Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ཏོག་གི་ཚོམ་དང་སྙིང་ལ་བུ་ག་རྟོལ་སྟངས་གཞན་ཞིག

Posted on 2010-12-31 By དབང་ཕྱུག་ 9 Comments on མེ་ཏོག་གི་ཚོམ་དང་སྙིང་ལ་བུ་ག་རྟོལ་སྟངས་གཞན་ཞིག

མྱིག

༼ཀླུ་མོ་འཚོ་ལ་བྲིས་པ༽

འཇོ་སྒེག་གིས་ལྡེམ་པ མེ་ཏོག་གི་འཁྲི་ཤིང
ཁུ་བྱུག་གིས་ཀྱང་སྒྲོག་མ་ཤེས་པའི་འགྱུར་ཁུགས་དེས
སེམས་པའི་ཕྱི་ནང་དང སྟེང་འོག་ཐལ་བྱུང་དུ་ཕུག
ཨ མཛེས་ཤིང་འཛུམ་པ ཀེམ་ཀེམ་གཡོ་བའི་མིག་ཟུང་ལས
འཐོལ་གྱིས་འཁྱུག་པའི་ཉི་ཟེར་གྱི་ཟུར་མིག་རེ་རེ
ངའི་བྲང་གཞུང་བརྟོལ་ནས་སེམས་ལ་ཟུག
རྨ་ཁ་མི་བཏོད་པར་གསོད་ཀྱིན་པའི་ང
ཚེ་ཐར་ལ་མ་བཏང་གོང
རྟོག་གེ་བ་ཞིག་གིས
རང་ཉིད་ཀྱི་གཏན་ཚིགས་ལ་གས་ཆག་ཤོེར་བ་ཤེས་པས
ང་ལྷ་ཡུལ་ལ་བསྙེག་ན་མི་འདོད་ཟེར

༼ཀླུ་མཚོ་སྐྱིད་ལ་བྲིས་པ།༽

གཉོམ་དུང་དུང་གིས
དྲོད་ཡལ་ཟིན་པའི་ངའི་བྱང་ཁོག་ལ་ག་ལེར་བབ་བྱུང
ལྷོད་ཤིག་ཤིག་གིས
ལྷེམ་ལྷེམ་འགུལ་བའི་ངའི་ཁྲག་རྩའི་སྦུབས་སུ་དལ་གྱིས་འཁྱུག་སོང
རྨི་ལམ་རྨིས་མ་མྱོང་བའི་རྟོག་གེ་བ་དེ
རྨི་ལམ་ལྗང་ཁུ་ཞིག་བློས་བསླངས་བྱས་རྗེས
དབུགས་རིང་ཞིག་དང་ལྷན་དུ
གཞི་ནས་ཚིམས་སོང་ཟེར
གླུ་ལེན་ཤེས་པའི་གར་སྟེགས་སྟེང་གི་མེ་ཏོག་དེ
སྔ་ས་ནས་ཡལ་ཟིན་ཀྱང
ད་དུང་མིག་ཀོང་ན་མཛེས་ཤིང་འཛུམ
རྟོག་གེ་བ་གཞན་ཞིག་གིས་ཀྱང
རང་ཉིད་ཀྱི་གཏན་ཚིགས་ལ་གས་ཆག་ཤོེར་བ་ཤེས་པས
གཞི་ནས་ཚིམས་སོང་ཟེར

