན་འདོད་ཡིན་ཁུལ་གྱིས་གུང་ཁྲན་ཏང་ལ་བསྟོད་པའི་གཏམ་བཤད་འདྲ་མིན་དང་། བསྟོད་པའི་གླུ་ལེན་གར་འཁྲབ། གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཡར་རྒྱས་ཕྱིན་ཡོད་ཚུལ་ལ་སོགས་འཁྱོག་བཤད་བྱེད་མཁན་དག་ལ། འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་འབྲེལ་ཡོད་སུ་ཞིག་ཡིན་རུང་མགོ་མི་འཁོར་བའི་ཆེད་དུ། ད་ལྟའི་བོད་ནང་དུ་ཆོས་དང༌རིག་གཞུང༌། སྐད་ཡིག དཔལ་འབྱོར། ཁོར་ཡུག་བཅས་ཀྱི་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་སོགས་རྩ་བ་ནས་མེད་པའི་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་རྡུང་རྡེག་ཚ་ནན་བྱེད་བཞིན་པ་རྣམས། དངོས་ཐོག་བདེན་འཚོལ་གྱིས་ར་སྤྲོད་གང་མྱུར་གང་ཐུབ་ཡོང་ཐབས་ཐོག་འབད་དགོས་ཀྱི་འདུག
དུས་རབས་ཀྱི་སྲོལ་བཟང་དམངས་གཙོའི་ཁེ་ཕན་རྣམས། དེང་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གི་དབང་འོག་དུ་ཡོད་པའི་མི་རིགས་ཡོངས་ལ་སྐད་ཡིག་སྣ་ཚོགས་ཀྱི་སྒོ་ནས། དངོས་ཤུགས་རྒྱུད་གསུམ་ནས་གོ་རྟོགས་གོང་འཕེལ་གཏོང་ཐབ་གནང་དགོས་པ་དང༌། གཞིས་བྱེས་བོད་མི་ཡོངས་ཀྱིས་ཆོས་སྲིད་ཀྱི་ལྟ་གྲུབ་འདྲ་མིན་གང་འདྲ་ཞིག་ཡོད་མིན་ལ་མ་ལྟོས་པར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་ངོས་ཟིན་པའི་ཐོག་ནས། ཕྱོགས་འཐེན་དབྱེན་དཀྲུག་གཉའ་གནོན་མེད་པར་ནུས་ཤུགས་གཅིག་ཏུ་སྤུངས་ཐབས་གནང་དགོས་པའི་ཐོག ཆོལ་ཁ་དང་ཆོས་བརྒྱུད་ལུང་ཚན་མི་ངོ་དཀར་ནག་བཅས་ཀྱི་དབྱེ་འབྱེད་མེད་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་རྣམས་ལག་ལེན་གནད་ཁེལ་ཡོངས་ཐབས་གནང་རྒྱུ་དེ་བས་ཀྱང་གལ་འགངས་ཆེ་བ་འདུག
དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་ཐོག་གཟིགས་ཚུལ་གང་འདྲ་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཏུའང་གྲོས་ཆོད་མང་པོ་ཞིག་ཡོང་གི་རེད། དེ་དག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།
ལན། དེ་སྔའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་དང༌། དམིགས་བསལ་ཚོགས་ཆེན་ཐེངས་གཅིག་བཅས་ཀྱི་གྲོས་ཆོད་ཁག་བཀའ་སྤྱི་གཉིས་ནས་དཔྱད་ཞིབ་ཁུངས་འབུལ་དང༌། ཕྱག་ལྟར་གང་འོས་གནང་དང་གནང་བཞིན་པ་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ལས་རིམ་གསར་ཤོག་ཐོག་ཞིབ་གསལ་བཀོད་ཡོད། འདི་ལོའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་ཇི་ཕེབས་རྣམས་ཀྱང་སྔ་ལམ་ལྟར་ཉམས་ལེན་ཞུ་ངེས་རེད་སྙམ་པའི་རེ་བ་དང་ཡིད་ཆེས་ཡོད།
དྲི་བ། བོད་ཕྱི་ནང་གཉིས་ལ་རང་ལུས་མེར་བསྲེགས་བཏང་ཡོད། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཤུགས་ཆེ་ཤོས་གང་ཞིག་འགྲོ་ཡོད་པ་དང༌། དེའི་རྒྱུ་མཚན་གང་ལ་ངོས་འཛིན་གནང་གི་ཡོད་དམ།
ལན། རྒྱ་ནག་གི་བོད་ཐོག་འཁྲེགས་འཛིན་ཅན་གྱི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པའི་ཐོག བོད་ཕྱི་ནང་གཉིས་ནས་བསྟན་སྲིད་མི་རིགས་ཀྱི་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས། རང་ལུས་མེ་མཆོད་ཕུལ་ཏེ་ཞི་བའི་སྒོ་ནས་ངོ་རྒོལ་གནང་མཁན་རྣམས་ཀྱི་དངོས་བྱུང་གནས་ཚུལ་རྣམས་བོད་གཞུང་མང་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་སྒེར་པ་བཅས་ནས་རྒྱལ་སྤྱིའི་སྐད་ཡིག་སྣ་མང་ཐོག་པར་རིས་དང་བཅས། གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་གང་ཐུབ་གནང་ཡོད་ལ། གྲུབ་འབྲས་ཀྱང་གང་མཚམས་བྱུང་ཡོད།
དགེ་ལུཊ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲཊ་ལགས།
དྲི་བ། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།
