རང་བཙན་དཔའ་བོ་འཕགས་མོ་དོན་གྲུབ་ལགས་ཀྱིས་ལོ་འདིའི་ལོ་སྟོད་དུ་རང་སྲེག་མ་མཛད་གོང་། “བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིགས་རྩ་མེད་དུ་འགྲོ་རྒྱུ་རེད།” ཅེས་གསུངས་ཡོད།
གཟེངས་རྟགས་ཐོབ་མཁན་གྱི་རྩོམ་པ་པོ་དང་། ཆབ་སྲིད་བསམ་བློ་བ། སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས། རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་ངོ་བོ་རྩ་མེད་དུ་གཏོང་བའི་ལས་འཆར་གྱི་སྐོར་ལ་གསུང་བཤད་གནང་རྒྱུ་རེད། ཁོང་གིས་ཅིའི་ཕྱིར་གཡོ་བ་མེད་པའི་རང་བཙན་འཐབ་རྩོད་ཁོ་ནས་འདི་ལ་ཁ་གཏད་གཅོག་ཐུབ་པ་དང་། རང་བཙན་འཐབ་རྩོད་མེད་ཚེ། རྒྱ་ནག་གིས་ང་ཚོའི་ཆོས་དང་རིག་གཞུང་། མཐའ་ན་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་ལ་ཡང་ཉེན་ཁ་སྤྲོད་ངེས་ཡིན་པ། དེ་ཡང་བལ་ཡུལ་ནང་དུ་ད་ལྟ་འབྱུང་བཞིན་ཡོད་པ་བཅས་ཀྱི་སྐོར་གསུངས་ཀྱི་རེད།
གསུང་བཤད་འདི་ཐད་ཀར་རྒྱང་བསྲིངས་ཞུ་རྒྱུ་རེད།
སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱི་ “མེད་ཐབས་མེད་པའི་རང་བཙན་”ཞེས་པའི་གསུང་བཤད་འདི་ ༢༠༡༣ ལོའི་ཟླ་ ༡༠ ཚེས་ ༥ རེས་གཟའ་སྤེན་པ་ཉིན་གྱི་ཞོགས་ཀའི་ཆུ་ཚོད་ ༡༠ ༼རྒྱ་གར་གྱི་དགོང་དྲོའི་ཆུ་ཚོད་ ༧ དང་ཕྱེད་ཀ རྒྱལ་ས་ལྷ་སའི་མཚན་གྱི་ཆུ་ཚོད་ ༡༠་༽ པའི་སྟེང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་ཐད་ཀར་རྒྱང་བསྲིངས་ཞུ་རྒྱུ་རེད། རྒྱང་བསྲིངས་བྱེད་སའི་དྲ་རྒྱའི་ཁ་བྱང་གཤམ་གསལ་ལྟར་རེད། (https://new.livestream.com/Rangzen/Imperative)
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༥༨ ཕྱི་ལོ་ ༢༠༡༣/༡༠/༢
ཉེ་བའི་ཆར་མང་གཙོའི་དུས་ཆེན་གྱི་ཕྱི་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། སྲི་ཞུའི་ལས་བྱེད་པ་རྣམས་ལ་ནང་ཁུལ་བཀའ་མོལ་གནང་བ་ཁག ཆེད་དུ་སྒྲོ་འདོགས་དང་ལོག་འགྲེལ་སྣ་ཚོགས་བྱས་ནས་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་ཏེ་སྤྱི་ཚོགས་ཀྱི་ཕྱོགས་ངོས་གང་སར་ཁྱབ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ནང་དུའང་གནད་དོན་དེ་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་གང་མང་བྱས་ནས། མཐར་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ཐག་གཅོད་བྱས་ཟིན་པའི་གནས་ཚུལ་ཞིག་བསྒྲགས་ཡོད་ཀྱང། སྤྱི་ཚོགས་ནང་གནད་དོན་དེ་ལ་བརྟེན་ནས་བོད་རིགས་ནང་ཁུལ་དུ་ན་ཚ་མང་པོ་ཞིག་ཁྱབ་ཡོད་པ་དང། གནད་དོན་རེ་ཟུང་ཞིག་ནི་ལོ་ནས་ལོ་བསྟུད་མར་མི་མང་པོ་ཞིག་གི་སེམས་ནང་ནས་ཡལ་མི་ཐུབ་པར་འགྱུར་སྲིད་ལ། ཅིག་བྱས་ན་གནད་དོན་དེ་ལ་བརྟེན་ནས་“ར་ཤ་གསར་པས་ནད་རོ་རྙིང་པ་འཕར་”བའི་དཔེ་བཞིན། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ནས་བོད་པའི་རྡོག་རྩ་གཅིག་སྒྲིལ་ལ་གནོད་པ་ཞིག་ཏུའང་འགྱུར་མི་སྲིད་པ་མ་རེད།
གནད་དོན་གང་ཞིག་ཡིན་ཡང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནད་དོན་ཞིག་ཏུ་གྱུར་ཟིན་པའི་སྐབས་སུ། མི་མང་གི་སྣེ་ཁྲིད་མཁན་རྣམས་ཀྱིས་བབས་བརླིང་བརྟན་གསུམ་དང་ལྡན་པ་ཞིག་བྱེད་མ་ཐུབ་ན། སྤྱི་ཚོགས་ནང་ཤུགས་རྐྱེན་ཟློག་ཕྱོགས་ནས་ཐེབས་ངེས་པ་དང། ད་ལན་གླེང་ཕྱོགས་འདིའི་དམིགས་འབེན་གཙོ་བོ་གཅིག་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ཡིན་ལ། གླེང་ཕྱོགས་བཟོ་མཁན་ཁག་ཅིག་གིས་ཀརྨ་ཆོས་འཕེལ་གྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ནང་དུ་༧གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་སྐོར་གླེང་ནས། ༧གོང་ས་མཆོག་ཐུགས་ཕམ་བྱུང་བ་ཁོ་ན་ལས་གནད་དོན་གཞན་གླེང་གི་མེད་ལ་དམིགས་ཡུལ་གཞན་ཡང་མེད། ཡང་ཁག་ཅིག་གིས་གནད་དོན་དེ་ལས་བརྒལ་ནས་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ནག་པོ་ནག་རྐྱང་ཞིག་བཟོ་ཐབས་དང། གནད་དོན་དེ་ལ་ཆེད་དུ་འབྲེལ་བ་བཏགས་ནས་བཀའ་བརྒྱུད་པའི་དབུ་ཁྲིད་བླ་ཆེན་ཁག་ཅིག་ལའང། ཡིག་ཐོག་ནས་སྙན་སེང་ཞུས་པའི་གནས་ཚུལ་བྱུང་བ་ནི་ཧ་ཅང་ཐལ་ཆ་ཆེ་བའི་བྱེད་སྟངས་ཤིག་ཏུ་ངོས་འཛིན་བྱེད་ཆོག།
