དེང་རབས་རྒྱ་གར་གྱི་མུ་སྟེགས་པའི་སློབ་དཔོན་ཆེན་པོ། ཆོས་ལུགས་ཀྱི་དབུ་ཁྲིད། རྫུ་འཕྲུལ་ལ་དབང་བར་གྲགས་པ། སྤྱི་ཚོགས་ཀྱི་ཞབས་ཕྱི་དང་ཤེས་ཡོན་མཁོ་སྤྲོད་པ་ཆེན་པོ་ས་ཡེ་བྷ་བྷ་མཆོག་གི་སྙུང་གཞི་ཇེ་ལྗིད་དུ་འགྲོ་བཞིན་པར་ཁོང་གི་རྗེས་འཇུག་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་པ་དང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གླེང་གཞི་ཆེན་པོ་གྱུར་འདུག དེ་བཞིན་དུ་ཁོང་གི་བརྒྱུད་འཛིན་ངོ་མ་སུ་ཞིག་ལ་གཏན་འཁེལ་མིན་ཡང་གླེང་གཞི་ཆེན་པོར་གྱུར་འདུག དེ་ཡང་སློབ་དཔོན་འདི་༡༩༢༦ལོའི་ཟླ་༡༡པའི་ཚེས་ཉེར་གསུམ་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཨིན་ཌར་ཕར་དྷེ་ཤིར་འཁྲུངས། སྐུ་བྱིས་པའི་དུས་སུ་སྐྱེས་སྟོབས་ཀྱི་ཤེས་རབ་གཞན་དང་མི་མཚུངས་པས་རྩོམ་འབྲི་དང་། ཞབས་བྲོ། རོལ་ཆས་དབུད་དཀྲོལ་སོགས་ལ་མཁས་པའི་ཕུལ་དུ་གྱུར། སློབ་དཔོན་འདི་ནི་རྒྱ་གར་གྱི་མུ་སྟེགས་པའི་སློབ་དཔོན་ཆེན་པོ་སར་དྷི་ཞེས་གྲགས་པའི་སྐུའི་སྐྱེ་བ་ཡིན་པར་ངོས་འཛིན་མཁན་ཡོད། དེང་སྐབས་སློབ་དཔོན་འདིས་འཛམ་གླིང་གི་རྒྱལ་ཁབ་༡༡༤ཙམ་གྱི་ནང་དུ་ཆོས་ཚོགས་བཙུགས་ཡོད་པ་དང་རྒྱ་གར་ནང་དུ་སློབ་གྲྭ་ཆེ་ཆུང་མང་པོ་དང་། སྨན་ཁང་སོགས་སྤྱི་ཚོགས་ཞབས་ཞུའི་ལས་ཀྱི་རྣམ་གྲངས་ཆེས་མང་པོ་ཞིག་ཡོད་པ་རེད།
༡༩༩༧་ཡན་མན་སྐབས་སུ་ས་ཡེ་བྷ་བྷའི་སྙན་གྲགས་སྲིད་པ་གསུམ་ན་འབར་བའི་སྒང་རེད་ཤག
བཤད་ཚུལ་ལ་ཁོང་གི་སར་སུ་ཞིག་མཇལ་ཁར་སོང་ན་དེ་ལ་རྫུ་འཕྲུལ་གྱིས་བར་སྣང་ལ་ཕྱག་གིས་ཉུག་ཙམ་གྱིས་གསེར་དངུལ་གྱི་རྒྱན་ཆ་སོགས་དངོས་གྲུབ་སྣེ་རེ་བླངས་ཏེ་གནང་གི་ཡོད་པར་གྲགས།
སྐབས་དེ་ཤེད་དུ་ཧིན་དྷུ་བ་ཙམ་མ་ཟད་༼ཀ་རྡོར་སྒང་གསུམ་༽ན་བཞུགས་པའི་བོད་རིགས་གཙོས་པའི་ནང་
ནང་པ་མང་པོ་ཞིག་གིས་ཀྱང་དངོས་གྲུབ་དེ་འི་རིགས་ཐོབ་ཡོད། རྗེས་མ་ཞིག་ལ་གསར་འགོད་པ་ཁག་གཅིག་གིས་བརྙན་ཕབ་ལས་གནས་ཚུལ་དངོས་མ་ཞིག་ཐོན་ནས་རྫུན་ཁུངས་བརྟོལ་སོང་བའི་གནས་ཚུལ་ཡང་གོ་རྒྱུ་འདུག