ལན། ང་ཚོས་ཧོབ་སྟེ་བལྟས་ན། བོད་ནང་དུ་ཛ་དྲག་གི་གནས་སྟངས་དེ་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༨ ཚེས་ ༢༧ བར། ང་ཚོས་ཧ་གོ་བའི་མི་གྲངས་ ༥༡ གིས་རང་ལུས་མེར་བསྲེཊ་བཏང་སྟེ། མི་གྲངས་ ༤༡ གི་སྐུ་སྲོག་ཤོར་བ་དང་། ཁ་ཤས་གར་སོང་ཆ་མེད་དུ་གྱུར་བ། དམར་གསོད་བཏང་བ། བོད་ས་ཁྱོན་ཡོངས་སུ་རིག་གསར་བསྐྱར་ལོག་བརྒྱབ་སྟེ། བོད་ཀྱི་བླ་སྲོག་ཆོས་དང་རིག་གཞུང་། སྲོལ་རྒྱུན་བཅས་ཀྱི་བསྟི་གནས་དགོན་པ་དང་སློབ་གྲྭ ཞིང་འབྲོག་ས་ཁུལ་བཅས་དེང་རབས་ཅན་དུ་བསྒྱུར་བར་ཁ་གཡར་ནས་སྣོད་བཅུད་གཉིས་ཀ་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་གནས་ཚུལ་དེ་རེད། འོན་ཀྱང་དེ་ལས་ཀྱང་ཛ་དྲག་དང་ཚབས་ཆེ་བ་ནི། གནས་ཚུལ་དེ་དག་གི་རྒྱབ་ལོཊ་ཀྱི་རྒྱ་གཞུང་གི་ངན་རྒུ་ཚང་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་རེད། མདུན་རྒྱབ་གཉིས་ཀྱི་ཛ་དྲག་གི་གནས་སྟངས་དེར་གདོང་ལེན་བྱེད་རྒྱུར་མི་རིཊ་རང་ཉིད་ཀྱིས་ཤུཊ་བརྒྱབ་ནས་རྒྱལ་སྤྱིའི་ཐོག་ནས་གནོན་ཤུཊ་སྤྲོད་རྒྱུའི་རྒྱབ་སྐྱོར་འཚོལ་རྒྱུ་ལས། བོད་ནང་གིས་ཕྱི་ལོཊ་ལ་རེ་བ་བརྒྱབ། ང་ཚོས་རྒྱལ་སྤྱིའི་ཐོག་རེ་བ་བརྒྱབ་པ་ཙམ་གྱིས་གང་ཡང་མི་ཡོང་། མི་རིགས་རང་ཉིད་སོ་སོའི་རྐང་པའི་སྒང་ལངས་ཐུབ་པ་བྱ་རྒྱུ་དེ་ཆོས་འཇིག་རྟེན་གང་ལ་ཡང་གཅིག་མཚུངས་རེད། ད་ལྟའི་ཆར་མདུན་དུ་མཐོང་བ་ནི། གཞི་རིམ་གྱི་མིས་འཐབ་རྩོད་བྱེད་ཀྱིན་པ་ལས་ཤེས་ཡོན་ཅན་དང་ལས་བྱེད། འགན་དབང་གཉིས་ལྡན་གྱི་མི་དེ་ཙམ་མདུན་དུ་ཐོན་ནས་འཐབ་རྩོད་བྱེད་པའི་རྣམ་པ་ཕྱིར་མངོན་ཐུབ་ཀྱི་མེད་པ་དང་། སྣེ་ཁྲིད་ཐུབ་མཁན་ད་ལྟའི་བར་ཡོངས་གྲཊ་སུ་མདུན་དུ་ཐོན་རྒྱུ་ཧ་ཅང་དཀའ་མོ་ཆཊ་ཡོད། འོན་ཀྱང་ཆབ་སྲིད་ཀྱི་གཉའ་གནོན་འོག་བོད་ས་ཡོངས་སུ་རང་དོན་རང་གཅེས་དང་མི་རིཊ་ཀྱི་ལར་ཞེན་སད་རྟོཊ་སྨིན་གསུམ་གྱི་གནས་བབས་ཧ་ཅང་མགྱོཊ་པོའི་ངང་མངོན་གསལ་དོད་པོས་ཡར་རྒྱས་སུ་འགྲོ་བཞིན་པ་ནི། འཐབ་རྩོད་ཀྱི་རྨང་གཞི་ཇེ་བརྟན་དུ་འགྲོ་བའི་སྒུལ་ཤུཊ་ཆེན་པོ་ཞིག་ཡིན། ༡༩༨༩ ལོའི་དྲུག་བཞིའི་སྐབས་རང་གི་གཅེས་ཕྲུག་རྣམས་གནམ་བདེ་སྒོ་མོ་ཆེར་དམར་གསོད་གཏོང་བ་ལ་ང་ཡ་བག་ཚ་ཅི་ཡང་མེད་པ་དེས་རྒྱ་གཞུང་གི་ཐོག་མཐའ་བར་གསུམ་གྱི་རང་གཤིས་ནི་ང་ཚོས་གསལ་པོར་ཤེས་དགོས། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་བའི་ཁྲིམས་མཐུན་གྱི་ཁེ་དབང་རྣམས་གང་ཡོད་པ་དེ་དག་ལག་བསྟར་བྱ་རྒྱུར། རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡི་གེ་ཕུལ་བཞག་པ་དེ་དོན་འཁྱོལ་ཡོང་བར་ཁྲིམས་ཐོག་ནས་འཐབ་རྩོད་བྱེད་པའི་ཁོར་ཡུག་ཅིག་བཙལ་རྒྱུ་དེ་གལ་ཆེན་པོ་གཅིག་རེད། བོད་ས་ཡོངས་ནས་རྒྱ་ནག་གི་ཁྲིམས་སྒྲིག་ཁག་ལ་དོ་སྣང་བྱས་ཏེ། ཕྱོཊ་དང་སྒོ་ཐམས་ཅད་ནས་ཁེ་དབང་ཁག་མ་ཤོར་བ་བྱ་རྒྱུ་དེ་ཡང་འཐབ་རྩོད་ཀྱི་རྣམ་གྲངས་ཤིག་རེད། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཤི་ཁའི་ཁ་ཆེམས་དང་ཤུལ་ལུས་ནང་མི་ཚོའི་རེ་འདོད་”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་དང་བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་པ། བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དགོས་པ།”བཅས་ཁོང་ཚོའི་དགོས་འདུན་ཁག་རྒྱལ་སྤྱིའི་ནང་གཞུང་དང་མང་ཚོཊ་ཚང་མས་གོ་ཐུབ་པ་ཞིག་དང་། དེ་དག་གི་རྒྱབ་སྐྱོར་རག་ཐུབ་པའི་ཁོར་ཡུག་ཅིག་འཛུཊ་སྐྲུན་བྱ་རྒྱུར་བཙན་བྱོལ་ནང་གི་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོཊ་པ་ཚང་མས་འཐབ་ཕྱོཊ་གཅིག་ཏུ་བསྒྲིལ་ནས་རྣོ་ངར་ཆེ་ཞིང་ས་ཆོད་ཡོད་པའི་ལས་འགུལ་གྱི་ནུས་ཤུཊ་གཅིག་ཏུ་སྤུངས་དགོས། རྒྱ་ནག་མི་དམངས་དང་རྒྱ་ནག་གི་ཤེས་ཡོན་ཅན། རྒྱ་ནག་དམངས་གཙོ་དོན་གཉེར་བ། རྒྱ་ནག་གི་དགྲ་ཟླར་འཛིན་པའི་གྲཊ་ཅན་མི་སྣ་དང་ཚོཊ་པ། མི་རིཊ། རྒྱལ་ཁབ་ཁག རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུཊ་ཁག ཆོས་ལུཊ་ཁག་ཚང་མར་འབྲེལ་བ་གསར་འཛུཊ་དང་། རྒྱུན་མཐུད་གོང་འཕེལ་དུ་བཏང་སྟེ། མཉམ་འབྲེལ་གྱིས་རྒྱལ་བ་རིན་པོ་ཆེ་བོད་དང་རྒྱ་ནག་ཏུ་གདན་ཞུས་ཀྱིས་ཁོང་གི་དགོངས་པ་བཞེས་ཕྱོཊ་གཞོན་སྐྱེས་ཚོར་ངོ་སྤྲོད་ཀྱི་ཁོར་ཡུག་ཅིག་གསར་སྐྲུན་བྱ་རྒྱུ་དང་། མེར་བསྲེཊ་ཀྱི་རྒྱུ་རྐྱེན་རྒྱལ་བ་རིན་པོ་ཆེས་ངན་སྐུལ་བྱས་པར་དཔང་རྟཊ་ཡོད་མེད་འདེད་དགོས། དུས་རབས་འདིའི་ནང་རྒྱལ་སྤྱིའི་ཐོག་ཁྲིམས་ཐོག་ནས་ཁྲིམས་མཐུན་འཐབ་རྩོད་ཀྱི་ཁོར་ཡུག་ཅིག་བཙལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གཞུང་གི་འཁྱོག་བཤད་ལ་དག་སེལ་བྱ་རྒྱུར་ཕྱོགས་ཡོངས་ནས་རྗེས་ལུས་མ་ཐེབས་པ་བྱ་དགོས་པར་མ་ཟད། ཁ་གཡར་ས་སྣ་ཚོཊ་བཙལ་ཏེ་བོད་མི་རིཊ་རྩ་མེད་དུ་གཏོང་འཆར་གྱི་སྲིད་བྱུས་ཀྱི་མཐིལ་བརྟོལ་དགོས་ཀྱི་ཡོད།
དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།
ལན། ༢༠༠༨ ལོའི་དམིཊ་བསལ་ཚོཊ་ཆེན་ཐེངས་དང་པོ་རྒྱལ་ཁབ་ཁག་ ༡༩ ནས་ཚོཊ་བཅར་བ་ ༥༦༠ ཚོགས་ཆེན་ལ་མཚོན་ན། རྒྱབ་གཉེར་སྙན་ཐོའི་ནང་གསལ། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལངས་ཕྱོཊ་སྐོར།་”༸སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་སྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་”དང་། “དམིཊ་ཡུལ་སྒྲུབ་བྱེད་ཀྱི་ཐབས་ལམ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཁོ་ན་མུ་མཐུད་བསྟེན་རྒྱུའི་ཐག་གཅོད་དང་ལག་བསྟར་བྱ་རྒྱུ”ཞེས་གསལ་བ་ལྟར་རྒྱུན་འཁྱོངས་ལག་བསྟར་དོན་འཁྱོལ་བྱུང་འདུག དེ་བཞིན་རྒྱ་ནག་སྲིད་གཞུང་དང་མི་མང་གི་སྐོར་དོན་ཚན་ ༥ དང་། སྒྲིག་འཛུཊ་ཡར་རྒྱས་དང་ལས་དོན་ཚགས་ཚུད་དོན་ཚན་ ༡ བཅས་ཚང་མ་ལག་བསྟར་གནང་འདུག འོན་ཀྱང་། གྲུབ་འབྲས་ཐོན་དང་མ་ཐོན་འགལ་རྐྱེན་འཕྲད་པ་དང་མཐུན་རྐྱེན་མ་ཚང་བ། གཞན་དབང་སྟབས་བསྟུན་དགོས་པ་བཅས་ཀྱི་དབང་གིས་ཚོགས་ཆུང་ཁག་གི་གྲོས་ཆོད་ཀྱི་འབྲུ་དོན་ནང་བཞིན་གྲུབ་འབྲས་བྱུང་མ་བྱུང་ཡོད་སྲིད། ལོ་རྒྱུས་ལ་འགན་ཁུར་རང་བཞིན་ཅན་གྱི་ཚོཊ་ཆེན་འདིའི་སྦྱོར་དངོས་རྗེས་གསུམ་ལ་གྲུབ་འབྲས་གང་འདྲ་ཞིག་འབྱུང་མིན་དེ་ཚོཊ་བཅར་བ་ཡོངས་དང་། རྒྱ་ཆེའི་སེར་སྐྱ་མང་ཚོཊ། ཚོཊ་པ་ཁག བོད་མིའི་སྒྲིག་འཛུཊ་བཅས་ཀྱིས་འཐབ་ཕྱོཊ་གཅིག་གྱུར་གྱིས་དཀའ་ངལ་གདོང་ལེན་ལ་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་ཇི་ཙམ་ཡོད་མེད་ལ་བལྟ་རྒྱུ་ལས་ཕན་ཚུན་ལ་ཡུས་བཤད་ས་དང་ལེ་ཁག་དཀྲི་ས་ཡོད་མ་རེད། ས་ཁུལ་མ་འདྲ་བའི་གནད་ཡོད་མི་སྣ་མང་པོ་ཕྱོཊ་གཅིག་ཏུ་འཛོམས་ནས། ཚོར་ཤུགས་ཆེན་པོས་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་གླེང་སློང་བྱས་པ་ཙམ་གྱིས་ཀྱང་ཕན་ཐོགས་གང་འཚམ་ཞིག་ཡོང་རྒྱུར་གཏན་འཁེལ་བ་རེད། རྒྱ་གཞུང་གིས་ཀྱང་དོ་སྣང་ཆེན་པོས་ཉན་རྒྱུར་ཐེ་ཚོམ་མེད་པ་རེད།
དྲི་བ། བོད་ནང་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པ་དག་གི་ནང་མི་དང་། གསོན་པ་དག་ལ་ཕྱི་ཕྱོགས་ནས་གཟིཊ་སྐྱོང་གང་འདྲ་གནང་དགོས་པར་མཐོང་གི་ཡོད།
ལན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བསམ་མི་བཟོད་པའི་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་འཐབ་རྩོད་ལ་བཀའ་དྲིན་བསམ་ཤེས་བྱ་རྒྱུ་དེ། ཤ་ཕྲག་གཅིག་པའི་སྤུན་ཟླ་ཡོངས་ལ་ཆོས་ཉིད་ཀྱིས་བཀལ་བའི་འགན་འཁྲི་ཞིག་རེད། ཤུལ་ལུས་ནང་མིར་ཕྱི་ཕྱོཊ་ནས་སྒྲིག་འཛུཊ་ཀྱིས་གཟིཊ་སྐྱོང་ཐད་ཀར་གནང་བདེ་བོ་ཡོད་པ་མ་རེད། དམ་དྲག་ཆེ་རུ་གཏོང་རྒྱུ་ལས་མ་འདས། འོན་ཀྱང་། འཛིན་སྐྱོང་བརྒྱུད་ནས་རྒྱལ་སྤྱིའི་ནང་སྒེར་དང་ཚོགས་སྡེ་ཁག་ལ་འབོད་སྐུལ་གྱིས་གཟིཊ་སྐྱོང་གནང་རྒྱུ་དེ་གལ་ཆེན་པོ་རེད། གཙོ་བོ་སྐུ་གཤེཊ་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་གང་ཡིན་པ་དེའི་ཐོག་གནད་ས་འཛིན་རྒྱུ་དང་ཤུཊ་རྒྱག་དགོས་པ་དེ། བོད་མི་སྤྱི་བོ་གནམ་བསྟན་མི་རེ་ངོ་རེར་འགན་ཡོད་པ་སུས་ཀྱང་བརྗེད་མི་ཉན་པ་ཞིག་རེད།
བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལཊ།
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།
ངའི་མཐོང་ཚུལ་ལ་ང་ཚོ་བཙན་བྱོལ་ནང་གི་བོད་རིགས་ཚང་མ་གཞིས་ལུས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཞིག་རང་བཞིན་གྱིས་ཆགས་བསྡད་པ་ཡིན་དུས། གནད་འགག་ཆེ་ཤོས་དེ་བོད་ནང་གི་དངོས་ཡོད་གནས་སྟངས་དྲིལ་བསྒྲགས་སྐོར་བོད་མི་ཚང་མས་ཉི་མ་རེ་རེ་བཞིན་འགན་བཞེས་གནང་རྒྱུ་ཧ་ཅང་གལ་ཆེན་ཞིག་མཐོང་གི་འདུག
