རིག་འབྱུང་རྒྱ་མཚོ།
སྐུ་ལུས་མེ་རུ་སྒྲོན་པའི་གཅིག་རྗེས་གཉིས་མཐུད་ཀྱི་གནས་ཚུལ་འདིས་བོད་མི་མང་པོ་ཞིག་གི་སེམས་ལ་བཟོད་བརླགས་མེད་པའི་ན་ཚ་དང་འདག་ཏུ་མེད་པའི་རི་མོ་བརྐོས་བ་མ་ཟད། གྲངས་ཉུང་གི་སྟེང་དུ་སྐྱེས་སྲོག་བརླགས་པས་ཆེས་འཁུར་དུ་དཀའ་བའི་འཕང་སེམས་ཀྱི་འཁུར་བོ་ཞིག་ཡིན་པ་དུང་ཞེན་མཁན་སུ་ཞིག་ཡོད། ཕྲན་ལ་ཡང་གནས་ཚུལ་འདིས་མནར་གཅོད་བཏང་པ་ཉུང་ཉུང་མིན། འོན་ཀྱང་། ཁོང་ཚོས་ལུས་སྲོག་བློས་བཏང་གི་རླབས་ཆེན་གྱི་ལུས་འགུལ་འདི་ནི་ས་ཡ་དྲུག་གི་ཚེ་སྲོག་ཆགས་འཇིག་ལས་སྐྱོབས་ཆེད་རེད་ལ། བོད་འདི་དུད་འགྲོ་ལྟར་ཅི་ལྟར་བཀོལ་བཀོལ་ཆོག་ཆོག་ཅིག་མིན་པ་བཟང་ངན་གྱི་དབྱེ་བ་ཤེས་ཤིང་། ཕྲལ་ཕུག་གི་བདེ་སྡུག་ངོས་ཟིན་མཁན་ཞིག་ཡིན་པ་མ་ཟད། རླབས་ཆེན་གྱི་བྱ་བཞག་ཆེད་དུ་ཡོད་ཚད་བཏང་ཐུབ་ཅིང་། རེ་འདོད་ཀྱི་ཆེད་དུ་ཡོད་ཚད་སྒྲུབ་ཐུབ་མཁན་གྱི་བདེན་པ་དཔང་བྱེད་པས། རྒྱ་ནག་གཞུང་མང་གཉིས་ལ་བོད་འདི་འདུལ་འདུལ་ཆོག་ཆོག་གི་མི་རིགས་ཤིག་མིན་པའི་ར་སྤྲོད་བྱུང་པས། དམར་ཕྱོགས་ཚོགས་པའི་དབུ་ཁྲིད་དག་གི་འཇོན་ཐང་ལ་ཚབས་ཆེན་གྱི་ཕོག་ཐུག་བཏང་ཡོད། དེ་བརྟེན། གཡོལ་གསེབ་ཀྱི་ཏང་གི་གདོན་གཟུགས་འུ་ཐུག་གིས་ངོས་སུ་མི་སྟོན་ཐུབ་མེད་ཆགས་ཤིང་།
བསྟན་ནས་རྔ་བར་དྲག་ཁྲིམས་གདམས། འདི་ནི་བོད་ལ་མཚོན་ན་རྒྱ་གཞུང་གི་ཚུལ་ཚོས་འཛམ་གླིང་ལ་བསྟན་དུ་བཅུག་པས་རྒྱལ་ཁ་ཞིག་ཡིན་ལ། ཚེ་སྲོག་དོར་བའི་དཔའ་རྟུལ་རྣམས་ཀྱིས་གསར་རྗེས་ཀྱི་ལུས་འགུལ་གྱིས་གྲུབ་འབྲས་རེད།
*
*