གང་ལྟར་ཀྱང་ད་ནི་ཁོང་གིས་འཆི་མེད་ཚེ་ཡི་དངོས་གྲུབ་ཞིག་བསྒྲུབ་རྒྱུ་གལ་ཆེ་བར་མཆིས། །
ཆོས་དཔོན་འདིས་སྐེ་རྒྱན་གསེར་ཐག་རྫུན་བཟོའི་སྐོར་ཡུ་(youtube)ཊུབ་ནང་ལ་གཟིགས་དང་། ཡིད་གཉིས་སུ་འགྱུར་པ་པར་ངེས་སོ།
ཀརྡོ་རབྱམས་ལགས།
ཆོས་དཔོན་ལབ་དུས་ཁ་ཆེའི་བླ་མ་ཚོར་གོ་རྒྱུ་མ་རེད་པས།
ཧིན་དྷུ་བར་མིང་དེ་འབོད་སྲོལ་ཡོད་ན།
ནམ་རྒྱུད་བཤད་ཚུལ་ལ་ཁ་ཆེའི་ཆོས་དཔོན་དང་ཧིན་དྷུའི་བླ་མ་མི་ཟེར་རམ།
ཡིན་ནའང་སྒྲ་བཤད་པ་ཙམ་ཞིགཡོད་བདེན་པ་རེད།
ངའི་ཆོས་དཔོན་གྱི་དོན་ནི། ཞལ་མར་སློག་ནས་ཕྱི་ནང་གི་ཆོས་ཤོད་མཁན་ཚང་མ་འྡར་མཉམ་གོ་དགོས།
श्री सत्य साई वावा
རིག་བྱེད་ལ་བསྒྲགས་པ་བཞི་མཆི་སྟེ།ཤེས་རབ་ཅེས་པ་ནི་ཚངས་པའོ།།ཞེས་པ་འདི་ནི་མཆོད་སྦྱིན་རིག་བྱེད་ཀྱི་གསུང་ཡིན་ལ། མཆོད་སྦྱིན་གྱི་སྙིང་བོ་ནི་ང་ནི་ཚངས་པའོ་ཞེས་པ་དང་། སྙན་ཚིག་རིག་བྱེད་ཀྱི་གསུང་ནི་ཁྱོད་དེ་ཁོ་ན་ཉིད་དོ་ཞེས་པ་དང་། སྲིད་སྲུང་རིག་བྱེད་ཀྱི་སྙིང་བོའི་དེ་ཁོ་ན་ནི་བདག་འདི་ཚངས་པའོ་ཞེས་པའོ།།
གསུང་ཆེན་པོ་འདི་ཀུན་སོ་སོ་བ་ཡིན་པར་མ་ཟད།དེ་དག་གི་འགྲེལ་བའང་རྣམ་པ་མི་འདྲ་བའི་སྒོ་ནས་བསྐྱོན་ཡོད་མོད། དེ་རྣམས་ཀྱིས་ལྷ་གཅིག་ཁོ་ནའི་ཕྱོགས་ལ་བརྡ་བྱེད་པར་མ་ཟད།དེ་དག་གི་ཡུལ་ནི་ལྷ་ཁོ་ནའོ།།
བརྗོད་པ་དང་བོ་ནི་ཤེས་རབ་ཅེས་པ་ཚངས་པའོ་ཞེས་པའོ།།ཤེས་རབ་ཅི་ཞིག་ཡིན་ནམ། ཅི་སྟེ་དེ་ནི་བློ་དང་མཁས་པ་འབའ་ཞིག་ཡིན་ནམ།ཤེས་རབ་ནི་ལུས་དང་།ཡིད།བློ།བདག་ལ་གནས་པ་ཡིན།དེ་སེམས་མེད་པ་དང་སེམས་ལྡན་པ་གཉིས་ཀར་གནས་ཤིང་།ང་ཚོས་དེ་ལ་རྟག་ཏུ་རྒྱུན་མི་ཆད་པ་ཡོངས་སུ་རྫོགས་པའི་སེམས་ཞེས་བརྗོད་དོ།།