ད་ལྟའི་ཆར་བཀའ་ཤག་དང་གྲོས་ཚོགས་མཉམ་རུབ་ཀྱིས་རྒྱལ་སྤྱིའི་ཐོག་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་ཀྱིས་བོད་དོན་སྐོར་སྔར་ལྷག་དྲིལ་བསྒྲགས་འགྲོ་བཞིན་པའི་སྐབས་སུ་བྱེས་འབྱོར་བོད་མི་ཡོངས་ཀྱིས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ནང་གི་གཞིས་ལུས་མི་མང་གི་གནས་སྟངས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱུས་ལོན་བྱ་རྒྱུ་དང་། རྒྱ་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཆར་བསམ་ཡུལ་ལས་འདས་པའི་གཏོར་བཅོམ་གཏོང་བཞིན་པ་དག རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསྐྱལ་ཐུབ་པ་ཞིག་བྱ་རྒྱུར། བྱེས་སྡོད་བོད་རིགས་མི་རེ་ངོ་རེ་ནས་གཡས་ཁ་གཡོན་དཀྲི་མེད་པར་འགན་ཁུར་གནང་མ་ཐུབ་ཚེ། རྒྱལ་སྲུང་གི་འགྲོ་གྲོན་ལས་དྲིལ་བསྒྲགས་ཀྱི་འགྲོ་སོང་ཆེ་བའི་རྒྱ་གཞུང་གིས་མི་བདེན་རྫུན་སྒྲིག་ཁོ་ནའི་འོག བོད་ནང་གི་གནས་སྟངས་ངོ་མ་དེ་འཛམ་གླིང་ཐོག་ལས་སླ་མོ་ཞིག་གིས། ནམ་ཡང་མཐོང་མི་ཐུབ་པས་འདི་གནད་འགག་ཅིག་མཐོང་གི་འདུག་ལ། ང་ཚོས་བོད་ནང་གི་གནས་སྟངས་ངོ་མ་དེ་རྒྱལ་སྤྱིའི་ཐོག་མཐོང་ཐུབ་པ་བྱ་རྒྱུ་ནི། རང་དབང་ལུང་པའི་ནང་ཡོད་པའི་རྒྱུ་མཚན་གྱིས་དམིགས་བསལ་འགན་ཞིག་ཀྱང་ཡོད།
དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།
ལན། དེ་སྔ་བར་ང་ཚོས་ཚོགས་ཆེན་མང་པོ་ཞིག་ཚོགས་ཡོད་ལ། གྲོས་ཆོད་ཀྱང་མང་པོ་ཞིག་བཞག་ཡོད། འགྲོ་སོང་ཡང་མང་པོ་ཞིག་བཏང་ཡོད། ད་བར་ཧ་ལས་པའི་གྲུབ་འབྲས་ཞིག་ཐོན་ཡོད་མིན་གང་ལྟར། གནད་ཡོད་མི་སྣ་མང་པོ་ཞིག་དང་ཕན་ཚུན་མཇལ་འཕྲད་རྒྱུས་ལོན་གྱིས་བོད་དོན་སྐོར་བསམ་ཚུལ་མི་འདྲ་བ་རྣམས་ཕྱོགས་གཅིག་ཏུ་སྤུངས་ཡོང་དུས་གཞུང་མང་གཉིས་ཀར་བློ་སྐྱེད་དང་། མ་འོངས་པའི་ལས་དོན་གནང་ཕྱོགས་ཐོག་བརྒྱ་ཆའི་བརྒྱ་ཕན་ཐོགས་ཡོད་པ་དངོས་ཡོད་རེད། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་དེ་གཞི་ནས་འཚོགས་རྒྱུ་ཡིན་དུས། ཚོགས་ཆེན་ཐོག་གྲོས་ཆོད་ག་རེ་ཡོང་མིན་བཤད་དཀའ་ཡང་། འཛམ་གླིང་ས་ཕྱོགས་གང་ས་ན་བཞུགས་པའི་བོད་རིགས་གནད་ཡོད་མི་སྣ་ ༥༠༠ ཙམ་མཉམ་དུ་འཛོམས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བགྲོ་གླེང་ཞིབ་ལྷུག་གནང་གི་ཡོད་དུས། སྤྱི་ཡོངས་ཀྱི་ཆ་ནས་ཕན་ཐོཊ་ཆེན་པོ་ཡོང་གི་རེད། དེ་རེབ་ཚོགས་ཆེན་འདི་བཅའ་ཁྲིམས་དོན་ཚན་ ༥༩ པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་ཡིན་པ་མ་ཟད། དེ་སྔ་མི་ལོ་ ༥༠ རིང་ཚོགས་འདུ་ཐེངས་གཅིག་ལས་ཚོགས་མྱོང་མེད་པ་རེད། ཚོགས་ཆེན་གྱི་གྲོས་ཆོད་རྣམས་ལག་བསྟར་གནང་ཕྱོགས་སྐོར་གཞུང་མང་གཉིས་ཀས་འཁུར་མཉམ་ལེན་དང་། ལྷག་པར་ད་ལྟའི་དུས་འདིར་༸གོང་ས་མཆོག་ཞལ་བཞུགས་ཐོག་ལ། ང་ཚོས་ཤུགས་བརྒྱབ་ན་རྒྱག་ས་ཡོད་བསྡད་པ་ཞིག་ཡིན་དུས། ཏན་ཏན་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་ཐུབ་ཀྱི་རེད་བསམ་གྱི་ཡོད།
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་མིན་དང་། དགོས་ན་ཇི་ལྟར་བསྐྱར་མཐུད་བྱེད་དགོས།
ལན། བོད་ནང་གི་བོད་མི་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འོག་སྡོད་འདོད་མེད་པར། བོད་ལ་རང་དབང་ཚད་ལྡན་ཞིག་དགོས་པའི་འབོད་སྒྲ་སྒྲོག་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་གཅེས་པའི་ལུས་ཀྱང་མཆོད་མེར་འབུལ་བཞིན་པའི་སྐབས་འདིར། བཙན་བྱོལ་ནང་ནས་ཉིང་དགོས་མེད་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ཉི་ཚེ་བ་རེ་བཤད་དེ་མི་ལོ་ ༥༠ བསྐྱལ་ཟིནའང་། རྒྱ་གཞུང་གིས་ཡ་ལན་ཙམ་ཡང་མེད་ཁར་བཙན་བྱོལ་གཞུང་མང་ནས་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་རྣམས། གསར་བརྗེ་ངོ་རྒོལ་དང་ལོག་སྤྱོད་པའི་བྱ་སྤྱོད། བཀས་བཀོད་བརྒྱུད་འཛིན། ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རྙིང་པ་བསྐྱར་གསོ་སོགས་འཁྱོག་བཤད་བྱེད་ཀྱི་ཡོད་པ་མ་ཟད། ཉེ་ཆར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་གིས་འོས་བདམས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་རླབས་ཆེན་གྱི་དགོངས་བཞེས་གནང་བའི་ཉིན་ཤས་རྗེས། རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ཏུ་༼ཏཱ་ལ་ཡི་ལས་འཁྱུར་ངལ་གསོ་བྱས་པ་ནི་ཆབ་སྲིད་ཀྱི་ཟློས་གར་ཙམ་རེད།༽ཅེས་མགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་མང་པོ་སྤེལ་ཏེ༸གོང་ས་མཆོག་ལ་གཞི་མེད་མཚན་སྨོད་སྔར་བའི་ཤུགས་ཆེན་