ཀླུ་སྨྱོན།
ཁྱེད་ཀྱིས།
མི་ཡུལ་ནས་མཛེས་སྡུག་གི་རིན་ཐང་དེ་ངོམ་ཆེད།
མཚོ་གཏིང་གི་ཞེན་ཆགས་ཡོད་ཚད་བློས་གཏོང་ནུས་ཀྱང་།
འཇིག་རྟེན་གྱི་མི་འདི་དག་གིས།
ཁྱེད་རང་བེད་སྤྱད་དེ་རང་གི་ལང་ཚོ་དང་རྒྱུ་ནོར་ངོམ་རྒྱུ་ཤེས་པ་ཙམ་ལས།
ཁྱེད་ཀྱིས་བློས་བཏང་བའི་རིན་ཐང་མང་པོ་ཞིག་ནམ་ཡང་ཤེས་ཐབས་བྲལ།
ཡིན་ན་ཡང་།
ཁྱེད་ཀྱི་འོད་འཚེར་བའི་མཛེས་སྡུག་དེ་ཁོ་ནས།
ང་དང་ང་ལྟ་བུའི་སྐྱེ་བོ་དུ་མ་ཞིག་མ་རིག་པའི་གཉིད་ལས་སློང་ཞིང་།
བརྗེད་ངེས་ཀྱི་ལམ་ལས་ལྡོག་པར་བྱེད་པ་དང་།
ཁྱེད་ལ་འཁོར་བའི་རྨོངས་སྲེད་ཀྱི་རྣམ་ཤེས་དུ་མ་ཞིག་ཀྱང་།
ཉི་འོད་དྲག་པོའམ་ཟླ་འོད་བསིལ་བོ་ཞིག་གི་ཀློང་ནས།
ཁྱེད་ཀྱི་ཚེ་སྲོག་གི་གསང་བ་དང་ཐག་ཉེ་རུ་བཅར་ཐུབ་པ་དང་།
ཁྱེད་ཀྱི་བློས་གཏོང་གི་གཏམ་རྒྱུད་སྙན་ཞིང་འཇེབས་ལ་སྨྲེང་བ་ཁོང་ནས་སློང་བ་དེར་ཉན་རྗེས།
མི་རེ་རེའི་མིག་མཐའ་ནས།
ཁྱེད་རང་ལྟ་བུའི་མཛེས་སྡུག་གི་གོང་བུར་ཆགས་པའི་མིག་ཆུ་རྡོག་པོ་རེ་བཞུར་སྲིད་པས།
ངའི་སྙིང་ཉེ་བའི་མུ་ཏིག་གི་ཚོགས་ལགས།
ངེད་ཅག་འགྲོ་བ་མིའི་རིགས་ལ་དགོངས་ཡངས་གནང་རོགས།
ངེད་ཅག་ཀླེན་ལྐུགས་ཀྱི་ཚོགས་འདི་ལ་སྙིང་རྗེ་སྒོམ་རོགས།
ང་རང་ནི་ཁྱེད་ཀྱི་ཆེད་དུ་རྒྱ་མཚོའི་ནང་དུ་ལྕེབས་མྱོང་བའི་སྲེད་པ་ཅན་དེ་མིན་ན་ཡང་།
ཁྱེད་ཀྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་མྱོང་བའི་འཁྱམ་པོ་ཞིག་ཡིན་པས།
རང་ཡུལ་བཞག་སྟེ་མི་ཡུལ་དུ་འཁྱར་བའི་འུ་གཉིས་ཀྱི་གཏམ་རྒྱུད་འདིའི་ཁུག་པ་ནས།
ངས་ཁྱེད་ཀྱིས་བཞག་པའི་གསེར་མདོག་གི་ཞབས་རྗེས་རེ་རེ་དང་།
ངས་ཁྱེད་ཀྱིས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་རེ་རེ་ངོ་འཕྲོད་ཐུབ་པ་དང་།
ཆེས་མཛེས་སྡུག་ལྡན་ཞིང་ཆེས་ཕྱིར་དྲན་བྱེད་འོས་པའི་ཉི་མ་ཞིག་ལ།
ཁྱེད་ཀྱང་རང་ཉིད་ཀྱི་ཕ་ས་སྟེ་རྒྱ་མཚོ་ཆེན་པོའི་འཇིངས་སུ་ཕྱིར་ལོག་ཐུབ་པ་དང་།
ང་ཡང་རང་ཉིད་ཀྱི་ཕ་ཡུལ་ཏེ་ཁ་བ་དཀར་པོའི་ཡུལ་གྲུ་དེར་འགྲུལ་བཞུད་ཅིག་བྱེད་ཆོག་ན་ཨང་།
ཁྲི་ཏུས་གྲོང་ཆེར་གྱི་སློབ་གྲ་ཞིག་གི་ནང་རྒྱའི་སློབ་ཕྲུག་མང་པོས་བོད་ཀྱིས་སློབ་ཕྲུག་ཚོར་ཐུབ་ཚོད་བྱས་ཡོད་པའི་གནས་ཚུལ་འདི་ལྟར།
一场风一场梦: #群体事件频发#2011年12月14日晚上,成都郫县郫筒镇,成都铁路工程学校发生大暴乱,汉藏学生群殴,千多汉族学生围打藏族,藏族寝室被砸、学生被打,领导汽车、警车也被砸。 当局出动过百武警、特警镇压,许多学生被打伤。
ཨ་ཁུ་ཀླུ་སྨྱོན་ལགས་འབྲེལ་མེད་ཡིན་སྲིད་དགོངས་དག ཤེས་འདོད་པ་ཞིག་ལ་སྔོན་མ་ནས་ཁྱེད་རང་གིས་བླ་མ་ཚང་ཞིག་མང་པོ་གསུངས་གིན་འདུག མཚན་ནས་བོད་མ་ཕོད་པས་བླ་མ་ཡག་ཉེས་སུ་རེད། སྟོན་ཁ་ཡོལ་ཟིན་ད་དགུན་ཁའི་ཉིན་ཐོ་མེད་པས། རྟག་པར་ཨ་ཁའི་ཉིན་ཐོར་རེ་བཞིན་ཡོད།
ཨ་ཁུ་ཀླུ་སྨྱོན་ལགས་བདེ་མོ་ཡིན་ན། ཁྱེད་རང་བེད་སྤྱད་དེ་རང་གི་ལང་ཚོ་དང་རྒྱུ་ནོར་ངོམ་རྒྱུ་ཤེས་པ་ཙམ་ལས།
འདིའི་དགོངས་དོན་གང་ཡིན་ནམ་འབུད་ཙམ་གསུང་བར་ཞུ།།
ནོར་བཅོས། ཙམ་ལས་ཅེས་པ་འདིའི།
གཉན་ལགས། དེ་ནི་མི་མང་པོ་ཞིག་གིས་མུ་ཏིག་གི་རྒྱན་ཆ་བཏགས་ནས་རང་གི་སྒེག་ཉམས་དང་དཔལ་འབྱོར་ངོམ་སྟོན་བྱེད་པ་དེར་གོ་བ་ལགས།