རྔ་བ་ཀུན་བཟང་སྒྲོལ་མ།
མེ་ལྕེ་འབར་གྱིན་འབར་གྱིན
ཁ་བ་ཉུང་ངུ་ཉུང་ངུ་
ཡོད་ཚད་ནས་ཡོད་ཚད་
འདི་ལྟར་ངའི་ཁོར་ཡུག་གི་བྱ་ཁྱུ་དེ་ཚོས
མི་རིགས་དེའི་གཟི་བརྗིད་ཆེད་
འཇིག་རྟེན་དེའི་ལ་རྒྱའི་ཆེད་
ཡོད་ཚད་ནས་ཡོད་ཚད་སྒོམ་བཞིན
འཇིག་རྟེན་ག་གེ་མོ་ཞིག་ཏུ་
རེ་བ་དང་ཡིད་ཆེས་ཀྱིས་བཞུད་སོང་
ཁ་སང་གི་མེ་ལྕེ་
དེ་རིང་གི་མེ་ལྕེ
རྒྱུན་མ་ཆད་པའི་མེ་ལྕེ་རེ་རེའི་བར་ན་
མི་རབས་རེ་རེའི་གཏམ་རྒྱུད་ཡོད་ལ་
རྒྱུན་མ་ཆད་པའི་མེ་ལྕེ་རེ་རེའི་བར་ན་
ཁ་སང་གི་མི་རབས་དེའི་སྡུག་བསྔལ་ཡོད་ལ་
དེ་རིང་གི་མི་རབས་དེའི་ལ་རྒྱ་ཡོད་པས་
ལ་རྒྱ་དང་སྡུག་བསྔལ་གྱི་ཕ་རོལ་ན་
མི་རིགས་ཤིག་གི་ལོ་རྒྱུས་དང་བདེན་དབང་མཚོན་ཡོད་
མེ་ལྕེ་ཧ་ཅང་མང་བས་
ངའི་ཁོར་ཡུག་ན་བདེ་སྐྱིད་དབེན་ལ་
མེ་ལྕེ་ཧ་ཅང་འབར་བས་
ངའི་སྤུན་ཟླ་ཚོས་སྡུག་ཡུས་མང་བས་
དེ་རིང་ཁ་སང་ ང་ཚོར་ཅི་ཡང་མེད་པས་
ཐ་ན་སྡུག་ཡུས་ཀྱི་རིན་ཐང་ཙམ་མེད་པས་
ང་ཚོས་ཅི་ཞིག་བྱས་ན་འོས་
ངོ་མ་ མེ་ལྕེ་དེ་རྨི་ལམ་མིན་པས་
རྨི་ལམ་མ་ཡིན་པའི་མེ་ལྕེའི་རིན་ཐང་ཅི་འདྲའི་ཆུངའང་
སུ་ཞིག་གི་མིག་ནང་དུ་
མེ་ལྕེ་དེ་ རིན་ཐང་མེད་པར་མཐོང་པའི་མིག་ལོང་ཚོས
གངས་ཅན་པ་ཚང་འབར་བཞིན་པ་མ་མཐོང་ངམ
༢༠༡༢ ༡༠ ༦ དགོང་མོར་རང་མལ་ནས་བྲིས།
ཁ་སང་དེ་རིང་བར་དུ།།
དཔའ་བོ་དཔའ་མོ་ང་དྲུག།
རང་ལུས་མཆོད་མེར་སྦར་ནས།།
ཕྱི་མའི་ཡུལ་ལ་བཞུད་ཐལ།།
སྐྱོ་བ་ལ་སྐྱོ་བ་ལ།
འབར་གྱིན་པ་ག་ལ་ཡིན
འབར་གྱིན་པ་གཏན་ནས་ག་ལ་ཡིན
སྤར་བཞིན་པའི་མེ་དཔུང་ཡིན
མཆེད་བཞིན་པའི་མེ་ལྕེ་དེས
འཚིག་བཞིན་པའི་སྤུན་ཟླ་མིང་སྲིང་ཚོ