བྱས་ཡོད། གང་ལྟར་ང་ཚོའི་ཕྱོགས་ནས་ལྷག་བསམ་རྣམ་དག་གིས་བོད་རྒྱ་གཉིས་ཀར་སྨན་པའི་བསམ་བློ་ག་ཚོད་བཏང་ཡང་རྒྱ་གཞུང་ནས་ཡ་ལན་སྣ་གཅིག་ཀྱང་མ་བྱས་པའི་རྐྱེན་གྱིས། འདི་ལོར་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རྣམ་པ་འུ་ཐུག་ནས་ལས་གནས་ནས་དགོང་པ་ཞུ་དགོས་བྱུང་བ་རེད། ད་དུང་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་འདུག་རྒྱུ་ཡིན་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱེད་བཞིན་པ་འདི་ནི། བོད་མིའི་བསོད་ནམས་ཀྱི་ཡོལ་གོལ་མ་འཆུས་པའམ་དཀར་མིན་གྱི་འབྲས་བུ་དུས་སུ་བདོ་བ་སོགས་གང་ལྟར། ཆེས་ཡ་མཚན་ལ་ཡི་མུག་པའི་གནས་ཤིག་རེད། མདོར་ན་རྒྱ་ནག་དེ་དམངས་གཙོ་ཅན་དུ་མ་འགྱུར་བར། ང་ཚོས་རྒྱ་ནག་ལ་མགོ་ག་ཚོད་སྒུར་ཡང་མགོ་ཐོག་ཏུ་རྡོག་རྫིས་གཏོང་རྐྱང་ལས་གང་ཡང་མི་ཡོང་བ་ས་རིས་ཐང་གསལ་རེད། དེས་ན་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཁ་གཡར་ཏེ། ད་དུང་ཉི་མ་ཕུད་ཐབས་ཀྱིས་བོད་རྒྱ་འབྲེལ་མོལ་ཟེར་བའི་ལས་ཀ་དེ་བསྐྱར་མཐུད་བྱས་ན་དགོས་པ་གང་ཡང་མཐོང་མ་སོང་།
གསར་འགོད་པ། དཔལ་ལྡན་དང་ཚེ་རིང་རྒྱལ།
༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽
ཤོག་ངོས་འདི་ཐེངས་ ༣༡ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ཚོས་དགོངས་ཚུལ་ལ་དྲ་གྲོགས་རྣམ་པས་ཞུ་དག་གཅིག་གནང་ན་ག་འདྲ་འདུག ཡག་པོ་གསུང་འདུག་དངོས་གནས་བཤད་ཕོད་པ་དང་བཤད་ས་ཡོད་པ་ནི་དོན་གྱི་མང་གཙོ་རང་རེད། ད་དུང་ཆོས་ལུགས་སོ་སོའི་སྤྱི་འཐུས་ལས་ལྷག་པ་ཟམ་གདོང་བླ་མའི་དགོངས་དོན་ཆོས་དོན་ལྷན་ཚོགས་ཟེར་བའི་ཕུང་གསུམ་ཅན་གྱི་ལས་འཆར་དེ་དགོས་ས་རེད་དམ།
གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།
་་་་་་་ གཞིས་བྱེས་བོད་མིའི་ལས་འགུལ་རྣམས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གསལ་སྟོན་ཆེད། དྲ་རྒྱ་བེད་སྤྱོད་གཏོང་མཁན་བོད་མི་ཡོད་དོ་ཅོག་གིས་འགན་ཁུར་ཤུགས་ཆེ་ཙམ་གནང་དགོས་རྒྱུ་དང་། དམིགས་བསལ་སྲུང་སྐར་བརྙན་འཕྲིན་གྱི་བརྒྱུད་ལམ་ཞིག་བསྐྲུན་ཐབས་དགོས་རྒྱུ་ཁ་ཚ་དགོས་གཏུག་ཏུ་མཐོང་གི་ཡོད། ་་་་་ ཟེར།
འཐུས་ཚོཊ་གཞོན་དང་རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག
་་་་་ བོད་ནང་གི་བོད་མིའི་གནས་སྟངས་ནི་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། རྐྱེན་རྩ་གཙོ་བོར་རྒྱ་གཞུང་གིས་བོད་མིའི་ཐོག་འཇམ་རྩུབ་ཀྱི་སྲིད་བྱུས་ཡིད་དུ་མི་འོང་བ་ལག་བསྟར་བྱས་པར་ཐུག་ཡོད། ་་་ཟེར།
ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ།
་་་་་་ བོད་ཕྱི་ནང་གཉིས་ནས་བསྟན་སྲིད་མི་རིགས་ཀྱི་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས། རང་ལུས་མེ་མཆོད་ཕུལ་ཏེ་ཞི་བའི་སྒོ་ནས་ངོ་རྒོལ་གནང་མཁན་རྣམས་ཀྱི་དངོས་བྱུང་གནས་ཚུལ་རྣམས་བོད་གཞུང་མང་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་སྒེར་པ་བཅས་ནས་རྒྱལ་སྤྱིའི་སྐད་ཡིག་སྣ་མང་ཐོག་པར་རིས་དང་བཅས། གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་གང་ཐུབ་གནང་ཡོད་ལ། གྲུབ་འབྲས་ཀྱང་གང་མཚམས་བྱུང་ཡོད། ་་་་ཟེར།
དགེ་ལུཊ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲཊ་ལགས།
་་་་ ད་ལྟའི་ཆར་མདུན་དུ་མཐོང་བ་ནི། གཞི་རིམ་གྱི་མིས་འཐབ་རྩོད་བྱེད་ཀྱིན་པ་ལས་ཤེས་ཡོན་ཅན་དང་ལས་བྱེད། འགན་དབང་གཉིས་ལྡན་གྱི་མི་དེ་ཙམ་མདུན་དུ་ཐོན་ནས་འཐབ་རྩོད་བྱེད་པའི་རྣམ་པ་ཕྱིར་མངོན་ཐུབ་ཀྱི་མེད་པ་དང་། སྣེ་ཁྲིད་ཐུབ་མཁན་ད་ལྟའི་བར་ཡོངས་གྲཊ་སུ་མདུན་དུ་ཐོན་རྒྱུ་ཧ་ཅང་དཀའ་མོ་ཆཊ་ཡོད།་་་ཟེར།
བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལཊ།
་་་་ མདོར་ན་རྒྱ་ནག་དེ་དམངས་གཙོ་ཅན་དུ་མ་འགྱུར་བར། ང་ཚོས་རྒྱ་ནག་ལ་མགོ་ག་ཚོད་སྒུར་ཡང་མགོ་ཐོག་ཏུ་རྡོག་རྫིས་གཏོང་རྐྱང་ལས་གང་ཡང་མི་ཡོང་བ་ས་རིས་ཐང་གསལ་རེད། དེས་ན་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཁ་གཡར་ཏེ། ད་དུང་ཉི་མ་ཕུད་ཐབས་ཀྱིས་བོད་རྒྱ་འབྲེལ་མོལ་ཟེར་བའི་ལས་ཀ་དེ་བསྐྱར་མཐུད་བྱས་ན་དགོས་པ་གང་ཡང་མཐོང་མ་སོང་། ་་་་ཟེར།
