ཁྲོ་གཏུམ།
རྡོ་སྐྱེས་མེ་ཏོག་རྡ་སའི་རི་བོར་བཏབ།།
རི་དེའི་མགོ་ན་མེ་ཏོག་སྣ་བརྒྱ་ཡོད།།
མེ་ཏོག་ནང་གི་མེ་ཏོག་མ་འདྲ་བ།།
རྡོ་སྐྱེས་མེ་ཏོག་ཡིན་པ་སྙད་སྐོས་མིན།།
སུས་ཀྱང་མ་བཤད་མི་འདིས་བཤད་ཀྱིན་པ།།
རྡོ་ནས་སྐྱེས་པའི་མེ་ཏོག་ཅིག་ལ་བཤད།།
བྱེ་ཐང་མེ་ཏོག་དེབ་དང་གློ་བརྙན་ཡོད།།
རྡོ་སྐྱེས་མེ་ཏོག་གློག་བརྙན་ནམ་ཞིག་ཕུལ།།
ཤིང་གི་བསྟན་བཅོས་ང་ཚོའི་བོད་ལ་ཡོད།།
ཆུ་ཡི་བསྟན་བཅོས་ཀྱང་དེ་བཞིན་བོད་ལ་ཡོད།།
རྡོ་ཡི་བསྟན་བཅོས་དེ་ནི་འགོ་བཙུག་འདྲ།།
རྡོ་སྐྱེས་མེ་ཏོག་ཅེས་པ་ཡིན་སྐལ་འདུག།
སྙན་པའི་ངག་ལ་དབྱངས་ཀྱི་འགྱུར་ཁུགས་ཡོད།།
ཚོར་བའི་འགྲོས་སུ་སྐད་ཆའི་འགྱུར་ཁུགས་ཡོད།།
འཚོ་བའི་བློ་གྲོས་བརྡར་བའི་བསམ་གཞིགས་ལ།།
རྣམ་རྟོགས་གང་ཞིག་མཆིས་པ་སྐད་ཆ་ཡིན།།
༢༠༢༠ ཟླ་ ༠༡ ཚེས་ ༢༤ ཉིན། ཉིད་ཀྱི་དེབ་གསར་ལ་ཤིས་ཚིག་ཅིག་གི་དོད་དུ་གྲོགས་ཁྲོ་གཏུམ་གྱིས་ཨོ་གླིང་དུ་ཕུལ།