སུ་ཞིག་གི་ཆེད་དུ
ཅི་ཞིག་གི་དོན་དུ
གང་ཞིག་གི་སླད་དུ
་་་་་་་་་་་་་་་་་་་་་་་
བཞུར་བཞིན་པའི་སྙན་ཚིག་གི་བཞུར་རྒྱུན་རིང་མོ
འབྲི་ཆུ་དང་འདྲོགས་ཏེ
བུ་མོ་ཁྱེད་ཀྱི་རྨི་ལམ་གྱི་རུམ་ནས་དལ་གྱིས་བཞུད
མུ་མཐུད་ནས་བཞུད་དང་
ང་ཚོ་ཁ་བ་གངས་ཅན་པའི་
སྙན་ངག་གི་གཤིན་སར་རིམ་གྱིས་བཞུད་རོགས
གངས་ཅན་པའི་དོན་དུ་སྤུན་ཟླ་ཚོས་རང་ལས་མེ་ལ་སྒྲོན་པ་ནི་གྲངས་ག་ཉུང་ཉུང་མིན། ཡིན་ན་ཡང་རང་རིགས་གི་ཤ་ཞེན་དང་བློ་སྤོབ་འདི་ལྟ་བུའི་ཁ་ཕྱོགས་འགྲོ་བ་སེམས་ཅན་ཐམས་ཅད་གྱི་སྟེང་དུ་སྐྱེ་སྲིད་དམ། སྐྱེ་སྲིད་ན་སེམས་ཅན་གཅིག་གི་ཆེད་དུ་ཡང་དེ་ལྟར་སྐྱེ་དགོས་ལ། དེ་ལྟར་ན་དིང་སིང་བྱ་ཁང་དང་ཉ་ཁང་ལ་སོགས་པ་སེམས་ཅན་གསོད་པ་འཚམ་པའི་དོན་དུ་དེ་ལྟར་བྱེད་ན་དེ་ལ་ང་ཚོས་ཅི་ཟེར་རམ།
འབར་བཞིན་པའི་སྙན་ངག་
ཁ་སང་
མཐོ་སྒང་གི་བོད་པ་ཚང་འབར་བ་བཞིན་
ཁྱོད་ཀྱི་སྙན་ངག་ཧ་ཅང་འབར་པས་
ངས་ཁྱོད་ཀྱི་སྙན་ངག་འབར་སྟངས་ལ་བལྟ་བཞིན་
སང་ཉིན་གྱི་སྙན་ངག་
ཅི་འདྲ་འབར་ངེས་
དེ་རིང་
སླར་ཡང་འབར་བཞིན་པའི་མེ་ལྕེ་ཁྲོད་དུ་
ཁྱོད་ཀྱི་སྙན་ངག་ཧ་ཅང་འབར་པས་
སང་ཉིན་གྱི་ ཁྱོད་ཀྱི་སྙན་ངག་
འབར་སྟངས་ལ་བལྟ་བཞིན་
ཁ་སང་དང་ དེ་རིང་
སང་ཉིན་སོགས་ལ་ཡིད་ཆེས་ཡོད་པས་
ཁྱོད་ཀྱི་སྙན་ངག་གི་མེ་ལྕེ་མུ་མཐུད་དུ་འབར་དགོས་
བཀུར་འོས་དྲ་གྲོགས་དགེ་བསམ་དང་མི་ཉག་དུང་བརྡ། རྣ་བ་བརྒྱད་པ། སྦྲ་དཔལ་ལྡན་སོགས་ཀྱིས་བདག་གི་རྩོམ་ཡིག་དང་འབྲེལ་སྐད་ཆ་ཐུང་ངུ་རེ་བཤད་པ་དགའ་སྤྲོ་ཆེ། རྗེས་ཕྱོགས་མུ་མཐུད་དུ་རྒྱབ་སྐྱོར་དང་ལེགས་ཉེས་ཀྱི་བསམ་ཚུལ་རེ་བཤད་རོགས་ཞུ་ཞུ།