གྲངས་ཉུང་གི་སྒང་དུ་མེ་རུ་སྒྲོན་པའི་འཕང་སེམས་ལ་གནོད་འགོག་གི་འཚོར་ཤུགས་ལྕི་ཡང་། སྐྱེས་ནས་འཆི་བ་འཇིག་པའི་ཆོས་ཅན་ཡིན་པས་རླབས་ཆེན་གྱི་ཆེད་དུ་དེ་ལྟར་གཤེགས་པ་འཇིག་རྟེན་ཀུན་གྱི་ཡིད་སྨོན་རེད་ལ། གནས་ཚུལ་དེས་ང་ཚོས་བོད་ཀྱི་གཞོན་སྐྱེས་དག་ལ་རང་ཉིད་ཀྱི་མི་རིགས་འདི་སྡར་མ་མིན་པའི་མཛུབ་སྟོན་གནང་ཞིང་འཇིག་རྟེན་དུ་ངོམས་ཆོག་ལ། མི་རིགས་གཞན་དག་ཏུ་མདུན་དུ་དཔུང་བ་མཉམ་གཤུབ་ཀྱིས་འགྲོ་བའི་ཆ་རྐྱེན་སྐྲུན་པས་ཁྱེད་ཅག་གི་བཀའ་དྲིན་ལ་བཀའ་བརྗོད་དང་། སེམས་ཁུངས་ནས་བཏང་རག་ཕུལ་བཞིན། དེ་ན་ང་ཚོས་མི་རིགས་འདིའི་འཚོ་གནས་ཆེད་གྲྭ་འབོར་ལ་དག་ཐེར་དང་བཅོས་སྒྱུར་བཏང་དགོས་བ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་རེད། བོད་རིགས་འཕེལ་རྒྱས་དང་འཚོ་གནས་ཆེད་དགེ་འདུན་པ་ཡིན་ཡང་ཆུང་བ་ལེན་ཆོག་པའམ་གྲངས་འབོར་ཉུང་དུ་བཏང་རྒྱུ་ནི་མི་རིགས་འདིས་ཁེ་ཕན་ཡག་ཤོས་ཤིག་རེད་དེ། གྲྭ་འབོར་གྱིས་འཆི་ལ་ཉེ་བའི་མི་རིགས་འདི་གསོད་པས་ཡིན། ང་ཚོས་ཁ་ཆེ་ལྟར་མངའ་ཐང་རྒྱ་སྐྱེད་སླད་རིགས་རྒྱུད་སྤེལ་མ་ཐུབ་ཀྱང་རྒྱུན་གནས་དང་། མེ་རུ་མཆོད་པའི་ཚེ་སྲོག་ཁ་གསབ་སླད་དེ་ལྟར་བྱེད་དགོས་བ་ནི་མི་རིགས་གསར་བ་རྣམས་ཀྱི་མདུན་གྱི་ལྷག་པའི་ལས་དོན་རེད་ལ།
གྲོངས་ཟིན་པའི་དཔའ་རྟུལ་རྣམས་ཀྱི་རྗེས་འཇུག་སྐྱེས་སྲེང་ཆེད་དེ་ལྟར་བྱུང་ན། བོད་མི་རིགས་ཀྱི་རྒྱལ་ཁ་འདོད། ཁ་ཤས་ཀྱི་ཞེན་འདོད་ལྟར་རྒྱ་ནག་གིས་བོད་ཐོག་དམ་དྲག་བྱེད་པས་བོད་ཀྱིས་ལས་འགུལ་མཚམས་འཇོག་གནང་དགོས་ན། དམ་དྲག་མེད་པའི་ཉི་མ་ཞིག་བོད་ལ་མེད་དེ།
རྒྱ་གཞུང་ལ་དྲང་བདེན་གྱི་སྲིད་ཇིས་མེད་པས་བོད་མིས་དེ་ལ་ངོ་རྒོལ་བྱེད་པས་སོ། གང་དུ་འདྲ་མཉམ་གྱི་སྲིད་ལུགས་མེད་ན་དེ་ལ་མི་མང་གིས་ངོ་རྒོལ་བྱེད་ཅིང་། གང་དུ་ངོ་རྒོལ་ཡོད་ན་དེ་རུ་གང་ཐུབ་ཀྱིས་དམ་དྲག་བྱེད་རྒྱུ་ནི་གནས་ལུགས་ཀྱི་ཕུང་བའི་བཙན་རྒྱལ་བ་དག་གི་ཆོས་ཉིད་དང་།