༼སྨིན་སྣང་མཛེས་ལ་བྲིས་པ།༽

ད་ལྟའང་ད་དུང ལྷད་མ་འདྲེས་པའི་ཞི་མོ་ཆུང་ཆུང་ཞིག
སུས་ཀྱང་བདག་གིར་བྱས་མ་མྱོང་བའི་ལང་ཚོ
མཛའ་བོས་ཀྱང་རེག་མ་མྱོང་བའི་ནུ་འབུར་ཟུང
སྐད་ཅིག་གིས་གར་སྟེགས་སྟེང་ནས་མེ་རུ་སྦར་དུས
ངའི་སེམས་པའི་ཕྱི་ནང་བསྲེགས་ཤིང
ངའི་མིག་གི་འདབ་མ་ཚིག
རྟུལ་ཞུགས་ལ་གནས་པའི་སྨྱོན་པ་དེས
འཆར་ཡན་གྱི་སྒྲུང་སྙིང་རྗེ་མོ་ཞིག་བློས་བསླངས་བྱས་ནས
རང་ཉིད་གཏན་དུ་བརྗེད་པར་གྱུར
རྟོག་གེ་བ་ཞིག་གིས་ཀྱང
རང་ཉིད་ཀྱི་གཏན་ཚིགས་ལ་གས་ཆག་ཤོེར་བ་ཤེས་པས
འགྱོད་པ་གཏན་ནས་མེད་ཟེར

སྤྱི་ ལོ་2011 01 01 ལོ་གསར་དགོང་ཚོགས་སྐབས་སུ་ཁོང་མོ་ཚོའི་གླུ་དབྱངས་ལ་ཉན་རྗེས་སེམས་ཀྱི་ཁ་ལ་ མི་ཉན་པའི་པྲ་ཚག་གི་མཛུབ་རྩེ་འདིས་འདི་ལྟར་བྲིས་སོ།།

གསར་འགྱུར།

Post navigation

Previous Post: ༄༅། །གོམ་པ་སྤོ་སྟངས་ཀྱི་གསལ་འདེབས།
Next Post: སྙིང་སྡུག་མ། ཁྱེད་ཀྱི་ཡོད་ཚད་སྙན་ངག་རེད།

Comments (9) on “མེ་ཏོག་གི་ཚོམ་དང་སྙིང་ལ་བུ་ག་རྟོལ་སྟངས་གཞན་ཞིག”

  1. ཆོས་འཕེལ། says:
    2010-12-31 at 4:19 pm

    འདས་མ་ཐག་པའི་ཁ་སང་གི་ཉིན་མོར། གཞིས་ལུས་སློབ་ཕྲུག་ཚོས་བོད་སྐད་ཡིག་སྦྱོང་ཞིང་སྐྱོབ་པའི་སྐད་འབོད་བྱས་པ་རེད། འཆར་མ་ཐག་པའི་དེ་རིང་། ང་ཚོས་ཁོང་ཚོར་བརྙས་དམོད་ལྟ་བུས་ཡིག་ནོར་འདི་ལྟར་སྤེལ་སྟངས་འདི་རྣམ་འགྱུར་ཅི་ཞིག་གི་ཆེད་ཡིན་ནམ། ན་ནིང་གི་སྐད་འབོད་དེ། ད་ལོའི་ཉིན་དང་པོ་ནས་བརྗེད་སོང་བ་མིན་པར་སྨོན། བསེ་རུ་ལགས་ཀྱིས་རེ་སྐུལ་གནངས་འདུག་པར་གཟིགས་དང་། ད་ནི་ང་ཚོས་རྩེད་མོ་འདི་འདྲ་མཚམས་འཇོག་དགོས་པ་རེད་དྲན།

  2. ཟླ་བ་གཞོན་ནུ། says:
    2010-12-31 at 4:49 pm

    རྟོག་གེ་ཟེར་བའི་མིང་ཚིག་མང་བ་ལ།
    དེ་སྐྱར་ཟློས་དེ་འདྲ་མང་ང་ཞིག་བྱས་ནས་ཅི་བྱེད།

  3. དཀོན་ཅོག་སྐམ་པོ། says:
    2010-12-31 at 7:19 pm

    མྱིག་ལགས། སྤྱི་ལོ་2011 01 01ལོའི་ལོ་གསར་དགོང་ཚོགས་ལ་གང་ནས་བལྟ་ཐུབ་བམ། དེར་བལྟ་སའི་ཁ་བྱང་རེ་འཇོག་མི་ཐུབ་བམ། ཁ་དྲོ།།