གླེང་ཕྱོགས་ཁ་ཤས་ཆེད་དུ་གང་ཟག་རེ་ཟུང་ཞིག་ཁོ་ན་ལ་དམིགས་ནས་བཟོས་ནའང། དོན་དུ་དེ་ལས་བརྒལ་ནས་སྡེ་ཚན་བྱེ་བྲག་པ་ཞིག་དང། ཆོས་བརྒྱུད་བྱེ་བྲག་པ་ཞིག་ལ་ཕོག་ཐུག་བྱུང་བའི་གནས་སྟངས་ཤིག་ཏུའང་འགྱུར་སྲིད་མིན་ཐད་བརྟག་དཔྱད་སྔོན་ནས་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན། སྐབས་རེ་གནད་དོན་རེ་ཟུང་གང་ཟག་སྒེར་པ་ཁ་ཤས་ནག་པོ་བཟོ་རྒྱུ་ཁོ་ནའི་ཆེད་དུ་བྱས་ཀྱང། ཧ་ཅང་བྱེད་ཐལ་དུ་གྱུར་ན་དོན་དུ་མི་དེ་དང་དེ་དག་ལ་ཕན་དུ་འགྱུར་བའང་མང་པོ་ཡོད་ལ། ད་ལན་གྱི་གནད་དོན་དེ་ལའང་ཕྱོགས་ངོས་རེ་ཟུང་ནས་བལྟས་ན་དེ་ལྟ་བུར་གྱུར་མེད་དམ་སྙམ་པ་ལྟ་བུར་གྱུར་སོང། སྤྱི་ཡོངས་ནས་དབུ་རུ་བཞུགས་ནས་མི་མང་གི་སྣེ་ཁྲིད་མཁན་གྱི་འགོ་ཁྲིད་ཚོས་གླེང་དགོས་པ་གང་ཡིན་མིན་གྱི་གནད་དོན་ལ་དབྱེ་ཞིབ་གཏན་ནས་མ་བྱས་པར། ༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱེད་རྐྱང་གིས་གནད་དོན་ཚང་མ་སྤྱི་ཚོགས་ཐོག་སྤུངས་ཡོང་བའི་སྐབས་སུ་བསམ་ཡུལ་དུ་མེད་པའི་གནད་དོན་ཡང་ལྷགས་མི་སྲིད་པ་མ་རེད།
གནད་དོན་དེ་དང་འབྲེལ་བའི་སྐོར་༧གོང་ས་མཆོག་གི་དགོངས་གཞི་དེ་ལྟ་བུ་མ་ཡིན་པ། གྲོས་ཚོགས་འཚོགས་བཞིན་པའི་དུས་སུ་སྲིད་སྐྱོང་དང་ཚོགས་གཙོ་གཉིས་སྐུ་མདུན་དུ་བཅར་བའི་སྐབས་གསུངས་པའི་བཀའ་སློབ་ཕྱིར་བསྒྲགས་བྱས་པ་ལས་རྟོགས་ཐུབ་པ་མ་ཟད། བདེན་མིན་གང་ལྟར་ཡང་སྤྱི་ཚོགས་ནང་ཁྱབ་པའི་གནས་ཚུལ་རེ་ཟུང་ལྟར་ན་གྲོས་ཚོགས་ནང་གནད་དོན་དེ་གླེང་སློང་བྱས་པར་བརྟེན། ༧གོང་ས་མཆོག་གིས་ཚོགས་གཙོ་གཉིས་ལ་བཀའ་བཀྱོན་ཕེབས་པའི་གནས་ཚུལ་ཡང་གོ་རྒྱུ་འདུག གལ་སྲིད་དེ་བདེན་པ་ཡིན་ན་༧གོང་ས་མཆོག་གི་དགོངས་གཞི་དངོས་ལས་བརྒལ་བའི་གནད་དོན་འདི་དག་ཆེད་དུ་སྤྱི་ཚོགས་ནང་བཀྲམ་པ་དང། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཕྱོགས་ངོས་ཡོངས་ནས་གླེང་ཕྱོགས་འདྲ་མིན་དང། བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་དེ་དག བཞུགས་མོལ་ཚོགས་འདུ་དེའི་སྐབས་སུ་བཅར་བའི་ཚོགས་ཞུགས་པ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། སྲི་ཞུ་བ་ཚོས་འགན་ཚུལ་བཞིན་མ་ཁུར་བར་ནང་ཁུལ་གྱི་གནས་ཚུལ་གང་བྱུང་ཕྱི་ལ་བསྒྲགས་པ་ལ་བརྟེན་ནས་བྱུང་ཡོད།
མདོར་ན་རྒྱ་དམར་དྲག་གཞུང་གི་བཙན་གནོན་འོག་བོད་དོན་ཛ་དྲག་གི་གནས་སྐབས་ཤིག་ཏུ་གྱུར་ཡོད་པ་དང། བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་དགོས་པ་དེ་འཐབ་རྩོད་ཀྱི་གལ་གནད་ཅིག་ཏུ་གྱུར་ཡོད། དེར་བརྟེན་སྤྱི་ཚོགས་ཀྱི་ཕྱོགས་ངོས་ཁྱོན་ཡོངས་ནས་རྒྱུ་རྐྱེན་ཆུང་ཙག་གིས་ཆིག་སྒྲིལ་གྱི་ནུས་པ་ལ་ཟློག་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སོང་ན། དེ་ནི་མི་རིགས་དང་རིག་གཞུང་འཐབ་རྩོད་བཅས་ལ་གྱོང་གུད་ཆེན་པོ་ཞིག་ཏུ་གྱུར་ཡོད། ཆིག་སྒྲིལ་དེ་ཡང་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས། ཆོས་བརྒྱུད་དང་གྲུབ་མཐའ་བཅས་མང་པོ་ཡོད་ཆོག་ཀྱང། རྩ་དོན་འཐབ་རྩོད་ཀྱི་འགག་ལ་ཐུག་དུས་ཟློག་ཕྱོགས་སུ་གྱུར་པའི་གནད་དོན་ཞིག་ཏུ་འགྱུར་མི་རུང་བ་ནི། ཆེས་གལ་གནད་ཆེ་ཤོས་ཤིག་ཡིན་པར་སྣང་ལ། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་དག་གིས་ངེས་པར་དུ་གཟབ་གཟབ་མ་གནང་ན། འཆར་གཞི་དང་དམིགས་ཡུལ་གཏན་ནས་མེད་ཀྱང་སྤྱི་ཚོགས་ནང་དཀྲོག་རྐྱེན་དང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་རེད།།
བོད་རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ནས་རང་བཙན་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་དེར་དགའ་བསུ་དང་བཅས་ངེས་པར་ཉན་ཐུབ་པ་བྱེད་ཀྱི་ཡིན། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་མི་རིགས་ལ་འཕྲལ་ཕུག་རྒྱང་གསུམ་གྱི་ཁེ་ཕན་ཡོད་མིན་མི་དཔྱད་པར། ཆོས་བརྒྱུད་དང་གང་ཟག་རེ་ཟུང་གི་ཁེ་ཕན་དང་མིང་ཁོ་ནའི་ཆེད་དགྲ་བོ་རྒྱ་དམར་ལ་མགོ་འབུལ་ལུས་འབུལ་གྱིས། ལྷག་བསམ་ཅན་དང་ཤེས་ཡོན་ཅན་རྣམས་ལ་དམིགས་སུ་བཀར་ནས་བཙན་བྱོལ་སྤྱི་ཚོགས་ནས་ནག་པོ་བཟོས་ཏེ་ཟུར་དུ་བཏོན་ཐབས་བྱེད་བཞིན་པ་དེར་། ནི་རི་བོང་ཅལ་འདྲོག་དང་རྨོངས་དད་ཁོ་ནས་དབང་སྒྱུར་དུ་སོང་བ་གཞིས་ཆགས་ཀྱི་སྤོ་རྨོ་རྣམས་ལས། དེང་དུས་ཀྱི་ཤེས་ཡོན་ལྡན་པའི་ན་གཞོན་དག་ནམ་ཡང་མགོ་བོ་རྨོངས་སུ་བཅུག་ཐུབ་ཐབས་རྩ་བ་ནས་མེད་པ་རེད།
