འབའ་སྲས།
ང་མེ་ལོང་མ་ཡིས་ཤགས་ཤིག་ལེན།།
ཤགས་ལེན་ས་རང་མོས་སྙན་ངག་ཡིན།།
ཁྱོད་རང་མོས་རང་མགོ་དམའ་མོ་བྱོས།།
ང་མེ་ལོང་མ་འདི་འཁོར་གི་ཡིན།།
ང་སྐྱེས་ས་རྒྱ་གར་ལྷོ་ཕྱོགས་ཡུལ།།
ང་ཡོང་ས་གདོང་དམར་བོད་ཀྱི་ཡུལ།།
གདན་འདྲེན་མཁན་ཤོང་སྟོན་ལོ་ཙཱ་བ།།
སྣེ་བསུ་བ་ས་སྐྱ་པཎྜིཏ།།
ང་གཞུང་ལུགས་ཤིག་གི་འཁོར་ལུགས་ཡོད།།
ང་ལེ་འུ་གསུམ་གྱི་འགུག་ལུགས་ཡོད།།
རྒྱན་དྲུག་བརྒྱ་དྲུག་བཅུའི་ལེན་ལུགས་ཡོད།།
ང་མེ་ལོང་མ་ལ་ཁྱད་ཆོས་མང་།།
ང་རྩོམ་མཁན་སློབ་དཔོན་དབྱུག་པ་ཅན།།
ང་སྒྱུར་མཁན་ཤོང་སྟོན་ལོ་ཙཱ་བ།།
ང་སློབ་མཁན་རྒྱལ་དབང་ལྔ་བ་སོགས།།
བོད་མཁས་དཔོན་གཉིས་ལྡན་ཚང་མ་ཡིན།།
ང་དང་བོ་བོད་ལ་ཡོང་དུས་སུ།།
ངའི་ཡོང་ལམ་མཐོ་རིམ་སྤྱི་ཚོགས་ཡིན།།
ངའི་བསུ་མ་མཐོ་རིམ་མི་སྣ་ཡིན།།
ང་གང་ཆེ་གང་མཐོའི་རྒྱབ་སྐྱོར་ཡོད།།
ང་གཞུང་ལུགས་ཤིག་གི་ལག་འཁྱེར་ཡོད།།
ང་བསྟན་བཅོས་ཤིག་གི་མཐོང་ཆེན་ཡོད།།
ང་བོད་ཀྱི་མཁས་པའི་མགྲོན་ཤོག་ཡོད།།
ང་བོད་ལ་ཡོང་དུས་ཁྲིམས་མཐུན་ཡིན།།
ཁྱོད་རང་མོས་བོད་ལ་ཡོང་དུས་སུ།།
ཁྱོད་དམའ་རིམ་སྤྱི་ཚོགས་ནང་ནས་ཡོང་།།
ཁྱོད་སློབ་ཆུང་སྒེའུ་ཁུང་ནང་ནས་ཡོང་།།
ཁྱོད་སློབ་འབྲིང་སློབ་མའི་ལག་ནས་ཡོང་།།
ཁྱོད་སློབ་འབྲིང་སློབ་མས་རྩེད་ཆས་བྱས།།
ཁྱོད་མཐོ་རིམ་མི་སྣས་དམའ་འབེབ་བྱས།།
དཔལ་དོན་གྲུབ་རྒྱལ་གྱི་དྲིན་མིན་ན།།
བོད་ཡུལ་ནས་འདུག་ཐུབ་མེད་སོང་ང་།།
ང་སྙན་ངག་མེ་ལོང་ཟེར་བ་འདི།།
ཡར་སོང་ན་བླ་མའི་ཁྲི་ཐོག་ཡིན།།
མར་བབས་ན་སློབ་མའི་ཅོག་ཐོག་ཡིན།།
ང་མེ་ལོང་མ་ལ་གྲོགས་མཆོག་མང་།།
ཁྱོད་རང་མོས་མཐོ་སར་བཟང་ས་མེད།།
ཁྱོད་རང་མོས་དམའ་བར་གྲོགས་པོ་མེད།།
དཔལ་དོན་གྲུབ་རྒྱལ་དང་ལྗང་བུ་ལས།།
ཁྱོད་བོད་ན་ངོ་ཤེས་གཅིག་མེད་ལ།།
ང་བོད་ལ་ཡོང་ནས་བོད་ལ་ཕན།།
རྗེ་བླ་མའི་རྣམ་ཐར་བདག་གིས་བྲིས།།
བོད་མཁས་པའི་རྟོགས་བརྗོད་ང་ཡིས་བཤད།།
ངས་མ་བྲིས་མ་བཤད་གཅིག་ཀྱང་མེད།།
ཁྱོད་རང་མོས་བོད་ལ་ཅི་ཞིག་བྱས།།
ཁྱོས་གཞུང་ལུགས་གང་གི་འགོ་བརྗོད་བྲིས།།
ཁྱོས་རྩ་བ་གང་ལ་འགྲེལ་བཤད་བྱས།།
ཁྱོས་བྲིས་ཤིང་བཤད་པ་ཅི་ཞིག་ཡིན།།
ཁྱོད་རང་མོས་རང་ངོ་ཤེས་ན་ལེགས།།
ཁྱོད་བོད་ལ་ཡོང་ནས་ལོ་དུ་འགོར།།
འདིའི་རིང་ལ་ན་ལ་ཤི་ལ་ཁེལ།།
ཁྱོད་མཐོང་ན་ངོ་མ་སྙིང་རྗེ་འོ།།
ང་རྒས་མེད་འཆི་མེད་མེ་ལོང་མ།།
ང་གཞུང་ལུགས་སྲོག་གི་རྩ་བ་བརྟན།།
ང་ལེ་འུ་གསུམ་གྱི་ལུས་ཕུང་དར།།
ང་ད་རུང་འདི་ལྟར་དར་ནས་ཡོད།།
ཞེས་འདི་ལྟར་མེ་ལོང་མ་ཡི་ཤགས།།
སྙན་སིང་སེ་རང་མོས་བླངས་པ་ན།།
ངོ་དམར་བོར་གྱུར་བའི་རྐང་ཆག་མ།།
ཅི་མི་བཤད་མགོ་བོ་སྒུར་ཏེ་འདུག །
༡༤/༡༡/༠༩
རྒད་པོས་ལད་ཟློས་བྱས་འདུག་ཡ་་་འོན་ཀྱང་ཡིག་ནོར་ལ་ད་དུང་ཉམས་འཇོག་བྱས་མི་འདུག་
ཀློག་གོ།
སྙན་ནོ།
གསལ་ལོ།
གུས་སོ།
རྒན་ལགས། རུ་ལས་སྐྱེས་ཀྱིས་ཤགས་ལན་ཞིག་གནང་སོང་། གླུ་ཚིག་གཤམ་གསལ།
འ་བ་ཉི་ཉེ་བ་ཉིད།
བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག།
ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག
བརླའ་བརྡུངས།
སྤུར་བཏབ།
འོ་དེ་མྱེད་སྤུ་དེ་མྱེད།
ཧཧཧཧཧཧ། སྙན་ཐ་ཡ། བཀའ་འགྱུར།
སྙན་བོ་འདུག