གཤིས་སྤྱོད་ཡིན་པས་དམར་བོའི་སྲིད་གཞུང་གིས་དེ་ཉིད་དེ་ནམ་ཡང་འདོར་ཐབས་མེད་ལ། འདོར་བའི་གནས་སྐབས་དེར་ཁོང་ཚོ་འུ་ཐུག་པའི་དུས་སྐབས་ཡིན། དུས་སྐབས་དེ་ཅི་སྲིད་མ་ཤར་བ་དེ་སྲིད་དུ་རྒྱ་ནག་གིས་གྲོས་མོལ་གྱིས་བོད་ལ་ཁེ་ཕན་སྤྲད་མི་སྲིད་ལ། སྤྲད་ན་འཇིག་རྟེན་གྱི་ཆོས་ཉིད་དང་འགལ་ཏེ། རང་གི་ཁེ་ཕན་གཞན་ལ་བགོ་ཤ་རྒྱབ་པས་རེད། ད་ལྟ་རྒྱ་ནག་ལ་ཡོད་ཚད་ཐོབ་ཟིན་པས་གྱོང་གུད་མེད་ན་རང་གི་ཁེ་གཞན་ལ་སྤྲད་པའི་བློ་སྤོབས་སུ་ལ་ཡོད། མེད་དེ་སྒོར་མོ་སྟོང་ཡིན་ཡང་དོན་མེད་དུ་གཞན་ལ་སྤྲད་པའི་བློ་སྤོབས་ལ་མེད་ཅིང་ཡོད་ན་ཆོས་ཉིད་དང་འགལ་བས་རེད། དམར་ཕྱོགས་ཚོགས་པ་འུ་ཐུག་ཐབས་ཟད་དུ་བཟོ་མིན་ནི་ངོ་རྒོལ་གྱི་སྟོབས་ཤུགས་ཁོ་ན་རེག་བས་བསམ་ཤེས་དང་སེམས་བཟང་ཁོ་ནས་གྲོས་མོལ་དཀའ་བ་འདོད། མ་རྩོད་ན་བཟང་ཕྱོགས་སུ་འགྱུར་བ་འགྲོ་བ་སྟོང་བསམ་རེད་ལ། རྒྱ་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་བློས་བཏང་ན་གཞན་ལ་བདེ་པ་སྤྲད་ཀྱི་མ་རེད། འགྱུར་བ་འགྲོ་བའི་རྒྱུ་རྐྱེན་གཅིག་ནི་རང་ཕྱོགས་ཀྱིས་དགྲ་ཕྱོགས་ལ་ག་ཚོད་ཀྱིས་གནོད་ཤུགས་སྤྲད་ཐུབ་ན་དེ་ཚོད་ཀྱིས་དགྲ་བོའི་ཁེ་ཕན་གནོད་པས། རང་གི་ཁེ་ཕན་སྲུང་ཆེད་ཕན་ཚུལ་བསམ་ཤེས་དང་གུ་ཡང་། བཟོད་སྒོམ་དང་ཆོད་ཤེས་བཅས་ཡོང་ཞིང་། དོན་དངོས་ཀྱི་བསམ་ཤེས་དང་བཟོད་སྒོམ། ཆོད་ཤེས་དང་སྟབས་སྟུན་རྙེད་ནས། དེས་ཞི་མོལ་གྱི་རྨང་གཞི་སྐྲུན་ཐུབ་ལ། དབུ་མའམ་རང་བཙན། གཉིས་ཕན་གྱི་ལམ་བུ་གང་ཞིག་ལ་གོམ་པ་མཉམ་སྤོ་བྱེད་ཐུབ་པ་ལྡོག་ཏུ་མེད་པས། དེ་ལྟར་བྱུང་ན་བོད་མིའི་རྒྱལ་ཁ་རེད། *