རང་བཙན་དཔའ་བོ་འཕགས་མོ་དོན་གྲུབ་ལགས་ཀྱིས་ལོ་འདིའི་ལོ་སྟོད་དུ་རང་སྲེག་མ་མཛད་གོང་། “བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིགས་རྩ་མེད་དུ་འགྲོ་རྒྱུ་རེད།” ཅེས་གསུངས་ཡོད། ཟེར་བ་འདི་བདེན་པ་རེད། མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཡིན་ནའང་རྒྱལ་གཅེས་དཔའ་བོའི་མིང་ཐོག་ནས་བོད་མའི་བསྒྲིག་འཛུག་དང་༧གོང་ས་མཆོག་ལ་གཞི་མེད་ཀྱི་མཚན་སྨད་ལྟ་བུ་བྱས་པ་ཡིན་ན་མི་དེ་ཁྱི་སྨྱོན་དང་རྒྱལ་གཅེས་དཔའ་བོའི་སྐུ་ཕུང་ལ་དམུར་མཁན་རང་ཡིན། རྒྱའི་རྒྱུགས་ཁྱི་དངོས་མ་ཞིག་ལ་བརྗོད་ཚིག་འདི་ལས་ཀྱང་ལྷག་ཅིག་ཡོད་འོས་པ་བོད་མི་རིགས་ཀྱི་ཆེད་དུ་སྐུ་གཤེགས་ཟིན་པ་དང་བོད་མི་རིགས་ཀྱི་ཆེད་རང་གི་གཅེས་པའི་སྲོག་ལ་འཛེམས་ཟོན་སྤུ་ཙམ་ཡང་མེད་པར་བཞུགས་བཞིན་པ་དག་གིས་མཁྱེན་ཐུབ་ཅེས་སྐད་གསེང་མཐོན་པོས་སྒྲོགས་འདོད་བྱུང་། བདག་ཉིད་ཆེན་པོ་གཱན་རྡིས་རང་གི་བསམ་ཚུལ་ལ་རྒྱ་གར་མི་དམངས་ཀྱི་གོ་རྟོགས་ཡོང་ཆེད་དུ་ཡང་དང་ཡང་དུ་གྲོང་ཁྱེར་དང་གྲོང་གསེབ་བརྒྱུད་ཁྱབ་སྤེལ་བསྐོར་བསྐྱོད་གནང་ཡོད།
འདི་དང་འདྲ་བར་བོད་མི་སུའི་གནང་བ་ཡིན་ནའང་ང་དང་བོད་མིའི་གུས་ཞབས་ཞུ་ངེས།
ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT)གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་རིང་མིན་ཚེས་ ༧ ཉིན་སྤེལ་འཆར་ཡོད་པའི་བྱང་ཨ་མི་རི་ཀའི་བོད་དོན་ལས་འགུལ་དེ་གནས་སྐབས་རིང་ཕྱིར་འཐེན་བྱས་ཡོད་ལུགས་བརྗོད་འདུག དེའི་རྒྱུ་མཚན་ནི་ཨ་རིའི་གཞུང་སྒོ་བརྒྱབ་པའི་ཛ་དྲག་གི་སྐབས་འདིར་བོད་དོན་ལས་འགུལ་ལ་དོ་སྣང་ཡོང་མིན་གྱི་རྒྱུ་མཚན་བརྗོད་འདུག ང་ཚོས་བོད་ཕྱི་ལོགས་ནས་བོད་དོན་ལས་འགུལ་ཞེས་པའི་ལས་འགུལ་རྒྱ་ཆེན་པོ་དེ་འདྲ་མང་པོ་སྤེལ་མྱོང་བ་རེད། ལས་འགུལ་སྤེལ་བའི་ཉི་མ་དེ་ལ་ང་ཚོ་ངུ་གི་ཡོད་ལ་ང་ཚོ་ཞེ་སྡང་སྐྱེས་ཀྱི་ཡོད། ང་ཚོ་ལ་ངར་ཡོད། ལས་འགུལ་གྲུབ་པའི་རྗེས་སུ་ཁྱབ་བསྒྲགས་ཡག་པོ་བྱུང་སོང་བསམས་ནས་དགའ་བ་སྒོམ་བཞིན་ཡོད། དེ་ནས་གོ་སྒྲིག་པ་རྣམས་ཀྱིས་ལས་འགུལ་རྗེས་མ་ཞིག་གྲ་སྒྲིག་བྱེད་ཅིང་། ལས་འགུལ་བ་རྣམས་རང་རང་གི་ཉིན་རེའི་ལྟོ་གོས་ཀྱི་ལས་ཀ་ཐིམ་འགྲོ་བཞིན་ཡོད། ཡང་སྙིང་ང་ཚོས་ག་རེ་བྱེད་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་ཞི་མོལ་བྱེད་པའི་ཆབ་སྲིད་འཛིན་བཞིན་ཡོད་ཅིང་། དེ་ལ་དབུ་མའི་ལམ་ཞེས་པའི་ཆབ་སྲིད་འདི་ཡིན། དབུ་མའི་ལམ་གྱི་ཆབ་སྲིད་ལ་འགྲེལ་བཤད་རྒྱག་སྐབས་༡༩༨༧ ལོ་ནས་ད་བར་དུ་འགྱུར་བ་མང་པོ་སོང་ཡོད། འགྱུར་བ་དེ་དག་གི་ཁྲོད་ནས་བོད་མི་ཚོའི་རེ་བ་ཡང་ཇེ་ཆུང་ནས་ཇེ་ཆུང་ལ་སོང་ཡོད། ད་མཛུབ་མོ་ནང་ལ་བཙུགས་ནས་ལག་པ་བྲང་ལ་སྦྱར་ཏེ་བསམ་བློ་གཏོང་སྐབས་ང་ཚོའི་གཞོན་རབས་ཚོའི་རང་ལུས་མེར་སྲེག་ལ་འོས་བབ་ཡོད་པའི་ལས་ཀ་ཞིག་ང་ཚོས་བྱེད་ཐུབ་མེད། ལས་ཀ་དེ་བྱེད་ན་དང་པོ་དེ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་མོད། ༧གོང་ས་མཆོག་བོད་ལ་ཕར་ཟད་ཧོང་ཀོང་ལ་ཡང་ཕེབས་རྒྱུར་བཙན་བྱོལ་བོད་མིས་དྭོགས་པ་བྱེད་ཀྱི་ཡོད། ༧གོང་ས་མཆོག་ ༢༠༡༤ ལོ་དང་ ༢༠༡༥ མཐའ་ན་༢༠༡༨ ལོ་ལ་ཡང་བོད་ལ་ཕེབས་ཐུབ་པའི་མངོན་རྟགས་གང་ཡང་མེད། ༧གོང་ས་མཆོག་བོད་ལ་ཕེབས་པའི་ལས་ཀ་བྱེད་མ་ཐུབ་པ་དེའི་འོག་ནས་ང་ཚོ་ལ་ལས་ཀ་གཞན་གང་ཞིག་ཡོད། ད་དམངས་གཙོ་ཟེར་བ་དེ་གཅིག་ཡིན། ད་འདི་ལ་ཡང་རེ་བ་མི་འདུག རེ་བ་མེད་པའི་རྒྱུ་མཚན་ངོ་མ་ནི་ང་ཚོས་ང་ཚོ་སུ་ཡིན་ངོ་ཐག་མ་ཆོད་པ་དེ་རེད། ང་ཚོས་ང་ཚོ་ནི་བོད་མི་རིགས་ཀྱི་དཔོན་པོ་ཡིན་བསམས་པ་དང་། ང་ཚོས་ང་ཚོ་ནི་གཞུང་ངོ་མ་ཞིག་གི་སྲིད་སྐྱོང་དང་གྲོས་ཚོགས་ཡིན་བསམས་པ་དེ་རེད། ང་ཚོ་ས་ལག་མཐིལ་ཙམ་ཡང་མེད་པའི་ཤོར་མ་ཡིན་པ་མ་ཤེས་པ་དང་། བོད་ནང་གི་སྲེག་གཅོད་མནར་བ་སོགས་ཀྱི་སྡུག་བསྔལ་དེ་རང་གི་ཤ་ཐོག་ནས་མྱོང་མ་ཐུབ་པར་ཚོར་བ་མེད་པར་གྱུར་པ་རེད། བོད་ལ་ལོག་མ་ཐུབ། བཙན་བྱོལ་ནང་འདུག་མ་ཐུབ། ད་ཅི་ཞིག་བྱེད་དགོས་པ་རེད། ང་ཚོས་ག་རེ་བྱེད་ཀྱི་ཡོད་རེད།
བང་ཆེན་རྩོམ་སྒྲིག་པ་ནས་དངོས་གནས་བསམ་ཤེས་དཔྱོད་གསུམ་ཚང་བའི་ཆེད་བརྗོད་གཅིག་སྤེལ་འདུག་པར་ཐུགས་རྗེ་ཆེ་ཞུ། ངས་ཞུ་དོན་ནི་ད་ལན་གྱི་གནད་དོན་དེར་རྒྱ་ཆེའི་གསར་ལམ་ཁག་གི་གླེང་ཙམ་ཡང་མི་བྱེད་པའི་བརྟུལ་ཞུགས་ཀྱི་བྱ་སྤྱོད་དེ་ནི། གསར་འཁོད་ལས་ཁང་ཁག་གི་མི་མང་དང་སྤྱི་ཚོགས་ལ་འགན་འཁུར་མེད་པ་དང་གསར་འགོད་ཀྱི་བཟང་སྤྱོད་ཨེ་མཐུན་སྙམ། དངོས་གནས་བྱས་ན་གནས་ཚུལ་དེ་དག་ང་ཚོ་ཕན་ཚུན་སྐད་ཆ་བཤད། ཐིལ་ཕྱིར་པར་གོ་བསྡུར་སྦྱང་བཤད་བྱས་ནས་འགྲིག་འཇགས་ཐུབ་པ་ཞིག་ཡིན་ཀྱང་། ཨེ་རླུང་གཉིས་གཙོ་བྱས་པའི་དུས་བབ་དང་གཞན་རྒྱ་བོད་དབྱིན་གསུམ་གྱི་གསར་ཁང་རྣམས་ཀྱིས་མི་མང་ལ་བདེན་པ་ར་སྤྲོད་དང་དངོས་ཡོད་འགྲེལ་བཤད་རྒྱག་ཐབས་ཙམ་ཡང་མ་གནས་པར། སྤྱི་ཚོགས་ནང་ལོགས་རྟོགས་དང་གཏམ་འཆལ་གྱི་ཁེངས་སུ་བཅུགས་སོང་སྙམ།།
ཡང་ཁ་སྟོང་ཚིག་སྟོང་ཁོ་ན། དང་སྤྱི་ཚོགས་ནང་དུ་ཕུངས་དཀྲུགས་རྒྱག་རྒྱུའི་ངན་ཇུས་རེ་མེད་མི་སྲིད་པ་གང་ཡང་མིན། འཇམ་ནོར་གྱིས་ལོ་མང་རིང་དུ་ཁ་སྟོང་ཙམ་ལས་དོན་དངོས་བོད་པའི་རྩ་དོན་ལ་གནོད་གཞི་ལས་དགེ་མཚན་དང་ཁེ་ཕན་གང་ཡང་བསྐྲུན་མྱོང་མེད་པ་དེ་བོད་མི་ཡོངས་ཀྱི་ཤེས་གསལ་རེད།
རང་བཙན་ཐོབ་ན་ལེགས་མོད་ཀྱང་། ཇི་ལྟར་ཐོབ་ཐབས་བྱེད་དགོས་རེད། ཡིན་ནའང་གནས་སྐབས་རིང་ཚང་མས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རང་སྐྱོང་དོན་དུ་གཉེར་ན་ལེགས་པར་སྙམ། །
ཡིན་གཅིག་མིན་གཅིག་ཉན་གི་ཡིན།
“རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཀྱི་ངོ་བོ་རྩ་མེད་དུ་གཏོང་བའི་ལས་འཆར་གྱི་སྐོར་་་་་་་་” གཞི་རྕའི་ཆ་ནས་གནད་དོན་འདི་རྒྱ་གཞུང་གི་སྲིད་བྱུས་རྙིང་བ་ཞིག་ཡིན་ལ་དེ་དོན་བོད་ཕྱི་ནང་གཉིས་གས་རྟོགས་ཐུབ་ཡོད། འོན་ཀྱང་འདིའི་ཐད་ལ་དབུ་མའི་ལམ་ལས། རང་བཙན་འཐབ་རྩོད་ཁོ་ནས་་ཁ་གཏད་གཅོག་ཐུབ་ཐབས་ཀྱི་གདམས་ངག་དེ་འདྲ་སྟོན་རྒྱུ་ཡོད་ན་དེ་ནི་ངོ་མ་རིན་ཐང་ཆེ་བ་ཞིག་རེད། ཐབས་ལམ་ག་རེ་གནང་རྒྱུ་ཡོད་པ་སང་ཉིན་ཧ་གོ་ཐུབ་རྒྱུའི་རེ་བ་ཡོད།
འཇམ་ནོར་རང་གིས་ནང་ཁུལ་གྲོགས་པོ་ཞིག་༼བོད་རང་བཙན་ཐོབ་རྒྱུ་མ་རེད་ལ། ང་ཚོས་རང་བཙན་ཡིན་གཅིག་མིན་གཅིག་ལབ་དགོས་པ་རེད། རྒྱ་ནག་གི་ཧམ་པ་ལ་ལྟོས་དང་། འདིས་གང་ཡང་འཇོན་གྱི་མེད་ནའང་རྒྱ་ནག་གི་ཧམ་པ་ལ་ལན་ཞིག་སྤྲོད་ཀྱི་རེད༽ཟེར། འཇམ་ནོར་གྱི་རང་བཙན་ཟེར་བ་དེ་ཁ་ཞེ་གཉིས་མེད་ཅིག་ཡིན་ས་མ་རེད།
ཧ་ཧ་ད་འཇམ་ནོར་གི་རང་ལམ་ལོག་པར་འགྲོ་བ་མ་ཟད་གཞན་གཞོན་སྐྱེད་བློ་རྨོངས་དགའ་མཉམ་དུ་འཁྲིད་རྩིས་བྱེད་པ་ནི་ཧ་ཅང་གི་ཐབས་སྐྱོ་བོའི་གནས་ཚུལ་རེད། ཁ་ཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིག་པ།
ཁ་དམག་གིས་མི་ཚེ་སྙིང་པོར་སོང་བའི་འཇམ་ནོར་ལ་རང་བཙན་འདོང་པ་འགྲིག་ཀྱང་ད་བར་རྙོག་གླེང་ལས་དེ་ཉིད་སྒྲུབ་ཐབས་ཀྱི་ལམ་དང་ཐབས་ཤེས་ཅིག་ནམ་ཡང་བསྟན་མ་འབྱུང་་་་ད་ངངོས་གནས་རང་བཙན་དགོས་པ་དང་རྣམ་དཔྱོད་ལྡན་པའི་མི་རྒན་ཞིག་ཡིན་ན་སྒྲུབ་ཐབས་ལ་འཆད་རོགས་གནང། ལྟ་གྲུབ་ལ་འགྱུར་བ་བཏང་ནས་རང་བཙན་སྒྲུབ་ཐབས་མེད།
རེད་ཡ། ཁ་སྟོང་ཚིག་སྟོང་གི་འུར་སྒྲ་ཁོ་ན་ལས་ལག་བསྟར་དོན་འཁྱོལ་མེད་པ་འདི་བཙན་བྱོལ་གྱི་མཐོ་འབྲིང་དམའ་གསུམ་གྱི་རང་གཤིས་སུ་གྲུབ་ཡོད་པ་ནི་དངོས་བདེན་རེད། དེ་མིན་ན་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་འདི་ཡིན་མེད་པར་མག་མོག་དང་རབ་རིབ་གཅིག་ཏུ་ཇི་ལྟར་གྱུར་པ་རེད། ལར་ནས་གཞིས་ལུས་མི་དམངས་ཀྱི་ཡ་ང་བའི་ཛ་དྲག་གི་གནས་སྟངས་དེ་མྱུར་སྐྱོབས་མི་ཐུབ་པར་ཅིའི་ཕྱིར་ཛ་དྲག་ཇེ་ཆེ་ནས་ཇེ་ཆེ་ཕྱིན་པ་རེད། འདིས་བཙན་བྱོལ་གྱི་ལག་བསྟར་དོན་འཁྱོལ་མེད་པའི་ཁ་སྟོང་ཚིག་སྟོང་གི་འུར་སྒྲའི་ནང་སྙིང་གསལ་བསྟོན་བྱས་པ་རེད།
འཇམ་ནོར་གྱི་དཔྱད་རྩོམ་དག་གིས། གྲོད་ཁོག་བཤེགས་ན་ནང་ཁྲོལ་དག་གསལ་གསལ་རྗེན་རྗེན་དུ་མཐོང་ཡོང་པ་ལྟར་མ་ཤེས་མ་མཐོང་བའི་གནད་དོན་ཆེ་ཕྲ་མང་པོ་ཞིག་མཐོང་ཞིང་ཤེས་ལ་བློ་སྒོ་ཆེ་ཆེར་འབྱེད་ཡོང་། ངོ་མར་རླབས་ཆེན་རེད། དབུ་མའི་ལམ་གྱི་རྗེས་སུ་འབྲང་མཁན་ཚོའི་ནང་ན། འདི་ལྟར་ལོ་རྒྱུས་དང་གནད་དོན་མང་པོ་ལ་མཐོང་རྒྱ་ཐོས་རྒྱ་ཆེ་ཞིང་དབྱེ་ཞིབ་ལ་མཁས་པ་ཞིག་གང་ན་སུ་འདུག་གམ། ཨ་མའི་བུ་རྒོད་འདི་ཡི་ལྷག་བསམ་དང་སྙིང་སྟོབས། ཤེས་ཡོན་ལ་བསམ་ན། ཡིད་ཀྱི་དུང་པ་སངས་ཆེད་འཐམ་འཁྱུད་འགའ་བྱ་སྙིང་བྲོའོ། དམ་པ་ཁོང་གི་གསུང་བཤད་ལ་རྨ་བྱས་འབྲུག་སྒྲ་ལ་རེ་བ་ལྟར་སྒུག་ནས་ཡོད། ཁོང་ཉིད་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག།
འཇམ་གཅེས། October 4, 2013 at 12:16 am
ཡང་ཁ་སྟོང་ཚིག་སྟོང་ཁོ་ན། དང་སྤྱི་ཚོགས་ནང་དུ་ཕུངས་དཀྲུགས་རྒྱག་རྒྱུའི་ངན་ཇུས་རེ་མེད་མི་སྲིད་པ་གང་ཡང་མིན། འཇམ་ནོར་གྱིས་ལོ་མང་རིང་དུ་ཁ་སྟོང་ཙམ་ལས་དོན་དངོས་བོད་པའི་རྩ་དོན་ལ་གནོད་གཞི་ལས་དགེ་མཚན་དང་ཁེ་ཕན་གང་ཡང་བསྐྲུན་མྱོང་མེད་པ་དེ་བོད་མི་ཡོངས་ཀྱི་ཤེས་གསལ་རེད།
ཟེར།
ངས་འཇམ་གཅེས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
བྱས་བྱས་བསྒྲུབས་བསྒྲུབས་ཀྱི་གྲངས་ཀ་ཙམ་རྩིས་ཏེ་ལོ་འཁོར་ལས་བསྡོམས་འགེངས་ཤོག་ཁེངས་ཐབས་བྱེད་པ་དག་ལས། འཇམ་ནོར་གྱིས་དུས་ཚོད་དང་དཀའ་སྡུག་ལ་ཅི་མི་སྙམ་པར་འཛམ་གླིང་མཁས་པ་དག་གི་ཀྱང་ཀློག་རིན་ཡོད་པའི་བོད་དོན་སྐོར་གྱི་དཔྱད་རྩོམ་མང་པོ་དྲ་རྒྱའི་སྟེང་སྤེལ་པ་འདི་དག་བརྒྱ་འགྱུར་སྟོང་འགྱུར་གྱིས་ནུས་པ་ཆེ་སྙམ། འདི་མི་ཕལ་བས་བསྒྲུབ་མི་ཐུབ་ལས་འགུལ་རྒྱ་ཆེན་ཞིག་ཅི་ལ་མིན། དཔྱད་རྩོམ་འདི་དག་ཁ་སྟོང་མགོ་སྟོང་རྣམས་ཇ་ཁང་ཆང་ཁང་ནང་འཛོམས་ཏེ་ཤར་ཤར་བྱུང་རྒྱལ་དུ་གླེང་བའི་ཚིག་སྟོང་དོན་སྟོང་དག་གི་གོ་ས་རུ་བསྐྱུར་ཐབས་བྱེད་པ་དག་ལ་ནི་བློ་མིག་ཅིག་གང་ནས་འདུག་གམ། བླུན་པོ་རྣམས་ཁ་བཙུམ་ན་བསྟན་འགྲོ་ལ་ཕན་ནོ། བོད་དོན་ལས་འགུལ་བ་སྐྱེས་བུ་ཆེན་པོ་འདི་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག།
བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་ནི་མི་མང་གིས་དམངས་ཁེ་དབང་ལོངས་སུ་སྤྱོད་ནས་ཁྲིམས་ལུགས་ཀྱི་ཐོག་ནས་གཏན་ལ་ཕབས་ཟིན་པ་རེད། ད་དུང་མག་མོག་ཏུ་གྱུར་མཁན་ཡོད་ན་གནས་ལུགས་་དཔྱོད་བྱེད་ཀྱི་བློ་མིག་ཞར་ར་ཆགས་པས་ནོང་པ་ལས་དེ་མིན་རྒྱལ་ཁམས་ཀུན་གསལ་ལ་འགྲེལ་བཤད་དགོས་དོན་གང་ཡོད།
བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་མི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱད་དེས་ཁྲིམས་ལུགས་ཀྱི་གཏན་ལ་ཕབ་དུས་མིང་དོན་མཚུངས་པའི་ཚད་མཐོའི་རང་སྐྱོང་དེ་རེད་མ་གཏོག་དམངས་གཙོ་རྩོད་ཀྱི་མེད་པའི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་མགོ་འབུལ་ལུས་འབུལ་ཞུ་རྒྱུ་དེ་མ་རེད། འདི་ལས་ལྷག་གཅིག་གི་ལངས་ཕྱོགས་རབ་རིབ་དང་མག་མོག་བཟོས་ཡོད་པ་མ་མཐོང་ན་ཞ་རའི་ནང་གི་ཞ་ར་མིན་ན་ཅི་རེད། ཧ་ཧ།
ད་འཇམ་ནོར་(འཇམ་དབྱངས་ནོར་བུ་)ཁྱེད་རང་ད་ལྟ་བར་ཁ་བཤད་ཆུ་ཡི་ལྦུ་བ་གང་ནས་འགྲོ་ཡི་འདུག དངོས་གནས་ལག་ལེན་ཐོག་ག་རེ་གནང་ཡོད། བོད་སྤྱི་བ་དང་མོད་མི་རིགས་དོན་དུ་གང་བྱེད་ཡོད།
བཙན་བྱོལ་སྒྲིག་འཛུགས་ཀྱི་ལང་ཕྱོགས་རྒྱ་གཞུང་འོག་མགོ་འབུལ་ལུས་འབུལ་ཞུ་རྒྱུ་དེ་རེད་ཟེར་ན་དོན་ལ་གནས་པའི་སྐད་ཆ་ཞིག་མ་རེད། དེ་འདྲ་ཡིན་ན་ང་ཚོ་ད་དུང་བཙན་བྱོལ་ནང་ལ་འདུག་དགོས་དོན་ཅི་ཡོད། རྒྱ་གཞུང་ལ་མགོ་འབུལ་ལུས་འབུལ་བྱས་བཞག་ན་ཉི་མ་སང་ཉིན་བོད་ལ་ལོག་ཆོག་གི་རེད།
ཡང་འདིས་ཉེ་སྔོན་༧གོང་ས་མཆོག་གིས་གནང་བའི་བཀའ་སློབ་དེའི་ཁ་གཏད་གཅོག་བཞིན་འདུག།
རང་སྲིད་རང་སྐྱོང་ངམ་མིང་དོན་མཚུངས་པའི་རང་སྐྱོང་གང་ཡིན་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འདུག་དགོས་པ་དེ་ནི་གནས་ལུགས་ཀྱི་ཐོག་ནས་གསལ་བཤད་བཟོས་ཡོད་པས་དེ་དག་མག་མོག་ཏུ་གྱུར་མཁན་དག་ནི་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་བློ་མིག་ཞ་ར་ཆགས་ཟིན་པར་སྔོན་ལས་ཟློག་མེད་ལོས་ཡིན། གལ་སྲིད་ཁྱེད་ཀྱིས་བཤད་པར་དོན་དུ་གནས་ཚེ་རྒྱ་ནག་སྲིད་གཞུང་གིས་འདོད་དོན་འབད་མེད་དུ་འགྲུབ་པ་ཡིན་པས་ལོ་ཤས་སྔོན་ནས་བཙན་བྱོལ་བོད་མི་ཡོ་དོ་ཅོག་རང་ཡུལ་ལ་འགྲོ་དགོས་ངེས་ལས་དེ་ལྟར་འགྲོ་ཆོག་ཆོག་མེད་པས་རྒྱུ་མཚན་ཙམ་ཡང་བློ་ལ་མ་ངེས་པ་ནི་ལྐུགས་པའི་རང་རྟགས་ལས་གནས་ལུགས་གང་ཡང་མེད་པ་ཉིན་ཤར་སྦར་མོས་འགེབས་ཐབས་མེད་པར་གསལ་བཞིན་དུ་སྨྱོས་བཤད་དགོས་གང་ཡིན་ནམ།
སོ་སོས་མ་འཇོན་ན་གཞན་ལ་བཤད་ཀྱང་ཡིད་ཆེས་བྱེད་མཁན་དཀའ་།
རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྲིད་གཞུང་གི་འོག་ལ་མགོ་སྒུར་མི་འདོད་ན་འགྲོ་བཞག་ན་འགྲི་གི་རེད།
ཟུར་མཆན་པ་དག་ལ་ཞུ་རྒྱུ། དང་ཐོག་མ་རྩོམ་དེ་གསལ་གསལ་དག་དག་ཀློག་ནས་དེར་གོ་རྟོགས་ཡོད་པའི་ཐོག་ནས་དགག་སྒྲུབ་ཀྱིས་ཟུར་མཆན་གནང་དགོས་པ་ལས་རང་འདོད་ཙམ་དང་མ་རྩོམ་ལས་ལོག་བཤད་སོགས་ཀྱིས་ཟུར་མཆན་དག་ལ་སྙིང་པོ་མེད།།
དགེ་འདུན་རྒྱལ་མཚོ་ལགས། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྲིད་གཞུང་གི་འོག་ལ་མགོ་སྒུར་འདོད་མེད་ནས་འགྲོ་མཁན་མང་ནས་མང་དུ་འགྲོ་བཞིན་འདུག། བོད་ཀྱི་ཕྱིར་འདུག་ལ། བོད་ནང་དུ་ཡང་མང་པོ་འདུག། དེ་ནི་བོད་མི་རིགས་འདིའི་ཁེ་ཕན་ཞིག་དང་དགའ་འོས་པ་ཞིག་མ་རེད། དེ་ཚོའི་རིགས་ལ་སྣ་མེད་སྟངས་བ་ནི་བོད་འདི་ཆུང་ནས་ཆུང་དུ་འགྲོ་རྒྱུར་འདོད་མཁན་ཅི་ཞིག་མིན་ནམ།
བྱས་ཙང་། མགོ་འབུལ་ལུས་འབུལ་ཞུས་ཀྱང་མེས་རྒྱལ་གྱི་པང་དུ་ལོག་ཆོག་ཆོག་མེད་པ་དེ་བདེན་པ་རེད། རྒྱུ་མཚན་པེ་ཅིང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད་ནམ་ཡང་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ་བཟུངས་ཡོད་པ་རེད། ལར་ནས་ལོ་ངོ་༦༠ལྷག་ཏང་དང་རྒྱལ་ཁབ་ལ་རྒྱབ་གཏད་ཀྱིས་བྲོས་བྱོལ་ལ་བསྡད་པའི་ཉེས་པ་དག་འཇུག་རྩིས་མེད་པ་དེ་རེད། དེ་ལྟ་བས་ན་པེ་ཅིང་སྲིད་གཞུང་གིས་དབུ་རང་གཉིས་ལ་རྣམ་དབྱེ་མི་འབྱེད་པའི་རྒྱུ་མཚན་ཡང་འདི་རང་རེད། དོན་དངོས་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་ཟེར་བ་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་དེ་རེད། འོན་ཀྱང་ཡ་མཚན་སྐྱེ་གཞི་ཞིག་ལ་ཏཱ་ལའི་བླ་མའི་གནད་དོན་དེ་ཡང་ལྡོག་ཕྱོགས་ནས་གླེང་གི་ཡོད་པ་རེད་ལ་རྒྱུན་འཁྱོངས་དང་མཐའ་འཁྱོངས་སོགས་འགྲུབ་ཏུ་མེད་པའི་ཆ་རྐྱེན་ཞིག་ཀྱང་བཏོན་ཡོད་པ་རེད།
རང་བཙན་ནི། གཞན་ཕམ་ཞིང་རང་རྒྱལ་བའམ་གཞན་ལས་རང་བཙན་པ། བཙན་དང་གཉོམ་གྱི་ཁྱད་པར་གྱི་ཐོག་ནས་རང་ཉིད་སྲུང་སྐྱོབ་བྱེད་སྟངས་ཤིག མདོར་ན་རང་བཙན་ནི་རྒྱ་ཁབ་ཅིག་གམ མི་རིགས་ཤིག ཡང་ན་གྲལ་རིམ་ཞིག་གིས་རྒྱ་ཁབ་ཅིག་གམ་མི་རིགས་ཤིག ཡང་ན་གྲལ་རིམ་གཞན་ཞིག་ལ་གཉའ་གནོན་བྱེད་པའི་ཡོ་བྱད་ཡིན། དེ་ལྟ་བུ་ཞིག་ལ་རང་བཙན་ཟེར་གྱི་ཡོད། རང་བཙན་ནི་དམག་འཁྲུག་དང་། དམར་གསོད་ཀྱི་ཁྲོད་ནས་ཕྱོགས་གཅིག་ཁོ་ན་ལ་ཐོབ་པའི་རྒྱལ་ཁ་ཡིན། བདེན་པ་དང་གནས་ལུགས་ཀྱི་ཐོག་ནས་བདེན་རྫུན་གཟི་དབང་ལ་ཤན་འབྱེད་ཀྱིས་ཕན་ཚུན་གོ་བསྡུར་ལྟ་བུས་ཐག་ཆོག་གཅོད་ཅིག་འབྱུང་ཐབས་བྱེད་པ་ནི་དེང་གི་འགྲོ་སྟངས་གསར་བ་ཞིག་ཏུ་ངོས་འཛིན་གྱིན་འདུག་མོད། དེ་ཡང་དག་ཅིག་མ་རེད། དེ་ལའང་རྒྱབ་སྐྱོར་དང་བདེན་རྒྱབ་ཀྱི་དཔུང་ཁག་ཅི་ལྟར་བཙན་ན་དེ་ལྟར་རྒྱལ་ཁའི་ཕྱོགས་སུ་འགྲོ་བསྐྱོད་བྱེད་ངེས། ང་ཚོར་ཆ་བཞག་ན་རང་བཙན་གྱི་ཐབས་ཇུས་ཕྱི་མ་དེ་ལ་བརྟེན་རྒྱུ་ཉག་ཅིག་ལས་བྱ་ཐབས་གཞན་མེད་ཚོད་རེད། དེ་ལྟར་ན་ཨ་རི་དང་ཡོ་རོབ་མཐུན་ཚོགས་སོགས་ནུབ་ཕྱོགས་པ་ཁག་ཅིག་གི་རྒྱབ་རྟེན་ལ་རེ་དགོས། རྒྱ་ནག་ནི་ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དག་གི་སྡེར་ནང་གི་ཁ་ཟས་ཉག་ཅིག་ཡིན་པ་ཤེས་བཞིན་དུ་ཟས་བཅད་ནས་གཞན་ཕན་གྱི་གཏོང་ཕོད་གནང་སྟངས་ཤིག་ཡོང་རེ་ཡོད་དམ། རང་ཉིད་ཀྱི་སྟོབས་ཤུགས་ཁོ་ན་ལ་བརྟེན་དགོས་ན་རང་ཉིད་ཀྱི་ནུས་ཤུགས་ལ་ཚད་འཇལ་དགོས། རང་དབང་ནི། དྲང་ཐིག་གཅིག་གི་ཐོག་གཉིས་མོས་ཀྱི་ཐག་གཅོད་བྱས་ཆོག་པའི་ཆ་རྐྱེན་ཞིག་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འདོད་མོས་སྐོང་ཐུབ་ཀྱི་ཡོད། རང་དབང་ནི་ཚེ་སྲོག་གི་དགོས་མཁོ་ཡིན་པ་ངེས་པར་དུ་ཤེས་དགོས། ཚེ་སྲོག་དང་བེམ་པོ་སོ་སོར་ཕྱེས་དུས་བདག་གཞན་གྱི་འདུ་ཤེས་འཛིན་མཁན་མེད་པ་མ་ཟད་ལར་ཞེན་གྱི་ཀི་སྒྲ་ཡོངས་སུ་ཡལ་ཚར་བ་རེད།
བོད་མི་ངོ་མ་ཞིག་ཡིན་ཕྱིན་རང་བཙན་ལ་མི་དགའ་མཁན་ཞིག་དུས་གཏན་དུ་ཡོད་མི་སྲིད། གལ་ཏེ་རང་བཙན་ལ་མི་དགའ་མཁན་གྱི་བོད་མི་ཞིག་ཡོད་ན་དེ་ནི་བོད་མི་ཤི་རོ་ཞིག་ཡིན་པ་ལས་བོད་མི་གསོན་པོ་ཞིག་ག་ལ་ཡིན། དེ་བས་ང་ཚོ་ངེས་པར་དུ་གསོན་དགོས། མི་རིགས་ཀྱི་རིག་གཞུང་ཉམས་ན་མི་རིགས་ཀྱི་ངོ་བོ་ཉམས་སོང་བ་རེད། མི་རིགས་ཀྱི་ངོ་བོ་བརླག་པའི་ཉིན་དེར་མི་རིགས་ཀྱི་འདུ་ཤེས་མེད་ལ། མི་རིགས་ཀྱི་ལར་ཞེན་དེ་བས་ཀྱང་། རྩ་དོན། རང་བཙན། ཐོབ་ཐང་། སུ་ཞིག་ལ་སྦྱོར་དགོས། སུ་ཞིག་གིས་རྩོད་དགོས།
འཇམ་ནོར་གྱིས་བཤད་ཀྱིན་པའི་རང་བཙན་ནི། ར་པགས་ཕྱིར་སློག་མ་ཞིག་རང་རེད། ར་པགས་བསྟན་ནས་ར་སྒྲུབ་ཀྱིན་འདུག མདོ་དོན་ཁོས་གཏན་དུ་ར་མཐོང་མྱོང་མི་འདུག ཁས་བཤད་དོན་མདོ་སྟོད་སྨད་ཕྱོགས་ནས་སྟོད་ཉི་མ་ལྷ་ས་ཟེར་གྱི་ཡོད་པས་དེ་རང་བཙན་གྱི་སྒྲུབ་བྱེད་ཡིན་ཟེར། རྨ་ཆུའི་ནང་ལུང་ན་བོད་ཡོད་ཟེར། མགོ་ལོག་ཀྱང་བོད་རེད་ཟེར། མ་པུ་ཕང་ལ་ངོ་རྒོལ་བྱས་མྱོང་ཡོད་ཟེར། ང་དགུ་ལོར་མདོ་སྟོད་སྨད་ཀྱི་བྲོས་བྱོལ་བ་ཚོར་ལྷ་སའི་མི་ཚོས་སྙིང་རྗེ་ལབ་མྱོང་ཡོད་ཟེར། དེ་དག་ནི་ཆོལ་ཁ་གསུམ་ཡ་མ་བྲལ་བའི་རང་བཙན་བྱེད་སྟངས་ཀྱི་སྒྲུབ་བྱེད་ཡིན་ཟེར།