  4. yum says:
    2010-12-31 at 7:34 pm

    ཟིན་མེད་དབྱར་དགུན་དུས་བཞིའི་སོ་ཚིས་ལ་འབད་ནས།།
    དོན་མེད་རྣམ་གཡེང་ངང་དུ་མི་ཚེ་ཕྱེད་ཟད་ཀྱང་།།
    ད་དུང་སྣང་མེད་གཞོན་པའི་འཕྱོར་ཉམས་དེ་ཆེ་བ།།
    ལུས་རྒས་སེམས་མ་རྒས་པའི་སྣང་ཚུལ་འདི་སྐྱོ་བ།།

    ཚོགས་དྲུག་སྣང་བ་ཡུལ་གྱི་མེ་ཏོག་གི་ཐང་དུ།།
    གཏད་མེད་རིག་པའི་བུ་ཆུང་ཕར་ཕར་ལ་འཁྱམས་པས།།
    དོན་ཆེན་གནས་ལ་སེམས་པའི་དྲན་འདུན་གྱི་ལམ་སྲོལ།།
    ད་ལྟ་རྗེས་མེད་བོར་བའི་སྣང་ཚུལ་འདི་སྐྱོ་བ།།

  5. yum says:
    2010-12-31 at 7:35 pm

    ཚོགས་དྲུག་སྣང་བ་ཡུལ་གྱི་མེ་ཏོག་གི་ཐང་དུ།།
    གཏད་མེད་རིག་པའི་བུ་ཆུང་ཕར་ཕར་ལ་འཁྱམས་པས།།
    དོན་ཆེན་གནས་ལ་སེམས་པའི་དྲན་འདུན་གྱི་ལམ་སྲོལ།།
    ད་ལྟ་རྗེས་མེད་བོར་བའི་སྣང་ཚུལ་འདི་སྐྱོ་བ།།

    ཟིན་མེད་དབྱར་དགུན་དུས་བཞིའི་སོ་ཚིས་ལ་འབད་ནས།།
    དོན་མེད་རྣམ་གཡེང་ངང་དུ་མི་ཚེ་ཕྱེད་ཟད་ཀྱང་།།
    ད་དུང་སྣང་མེད་གཞོན་པའི་འཕྱོར་ཉམས་དེ་ཆེ་བ།།
    ལུས་རྒས་སེམས་མ་རྒས་པའི་སྣང་ཚུལ་འདི་སྐྱོ་བ།།

  6. BBC says:
    2011-01-03 at 10:57 am

    དགོས་པའི་དམ་ཆོས་བསྟན་པ་རྒྱུད་ལ་མེད། །
    མི་དགོས་ཆགས་གཏམ་སྨྲ་ལ་ཐོགས་ཐུག་བྲལ། །
    སེར་གཟུགས་ཅན་ལ་གཤིས་རྒྱུད་ཆོས་དྲིས་དབེན། །
    སྣང་ལ་མ་ངེས་རྟགས་ཤིག་འདི་རུ་ཚང། །

  7. zema says:
    2011-01-04 at 3:13 pm

    སློབ་དཔོན་པདྨ་ཡིས་དབང་ལུང་དང་མན་ངག་གཡབ་རེས་གཏགས་ནས་གནང་།།
    འབྲུག་པ་ཀུན་ལེགས་ཀྱིས་སངས་རྒྱས་ཀྱི་གོ་འཕང་གཡབ་རེས་གཏགས་ནས་ཐོབ།།
    ཙོང་ཁ་པ་ཁོང་གིས་མཆོག་བདེ་ཡི་དངོས་གྲུབ་གཡབ་རེས་གཏགས་ནས་བརྙེས།།
    སྟོན་པ་སངས་རྒྱས་ཀྱང་ཟས་གཙང་དང་ལྷ་མཛེས་གཡབ་རེས་གཏགས་ནས་འཁྲུངས།།

