(སློབ་གྲོགས་དམ་པ་རྟའུ་འཇམ་དཔལ་ཡེ་ཤེས་མཆོག་གཙོ་བྱས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཆེད་དུ་གུས་ཕུལ།)
བོད་པ་ཚང་གིས།
ཚེ་སྲོག་མེ་རུ་འབར་ཐལ།།
ཐལ་བ་ས་ལ་ཟག་ཐལ།།
ས་ཆེན་ཁད་ཀྱིས་ངུས་ཐལ།།
མིག་ཆུ་ཁྲག་ལས་མེད་ཐལ།།
མེ་དཔུང་ཤུགས་ཀྱིས་འཕྱུར་ཐལ།།
ལང་ཚོའི་ནང་ཕྱི་འབར་ཐལ།།
མཆོངས་རྒྱུག་གོམ་པ་ཆད་ཐལ།།
གློ་བུར་ས་ལ་འགྱེལ་ཐལ།།
མེ་ལྕེ་ཕྱི་ནང་མཆེད་ཐལ།།
སེམས་ཀྱི་ཕྱི་ནང་འབར་ཐལ།།
མི་སྐད་གངས་ལ་བརྒྱབ་ཐལ།།
གངས་རིས་མགོ་བོ་དགྱེས་ཐལ།།
སྙིང་རུས་གངས་ལ་འཕྲོས་ཐལ།།
རས་པ་ས་ལ་ཐིམ་ཐལ།།
མིག་ཆུས་མྱ་ངན་བྱས་ཐལ།།
གདུང་དབྱངས་མཁའ་རུ་ཁྱབ་ཐལ།།
མི་གཞིའི་རིན་ཐང་མངོན་ཐལ།།
མི་ཡུལ་ཁད་ཀྱིས་དཀྲོགས་ཐལ།།
ལོ་རྒྱུས་མེ་ཡིས་བྲིས་ཐལ།།
ཁ་བའི་མིག་ཟུང་ཕྱེས་ཐལ།།
གསོན་འདོད་མེད་ནི་མིན་ཐལ།།
འཆི་འདོད་ཡོད་ནི་མིན་ཐལ།།
གདོང་དམར་མགོན་དུ་ཡིན་ཐལ།།
ངོ་མཚར་ཡུལ་ལས་འདས་ཐལ།།
བལྟས་ཀྱིན་མིག་གིས་མི་བཟོད།།
བསམ་གྱིན་སེམས་ཀྱིས་མི་བཟོད།།
དེ་ལྟར་གནང་ན་མི་བཟོད།།
དེ་ལྟར་གཤེགས་ན་མི་བཟོད།།
བདག་མེད་ཁ་བའི་རྣམ་ཤེས།།
དམར་བོ་མེ་རུ་གྱུར་ཡང་།།
མེ་ལ་གཟིམ་པ་མེད་ན།།
ཁ་བ་འཇིག་པ་མི་སྲིད།།
ཤུལ་ལུས་བོད་དམར་ཚང་གིས།།
ཞལ་ཆེམས་ཞལ་ཁ་ཕྱེས་ནས།།
ཞལ་ངོ་སྡུག་གིས་བཟུང་ནས།།
དམ་བཅའ་སྙིང་ལ་བཟུང་ཡོད།།
ཁྱེད་དང་ཁྱེད་འདྲའི་དཔའ་བོ།།
ལོ་རྒྱུས་གསོན་པའི་སྒལ་ཚིགས།།
མི་བུ་གདོང་དྲུག་ཚང་གིས།།
བརྗེད་པའི་དུས་ནི་མི་སྲིད།།
༢༠༡༢ལོའི་ཟླ༣་ཚེས༢༦མཚན་མོར་བྲིས་ཤིང་༢༧ཉིན་སླར་བཅོས།
རྒྱལ་གཅེས་ཀྱི་དཔའ་བོད་དག་གིས་བྱས་རྗེད་ལ་གུས་པས་སྙིང་ཐག་ནས་གུས་འདུད་ཞུ་ཡིན་ན་ཡང་རང་གིས་རང་ལ་ཡོད་ཚད་མེ་རུ་ཕུལ་ན་ཡང་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་རྣ་བར་ལ་ཡང་མི་འཛིན་བ་ཚང་མས་མཁྱེན་གསལ་རེད་དེ་ཡི་རྒྱུ་སྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་ལབ་ན་རྒྱ་མི་དང་རྒྱལ་སྤྱི་ལ་གྱོང་གང་ཡང་མི་རེག་པ་རེད་དེ་འདྲ་ཡིན་ཙམ་ཁས་ཅི་ཡང་བཤད་མི་འདོད་པ་རེད་ང་ཚོ་བོད་མི་དག་ལ་རྒྱ་མི་བཅུ་ཤི་བ་དང་བོད་མི་གཅིག་ཤུ་བ་གྱོང་ཆེ་དེ་འདྲ་ཡིན་ཙམ་བོད་མི་ཚོས་རང་གིས་རང་བློས་མ་གཏོང་རོགས་ཞུ་གར་སྲིད་བོད་ཀྱི་རྩ་དོན་ཆེད་དུ་བློས་མ་བཏང་ན་བཟོད་ཐབས་བྲལ་ན་ང་ཚོས་ཕྱི་རྒྱལ་དག་གི་མི་སྣ་ལ་མིག་དཔེ་ཡར་བལྟ་བྱས་ནས་རང་ཤུ་བ་དང་མཉམ་དུ་རྒྱ་མིའི་སྲིད་འཛིན་འཁྲིགས་བཟུང་བ་མཉམ་དུ་ཤི་ཐོབ་བ་བྱེད་དགོས་དཔེར་ན་སྦེལ་ལ་དེན་དང་ས་དམ་ཧུ་སྲིན་ནང་གཞིན་མ་ནུས་ན་ཡང་དེ་འོག་བལྟར་ངེས་པར་དུ་བྱེད་དགོས་དེ་འདྲ་བྱེད་ཐུབ་ན་སྐྱེ་བ་བརླབས་ཆེ་འཆི་བ་གཟི་བརྗེད་ཆེ་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་ཡིས་དོ་སྣང་མ་བྱས་རང་བྱས་ཞིག་བྱུང་ངོས
སྒང་བ་ཚང་ལ་དཔའ་ཉམས་ཡོད་ཀྱང་རྒྱལ་སྲིད་མ་ཐུབ་གཞན་ལ་ཤོར།།གཞན་ཡུལ་འགྲིམས་ནས་ཨུ་ཚུགས་བྱས་ཀྱང་བདེན་པའི་འཇའ་ཚོན་རིང་དུ་ཡལ།།རིང་ནས་བསགས་པའི་ནད་ཀྱི་སྤྲང་པ་ལ་རྒྱའི་གྲི་ཡིས་གཤག་པ་ན།།ལ་རྒྱའི་མེ་ལྕེ་དགོང་དུ་མཆེད་ཅིང་འཇིག་རྟེན་ཀུན་ལ་བརྡ་ཞིག་སྤྲད།།
བོད་ནས་འཕགས་པའི་ཡུལ་དུ་བྱོན། །
འཕགས་ཡུལ་སྤྱན་རས་གའིགས་དབང་མཇལ། །
བྱེས་ཀྱི་སློབ་གྲྭ་གང་ཐུབ་འགྲིམས། །
རང་སྲོག་སྤྱི་དོན་འབུལ་མཁན་ཁྱོད། །
འཇམ་ཤེས་དཔའ་བོ་རྒྱལ་འགྱུར་ཅིག །