བོད་མི་ཚོས་ཆེས་འཕང་བའི་ལུས་སྲོག་གཏོང་ཕོད་པ་དང་། ཤིན་ཏུ་ཚ་བའི་མེ་ལྕེ་བཟོད་ཐུབ་པའི་གཏོང་ཕོད་དང་སྙིང་སྟོབས་ལྡན་ན་ཡང་གྲུབ་འབྲས་གང་ཡང་མི་ཐོན་པའི་རྒྱུ་མཚན་གང་ལ་ཐུག་འདུག་གམ། དེ་ནི་བོད་ལ་འཕྲལ་ཕུགས་གཉིས་ཀྱི་གྲུབ་འབྲས་མཐོང་མཁན་འཆར་གཞི་ལྡན་པའི་འགོ་ཁྲིད་དང་ལམ་སྟོན་བྱེད་མཁན་མེད་པའི་གྱོང་རེད། དུས་ཉེར་གཅིག་པའི་འཛམ་གླིང་གི་ཆབ་སྲིད་ཀྱི་སྙིང་ཚོང་དོན་ཆགས་ཡོད་པ་རེད། དེང་སྐབས་ཚེ་སྲོག་ལས་ཚོང་ལས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་རེད། ཚོང་སྤྱད་ནས་མི་རིགས་དང་རྒྱལ་ཁབ་སོ་སོའི་དམིགས་ཡུལ་བསྒྲུབ་ཀི་ཡོད་པ་རེད། དེའི་ཕྱིར་བོད་ལ་རྒྱལ་སྤྱིའི་ཐོག་ཚོང་ལས་དང་དཔལ་འབྱོར་གྱི་ཤུགས་རྐྱེན་ཆུང་ནའང་། བོད་ནང་གི་རྫོང་སོ་སོ་དང་ཞང་ཆུང་ཆུང་ཚོའི་ནང་གི་ཚོང་ལས་དང་དཔའ་འབྱོར་ལ་བོད་པ་ཚོ་གལ་ཆེན་པོ་ཆགས་ཡོད་པ་གསལ་བོ་རེད།
དེའི་ཕྱིར་ང་ཚོས་རྒྱ་ནག་གིས་དམག་མི་དགོན་པ་ཁག་ནས་ཕྱིར་འཐེན་མ་བྱས་ན། བོད་མི་གཅིག་གིས་ཀྱང་རྒྱ་མིའི་ཚོང་ཁང་ནང་ནས་ཅ་དངོས་རྡོག་པོ་གཅིག་ཉོ་གི་མིན་པའི་དམ་བཅའ་བཞག རྒྱ་མི་ཟ་ཁང་གོམ་པ་གང་མི་སྤོ་རྒྱུའི་ཁས་ལེན་བྱས་པ་ཡིན་ན། སོ་སོའི་ནང་ལ་འཛུལ་ནས་འབྲོག་པ་ཚོས་ཤ་མར་མཐུད་གསུམ་དང་། རོང་བ་ཚོས་གྲོ་ནས་སྲན་གསུམ་ཁོ་ན་ཟོས་ནས་ཡུན་རིང་སྡུག་རུས་བརྒྱབ་ནས་བསྡད་ན། བོད་ནང་ཞང་དང་རྫོང་ཕལ་ཆེ་བའི་ནང་གི་དཔལ་འབྱོར་དང་ཚོང་ལས་བོད་པ་ཚོས་ག་རེ་བཟོ་བཟོ་རེད་དྲན་གི་འདུག དེ་ནི་སྲོག་བཏང་བ་ལས་ཀྱང་གྲུབ་འབྲས་ཐོན་གི་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་བོད་མའི་སྒྲིག་འཛུགས་འདི་བཞིན་གཏམ་བཤད་སྙན་པོ་རྐྱང་བཤད་ནས་མི་མང་བཟི་བཅུག་ཨེ་ཐུབ་ལྟ་བ་ལས། འཆར་གཞི་དང་གྲུབ་འབྲས་ཨེ་ཐོན་ཁྱོན་ནས་འབད་བརྩོན་བྱེད་ཀི་མི་འདུག