རྔ་པ་ཀུན་བཟང་སྒྲོན་མ། ། རྔ་པ་བུ་མོའི་རྒྱན་རེད། ། རྔ་བ་བྲིས་ནས་གང་ཡོང་། ། རྔ་པ་བྲིས་ན་ཡག་ག།
ང་ཚོས་མི་རིགས་དང་རྒྱལ་ཁབ། ཞི་བདེ་ཡི་ཆེད་དུ་རང་ལུས་མེ་རུ་སྒྲོན་པ་གྲང་ལྔ་བཅུ་རྒལ་སོང་མོད། བདག་ཉིད་གཅེས་འཛིན་གྱིས་བཅིང་ནས་སྡུག་བསྔལ་ལ་འཇིག་པ་བདག་ལྟ་བུས་དཔྱད་ན། དེ་ནི་རྒྱལ་ཁབ་ཅིག་དང།་ མི་རིགས་ཅིག་གིས་ཆེད་དུ་བསམ་ཡུལ་ལས་འདུས་པའི་གཏོང་བ་ཆེན་པོ་ཞིག་ཡིན་ལ། ནང་བ་གཞུང་ནས་བཤད་པའི་བདག་པའི་གཞན་གཅེས་སྒོམ་པའི་བྱང་སེམས་རྣམས་གྱིས་སེམས་ཅན་རེ་རེའི་དོན་དུ་འཆི་འཕོ་གྲང་མེད་དགོས་ན་འང་བཟོད་པར་གསུངས་ཤིང། དབུ་དང་ཡན་ལག་གི་སྦྱིན་པ་བྱེད་ན་སྐལ་བ་དུ་མའི་ཚོགས་རྫོག་པར་འདུག་ན། ད་སྟའི་རང་ལུས་མེ་སྲེག་འདི་སེམས་ཅན་ཕྱི་ལ་ཕར་སྐོར་ནས། བྱ་ཕག་ཉ་སོགས་གསོད་པ་འཚམ་འཇོག་ཆེད་དུ་ལས་མགུལ་དེ་འདྲ་སྤེལ་བྱུང་ན། གང་ཟག་དགེར་ངོས་ནས་བསོད་ནམ་རླབས་ཆེན་ཡིན་པ་སྨོས་ཅི་དགོས། འོན་ཀྱང་དུད་འགྲོ་སོགས་གསོད་པ་འཚམ་འཇོག་ཐུབ་བམ། དེ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ག་ཚོད་ཡོད་དམ། དེ་ལ་ང་ཚོས་ཅི་ལྟར་ཟེར་རམ།
སྲོག་ཆག་ཆེ་ཕྲ་བདེ་སྡུག་འདོད་མཉམ་གསུངས།
རང་གི་དོན་དུ་བརྗོད་དཀའི་ལས་འདི་ལ།
སེམས་ཅན་གཞན་ལ་སྐོར་ན་ཅི་ཡིན་ནམ།
མི་དང་དུད་འགྲོའི་དབྱེ་མཚམས་ཅི་ལྟར་བྱེད།
རྔ་པ་ཨ་པ་རྒྱ་སྐད་རྒྱ་གདངས་རེད།
རྔ་བའི་བུ་མོས་བོད་སྐད་དག་མ་བཤད།
ཕ་མེས་ཡང་མེས་ངག་གི་རྔ་བ་འདི།
པ་བའི་རྩོད་པར་བརྗེས་ན་རིན་མེད་རེད།
དེས་ན་དུས་བབ་ཐོག་གི་རྔ་པའི་གསར་འགྱུར་ཀུན་ལ་རྔ་པ་བྲིས་པ་དེ་ནོར་བ་རེད་དམ།
རྔ་པ་ཟེར་ནས་གང་དུ་བྲིས་བ་དེ།
ཨ་མདོའི་སྐད་ལ་རྦད་དེ་ནོར་བ་རེད།
དབུས་སྐད་ཆོས་སྐད་དག་ལ་ངས་མི་ཤེས།
རྔ་བ་རང་མྱིས་རྔ་བ་བཀོལ་ན་བརྗིད།
དྲ་གྲོགས་ལྷ་མཛེས་ལགས་ཀྱིས་ རྔ་བ་ལས་རྔ་པ་ཟེར་ན་ཡག་སྲོལ་དང་བོད་ཀྱི་དུས་བབས་སོགས་སུ་རྔ་པ་ཞེས་བྲིས་འདུག་ཟེར་པ་དངོས་ཡོད་རེད་ འོན་ཀྱང་། དེང་སང་ལོག་སྐད་རྒྱགས་མཁན་འགས་་ རྔ་བ་ལ་དབྱིན་ཡིག་ནང་དུ་ ngaba དང་ རྒྱ་སྐད་ནང་དུ་ Aba 阿坝 ཟེར་པ་རྒྱ་སྐད་ཀྱི་སྒྲ་གདངས་ཡིན་པ་ལས་རྔ་བའི་ངག་རྒྱུན་ལོ་རྒྱུས་ལ་དེ་འདྲ་བཤད་སྲོལ་མི་འདུག་སྙམ། གང་ཡིན་ཟེར་ན་ རྒྱ་མའི་ཁ་སྐད་དུ་རྔ་བ་ཞེས་པའི་སྒྲ་རང་ཁོ་ཚོའི་ངག་ཐོག་ནས་མ་ཐོན་དུས་ 阿坝 ཞེས་འབོད་པ་ལས་རྔ་བ་ Ngawa ཞེས་འབོད་མི་ཐུབ་ཡིན་ལ གོང་དུ་བཙན་བྱོལ་ནང་ནས་དུས་དེབ་དང་ཚགས་ཤོག་སོགས་སུ་ ngaba ཞེས་པ་ཁུང་མེད་ལུང་མེད་རང་ཡིན་པས་མ་འགྲིག་པ་དང་མ་ཤེས་པར་ཡོད་ན་ང་ཚོས་ནོས་བཅོས་བྱེད་ཆོག འོ་ན་ཁྱོད་ཀྱི་རྔ་བ་ཞེས་ངོ་མ་ཡིན་པ་དང་ Aba ་阿坝དང་ngaba སོགས་ནོར་བ་ཡིན་པ་གང་ནས་གསལ་སྟོན་བྱེད་ཐུབ་བམ་ཞེས་དྲིས་ན་བདག་གི་ལོ་རྒྱུས་དེབ་ཐེར་གཞི་བཞག་ནས་བཤད་རྒྱུན་མེད་རུང་། ངག་ཐོག་ལོ་རྒྱུས་ལ་ཉན་ན་རྔ་བ་ཞེས་པའི་ཐ་སྙད་ཐོག་ཚུལ་ས་ཆའི་ཆགས་དབྱིབས་ཀྱི་ཐོག་པ་རེད་ཟེར གང་ཡིན་ཟེར་ན་རྔ་བ་ནི་རྔ་དབྱིབས་ལྟ་བུ་ཞིག་ཡོད་པས་ན་རྔ་བ་ཞེས་ཐོག་ཚུལ་བཤད་ཀྱི་ཡོད་ལ་དོན་དངོས་སུ་དེ་ལྟར་སྣང་། གང་ཡིན་ཟེར་ན་ རྔ་སྟོད་ནི་རྔ་འགོ་སྣང་བཞིན་ཆེན་པོ་ཞིག་དང་རྔ་སྨད་ནི་ཅུང་ཕྲ་རུ་ཕྲ་རུ་སོང་ཡོད་པས་དེ་ལྟར་སྣང་ངོ་།
གསར་སྐྱེས་བུད་མེད་སྨྱུག་ཐོག་པ་ཀུན་བཟང་སྒྲོལ་མས་གསར་རྩོམ་ཁ་ཤས་ཤིག་དྲ་རྒྱའི་རྒྱུད་ལམ་ནས་རོ་མྱོང་ཐེངས་ཁ་ཤས་བྱས་པ་ཡིན། སྙན་པོ་བྱུང་། དེ་ལས་ཀྱང་ཁྱོད་ཀྱི་རྩོམ་ཡིག་ནང་དུ་མི་རིགས་ཤིག་གི་ལས་དབང་དང་མི་བུ་ཞིག་གི་སྒེར་ཚུགས་གླེང་འདུག་པའི་ན་ཧ་ཅང་གི་ཡག་པོ་མཐོང་སོང་། ལྷག་པར་བཙན་བྱོལ་ནང་དུ་བུད་མེད་སྨྱུག་ཐཽག་པ་མང་ཡང་ཁྱོད་ཁོ་ན་ལས་མང་པོ་ཞིག་ལས་སླ་བོའི་ངང་ནས་མཐོང་ཐུབ་མེད་པས་ན། ག་དུས་ཡིན་ཡང་རྗེས་སུ་ཡིད་རིང་ཡོད། ཨ་མའི་བུ་མོ་མུ་མཐུད་དུ་ཡིན་ད
རྔ་པ་ཀུན་སྒྲོལ་རྔ་ནི། །
རྔ་ཅན་པ་ལ་རྔ་པ། །
རྒྱལ་མཆོག་ལྔ་པའི་ལྔ་ནི། །
གྲངས་ལྔ་ཅན་ལ་ལྔ་པ། །
རྔ་བའི་བུ་མོ ཀུན་བཟང
ཁྱོད་ཀྱི་སྙན་ངག་གི་ཚིག་འབྲུ་རེ་རེའང་འབར་གྱིན་འདུག
གཏིང་མི་དཔོག་པའི་སྐད་ཆའི་སྒྱུ་རྩལ་གྱི་ཀློང་ནས་འབར་གྱིན་འདུག
མེ་ཤུགས་ཀྱི་སྟོབས་དང་འགྲོགས་ནས་འབར་གྱིན་འདུག
ཁ་བ་རི་བའི་གངས་ཀློང་ནས་མེ་ལྕེ་མཆེད་ཅིང་ ཁ་བརྡ་དྲ་བའི་བར་གསེང་ནས་སྙན་ངག་མཆེད་བཞིན
མི་རིགས་ཤིག་གི་འཚོ་བའི་ཁ་དོག་ལ་སིམ་སོང་
རྔ་བའི་བུ་མོ ཀུན་བཟང
སེམས་ཁོང་གི་ན་ཚ་བཞིན་དྲག་ཏུ་ལྡིང་བཞིན་པ་དེ་མེ་ལྕེ་ཞིག
ལོ་རྒྱུས་ཀྱི་སྒལ་ཚིགས་ངོས་ན་ཀྲོང་ངེར་བགྲེང་བཞིན་པ་དེའང་མེ་ལྕེ་ཞིག
མེ་ལྕེ་དེ་ཡོད་པས་འཕྲུལ་མིག་གི་ཀློང་ན་བོད་པ་ཆེ་ཆེ་ཆེ་ཆེ་ཞིག་གམ ཡང་ན་མི་མངོན་པའི་སྣང་བརྙན་ཆུང་ཆུང་ཆུང་ཆུང་ཞིག
རང་ལུས་མེ་སྲེགས་ཀྱི་་ལས་འགུལ།།མི་རིགས་སྐྱོབ་འདོད་ཀྱི་འདུམ་པ།།ཕངས་མེད་ལོ་རྒྱུས་ཀྱི་ཟིན་ཐོ།།འཇིག་བྲལ་སེམས་ཁོང་གི་སྙིང་གཏམ།།