གོ་སྐབས་དམ་འཛིན་གྱི་ཐོག་ནས་བསམ་སྦྱོར་ངན་པའི་བྱ་ངན་རིགས་སྤེལ་བར་ཉེན་ཁ་ཤིན་ཏུ་ཆེ་བས་ཚང་མའི་ཡིད་གཟབ་དགོས་ཞེས་འདི་ལོར་༧སྐུའི་འཁྲུངས་སྐར་ཉིན་སྲིད་སྐྱོངས་མཁས་དབང་མི་རྗེ་བློ་བཟང་སེངྒེའི་གཞུང་འབྲེལ་བསྒྲགས་གཏམ་ཐོག་སྤེལ་ཡོད་པས་དགོས་པ་རྒྱུ་མཚན་ཆེན་པོར་ཞིག་གཟིགས་ནས་་སྤེལ་བར་ཐག་ཆོད་པའི་བོད་འབངས་སྐྱེ་བོ་ཀུན་གྱི་སྤྱང་གྲུང་ལྡན་པའི་རྣམ་དཔྱོད་བེད་སྤྱོད་གཏང་སྟེ། བྱ་སྤྱོད་ཐལ་ཤལ་རིགས་ལ་ངེས་པར་དུ་གདོང་ལེན་གནང་གལ་ཆེ། དཔེར་ན་རང་དོན་ཁོག་བཅངས་དང་། སྤྱི་དོན་ཁ་འཁྱེར་གྱི་སྐབས་འཚོ་བ་སུ་དང་གང་ཡིན་མིན་དབྱེ་འབྱེད་ཐུབ་དགོས ལྷག་པར་དུ་ཚོགས་ཆེན་འདི་ལྟ་བུའི་ནང་ཉེན་ཁ་ཆེ་བ་མངོན།
༸གོང་ས་མཆོག་གིས།
་་་་ གང་ལྟར་སྐྱེ་འཆི་ལ་རང་དབང་ཐོབ་པའི་སྐྱེས་བུ་དམ་པ་སྨོས་ཅི་དགོས། སྤྱིར་བཏང་རང་རེ་ཐ་མལ་པ་ཡིན་རུང། ང་སྡོད་དགོས། ངའི་མི་ཚེ་ལྡེང་པ་བྱ་དགོས་སྙམ་པའི་སེམས་ཤུགས་སམ། འཕེན་པ་ཡོད་ན་རྟེན་འབྲེལ་ཞིག་འགྲིགས་ཀྱི་ཡོད་པ་རེད། ་་་་
འོ་རེད ད་དུང་ཁ་གསལ་ཙམ་ཞུས་། ་གོ་སྐབས་དམ་འཛིན་ཞེས་པ་ནི་༧གོང་མཆོག་གིས་ཆབ་སྲིད་ཀྱིས་འགན་དབང་མི་མང་གིས་འོས་འདེམས་གནང་བས་འགོ་ཁྲིད་ལ་གནང་ཡོད་པས་སྐབས་འཚོ་བ་ཉུང་ཤས་ནས་སྤྱིར་་དོན་ཁ་འཁྱེར་དང་སྒེར་དོན་ཁོག་བཅངས་གི་བསམ་སྦྱོར་ངན་པའི་རིགས་སྤེལ་བར་ཉེན་ཁའི་རང་བཞིན་དུ་གནས་ཡོད། དཔེར་ན་རང་བཙན་དང་ལམ་དབུ་མ་སོགས་རང་གི་ལྟ་གྲུབ་ཡིན་ཁུལ་གྱིས་ཚོགས་པ་འདྲ་མིན་དང་མིང་འདྲ་མིན་བེད་བསྐྱེད་ཏེ་ཕྱོགས་རིས་གདོན་གྱིས་ཟིན་པའི་ཐལ་ཤལ་ཆེས་ཉུང་ཤས་ཀྱིས་སྤྱིར་དང་། སྒེར། གཞུང་འབྲེལ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་དག་གི་ནང་དུ་མི་མངོན་པའི་ཚུལ་གྱི་འཁྲབ་བཞིན་ཡོད་པས་དེ་དག་ལ་གོ་དགོས།
འོ་རེད། རང་དོན་ཁོག་བཅུགས་སྤྱི་དོན་ཁ་འཁྱེར་གྱི་སྐབས་འཚོལ་རིང་ལུགས་ཀྱི་བསམ་སྦྱོར་ངན་པའི་འཇུག་པ་པོ་ཟེར་ན་ཁྱོད་འདྲ་ལེ་མ་རེད་པས། ཧ་ཧ། བྱས་ཙང་སྲིད་དོན་ཚོང་པའི་འཁྲབ་སྟངས་དེ་འདི་འདྲ་རེད་པཱ། ཡར་གོང་མར་སྤྲེལ་ལད་འཁྲབས། མར་འོག་མར་ཁ་བརྡུང་བཏང་དམངས་གཙོའི་ཁེ་དབང་ཕྲོགས། སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱས། སྤྱིར་དང་སྒེར། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་དུ་སིམ་གྱིས་འཛུལ་ནས་མི་མངོན་པའི་ཚུལ་གྱིས་དབྱེན་དཀྲུགས་ཀྱི་ཟློས་གར་འཁྲབ་དང་འཁྲབ་བཞིན་པའི་སྲིད་དོན་ཚོང་པ་ཁྱོད་རང་ལ་གོ་དགོས་པ་མ་རེད་པས། དེས་ན་མི་རྗེ་སྲིད་སྐྱོང་སེངྒེ་ཚང་གིས་གཞུང་འབྲེལ་བསྒྲགས་གཏམ་སྤེལ་སྟངས་ནོར་མི་འདུག་ལ་སྐབས་འཚོལ་རིང་ལུགས་ཀྱི་སྲིད་དོན་ཚོང་པ་ཁྱོད་ཚོར་གཟིགས་སྟངས་ཀྱང་རྩ་བ་ནས་ནོར་མི་འདུག། ཧ་ཧ།
ཧ་ཧ་ཧ་་་་་་ད་ཡིན་ན་ཁོག་པའི་ནང་དུ་ནད་མེད་ན། །གདོང་པའོ་ངོས་ལ་དྲེབ་པ་ཡོང་དོན་མེད་ཟེར་བ་བཞིན་ངོ་མ་ཅི་མི་བདེན། ང་ཁྱོད་ལ་སྙིང་འདྲ་རྗེ་ཡོང་གི་འདུག །ངས་རྩོམ་ཡིག་དེ་ལམ་སེང་ཁྱོད་ལ་ཕོག་འདུག་ཏག་ཏག་འགྲིག་འདུག །ད་དུང་མི་ངན་རེ་ཟུང་ལ་ཕོག་ཡོད་པ་ཐག་གཅོད་ཐུབས་ཀྱི་འདུག །་་་ཧ་ཧ་ཧ་ཧ་ཧ་་་་་་་་
གདོང་པའི་ངོས་ལ་དྲེག་པ་ཞེས་འབྲི་དགོས་པ་མ་རེད་པས།
གདོང་པའི་ངོས་ལ་དྲེག་པ་འཁོར་བ་ཙམ་གྱིས་ཁོག་པའི་ནང་དུ་ནད་ཡོད་པ་མི་ཁྱབ་ཏེས། དཔེར་ན་འཁྲུས་མ་བྱས་པ་དང་གཞན་གྱིས་ནག་རྩི་བྱུགས་པ་སོགས་ཡོང་སྲིད་པ་རེད། འོན་ཀྱང་ང་ལ་ཁོག་ནད་མེད་ལ་གདོང་ལ་དྲེག་པ་ཡང་མེད། རེད་དེ་ཁྱོད་དུས་རྒྱུན་ངར་མདོག་བསྟོན་ཙང་ངར་ངར་རྫིག་རྫིག་གང་འདྲ་བསྟན་རྒྱུ་འདུག་ལྟ་ཡི་ཡོད།
དེས་ན་ཁྱོད་ཀྱིས་ང་ལ་སྙིང་རྗེ་རུལ་བ་དེ་བསྐྱེད་དགོས་པ་མ་རེད། དོན་དངོས་སྙིང་རྗེ་བྱེད་ཡུལ་ནི་དུས་རབས་ག་པར་སླེབས་མིན་ཡང་མི་ཤེས་པའི་མི་དེ་ཚོར་སྙིང་རྗེ་བྱེད་དགོས་པ་རང་རེད། ད་དུང་ངས་རྩོམ་ཡིག་ཡིན་ན་ཅིག། ཁྱོད་ཀྱིས་ཞབས་མཆན་ཐུང་ཐུང་འདི་ལ་རྩོམ་ཡིག་ཏུ་རློམས་པ་ནི་དགོད་སྤྱད་ཅིག་མ་རེད་པས། ཧ་ཧ།
སྤྱི་དོན་སེམས་ཤུགས་ཅན་དང་མིའི་སེམས་ཕམ་དུ་མི་འཇུག་པ་ནི་རྡོག་རྩ་གཅིག་སྒྲིལ་དང་བྱ་བ་ལམ་འགྲོ་ཡོང་བའི་གཞི་རྩ་གཅིག་བུ་དེ་ཡིན།