སེམས་པ་ནི་ཅི་ཞེ་ན།སེམས་པའི་དོན་ནི་ཤེས་པའོ།།ཅི་ཞིག་ཤེས་ཤེ་ན།ཉུང་ངུ་འགའ་ཞིག་དང་ཡང་ན་དུམ་བུར་དུམ་བུར་ཤེས་པ་ལ་སེམས་མི་སྨྲའོ།།འདི་ཡོངས་སུ་རྫོགས་པའི་ཡེ་ཤེས་ཡིན་ལ།འདི་ལྷའི་དེ་ཁོ་ན་ཉིད་དེ་གང་སེམས་མེད་པ་དང་སེམས་གཉིས་ཀའི་སྲིད་པ་དེའི་ཡེ་ཤེས་བརྙེས་པ་ཁོ་ན་ནི་ཡོངས་སུ་རྫོགས་པའི་སེམས་ལགས་སོ།།དོན་དམ་པར་ཤེས་རབ་དང་ཚངས་པ་ནི་དོན་གཅིག་གི་མིང་གི་རྣམ་གྲངས་སུ་ངེས་པས་དེ་གཉིས་དོན་ཐ་དད་མ་ཡིན་ནོ།།
ཚངས་པ་ནི་ཅི་ཞེ་ན།ཚངས་པ་ནི་གང་ཐམས་ཅད་དུ་ཁྱབ་པ་ཡིན་པ་དེ་ཉིད་དོ།།འདི་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་གྲུབ་མཐའོ།།ཡོངས་སུ་རྫོགས་པའི་འཇིག་རྟེན་ཉིད་ནི་ཆེན་པོའམ་སྟོབས་དང་ལྡན་པ་རྒྱས་པའི་མདོའོ།།ཡོངས་སུ་རྫོགས་པའི་འཇིག་རྟེན་འདིར་ཚངས་པ་ནི་ཁྱབ་པར་གྱུར་པའོ།།
སྤྱིར་བཏང་གི་སྐད་ཀྱི་དབང་དུ་བྱས་ན་ཚངས་པའི་དོན་ནི་ཐམས་ཅད་དུ་ཁྱབ་པའོ།། དེ་ཕྱོགས་བཞི་ལ་ཁྱབ་ཅིང་བླ་མ་བཟང་བོ་ཞིག་ལའང་ཡོན་ཏན་འདི་དག་དང་ལྡན་ནོ།།
བརྗོད་པ་གཉིས་པ་ནི་ང་ནི་ཚངས་པའོ་ཞེས་པའོ།།ཀུན་གྱིས་ཨཧམ་ནི་བདག་རེད་དགོངས་པར་བྱེད་མོད་ཀྱང་།དེ་བཞིན་མ་ཡིན་ཏེ།ཨཧམ་གྱི་དོན་གཞན་ཞིག་ནི་བདག་གོ།ཨཧམ་ཁོ་ན་ནི་བདག་གི་རང་བཞིན་ལགས་ཏེ་དེ་སེམས་ཀྱི་འཁོར་དུ་ཡོད་ཅིང་།དེ་རུ་བདག་གི་རྣམ་པས་འཁོད་དེ་མཆིས་སོ།།བདག་འདི་ཀུན་ལ་མངོན་སུམ་གྱི་ཚུལ་གྱིས་ངེས་པར་གནས་པའོ།།བདག སེམས་པ་དང་ཚངས་པ་འདི་ཀུན་ཐ་དད་མ་ལགས་སོ།།
ང་ནི་ཚངས་པའོ་ཞེས་པའི་དོན་ནི་ང་ལའང་བདག་དང་ཡང་ན་ང་ལ་གནས་པའི་ང་ཁོ་ན་ཉིད་ནི་ཁྱབ་པར་འཇུག་པའི་མངོན་སུམ་ལགས་ཤིང་དེ་ཉིད་ནི་ཚངས་པའོ།།
བརྗོད་པ་གསུམ་པ་ནི་དེ་ཁྱོད་ཁོ་ན་ཉིད་དོ་ཞེས་པ་སྟེ།འདི་སྙན་ཚིག་རིག་བྱེད་ཀྱི་སྙིང་བོ་ཡིན་ལ།ཏཏ་ཞེས་པའི་དོན་ནི་དེ་དང་།ཏྭམ་ཞེས་པའི་དོན་ནི་ཁྱོད། ཨསི་ཞེས་པའི་དོན་ནི་ཡིན་པའོ།།ཁྱོད་དང་ང་ལོགས་སུ་གནས་པ་དེ་སྲིད་དུ་ཁྱོད་དང་ང་ཐ་དད་དུ་གནས་མོད།ནམ་ཞིག་ང་དང་ཁྱོད་གཅིག་ཏུ་འདུས་པ་དང་ང་ཚོར་འགྱུར་བར་བྱེད་ཅིང་།གཉིས་ཀ་སྦྱར་ནས་ཡོད་པ་ཉིད་གཅིག་ཏུ་འགྱུར་བའོ།།
