གངས་རི་དཀར་པོའི་དབུ་རྩེ་མཐོ་ཡང་བྲན་གཡོག་མགོ་བོ་ས་ལ་དུད། །
ཉི་ཟླ་གཉིས་དང་ཁ་ཐག་ཉེ་ཡང་འཇིགས་རུང་མུན་པའི་མཁའ་དབུགས་གཏིབས། །
དམ་ཆོས་རིན་ཆེན་གླེགས་བམ་མང་ཡང་ཤེས་རབ་སྒྲོན་མེར་དགྲ་རུ་འཛིན། །
སྨྱུ་གུ་ཐོགས་པའི་ཤེས་ལྡན་དག་ཀྱང་མིག་བཙུམས་གཡང་ལ་ཅིའི་ཕྱིར་མཆོང་། །
ལུང་ཤར་དཔའ་བོའི་ཕུགས་བསམ་མ་འགྲུབ་སྤྱན་མིག་གཉིས་པོ་ས་ལ་འཕངས། །
དགེ་ཆོས་རྒྱལ་རབས་རྩོམ་འཕྲོར་ལུས་ཏེ་ལོ་གསུམ་མུན་ནག་བཙོན་དུ་བཅུགས། །
ཕུན་དབང་སྒྱུར་བཅོས་སྙན་ཞུའི་ལན་དུ་ཁ་བ་ཅན་ནས་ས་མཐར་སྤྱུགས།། །
ཀླུ་སྨྱོན་རྩོམ་དེབ་མ་དཔར་སྔོན་དུ་འཆི་ལམ་རྫོང་བའི་དཔུང་ཁག་འདུར། །
སྒོར་རྡོག་འགའ་ཤས་ཤིག་ཡོད་ན་འཆི་ལམ་དུ་འགྲོ་དགོས་ཐུག་གི་མ་རེད། དེ་རྣམ་རྟོག་མེད་སར་རྣམ་རྟོག་རེད། དཔེ་ཆ་དཔར་ཐུབ་ཀྱི་རེད། ད་ལྟ་མ་གཞི་མི་མང་པོ་ཞིག་དཔེ་ཆ་དཔར་རྒྱུར་ཨ་གསར་ལངས་ཏེ་བསྡད་ཡོད་སྐབས་འདིར། གལ་སྲིད་ཁྱེད་ལ་དཔར་འདོད་མ་བྱུང་བ་ཡིན་ན་ཡང་། ཁྱེད་ཀྱི་སློབ་མའམ་ཡང་ན་གྲོགས་པོ་ཞིག་གིས་དཔར་ཡོང་གི་རེད།
ཨ་རོགས། སྤོབས་པ་མཐའ་ཡས། ཁྱོད་གང་ན་ཡོད། ཁྱེད་ཀྱིས་ཀླུ་སྨྱོན་ཟེར་བའི་མི་འདིའི་དེབ་མ་ཐོན་སྔོན་ནས་གྲགས་སྐད་ཅན་དེའི་སྦྱིན་བདག་བྱེད་ཐུབ་ཀྱི་ཡོད་ན།
ཡིན་ན་ཡང་། ཀློག་པ་པོ་མང་པོ་ཡོད་མེད་གང་ཤེས། གྲྭ་ས་རུ་ཀློག་མཁན་མང་པོ་ཡོང་གི་རེད་སྙམ། དམིགས་བསལ་ཁོ་ཚོར་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས།
ད་ང་སུན་གི། ཐོན་མེད་པའི་དེབ་ཅིག་གི་སྐོར་ལ་འདི་འདྲ་མང་པོ་ཞིག་བྲིས་ཡོང་ན། ད་ཁྱེད་ཚོས་སྐྱག་པ་ཟོས་ཟེར་ནས་ངའི་ཁ་ནས་ཤོར་གྲབས་ཤོར་གྲབས་བྱེད། ཡིན་ན་ཡང་མི་ཚང་མར་ཚོང་ཟོག་ཁྱབ་བསྒྲགས་བྱེད་པའི་ཐོབ་ཐང་ཡོད་པ་རེད། དེར་བརྟེན། མི་དགའ་ནའང་ཁ་བཙུམ་ནས་འདུག་གི་ཡིན།