    ང་ཡང་ང་ཡི་ཕ་མས་གཡབ་རེས་གཏགས་ནས་སྐྱེས།།
    ཁྱོད་ཀྱང་ཁྱོད་ཕ་མས་གཡབ་རེས་གཏགས་ནས་འཁྲུངས།།
    ཁོ་ཡང་ཁོ་ཡི་ཕ་མས་གཡབ་རེས་གཏགས་ནས་བྱུང་།།
    གཡབ་རེས་གཏག་ལས་དོན་ཆེན་ས་སྟེང་འདི་ན་མེད།།

    དམ་ཆོས་ཟེར་ནས་བསྟན་རྒྱུ་རྡོག་རྡོག་ཅིག་ཡོད་པ།།
    ཁྱོད་ཀྱི་ཨ་ཕས་ཁྱོད་ལ་བཤད་པ་རང་ཨེ་རེད།།
    ཆགས་གཏམ་ཟེར་ནས་གཡུག་རྒྱུ་ནར་ནར་ཞིག་ཡོད་པ།།
    ཁྱོད་ཀྱི་ཨ་མས་ཁྱོད་ལ་བཤད་པ་རང་ཨེ་རེད།།

    འཇིག་རྟེན་འདི་ནི་ཕོ་དང་མོ་ཡིས་གྲུབ།།
    ཕོ་དང་མོ་ནི་གཡབ་རེས་བྱས་ནས་གྲུབ།།
    རླིག་སྐམ་ལག་པས་སྐྱོར་ནས་དྲ་ཚིགས་ཐོག།
    གཡབ་དང་རྒྱོ་ལ་མ་སྡིགས་ཉུག་རུམ་པ།།
    ཉུག་རུམ་པ་ནི་སྔོན་ཆད་རྒྱ་ནག་གོང་མའི་ཕོ་བྲང་དུ་རླིག་འབྲས་བཏོན་ནས་འཁྲིག་སྤྱོད་བརྟེན་པའི་ནུས་པ་བྲལ་བར་བྱས་པའི་གོང་མའི་བཙུན་མོ་ཚོའི་ཞབས་ཞུ་པ་ཚོའི་མིང་ལ་ཟེར་བ་རེད།

  8. zema says:
    2011-01-04 at 3:28 pm

    སྐྱེས་པའི་མིག་ལ་མཛེས་པ་མཐར་ཐུག་དེ།།
    བུད་མེད་ཡིན་ཞེས་སྟོན་པས་གསུངས་པ་དེ།།
    སྐྱེ་འཆིས་གྲུབ་པའི་འཇིག་རྟེན་ཆུང་ཆུང་འདིར།།
    སྐྱེ་འཆི་མེད་པའི་གཏན་ཚིགས་གཞོན་གཞོན་ཞིག།

  9. བདེ་སྐྱིད་བཟང་བོ། says:
    2011-01-05 at 12:54 am

    ལྷ་མོ་མཚོ་ལགས།
    འདིར་ཁྱེད་ཀྱི་མིང་ལ་ཀླུ་མོ་མཚོ་ཞེས་འབོད་ཀྱིན་ཡོད་པས། དེ་ལ་དམིགས་བསལ་ཞིག་མེད་དམ། ཁྱེད་ཀྱིས་ཉན་བཞིན་ཡོད་དམ།
    མིང་འདི་བེད་སྤྱོད་གཏོང་མཁན་མི་བུ་གཅིག་ལས་མེད་བསམ་སོང། དེ་ནི་ཁྱེད་གཉིས་བརྩེ་དུང་གི་དགའ་ཚལ་དུ་ལོ་དུ་མར་བདེ་མཆོག་ཞིང་ལ་འགྲོ་རོགས་བྱེད་མཁན་གྱི་མི་བུ་དེ་མ་ཡིན་ནམ།
    ཁྱེད་གཉིས་ཡང་བསྐྱར་མགོ་རྩོམ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme