རྔ་བ་ཀུན་བཟང་།
མེ་ལྕེ་ ཧ་ཅང་འབར་བའི་མེ།
ཡོད་ཚད་ལ་ཞེད་སྣང་སློང་བའི་ཁྱོད།
ཅིའི་ཕྱིར་ ཁྱོད་རང་འབར་བཞིན་ཡོད།
མེ་ལྕེ་དེ་འབར་མང་པས།
ངའི་སེམས་པའི་ཟབ་ངོར།
ད་དུང་ མེ་ལྕེ་ནི་ཤུགས་ཀྱིས་འབར་བཞིན་ཡོད་པ་འདྲ།
མེ་ཟླུམ་དེ་ སྔར་བཞིན།
ཁྱོད་དང་ཁྱོད་འདྲ་བའི་མེ་ཕུང་གླེང་མཁན་ཚོའི་སེམས་ངོགས་ན།
སླར་ཡང་ མཐོང་མ་མྱོང་བའི་ལོ་རྒྱུས་གསར་པ་ཞིག་དང་།
ནམ་ཡང་བཞེངས་མ་མྱོང་བའི།
རྟག་བརྟན་གྱི་ཕོ་བྲང་དམར་པོ་ཞིག
༢༠༡༣ ༡༠ ༣༡ ཉིན་བྲིས།
བལྟས་ཡོད།
མུ་མཐུད་ཅིག ཁྱོད་ཀྱི་སྙན་ངག་གི་མེ་ཕུང་ནམ་ཡང་འབར་བར་སྨོན།