གངས་རི་དཀར་པོའི་དབུ་རྩེ་བཞིན་དུ་རིལ་རིལ་མགོ་བོ་གྱེན་དུ་ཐེགས།།
ཉི་ཟླ་གཉིས་ལ་ཁ་ཐག་རིང་ཡང་འོད་ཀྱི་རྩེད་དགའ་འདི་ན་འགྱེད།།
དེ་ད་ལོས་ཡིན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མུན་ནག་གི་ཁྲོད་དུ་རང་གི་ནུས་ཚོད་ཀྱིས་འོད་སྣང་སྟེར་བའི་སྒྲོན་མེ་ཞིག་ཐོག་མར་སྦར་གྲབས་ཡོད་དུས། མུན་པ་མེད་ན་འཚོ་ཐབས་ཡེ་ནས་བྲལ་བའི་འབྱུང་བོའི་བྱ་ཚོགས་ཀྱི་འཆི་ཁའི་འོ་དོད་དང་། འོད་སྣང་གི་ཆེད་དུ་རང་སྲོག་ཀྱང་འདོར་ནུས་པའི་འདབ་ཆགས་གཞན་དག་གིས་དགའ་བསུའི་མགྲིན་དབྱངས་དར་དིར་དུ་སྒྲོག་པ་ནི་ཆོས་ཉིད་ཀྱི་རང་མདངས་ཤིག་ཏུ་འཁུམས་སོ། །
ཡེ་ཤེས་ལགས། ངས་བསམ་ན་གྲྭ་པའི་ཁྲོད་དུ་མཚན་མཐུན་ཆགས་སྤྱོད་བྱེད་མཁན་ཡོད་ཀྱང་དེ་ནི་ཁོ་རང་ཚོའི་ཆོས་ཁྲིམས་ལ་གནོད་སྐྱོན་འདྲ་སོང་ཡོད་ན་ལས་གཞན་མི་ཆོས་རིང་ལུགས་དང་འབྲེལ་བའི་ནག་ཉེས་ཤིག་གང་ཡང་མ་རེད། ཡེ་ཤུའི་ཆོས་ལུགས་དང་འགལ་བར་བརྗོད་མཁན་ཚོས་ཉེས་དམིགས་སུ་ལྟ་བ་ལས་དེང་དུས་སུ་རྒྱལ་ཁབ་ཕལ་མོ་ཆེར་ཁྲིམས་མཐུན་གྱི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བཞིན་ཡོད། གལ་ཏེ་དེ་ཆོས་དང་འགལ་བས་སྐྱོན་འདུག་སྙམ་ན་ཡང་དེ་དགོན་པ་ཚོས་ཀྱང་གང་ནུས་ཚོད་ཀྱིས་བཀག་འགོག་བྱེད་ཀྱིན་ཡོད་རེད། ཁྱེད་ལ་དེའི་སྐོར་བསམ་ཚུལ་གང་འདྲ་ཡོད། གཅར་རྡུང་བྱེད་པ་འདི་ཆོས་སྲིད་ཀྱི་ཁྲིམས་ལུགས་ཐམས་ཅད་དང་འགལ་ཡང་ད་དུང་བླ་རྒན་ཚོས་རྒྱབ་སྐྱོར་དང་རྒྱུན་བསྲིངས་བྱེད་བཞིན་པ་འདི་འགོག་ཐབས་རེ་གནང་རྒྱུ་ནི་ཉམ་ཆུང་གི་རྒྱབ་རྩ་ཞིག་ཏུ་འགྱུར་བ་ཁོ་བོར་གསལ་ཆ་ཡོད་སྟབས་རྗེས་སུ་ཡི་རངས་ཞུས་པ་ལས་གཞན་གང་ཡང་མིན། འོན་ཀྱང༌། ཤ་ཚ་བའི་གཏམ་ལ་སྙན་མོ་མེད། །ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བདེ་ཡིན་རྒྱུ་རེད། དྲྭ་གྲོགས་རེ་ཟུང་གི་སེམས་ལ་མ་འཕྲོད་པའི་བཟོ་ལྟ་རེ་སྟོན་གྱིན་འདུག དེབ་དེ་ྋཐྲྤཀློག་རྒྱུ་མིན་ཟེར་ནས་རྣ་བ་བཀབ་ནས་སྡོད་རྒྱུ་ཡིན་ཟེར་མཁན་ཡང་འདུག ལ་ལས་དེབ་དེ་ད་དུང་ཐོན་མེད་སྟབས་གླེང་བརྗོད་སྤེལ་བ་སྔ་དྲགས་པར་འདོད་པ་བདེན་པར་མ་མཐོང་སྟེ། དེབ་དེའི་ནང་ལ་བརྗོད་བྱ་གང་ཞིག་ཡིན་མིན་ཏེ་རགས་པ་ཙམ་ཚོད་དཔག་བྱེད་མི་ཐུབ་པ་ཞིག་མ་རེད། དེ་ཡང་ཆོས་དང་མི་མཐུན་ཚུལ་དང༌། ཡུལ་གྱི་ཁྲིམས་དང་མི་མཐུན་ཚུལ། མི་ཆོས་རིང་ལུགས་ཀྱི་མི་ལ་བརྩི་འཇོག་བྱེད་སྟངས་དང་མི་མཐུན་པ་སོགས་གཙོ་བོར་བརྗོད་ཡོད་རྒྱུ་རེད། རྩོམ་པ་པོའི་ཀུན་སློང་སོགས་གང་ཡིན་གཞན་སེམས་ཤེས་པའི་མངོན་ཤེས་མེད་སྟབས་གླེང་ག་ལ་ཤེས།
བློ་ཕམ་པ་ལ། སྤོབས་པ་ལགས་ཀྱིས་བྲིས་པ་དེ་འདི་ནས་ཡོངས་སུ་འགྱུར་ནས་ཀློག་ཐུབ་ཀྱི་མི་འདུག
ངས་གཅིག་གྱུར་གསང་ཨང་ཅན་གྱི་ཡི་གེ་གཏགས་ཤེས་ཀྱི་མེད་སྟབས་ཐོག་མར་ྋཐྲྤཀློག་ཐུབ་ཀྱི་མ་རེད། ངས་ད་དུང་ཏྲི་སི་ཨར་སི་གཡུ་མཚོ་གཏགས་བཞིན་ཡོད། ཡིན་ཡང་རྩོམ་སྒྲིག་པས་ཡིག་གཟུགས་བརྗེབསྒྱུར་གྱི་རོགས་བྱས་ནས་བསྒྱུར་ཚར་རྗེས་སུ་ྋཐྲྤཀློག་ཐུབ་ཀྱི་རེད། རྩོམ་སྒྲིག་པ་ཚོ་ང་ལ་སྐུ་དྲིན་ཆེན་པོ་ཡིན།
ངའི་གློག་ཀླད་གཞན་པ་དེའི་ནང་དུ་དེ་འདྲ་ཡིན་མིན་ལྟ་གི་འགྲོ་གི་ཡིན།
གཅིག་པ་རེད་འདུག སྤོབས་པ་ལགས་ནས་པནྡི་ཏ་ལྟ་བུའི་ཡིག་གཟུགས་གཞན་པ་ཞིག་བཀོལ་བ་མིན་ནམ། པནཊིད་དྲ་ཚིགས་འདིའི་ནང་དུ་བེད་སྤྱོད་བྱེད་མི་ཐུབ་པར་འདུག་ལགས།