༼གྲྭ་འབོར་གྱིས་འཆི་ལ་ཉེ་བའི་མི་རིགས་འདི་གསོད་པས་ཡིན། ༽ཞེས་པ་ལ་གསལ་བཤད་ཡོད་པར་ཞུ། བོད་འདི་གྲངས་ཉུང་མི་རིགས་ཇི་ལྟར་ཆགས་པ་ཡིན། དེའི་སྐོར་ལ་བསམ་བློ་གཏོང་མཁན་ཧ་ཅང་ཉུང་ཉུང་རེད། གྲྭ་བ་མང་དྲགས་ནས་བོད་མིའི་གྲངས་འབོར་འཕེལ་རྒྱས་ལ་གྱོང་གུན་ཐེབས་པ་ཡིན་སྟབས། གྲྭ་བས་རང་སྲོག་གིས་ལས་འགུལ་སྤེལ་ནས་དེའི་གུན་གསབ་སྤྲད་དགོས་ཟེར་བ་འདྲ་བོ་རེད། དེ་ལྟར་བཤད་ན་ཆོ་མེད་རེད། བོད་པ་ཚང་གྲྭ་བ་ལ་བརྟེན་ནས་བྱུང་། ཡོད་ཚད་གྲྭ་བས་སྤེལ། དེ་མིན་རྒྱུ་ན་བོད་འདི་སྔར་ནས་འཇིག་ཚར་བ་རེད། བོད་ཀྱི་རྩ་དོན་དང་ལས་འགུལ་གྱི་ངོ་གདོང་ནས་གསལ་བོར་མཐོང་ཐུབ་པ་ནི། ད་ལྟ་བོད་ཀྱི་རང་ཚུགས་བརྟན་པོ་འཛིན་མཁན་ནི་གྲྭ་བ་དང་གྲྭ་ཟུར། དེ་དང་འབྲེལ་བའི་བོད་པ་ཚོ་རེད། འདི་ཡ་མཚན་རེད། བོད་པའི་སྲོག་རྩ་ནི་བོད་ཀྱི་གྲྭ་བ་དང་བླ་མ་ལ་ཇི་ལྟར་ཐུག །
གྲྭ་བ་གཅིག་མེད་པ་ཆགས་ན་མེ་ཕུང་གཅིག་མེད་པ་ཆགས་པ་དང་གཅིག་མཚུངས་རེད། གྲྭ་བ་ནི་བོད་མིའི་རིགས་གཞུངས་དང་ལ་རྒྱ་ཡི་རྩིགས་རྨང་ཡིན། གྲྭ་བ་ནི་མི་རིགས་འབྲེལ་ལམ་གྱི་ཟམ་པ་རེད། གྲྭ་བ་ནི་བོད་མི་རིགས་ཀྱ་ཉིང་ལགས་རེད། ནམ་གྲྭ་བ་མེད་པ་ཆགས་ན་དེ་དུས་བོད་པའི་རིགས་གཞུངས་ལ་སྙིང་བོ་མེད་པ་ཆགས་རྒྱུ་ཡིན་པ་ཟུར་ལྟོས་ལེབ་མཐོང་རེད།
བདེན་པ་འདུག གྲྭ་བ་མང་ན་གནས་སྐབས་སུ་བོད་ལ་ཕན་པ་ལྟ་བུ་སྣང་ཡང་དོན་དངོས་མི་འབོར་འཕེལ་རྒྱས་ལ་གནོད་པས་ཕུགས་རྒྱང་རིང་པོ་བོད་ལ་གནད་དེ། མི་མང་མེད་ན་འཐབ་རྩོད་དགོས་དོན་མེད་ཅིང་ང་ཆོས་འཐབ་རྩོད་ཡོད་ཚད་མི་མང་གི་ཆེད་དུ་རེད།
༼བོད་པ་ཚང་གྲྭ་བ་ལ་བརྟེན་ནས་བྱུང་། ཡོད་ཚད་གྲྭ་བས་སྤེལ། དེ་མིན་རྒྱུ་ན་བོད་འདི་སྔར་ནས་འཇིག་ཚར་བ་རེད།༽གནས་ཚུལ་འདི་ནི་་དོན་གྱིས་འཇིག་རྟེན་གྱི་གནས་ལུགས་དང་ལོ་རྒྱུས་འཕེལ་རིམ་གང་ལ་རྒྱུས་མངའ་མེད་པའི་རང་ཚང་སྟོན་བྱེད་ཀྱི་སྐད་རེད་དེ། གྲྭ་བ་བོད་ལ་བརྟེན་པ་ལས་བོད་གྲྭ་ག་ལ་བརྟེན་དགོས། གྲྭ་བ་མེད་པའི་སྔོན་ནས་བོད་འདི་ཡོད་ལ་། ཡོད་པ་མ་ཟད་མཐའ་བཞིའི་རྒྱལ་ཕྲན་ལ་ཀུན་ལ་མངའ་ཐང་རྒྱ་སྐྱེད་དང་རིགས་རྒྱུད་དར་སྤེལ་བཏང་ནས་བོད་བཙན་པོས་སྲིད་གཞུང་ཞེས་རླུང་དང་ལྷན་དུ་རྒྱུ་ལ་འབྲུག་ལྷན་དུ་བསྡུར་ཡང་། ནང་ཆོས་བོད་དུ་འོང་ཞིང་དགེ་འདུན་གྱི་སྡེ་འཕེལ་བ་དང་མཉམ་དུ་དྲག་པོའི་ལས་གཞི་ཀུན་ཁ་བ་ཉི་མ་ཕོགས་པ་བཞིན་ཞི་ནས་མེད་པ་ཆགས་ཤིང་། མཐའ་བོད་མི་རིགས་འདི་གཞན་གྱིས་དུད་འགྲོ་ལྟར་ཅི་འདོད་དུ་བཀོལ་བཀོལ་ཆོག་ཆོག་དང་གད་སྙིགས་བཞིན་རིན་མེད་དུ་ལྷག་པ་རེད། ལྷག་འཕྲོ་ལུས་བའི་ང་ཚོ་སྟེ་བོད་མི་རིགས་འདི་འཆི་གསོན་གྱི་མཚམས་སུ་སླེབས་པའི་ད་ལྟའི་གནས་སྟངས་འདི་བྱུང་ཞིང་། རང་ས་ཡོད་གཞན་གྱི་བཀོལ་ཡང་བྱ་ཐབས་བྲལ། ཐོབ་ཐང་ཡོད་ཚད་དབང་གིས་བཀག་ཀྱང་བྱ་ཐབས་བྲལ།
ཁྱུངསེང་བུ་ལགས།
ད་བལྟའི་དུས་སུ་ལ་རྒྱ་ཆེ་ཤོས་གྲྭ་པ་ཡིན་པ་བདེན་ཡང་ ཁྱོད་རང་གི་གསུང་པ་དེ་ཅུང་མི་མཐད་པ་ཞིག་ནི་
གྲྭ་པ་མེད་པ་ཆགས་པ་དང་བོད་ཀྱི་རིགས་གཞུང་མེད་པ་ཆགས་གི་རེད་ཞེས་པ་དེ་རེད་
གང་ལ་ཞེས་ན་འཛམ་གླིང་ནང་གི་རྒྱལ་ཁབ་མང་ཤོས་ཞིག་ལ་གྲྭ་པ་མེད་ཀྱང་རྒྱལ་ཁབ་སོ་སོའི་རིགས་གཞུང་
གང་ལས་ལེགས་པ་ཡོད་པ་བརྗོད་ག་ལ་དགོས།