རྡོ་རྗེ་རིན་ཆེན།
འབར་བའི་མེ་ལ་ཆེ་ཆུང་འདྲ་མིན་ཡོད།
རང་སྲེག་དོན་ལ་རྒྱུ་རྐྱེན་སྣ་ཚོགས་མཆིས།།
མི་རིགས་ཤིག་གི་བདེན་པའི་མཐའ་སེལ་ཕྱིར།།
འབར་བའི་མེ་དེ་སྙིང་རྗེའི་མེ་ལྕེ་ལགས།
དྲིན་ཆེན་ཕ་མར་མི་བརྩེ་སུ་ཞིག་ཡོད།།
ཤ་མཆེད་ཕྲུ་གུར་མི་དུང་གང་དུ་མཆིས།།
དེ་དག་ལས་ཀྱང་མི་རིགས་འཚོ་གནས་ཕྱིར།།
འབར་བའི་མེ་དེ་ཤེས་རབ་མེ་ལྕེ་ལགས།།
རང་གི་ལུས་པོར་མི་གཅེས་སུ་ཞིག་ཡོད།།
གསོན་སྲེག་གདུང་བར་མི་འཇིགས་གང་དུ་མཆིས།།
མི་རིགས་ཤིག་གི་ཕུགས་འདུན་མངོན་འགྱུར་སླད།།
འབར་བའི་མེ་དེ་དཔའ་བོའི་མེ་ལྕེ་ལགས།།
༸སྐྱབས་མགོན་མི་དྲན་གཞིས་ལུས་སུ་ཞིག་ཡོད།།
རང་དབང་མི་འདོད་བོད་མི་གང་དུ་མཆིས།།
རེ་བའི་འདུན་མ་གངས་ཅན་ཕན་བདེའི་ཕྱིར།།
འབར་བའི་མེ་དེ་བདེན་སྟོབས་མེ་ལྕེ་ལགས།།
ཨ་ཁ་ཁ། རྡམ་རམ་ས་ལ་ནས་མེ་སྤར་་་་་་་གངས་ཅན་ལྗོངས་སུ་འབར་བ་དེ་་་་་་ཆེས་ཡ་ང་ལ།།
སེམས་ཚོར་གསོན་པོ་ཞིག་བྲིས་འདུག འདི་ལྟར་རྗེས་དྲན་བྱེད་འོས་པ་ཞིག་རེད།
མང་ཙམ་བྲིས་དང་།