ད་ཁྱོད་རང་ངུས་ནས་འདུག་ཤིག །མཆན་གྱི་ཚུལ་དུ་བྲིས་པའི་རྩོམ་ཡིག་རང་ཡིན། ཁྱོད་སྣང་བ་མ་འགྲོ་ན་ཡང་ངའི་དེ་བཞིན་ངོས་འཛིན་གྱི་ཡིན། བསྐྱར་དུ་རེ་བ་གཅིག་རང་ཡོད་པ་དེ་ནི་མི་ངན་ཁྱོད་ཚོས་དུས་རབས་ཉེར་གཅིག་པའི་རྣམ་དཔྱོད་ཞིག་ཡོད་པར་རློམས་ནས་༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པའི་ལོག་ལམ་དུ་སོ་སོ་འགྲོ་འདོད་ཡང་མི་གཞན་དེར་མ་བསྐྱལ་རོགས། ཁྱོད་ལ་དགོས་པའི་དབང་གི་དེ་ལྟར་འགན་ཡོད་ན་ཁྱོད་ཀྱིས་འདོད་པ་ལོས་ཡིན། དེ་མིན་ང་ཚོ་བོད་མིའི་བསམ་པའི་གཙོ་འཛིན་ནི་༧གོང་ས་ཡིད་བཞིན་ནོར་བུ་ལས་ལྷག་པར་སྔར་མ་བྱུང་ལ་ཕྱིས་སུ་ཡང་མི་འབྱུང་བར་ཐག་གཅོད་ཐུབས་ཀྱི་ཡོད།
ད་ནི་མུག་ཤི་དྲངས་རྒྱུ་མ་གཏོག་ཅང་ལྷག་མེད་པ་འདྲ། ཧ་ཧ། ༧གོང་ས་མཆོག་གི་དགོངས་གཞི་བསྒྲུབ་སྟངས་དེ་མི་གཞན་ལ་ངན་སྨྲས་དང་ཚིག་མཚོན་འདེབས་པ་དོན་མེད་ཀླན་ཀ་འཚོལ་རྒྱུ་དེ་ཨེ་རེད། ཁྱོད་ཀྱིས་༧གོང་ས་མཆོག་གང་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད། བྱས་ཙང་རྙིང་ཞེན་བག་ཁུམས་ཀྱི་ལྟ་བ་དང་ཀླད་རྙིང་མཁྲེགས་འཛིན་གྱི་ཀླད་ལྗང་སོགས། མདོར་ན་་བློ་རྒྱ་ཁབ་མིག་ལས་གུ་དོག་པའི་མི་ཞིག་གིས་དུས་རབས་འདིར་༧གོང་ས་མཆོག་གི་དགོངས་གཞི་བླ་ན་མེད་པ་དེ་མ་རྟོགས་པ་མ་ཟད་བསྒྲུབ་སྟངས་ཡང་མ་ཤེས་པ་དེ་རེད།
རིག་པའི་བུ་ལ་ཁ་བརྡ་ཚང་གི་སྨྲ་བརྗོད་རང་དབང་སྤྲད་འདུག དེ་མིན་སྙིང་རྗེ་གནོན་ཤུགས་གིས་བསུབ་རྐྱང་རེད།
སྤྱིར་བསྟང་༧གོང་ས་མཆོག་གི་དགོངས་གཞི་རྟོགས་པར་དཀའ་ལས་ཁག་པོ་གང་ཡང་མིན། རྒྱུ་ཅིའི་ཕྱིར་ཞེ་ན། ཁང་གིས་བཀའ་སློབ་ལམ་སྟོན་དག་ནི་དུས་ནམ་ཡང་ཕྱི་གསལ་དང་ཁ་གསལ་གཏིང་གསལ་ཡིན་པས་སོ། ཡིན་ན་ཡང་མི་ངན་ཁྱོད་དང་ཁྱོད་ཀྱིས་ཕྱོགས་གཏོགས་པ་ཚོས་ཤེས་ན་མ་ཤེས་མདོག་མདོག་དང། གོ་ན་མ་གོ་མདོག་་མདོག །མདོན་རང་གིས་འདོད་པ་དང་མི་མཐུན་ན་གོ་བ་ལོག་པར་འགྲེལ་བར་རྒྱུན་ལྡན་གྱི་གནས་ཚུལ་དུ་གྱུར་ཟིན ད་དུང་ཆེས་བྱ་སྤྱོད་ངན་པ་ཞིག་ནི། སྤྱིར་དོན་ཁ་ཁྱེར་དང་སྒེར་དོན་ ཁོག་བཅུགས་ཀྱིས་སྦྱོར་ངན་དེའི་མི་གཞན་ལོག་ལམ་དུ་འཁྲིད་ཐབས་དང། ༧གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞིར་ལོག་པར་འགྲེལ་གང་ཐུབ་བཟོ་བཞིན་པ་ནི་ཆེས་ཐབས་སྡུག་གི་བྱ་སྤྱོད་ཞིག་ཡིན་པ་མ་ཟད། བོད་བསྟན་སྲིད་སྤྱི་ལ་གནོད་པས་སྦྱོར་ངན་དེ་འདྲ་ནི་རྒྱ་དམར་སྲིད་གཞུང་གི་བྱེད་སྟངས་དཔེར་ལྟ་བ་དང་གཉིས་སུ་མ་འཆིས། མདོ་བསྡུས་ནས་བཤད་ན་མི་ངན་གསེར་འབྲུག་དང་། རིག་པའི་བུ། མངའ་རིགས་འཕྲིན་ལས་སོགས་ལ་ནི་ང་ཚོས་དུས་ཡང་དོགས་ཟོན་དགོས་པའི་གནས་ཡིན་པས་དྲ་གྲོགས་ཡངས་ནས་དག་སྣང་གནང་གལ་ཆེ། ད་དུང་ཁ་བརྡའི་དྲ་བདག་ལགས་ལ་གསལ་འདེབས་ཞུ་རྒྱུ། རིག་པའི་བུ་ནས་བཀོད་པའི་མཆན་བུ་འདི་ལ་ཞིབ་འཇུག་ཡག་པོ་ཞིག་གནང་བས་རེ་བ་ཡོད།
རྒྱུ་མན་ཅིའི་ཕྱིར་ཞེ་ན། ཁང་གིས་བཀའ་སློབ་ལམ་སྟོན་དག་ནི་དུས་ནམ་ཡང་ཕྱི་གསལ་ནང་གསལ་དང་ཁ་གསལ་གཏིང་གསལ་ཡིན་པས་སོ། ནོར་བཅོས་
འཇམ་གཅེས་ཟེར་བ་དེ་དོན་མེད་ཀྱི་འུར་རྒྱག་རྒྱུར་དགའ་འདུག དེ་འདྲའི་བཤད་རྒྱུ་ཞིག་ཡོད་ན་བོད་ནང་ལ་ཤོག་དང་ངས་ཁྱོད་གོང་ཁྲན་༼དམར་ཚོཊ༽དང་མཉམ་དུ་ཁ་བརྡ་ཞིག་བྱེད་དུ་འཇུག རང་དགར་སྐྲག་མི་དགོས་ས་ནས་འུར་མ་རྒྱག
སྔར་ནས་བཤད་ཟིན་པ་བཞིན་འཇམ་གཅེས་ཁྱོད་ཆོས་ལུགས་ཞེན་ཁོག་དང་ཆབ་སྲིད་སྲེ་མི་རུང་། དེ་ནི་ངོ་མ་མི་རིགས་ཕུང་བྱེད་ཀྱི་དུག་རྩ་ཡིན། ཆོས་དང་བླ་མ་ནི་གང་ཟག་སྒེར་ཐར་པ་ཐོབ་པའི་ལམ་དང་གྲོགས་ཡིན། ཆབ་སྲིད་ནི་རྒྱལ་ཁབ་སྲ་བརྟན་དང་དེང་དུས་ཤེས་ཡོན་སོགས་འཛམ་གླིང་འགྱུ་འགྲོས་ལ་གཞིག་ནས་འགྲོ་དགོས་པ་ལས་ཁྱོད་དང་ཁྱོད་འདྲ་བ་ཆོས་ལུགས་རྨོངས་ཞེན་རྐྱང་བྱས་པས་བོད་མི་རིགས་མཐའ་འདི་ལ་སླེབས་ཡོད། ད་སྐྱོབས་མཁན་སུ་འདུག་ད་དུང་མི་རེ་གཉིས་ངོ་ལ་བལྟ་ནས་སྡད་རྒྱུ་ཡིན་ནམ།
