རང་རྟོན།
མེ་ལྕེ་༥༣་ལ་བྲིས།
༡༽མེ་ཞགས་འཕྱུར་ནས་དགུང་ལ་བུད་ཐལ།།
མེ་ལྕེ་ཆད་ནས་ས་ལ་བྲུལ་སོང་།།
མེ་ཤིང་ཞིག་གི་རྟུལ་ཞུགས་བཟུང་བའི།།
མེ་སྟག་ཀློང་གི་གདོང་དམར་བོད་པ།།
༢༽མེ་ཡིས་བདག་དབང་རྩོད་པའི་བོད་མིའི།།
མེ་ལྕེ་ཚ་བོའི་བྱུང་བ་གློད་ན།།
མེ་ཁ་གསོ་བའི་དུས་ཡུན་རིང་བ།།
མེ་ལོང་ནང་ལ་བལྟས་ན་གསལ་བ།།
༣༽མེ་ཕོར་བརྡོལ་ནས་ས་གཞི་བསྲེགས་འདྲའི།།
མེ་ཤུགས་དེ་འདྲ་རྒོད་པས་ཕྱིར་ན།།
མེ་མུར་རླུང་གིས་ཁུར་བ་ཙམ་གྱིས།།
མེ་གླིང་རྒྱལ་ཚོགས་འབར་ཡང་སྲིད་དོ།།
༤༽མེ་འཁོར་གདོང་ཁ་བརྒྱབ་པ་མ་ཡིན།།
མེ་སྒྱོགས་སྟོང་ཚོ་འཕངས་བ་མ་ཡིན།།
མེ་ཤུགས་འཕུར་མདའ་དེ་བས་མ་ཡིན།།
མེ་མདའ་མེད་པའི་མེ་གཟུགས་བོད་ཡིན།།
༥༽མེ་ལྕེབ་མེ་ལ་མཆོངས་བ་མིན་ཐལ།།
མེ་རིའི་མེ་ལྕེ་འབར་བ་མིན་ཐལ།།
མེ་ཡིས་དམར་མཆོད་བྱས་པ་མིན་ཐལ།།
མེ་སྒྱོགས་སྔུན་ནས་རང་དབང་གླེང་ཐལ།།
༦༽མེ་བཙའ་ཙམ་ལ་སྐྲག་ཞིང་འདར་བའི།།
མེ་ཏོག་ལྡུམ་རྭར་ལོབས་ཤིང་གོམས་པའི།།
མེ་ཏོག་མ་ལ་དགའ་ཞིང་འཐམ་པའི།།
མེ་ལོང་ནང་གི་རྒྱལ་ཚོགས་མི་དག།
༧༽མེ་ལྕེ་མཐོང་དུས་ཕྱིར་ལ་བྲོས་འགྲོ།།
མེ་ལོང་ནང་ནས་བལྟས་བལྟས་གནང་བྱུང་།།
མེ་ལ་བསྲེགས་པའི་བོད་པ་མཐོང་དུས།།
མེ་ཏོག་དྲི་མས་སྣ་སྒོ་བཀབ་སོང་།།
༨༽མེ་ལ་མེ་ཡི་རིན་ཐང་ཡོད་ཀྱང་།།
མེ་ལྕེ་འདི་ཚོར་རིན་ཐང་མེད་འདྲ།།
མེ་ཁམས་འཁྲུག་པ་གཏན་ནས་མ་ཡིན།།
མེ་གོའི་རྒྱལ་གཙོར་*མིག་ནད་ཕོག་འདུག།
༩༽མེ་གཟུགས་བོད་པའི་ཤ་ཁྲག་རུས་གསུམ།།
མེ་ལ་ཐིམ་པའི་དངོས་ཡོད་གནས་ཚུལ།།
མེ་གླིང་རྒྱལ་ཚོགས་མིག་ལ་བཤམས་ཀྱང་།།
མེ་སྟག་ཙམ་གྱི་སྣང་བ་མེད་སོང་།།
༡༠༽མེ་མཆོད་ང་གསུམ་ཕུལ་བའི་སྔ་གཞུག།
མེ་ལ་འབར་བའི་ཚེ་སྲོག་གསོན་པོ།།
མེ་གོའི་རྒྱལ་གཙོའི་ཀླད་རྩར་མེད་ཀྱང་།།
མེ་བདག་བོད་པའི་སེམས་ན་ལོས་ཡོད།།
༢༠༡༢-༨-༧་ཉིན་བྲིས།
*མེ་གོའི་རྒྱལ་གཙོ་ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་ལ་གོ་དགོས།
རང་ལུས་མེར་བསྲེགས་བཏང་དོན། མེ་མེ་མེ་མེ་མེ་མེ།
མེ་དང་པོ། རང་སྡེའི་སྡིག་པ་དག་ཕྱིར། རང་ལུས་མེར་བསྲེགས་བཏང་།
མེ་གཉིས་པ། གཞན་སྡེའི་གདུག་རྩུབ་ཞི་ཕྱིར། རང་ལུས་མེར་བསྲེགས་བཏང་།
མེ་གསུམ་པ། རང་གཞན་གཉིད་རྨུགས་སངས་ཕྱིར། རང་ལུས་མེར་བསྲེགས་བཏང་།
མེ་བཞི་པ། ཞི་བའོ་ངོ་རྒོལ་སྤེལ་ཕྱིར། རང་ལུས་མེར་བསྲེགས་བཏང་།
མེ་ལྔ་པ། ཛམ་གླིང་རྒྱབ་སྐྱོ་ཡོང་ཕྱིར། རང་ལུས་མེར་བསྲེགས་བཏང་།
རྒྱབ་སྐྱོར་ལ་བཅོས།
ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །ལས་མ་བྱས་པ་དང་མི་འཕྲད། །ལས་བྱས་པ་ཆུད་མི་ཟའོ། །
དཀོན་མཆོག་གིས་མཁྱེན་ནོ་་་་་་་་་་་ང་མི་ཡུལ་འགྲིམ་འགྲིམ། ངས་མཐོང་པའི་སེམས་ཅན། མི་དུད་འགྲོ་གཉིས་ལ།
རང་བདེ་བ་འདོད་དང་། སྡུག་མི་འདོད་གཉིས་པོ། གཅིག་པ་ནི་གཅིག་རྐྱང་། དེ་འདྲ་ནི་ཡིན་དུས། མི་དུད་འགྲོར་གནོད་འཚེ་།
དུས་རྟག་ཏུ་སྤང་རོགས། །
གངས་ཅན་བོད་མིའི་མེ་ཕུང་།།
ཚལ་བ་འབུམ་གྱིས་གས་ཀྱང་།།
རྒྱལ་ཚོགས་ལྕགས་གདོང་མཁར་ལ།།
ཚ་སྣང་མེད་པར་ཅི་རེད།