དེ་འགྲིགས་མ་དེ། ཁོ་རེ་ཡེ་ཤེས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མུན་ནག་ཟེར་བ་དེ་ངས་བལྟས་ན་འགྲིགས་མ་དེ། དེ་ནི་མུན་ནག་གི་ལོ་ངོ་སྟོང་ཕྲག་དང་གཅིག་པ་རེད། དེ་འདྲ་ཡིན་ན་དེ་ལ་སུས་ཁས་ལེན་བྱེད་ཀྱི་རེད། ད་ལྟ་ལ་ལྟོས་ཏེ་འདས་པར་མུན་ནག་གི་ཆ་ཡོད་པ་རེད་ལ། འདས་པ་ལ་ལྟོས་ཏེ་ད་ལྟའང་མི་ནག་གི་ཆ་ཡོད་རེད། དེ་ཅིག་ཤེས་པ་གྱིས། ཡང་མིན་ན་དེ་འདྲ་ཡིན་མིན་མོ་རྒྱོབས།
རང་གི་ནུས་ཚོད་ཀྱིས་འོད་སྣང་སྟེར་བའི་སྒྲོན་མེ་ཞིག་ཐོག་མར་སྦར་གྲབས་ཡོད་ཅེས་པ་དེ་ཡང་ཅིག་འགྲིགས་མ་དེ། ད་བར་སུ་གང་གིས་མ་སྤར་བའི་སྒྲོན་མེ་གང་ཞིག་ཁྱེད་རང་ནས་ཐོག་མར་སྦར་གྲབས་ཡོད། དེ་སེམས་ལ་ཅིག་ཟུངས།
རང་ལ་རྒྱབ་སྐྱོར་བྱེད་མཁན་ལ་དགའ་སྟེ་འོད་སྣང་གི་ཆེད་དུ་རང་སྲོག་ཀྱང་འདོར་ནུས་པའི་ཟེར་ནས་བསྔགས་བརྗོད་བྱེད་པ་དང་། གཞན་རང་དང་ལྟ་བ་མི་མཐུན་པ་རྣམས་ལ། མུན་པ་མེད་ན་འཚོ་ཐབས་ཡེ་ནས་བྲལ་བའི་འབྱུང་བོའི་བྱ་ཚོགས་ཀྱི་འཆི་ཁའི་འོ་དོད་ཅེས་བརྗོད་པ་དེ་ཡང་ཅིག་འགྲིགས་མ་དེ། ཨ་ཚེ་རིང་ལོ་བརྒྱ་བོ། དངོས་གནས་བཤད་ན། ལྟ་བ་མི་མཐུན་པ་རྣམས་ཁོ་ན་ཁྱེད་ཀྱི་ཤེས་རབ་ཀྱི་སྣུམ་སྒྲོན་ཁ་གསོས་བྱེད་མཁན་ཁོ་ན་ཡིན་པ་རེད། ཁ་ཡག་ངོ་བསྟོད་དེ་ཚོས་ཁྱེད་རང་འཕྲོ་བརླག་ལ་གཏོང་སྲིད་ཀྱི་རེད།
ཁྱེད་རང་གིས་བརྗོད་བཞིན་པའི་དགེ་བསྐོས་བཙན་པོ་དེ་ཚོས་ཀྱང་ཁོ་རང་ཚོའི་སེམས་ནང་རང་གི་ནུས་ཚོད་ཀྱིས་མུན་པའི་ཁྲོད་འོད་སྣང་སྟེར་བའི་ཕྱིར་གང་ཞིག་བྱེད་ཀྱི་ཡོད་རེད། དེ་མིན་མི་གཞན་ཞིག་ལ་རྒྱུག་རྡུང་གཟེད་ནས་ཁོ་ལ་གང་ཕན་གྱི་མེད་པ། དེ་དགེ་བསྐོས་བྱེ་བྲག་པ་ཞིག་གི་སྐྱོན་མིན་པར་རིང་མོ་ཞིག་ནས་བརྒྱུད་ཡོང་བའི་ལུགས་སྲོལ་ཞིག་ལ་ཐུག་ཡོད་པ་རེད། ཉིན་འགའི་སྔོན་འདིར་བླ་སྤྲུལ་གྱི་སྐོར་ཅིག་བྲིས་ཡོང་བ་དེ་ཡང་དེ་ལས་མ་འདས། དེས་ན་འབྱུང་བྱ་ཁྱེད་རང་ནས་འཆི་ཁའི་འོ་དོད་ཅི་ལ་སྒྲོགས།