གང་ལ་རྨོངས་པ་ཡོད་ན་དེ་རུ་ཁྱོད་མཆི་ཞིང་།གང་ལ་ཕུང་པོ་ལྔ་དང་གཉིས་འཛིན་གྱི་འཁྲུལ་བ་མེད་ན་དེ་རུ་དེ༼ཏཏ༽་མཆི་བའོ།།གཅིག་ནི་མི་དང་།ཅིག་ཤོས་ནི་ལྷའོ།།སྙན་ཚིག་རིག་བྱེད་དུ་མི་དང་ལྷ་གཉིས་ཀ་གཅིག་ཁོ་ན་ཉིད་ཡིན་པ་ཤིན་ཏུ་གསལ་བར་འགྲེལ་ཡོད་དོ།།
བདག་འདི་ཚངས་པའོ་ཞེས་པ་འདི་བརྗོད་པ་བཞི་བའོ།། འདི་རུ་ཨཡམ། ཨཏྨ། བྲཧྨ་ཞེས་མིང་གསུམ་ཡོད་ཀྱང་།དེ་དག་གསུམ་མ་ལགས་སོ།།
གསལ་བ་དང་བོ་ནི་གང་རང་གིས་རང་ལ་འཛིན་པ་དེའོ།།ཅིག་ཤོས་ནི་གང་གཞན་གྱིས་ཁྱོད་རང་འཛིན་པ་དེའོ།།གཞན་དེ་ནི་གང་དོན་དམ་པར་ཁྱོད་ཉིད་ཡིན་པ་དེ་དང་དེ་ལ་ལུས་དང་ཡིད་དང་བདག་སོགས་སྙམ་པའོ།།གཉིད་དང་བྲལ་བའི་གནས་སྐབས་སུ་ཁྱོད་ཉིད་རང་ངོས་ལ་འཇིག་རྟེན་ཡོངས་སུ་གྲུབ་མེད་ཅིང་།རྨི་ལམ་གྱི་གནས་སྐབས་སུ་ཁྱོད་རྨོངས་པ་དང་གཉིད་ཀྱི་གནས་སྐབས་སུ་ཤེས་རབ་ཀྱི་རང་བཞིན་དུ་འགྱུར་བའོ།།
ཤེས་རབ་ནི་ཚངས་པའོ།།ཡང་ན་ཚངས་པ་ནི་སེམས་དམ་པའོ།།ཤེས་རབ་ཁོ་ན་ནི་བདག་ལགས་སོ།།
གསལ་བཤད།
འདི་ཟླ་བཞི་ལྔ་ཞིག་གི་སྔོན་ནས་རྒྱ་གར་གྱི་དཔེ་དེབ་རྙིང་བ་ཞིག་ལས་བསྒྱུར་༼ལེགས་སྦྱར་དང་ཧིན་དཱི་ལས་བསྒྱུར༽མོད། འགྱུར་བོར་ཏེ་དེ་རིང་གཞི་ནས་རྙེད་བྱུང་ཡང་། མ་ཡིག་རྦད་དེ་བརླག་འདུག་པས་མཐའ་མའི་ཞུ་དག་བྱེད་རྒྱུ་མ་བྱུང་།
ཁོང་དེ་རིང་ཞོགས་ཀའི་དུས་ཚོད་བདུན་སྟེང་གཤེགས་འདུག་པས། མྱ་ངན་བྱེད།
ཁྱེད་འཇིག་རྟེན་ཕ་རོལ་ཏུ་གཤེགས་སོང་།
དེ་སྔོན་ཁྱེདཀྱིས་དཀོན་ཅོག་ནི་ཁྱེད་རང་ཉིད་ཡིན་པར་ཁས་བླངས་ཡོད།
དཀོན་ཅོག་ལགས། ཁྱེད་བདེ་བར་ཕེབས་ཤིག
མི་རིང་བར་དཔྲལ་བར་ཐལ་རིས་ཁུར་ཏེ་སླར་ཡང་ཕེབས་པར་ཞུ།
འཕགས་ཡུལ་གྱི་སྐྱེ་བོ་དུང་ཕྱུར་མང་པོས་རེ་བའི་མེ་ཏོག་གི་ཕྲེང་བ་རེ་བསྣམས་ཏེ།
བསྒུགས་ནས་འདུག
ཁྱེད་དལ་གྱི་གཤེགས་ཤིག
དབང་ཕྱུག་ཆེན་པོའི་བ་གླང་འདོགས་སའི་སླས་ཟུར་ནས་ཡར་ཕེབས་དང་།
བུ་ཆུང་གླང་མགོ་དེ་གཉིད་ལས་མ་དཀྲོགས་པར་འཇབ་བུས་ཕེབས་དང་།
ལྷ་མོ་ཨུ་མས་འཛུམ་མདངས་དྭངས་མས་ཁྱེད་ལ་ཕེབས་སྒུག་བྱས་འདུག
ཁྱེད་ལ་་་་་་་་།