ཉེ་ཆར་སྤྱི་འཐུས་གྲོས་ཚོགས་སུ་གྲོས་བསྡུར་མང་པོ་གནང་བཞིན་པའི་༸གོང་ས་མཆོག་ཐུགས་ཕམ་འབྱུང་གཞིའི་སྐོར་རེད། དེ་མིན་དྲ་ལམ་ན་ཡང་མི་བཟང་ངན་གཉིས་སམ་ཡང་ན་རང་རེའི་སྤྱི་ཚོགས་ནང་གི་མི་ཡིན་མིན་གཉིས་ཀས་སྐད་ཆ་འདྲ་མིན་བཤད་གི་ཡོད་ཚོད་རེད། ཡིན་ན་ཡང་དོན་དམ་པར་ང་ཚོས་སུ་ཞིག་གི་སྐད་ཆ་བདེན་མིན་དང་། སུ་ཞིག་གིས་བོད་ཀྱི་རྩ་དོན་ཐད་ལ་འབད་བརྩོན་བྱེད་གི་ཡོད་མེད། སུ་ཞིག་གིས་བོད་ཀྱི་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་གི་ཡོད་མེད་སོགས་གསལ་བོ་མཐོང་ཐུབ་པ་ཞིག་རེད། དེའི་ཕྱིར་ང་ཚོས་ལེགས་ཉེས་ཀྱི་གདམས་ཁ་མ་ནོར་བ་ཞིག་དགོས་གལ་ཤིན་ཏུ་ཆེ། དེ་ནི་བོད་ཀྱི་རྩ་དོན་ཡིན་ལ་ལྷག་པར་དུ་དེ་ནི་བོད་མི་རྣམས་མཐུན་སྒྲིལ་གོང་བུ་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་ཡང་ཡིན། དེས་ན་༸གོང་ས་མཆོག་ཐུགས་ཕམ་འབྱུང་གཞི་དེ་གཙོ་བོ་བོད་ཕྱི་ནང་གཉིས་ན་བོད་ནང་ཁུལ་དཀྲུགས་ཤིང་རྒྱག་མཁན་གྱི་མི་ངན་རེ་ཟུང་ཡོད་པས་དེ་དག་གིས་ཆེད་དུ་བཟོས་པ་ཞིག་རེད། རང་ཉིད་ལྟ་བུར་མཚོན་ན་རང་བཙན་ལ་དགག་པ་ནམ་ཡང་མེད།ཡིན་ཡང་རང་བཙན་རྩོད་མཁན་གྱི་མི་ངན་ཁྱི་འདྲ་བ་ཁ་ཤས་ཀྱིས་ཕར་རྩོད་ས་ལ་མི་རྩོད་པར་ནང་ཁུལ་ཚོགས་པ་འདྲ་མིན་བཙུགས། མི་མང་ཁ་འཐོར་དགུ་འཐོར་དུ་བཏང་ནས་གུང་ཁྲན་ཏང་ལ་གཞོག་འདེགས་བྱེད་ཀྱི་ཡོད་པ་གསལ་བོ་ཡིན་པས་ངོ་མ་ཐང་ཆད་སོང་ལ་རེ་ཐག་ཀྱང་ཆད་སོང་། མི་མང་གིས་ཀྱང་དེ་དག་མཁྱེན་པ་གནང་དགོས་གལ་ཆེ།་
དེ་མིན་དྲ་ཐོག་འདིར་ཁ་ཤས་ཀྱིས་སྐད་ཆ་འདྲ་མིན་བཤད་ཀྱི་ཡོད་པ་དེ་ངོ་མ་བྱས་ན་ཁ་བརྡ་ཚང་གིས་འགོག་དགོས་པ་ཞིག་ཏུ་སྣང་སོང། གང་ཡིན་ཅེ་ན་སྤྱི་ཚོགས་ལ་གནོད་པའི་འཆལ་གཏམ་མ་སྤེལ་ན་བཟང་། ང་ཚོས་དུས་རྒྱུན་གསང་ཉུལ་བ་ལ་དོགས་ཟོན་བྱེད་དགོས་པ་དེ་ང་ཚོའི་སྤྱི་ཚོགས་འདིའི་དགོས་མཁོ་གཙོ་བོ་ཞིག་ཡིན་པས་མཆན་སྤེལ་ས་དང་མཆན་སྤེལ་མཁན་ཚང་མས་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་པ་མཉམ་སྤུངས་བྱེད་རྒྱུ་གལ་ཆེར་མཐོང་སོང། དེ་མ་གཏོགས་གསར་ལམ་ཁག་ལ་འགན་ཁྱོན་ནས་མེད་པ་མ་རེད་བསམ་གྱི་ཡོད། བོད་མིའི་རྩ་དོན་ཆེད་བཙུགས་པ་ཞིག་ཡིན་ན་བསམ་བློ་བཏང་དགོས་རྒྱུ་གལ་ཆེན་པོ་རེད། དེ་མིན་དམིགས་ཡུལ་གཞན་པ་ཡོད་ན་བཤད་མི་ཤེས། ༼ད་སྐབས་ང་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རྩ་དོན་སླར་གསོ་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པར་བརྟེན་དེ་ལ་གཞོག་འདེགས་ཡོང་ཐབས་ལ་འབད་གལ་ཆེ་བར་སྙམ།༽
འཇམ་གཅེས་མི་བཟང་རྟ་བཟང། ༧རྒྱལ་བའི་དགོངས་པ་ནམ་མཁའི་མཐའ་ལྟར་མཉམ་པ་དེ་ཟླ་བ་གྲགས་པའི་འཇུག་པ་ལས། འོན་ཀྱང་ཁྱོད་ཀྱི་ཐུགས་ནི་གསང་བ་འདི་ནི་བརྙད་ཀྱི་མ་ལགས་སོ། ཞེས་གསུངས་པ་ལྟར། ཁྱོད་དང་ང་འདྲ་བ་རང་ཉིད་སུ་ཡིན་དང་གང་དུ་གནས་མིན་ཡང་མ་ཤེས་པའི་ཅོལ་ཆུང་བླུན་རྨོངས་དག་གིས་རྟོགས་ཚོད་ཞིག་མ་རེད། འོ་ན་གོང་གི་བཀའ་སློབ་མ་ཡིག་ནང་གི་བརྗོད་གཞི་་་་་་་་མིའི་སེམས་ཕམ་དུ་མི་འཇུག་པ་དེ་གལ་ཆེན་པོ་ཡིན་་་་་་ཞེས་པ་དེར་འགྲེལ་བཤད་ཇི་ལྟར་བརྒྱག་གམ། མིའི་སེམས་ཞེས་པའི་མི་དེ་སོ་སོའི་མཐུན་ཕྱོགས་ཀྱི་མི་ཁོ་ནའི་སེམས་ཕམ་དུ་མི་འཇུག་གསུངས་པ་ཨེ་རེད། དེ་མིན་ན་ཁྱོད་ཀྱིས་༧རྒྱལ་བའི་དགོངས་དོན་བཀའ་སློབ་འགའ་རེ་ཉན་ནས་རྟོགས་ཚུལ་བཤད་པའི་རྫུན་རྐུབ་དང་པོ་དེ་རྡོལ་སོང་བ་རེད།
ཁྱོད་རང་གིས་ཁ་རང་ཉིད་ལ་ཁ་ཕྱོགས་ནས་གཅིག་བལྟོས་དང་། མི་གཞན་གྱི་མི་གཞི་ལ་མཐོང་ཆུང་དང་དམའ་འབེབས་ཀྱིས་མི་ངན་དང་ཁྱི་ངན་ལོག་སྤྱོད་པ་སོགས་ཀྱི་ངན་སྨྲས་ཁོ་ནས་ཁྱོད་རང་གི་མི་གཞི་དང་གདོང་རིས་ཐང་ལ་འབུད་ཡོང་བ་དེས་མི་རྣམས་ཀྱིས་ངོས་འཛིན་གསལ་པོ་ཐོབ་ཀྱི་རེད། ད་དུང་ཡིད་སྐྱོ་བ་ཞིག་ལ་༧རྒྱལ་བ་ཐམས་ཅད་མཁྱེན་པ་ལ་དད་པ་ཡོད་མདོག་དང་དབུ་འོག་དཔུང་འདེགས་ཡིན་མདོག་བྱེད་མཁན་ཁྱོད་དང་ཁྱོད་འདྲ་བ་མང་པོ་ཞིག་གནའ་ནས་ད་བར། ཆེས་གཡོལ་དུ་མེད་པའི་དུས་རབས་ཀྱིས་འགྱུར་འགྲོས་དང་མིའི་བསམ་པའི་དཔལ་ཡོན་སོགས་གནས་ལུགས་བདེན་པ་དམར་རྗེན་དུ་བསྟན་ན་ཡང་མཁས་མི་ལེན་པར། རྙིང་ཞེན་བག་ཁུམས་ཀྱི་ལྟ་བ་དང་། ཀླད་རྙིང་མཁྲེགས་འཛིན་གྱིས་བློ་རྒྱ་ཁབ་མིག་ལས་གུ་དོག་པའི་ལྟ་ཚུལ་ཡ་མ་བརླ་དེས། མི་དམངས་མགོ་བོ་གྱེན་དུ་འདེགས་མི་བཅུགས་པར་མཐོང་ཆུང་དང་བརྙས་བཅོས་མི་གཞི་ལ་དམའ་འབེབས་ཁོ་ན་བྱས་བསྡད་ཙང་༧རྒྱལ་བའི་དགོངས་གཞི་ཡང་དག་པ་དེ་འགྲུབ་རྒྱུ་ལྟ་ཅི། བོད་དང་བོད་མི་རིགས་འདི་བསྐྱལ་ས་གཅིག་ལ་བསྐྱལ་ནས་མཐའ་ན་རང་ཉིད་ཀྱི་ཁ་འཕོར་ཙམ་ཡང་དབང་དབང་མེད་པའི་དཀའ་སྡུག་གི་ལམ་ཕྲན་ཀྱག་ཀྱོག་འདི་བརྒྱུད་དགོས་པ་བཟོས་པ་རེད