ཁོས་བསྟན་པའི་མེ་རོ་མདོ་ཁམས་ནས་གསོས་པ་ཤེས་མི་འདུག ཁོས་མངའ་བདག་ཁྲི་རལ་གྱི་རྣམ་ཐར་མདོ་སྨད་ནས་བསྐྱངས་མྱོང་བ་ཤེས་མི་འདུག ཁོས་དགའ་ལྡན་ཕོ་བྲང་གསར་འཛུགས་ཀྱི་གྲོས་སུ་མདོ་ཁམས་སྟོད་སྨད་ཀྱི་དྲག་དམག་ཡོད་པ་ཤེས་མི་འདུག ཁོས་སྨད་ཀྱི་ཉ་ནག་གིས་སྟོད་ཀྱི་གོར་ཁ་བཅོམ་པའང་ཤེས་མི་འདུག ཁོས་སྣང་རའི་གྲོང་བརྒྱད་གོ་མྱོང་མེད་ལ། ཡབ་ཨ་ལོ་ཡང་མི་ཤེས། ཁོས་རྐང་ཚའི་བླ་མ་མི་ཤེས་ལ། གནམ་རྒྱལ་མིག་ལྗང་ཡང་མི་ཤེས། ཁོས་ག་རྒྱའི་པོ་ལོ་མི་ཤེས་ལ། རྒྱ་བཟའི་བྱ་ཐེལ་མི་ཤེས། ཁོས་ཅ་བུག་བན་དེ་མི་ཤེས་ལ་ཁ་སྒང་རྟ་མགྲིན་ཐར་མི་ཤེས། ཁོས་ཨ་མཆོག་བསྟན་པ་ཡ་རྐོ་མི་ཤེས་ལ་རྒྱ་ཤིང་ལོ་ཡག་མི་ཤེས། ཁོས་དང་ཆེན་དང་ཆུང་མི་ཤེས་ལ། སྐྱ་མོ་དམར་མོ་མི་ཤེས། མདོ་དོན་ཁོས་བོད་རང་བཙན་གྱི་གསོན་ཤུགས་མདོ་སྟོད་སྨད་ནས་གཏན་དུ་འཇགས་མྱོང་མེད་པ་ཡེ་ནས་ཤེས་མེད། ཁོས་མདོ་སྟོད་སྨད་ཀྱི་བློས་བཏང་ཆེན་པོ་ད་དུང་ཡང་ངེས་ལེན་བྱེད་ཀྱི་མི་འདུག ཁོས་ཚེ་སྲོག་གི་འགྲོ་སོང་དེ་དག་གྲངས་ཀ་ཞིག་ལ་བརྩི་གིན་འདུག ཁོས་ད་དུང་ར་པགས་བཟུང་ནས་ར་སྒྲུབ་ཀྱིན་འདུག
ཁོང་ནི་སྒེར་གྱི་སློང་མོ་བ་བྱང་གོམས་ཅན་ཞིག་རེད།
རྒྱལ་ཁབ
སྤྲུལ་སྐུ་དབང་ཆེན་ཟེར་བས་ཁ་བརྡ་དྲྭ་ལམ་ལ་མི་ཡོང་ཟེར་ནས་བཤད་ཡོད། ཡིན་ཡང་དེང་སང་ཁོ་མིང་གཞན་འོག་ནས་ཁ་བརྡ་དྲྭ་ལམ་དུ་ཡོང་གི་ཡོད་འདུག
འདི་ཡང་ཤེས་ན་ཡག་པོ་ཡོད་རེད།
འཇམ་ནོར་འདི་མི་དྲང་མོ་ཞིག་མ་རེད། འཇམ་ནོར་དང་མཉམ་དུ་༼དམངས་གཙོའི་ཚགས་པར༽འདོན་པར་བོད་ཡིག་ཐོག་ལས་ཀ་གཙོ་བོ་བྱེད་མཁན་མགོན་པོ་ཚེ་རིང་རེད། མགོན་ཚེ་ཉེར་ཆར་གྲོངས་པ་རེད། ངས་འཇམ་ནོར་གྱིས་རྩོམ་ཐུང་ཞིག་འབྲི་རྒྱུ་རེད་དྲན། ཡིན་ནའང་རྩོམ་འབྲི་རྒྱུ་ཕར་ཟད་ཚིག་གཅིག་ཀྱང་བཤད་མ་སོང་། ༼དམངས་ཚགས༽ འདོན་པར་མགོན་ཚེ་དང་པད་མ་འབུམ་གཉིས་མེད་ཐབས་མེད་པ་གཉིས་རེད། ཁོང་གཉིས་མེད་ན་ཚགས་པར་འདོན་མི་ཐུབ། གང་ཡིན་ཟེར་ན། འཇམ་ནོར་དང་ལྷ་བཟང་ཚེ་རིང་གཉིས་བོད་ཡིག་ཧ་ཅང་ཧ་ཅང་གི་སྐྱོ་བོ་རེད་ལ། ཀློག་ཐེབ་ཆགས་ཤེས་ཙམ་རེད། དངོས་གནས་བྱས་ན་འཇམ་ནོར་དང་མཉམ་དུ་ལོ་འགའི་རིང་ལས་རོགས་ཡིན་པ་དང་གཅིག་རེད། དེ་བཞིན་ཨ་མྱེ་རྨ་ཆེན་རིག་གཞུང་ཞིབ་འཇུག་ལ་ཞབས་ཞུ་བསྒྲུབས་ཡོད་པ་དང་གཉིས། གསུམ་ནས་མགོན་ཚེ་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་ཐད་ཤེས་ཡོན་ཅན་བཟང་གྲས་ཤིག་ཡིན་པ་བཅས་ཀྱི་ཐད་ནས་འཇམ་ནོར་གྱིས་རྗེས་དྲན་རྩོམ་ཐུང་ཞིག་འབྲི་འོས་ཀྱང་བྲིས་མ་སོང་ལ། སྐབས་དེ་འདྲ་ལ་འཇམ་ནོར་གྱིས་ཁྲི་ཟུར་བསོད་སྟོབས་དང་རཀ་ར་གཉིས་ལ་རྗེས་དྲན་རྩོམ་རེ་བྲིས་སོང་། འདིས་འཇམ་ནོར་གྱི་ཀུན་སློང་གསལ་བཤད་བྱས་ཡོད།
དེ་ཡག་པོ་མ་རེད། ཁོ་རང་ཁ་བརྡའི་དྲ་ལམ་དུ་མི་ཡོངས་ཞེས་བཤད་ནས་ཡང་སྐྱར་ཡོང་ན་མི་དེ་སྤྲུལ་སྐུ་ཕར་ཞོག། མི་རྫུན་མ་ཞིག་དང་མ་མིན་ཞིག་རེད། འོན་ཀྱང་གུས་པས་ཁོ་མི་གཞན་གཡར་ནས་ཁ་བརྡ་ལ་འཇུག་པ་ཧ་གོ་ཡི་འདུག་པས་ཐེར་འདོན་དང་ཁ་གསལ་དུ་གཏོང་རོག།
འཇམ་གཅེས་ཟེར་བ་ནི་དད་པ་དང་ཆོས་ལུགས་མི་རིགས་ལས་ཀྱང་གལ་ཆེན་འཛིན་མཁན་ཞིག་ཡིན་པ་སྨོས་མེད་རེད། དེ་ལྟར་མིན་ན། འཇམ་ནོར་ལ་སྡང་ཟིག་བྱེད་དགོས་མི་འདུག ཡང་མིན་ན། རྒྱ་ཡི་རྒྱུག་ཁྱི་ཞིག་རེད།
ང་ཚོ་ལ་དགོས་པ་ནི་ཆིག་བསྒྲིལ་རེད། དེ་ཡང་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་ཆིག་བསྒྲིལ་དེ་རེད། དེའི་བོའམ་གཞིག་འཛིན་ས་ནི་རྡ་སར་བཙུགས་པའི་བཙན་བྱོལ་སྲིད་གཞུང་འདི་རེད། སྒྲིག་འཛུགས་འདིའི་ལམ་སྟོན་འོག་ནས་ཚང་མ་ཤར་བསྐྱོད་བྱེད་དགོས་ངེས་རེད། དེ་མིན་ཆིག་བསྒྲིལ་ཡོང་ས་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེ་ནི་མེད་ཐབས་མེད་པའི་བཙན་བྱོལ་བའི་དབུ་ཁྲིད་གཅིག་པུ་དེ་རེད། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྲིད་གཞུང་གི་འོག་ལ་མགོ་སྒུར་གི་མིན་མདོག་མདོག་བྱེད་མཁན་དག་ནི་བོད་མིའི་ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་མཁན་གྱི་གཏེ་བོ་ཁྱུ་ཅིག་རེད། ཆིག་བསྒྲིལ་ལ་དབུ་ཁྲིད་ཡོད་ལ་སྲིད་གཞུང་ཡང་ཡོད།
བཙན་བྱོལ་སྲིད་གཞུང་དང་བཙན་བྱོལ་དབུ་ཁྲིད་ལ་དམའ་འབབ་དང་ཟུར་ཟ་བྱེད་པ་ནི་ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་མཁན་ཡིན། འདི་ངོས་འཛིན་ཐབ་པ་བྱེད་དགོས། སུས་ཆིག་བསྒྲིལ་ལ་ཕན་པ་དང་སུས་ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་ཀྱིན་ཡོད་པ་ཡང་ངོས་འཛིན་ཐུབ་དགོས་། ང་ཚོའི་མི་རབས་རྒན་པ་ཚོས་ལོ་ངོ་ལྔ་བཅུ་ལྷག་ལ་དཀའ་ལས་བརྒྱབ་པ་དེ་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ན་ཡང་ཆུ་ཟོས་སུ་མ་གཏོར་རོགས།