ང་ཤི་དུས་ན། ང་ལ་རང་དབང་ཞིག་ཡོད་པ་ཡིན་ན། ང་དགེ་བསྐོས་བཙན་པོ་ཞིག་ཏུ་སྐྱེས་ནས། རང་གི་ཕ་ཁྱིམ་དུ་སྡོད་མ་ཚུགས་པར་གྲྭ་སར་འགྲིམས། གྲྭ་སར་སྡོད་མ་ཚུགས་པར་གང་བྱུང་མང་བྱུང་བྱས། སློབ་དགོས་པའི་ཆོས་མི་སློབ་པར་སྙན་ངག་འབྲི་གི་ཡིན་ཟེར་མཁན། ཆོས་ཉམས་ལེན་མི་བྱེད་པར་དཔེ་ཆ་འབྲི་གི་ཡིན་ཟེར་མཁན། ཡང་གྲྭ་བ་དཀྱུས་མ་ཞིག་ལས་སྤྲུལ་སྐུ་ཞིག་ཡིན་ན་བསམ་མཁན་དེ་ཚོ་ཚང་མའི་རྐུབ་ལ་རྒྱུག་པ་ཡག་ཐག་ཆོད་གཞུ་ས་རེད། ད་ཡིན་ན་དེ་འདྲའི་བསྐལ་བ་པཟང་བོའི་དུས་ཚོད་ཅིག་ཤར་ཁག་པོ་ཡིན་པ་འདྲ།
སྤོབས་པ་དང་མགོན་པོ་ཕྱག་གཉིས་པ་ཨ་མྱེས་བྱ་ཁྱུང་ཟེར་བའི་དྲ་གདོན་འདིའང་ཀླུ་སྨྱོན་ལ་རྫུན་མ་ཟེར་ནས་སྡིགས་ཞོར་ཁོ་རང་ཡང་མིང་རྫུན་མ་འདི་གསུམ་གྱི་རྒྱབ་ཏུ་བསྐུངས་བསྡད་ཡོད་པ་ཞིག་རེད། ཁོ་རང་ཚེ་འདི་རང་ལ་དགེ་བསྐོས་བཙན་པོ་དེ་ཚོའི་རྒྱུགས་ཁྱིར་གྱུར་འདུག་པས། སྐྱེ་བ་རྗེས་མ་ལ་སྨོན་ལམ་འདེབས་དགོས་ས་མ་རེད།
ཨོ། ཁ་སང་ཁེ་ཉིན་གྱི་ངའི་དྲི་བ་དེ་དག་ལ་ལུང་རིགས་ཀྱི་དགག་གཞག་ཅི་ཡང་མེད་པ་དེ་ཅི་མ་ཉན་པ་རེད།
གསལ་བཤད། གོང་དུ་སྤོབས་པ་དང་མགོན་པོ་མཉམ་དུ་སྦྱར་བར་དགོངས་འགལ་མེད་པ་ཞུ།
ངས་ཁྱེད་ཀྱིས་གང་ཞིག་བཤད་པ་ཡིན་བསྙམས་བྱུང༌།
ཁ་བྱང་རྫིག་པོ་དེ་ལ། བརྗོད་བྱ་ཡང་དེ་མཚུངས་ཤིག་ཡོད་ན་ཡག་པོ་འདུག
སྐུ་མཁྱེན། རྗེས་ཕྱོགས་རྩོམ་འདི་འདྲ་མ་སྤེལ་རོགས།
དཔལ་ཆོས་ཀྱི་གྲགས་པས་ཀྱང་།
སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །
དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །
ཡོངས་འགྱུར་འདི་ན་བདག་ལ་འདི་ནི་གཞན་ཕན་ཡིན་ཞེས་བསམ་པའང་མེད། །
སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་སྐྱེས་ཕྱིར་འདི་ལ་དགའ་བ་སྐྱེས། །
ཞེས་གསུངས་དགོས་བྱུང་མི་འདུག་གམ།