གཙང་བུས།
ས་འཛིན་རིལ་པོར་མུན་ནག་སྟུག་པོ་འཁྲིགས།།
བདག་གི་མདུན་དུ་ཉི་གློག་རྐང་གཅིག་འབར།།
སྟོང་ཕྲག་དུ་མར་འདུས་པའི་ཆོས་སྡེ་འདིར།།
ང་ནི་གྲོགས་མེད་ཁེར་རྐྱང་འདི་རུ་ལྷགས།།
མདུན་གྱི་དར་ལྕོག་ལྷབ་ལྷུབ་རླུང་གིས་གཡོ།།
ང་ཡི་སེམས་ཀྱི་རང་གཤིས་མཚོན་པར་འདྲ།།
ཆར་ཆུས་ཟད་པའི་བྱང་བུ་འདི་ཚོ་ཡིས།།
ཕྱི་ཐག་མེད་པའི་གྲོགས་དེ་མཚོན་པར་སྣང༌།།
ཡ་གིའི་བྱམས་སྨོན་གསུང་བའི་འདོན་སྒྲ་དང༌།།
ཕ་གི་གློག་མཆོད་སྦར་བྱེད་སྐམ་གློག་སྒྲ།
འགྲན་པ་ལྟ་བུའི་རྣ་དཀྱིལ་ལྷུང་ན་ཡང༌།
འབུ་སྲིན་འདི་ཚོའི་སྐད་ཀྱང་ང་ཡིས་ཚོར།།
ངས་འདིར་འབྱུང་འགྱུར་གྱི་འཇིག་རྟེན་གྱི་ལས་སྨོན་སྨྲ་བར་བྱ་ དེ་ཡང་ལོ་ངོ་ལྔ་བཅུའི་ནང་ཚུད་འབྱུང་བའི་གནོད་འཚེ་མཐའ་ཡས་པས་མེ་དང་ཆུ་ ས་རུད་ ས་ཡོམ་ སོགས་ཀྱི་འཇིགས་པ་འབྱུང་ དེ་ནས་གནམ་གཤིས་ཤིན་ཏུ་འཚུབ་པར་འགྱུར་ཏེ་ རླུང་དང་ཆུའི་འཇིགས་པ་ནི་བར་མ་ཆད་པར་འགྱུར་ ཐན་པ་དང་འཐུང་ཆུ་ཟད་དེ་འགྲོ་བ་མིར་དཀའ་ངལ་ཆེན་པོ་ཡོང་ དེ་ནས་མཐའ་མ་འཛམ་བུ་གླིང་འདི་འཁྱགས་རོམ་དུ་མི་འགྱུར་བའི་ངེས་པ་མེད་ཅིང་ ཡང་ན་དམག་འཁྲུག་གི་འཇིགས་པས་ཡོངས་སུ་རྫོགས་པ་ཡང་འབྱུང་སྲིད་ དེ་ལྟར་ན་ཡང་མཐའ་མ་ཉི་མ་ནི་ཉིན་རེ་བཞིན་འབར་བ་དང་ཆེན་པོར་འགྱུར་ཏེ་ཚ་དྲོད་མི་སྙོམས་པར་འགྱུར་ མི་ལོ་འབུམ་ཕྲག་མང་པོའི་མཐའ་མ་འཇིག་རྟེན་ཡང་ཉི་མའི་ཚ་ཟེར་འོག་བཞུར་རྒྱུ་ཡིན་ནོ་
གཙང་བུ་ལགས།
ཞི་བ་ལྷས།
སོ་སོ་སྐྱེས་བོ་མགུ་བར་དཀའ། །
ཕན་པ་སྨས་ན་ཁྲོ་བར་བྱེད། །
བདག་ཀྱང་ཕན་ལས་ཟློག་པར་བྱེད་། །ཅེས་གསུང་པ་མ་ཡིན་ནམ།
ཕྱི་ཐག་མེད་པ་ཞིག་ལ་དེ་ཙམ་ཨུ་ཚུགས་བྱེད་དགོས་འདུག་གམ།
ངོ་མ་སྙན་རྩོམ་ཡག་མོ་དེ་ལ་བརྗོད་བྱ་སེམས་སྐྱོ་བ་ཞིག་རེད།
རྩོམ་དང་མཆན་ཚང་མ་ཡག་པོ་འདུག རྗེས་སུ་ཡི་རང་ཡོད་ལགས།