ཆིག་བསྒྲིལ་ལ་གཏོར་བརླགས་བྱེད་མཁན་དག་ལ་དབུ་ཁྲིད་མེད་ལ་། སྲིད་གཞུང་ཡང་མེད། ཁོ་ཚོས་འུར་སྒྲོག་དང་ཁ་གཡེང་ལ་བརྟེན་ནས་འཇིག་རྟེན་ལ་གད་མོ་སློང་གིན་ཡོད། ཆིག་བསྒྲིལ་ནི་བོད་པ་ལ་མཚོན་ན་མེད་དུ་མི་རུང་བའི་དོན་དག་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། འདི་ནི་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་དཔུང་ཁག་ཅིག་རེད། ཁྱད་པར་དུ་བཙན་བྱོལ་བ་བོད་་ཚོར་དགོས་ངེས་ཀྱི་ལག་ཆ་གཅིག་པུ་དེ་རེད། རྒྱ་ནག་པས་དེ་ཤེས་ནས་གཏོར་ཐབས་བྱེད་ཀྱིན་ཡོད་རེད། ཀླད་མེད་ཅོལ་ཆུང་འགའ་ཡང་དོན་མེད་ལ་འདིའི་ནང་དུ་འཚང་གི་ཡོད། རང་ཉིད་དང་རང་ཉིད་ཀྱི་མིང་སྐམ་པོ་ཞིག་གི་ཆེད་དུ་ན་གཞོན་ཚོ་བསླུ་ཐབས་བྱེད་ཀྱིན་ཡོད།
གྲོགས་པོ་ཚོར་ཆིག་བསྒྲིལ་གནང་རོགས།
དབུ་ཁྲིད་དང་སྲིད་གཞུང་ལ་ངོ་རྒོལ་མ་གནང་རོགས།
རང་ཉིད་དབུ་ཁྲིད་ཡིན་པའི་འཁྲུལ་སྣང་ལ་གཞི་མ་བཅོལ་རོགས།
རྡ་ས་སྲིད་གཞུང་འདི་གལ་ཆེན་པོ་ཡིན་པར་ངོས་འཛིན་ཐུབ་པ་གནང་རོགས།
ཡིག་ནོར་མང་བོ་ཐལ་སོང་།
དག་བཅོས་གནང་རོགས
མི་འགའ་རེས་ངར་བོད་མི་ཚོས་རང་བཙན་ཆེད་དུ་རང་བསྲེག་བྱེད་ཀྱི་ཡོད་དམ། ལམ་དབུ་མའི་ཆེད་དུ་རང་བསྲེག་བྱེད་ཀྱི་ཡོད་ཟེར། ངའི་བསམ་ཚུལ་བྱས་ན། རང་བསྲེག་གནང་མཁན་ཚོས་ལམ་དབུ་མའི་ཆེད་དུ་རང་བསྲེག་བྱེད་ཀྱི་མེད་ལ། རང་བཙན་ཆེད་དུའང་རང་བསྲེག་བྱེད་ཀྱི་མེད། ཁོང་ཚོས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་རང་ཡུལ་དུ་ཕྱིར་ཆིབས་བསྒྱུར་གནང་མ་བཅུག་པ་དང་། བོད་ལ་ཆབ་སྲིད་ཀྱི་རང་དབང་མེད་པ་ཙམ་མ་ཡིན་པར། བོད་རང་གི་ཆོས་དང་། རིག་གཞུང་། སྐད་ཡིག ཐ་ན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་བཅས་པ་འཆར་གཞི་དང་བྱེད་ཐབས་འདྲ་མིན་བཅོ་བརྒྱད་བརྒྱུད་ནས་རྩ་མེད་དུ་བཟོས་དང་བཟོ་བཞིན་པ་དང་། ལྷག་དོན་བོད་ནང་གི་གཏེར་ཁ་འདྲ་མིན་སྔོག་འདོན་དང་། བོད་མི་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་གང་ཡང་མེད་པའི་འཛུགས་སྐྲུན་འདྲ་མིན་གྱིས་ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་པ་སོགས་ལ་ངོ་རྒོལ་མཚོན་ཆེད་དུ་བོད་ནང་གི་བོད་མི་བརྒྱ་དང་ཉེར་གཅིག་གིས་རང་བསྲེག་བྱས་པ་རེད། གོང་བཤད་ལྟར་དེ་ནི་རང་བཙན་དང་ལམ་དབུ་མ་གང་རུང་གི་ཆེད་རང་བསྲེག་བྱས་པ་མ་ཡིན་པར། དེ་ནི་འགྲོ་བ་མི་ཞིག་ལ་ངེས་པར་དུ་ཐོབ་འོས་པའི་རང་དབང་དེ་རྒྱ་གཞུང་གིས་བཙན་ལེན་བྱས་པར་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་ཚད་མཐོ་ཤོས་ནས་བསྟན་པ་ཞིག་རེད།
མི་འགའ་རེས་ངར་བོད་མི་ཚོས་རང་བཙན་ཆེད་དུ་རང་བསྲེག་བྱེད་ཀྱི་ཡོད་དམ། ལམ་དབུ་མའི་ཆེད་དུ་རང་བསྲེག་བྱེད་ཀྱི་ཡོད་ཟེར། ངའི་བསམ་ཚུལ་བྱས་ན། རང་བསྲེག་གནང་མཁན་ཚོས་ལམ་དབུ་མའི་ཆེད་དུ་རང་བསྲེག་བྱེད་ཀྱི་མེད་ལ། རང་བཙན་ཆེད་དུའང་རང་བསྲེག་བྱེད་ཀྱི་མེད། ཁོང་ཚོས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་རང་ཡུལ་དུ་ཕྱིར་ཆིབས་བསྒྱུར་གནང་མ་བཅུག་པ་དང་། བོད་ལ་ཆབ་སྲིད་ཀྱི་རང་དབང་མེད་པ་ཙམ་མ་ཡིན་པར། བོད་རང་གི་ཆོས་དང་། རིག་གཞུང་། སྐད་ཡིག ཐ་ན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་བཅས་པ་འཆར་གཞི་དང་བྱེད་ཐབས་འདྲ་མིན་བཅོ་བརྒྱད་བརྒྱུད་ནས་རྩ་མེད་དུ་བཟོས་དང་བཟོ་བཞིན་པ་དང་། ལྷག་དོན་བོད་ནང་གི་གཏེར་ཁ་འདྲ་མིན་སྔོག་འདོན་དང་། བོད་མི་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་གང་ཡང་མེད་པའི་འཛུགས་སྐྲུན་འདྲ་མིན་གྱིས་ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་པ་སོགས་ལ་ངོ་རྒོལ་མཚོན་ཆེད་དུ་བོད་ནང་གི་བོད་མི་བརྒྱ་དང་ཉེར་གཅིག་གིས་རང་བསྲེག་བྱས་པ་རེད། གོང་བཤད་ལྟར་དེ་ནི་རང་བཙན་དང་ལམ་དབུ་མ་གང་རུང་གི་ཆེད་རང་བསྲེག་བྱས་པ་མ་ཡིན་པར། དེ་ནི་འགྲོ་བ་མི་ཞིག་ལ་ངེས་པར་དུ་ཐོབ་འོས་པའི་རང་དབང་དེ་རྒྱ་གཞུང་གིས་བཙན་ལེན་བྱས་པར་མི་འདོད་པའི་རྣམ་འགྱུར་ཚད་མཐོ་ཤོས་ནས་བསྟན་པ་ཞིག་རེད།
ཆབ་ཚང་གིས་བཤདཔ་ནི་དྲང་མོར་མདའ་རེད་འདུག
རང་བཙན་མ་ཐོབ་ན་བོད་མི་རིགས་རྩ་མེད་འགྲོ་བ་བདེན་པ་རེད། དེ་ལས་ལྷག་གི་གདམ་ཀ་མེད།
བོད་ལ་ཐོབ་ཐང་ཆེ། གདམ་ག་མང། ཡིན་ཡང་གང་ཡང་ཐོབ་དཀའ་ལ། ཅི་ཙམ་གྱིས་ཐོབ་ཐང་ཆེ་བ་དེ་དེ་བས་ཀྱང་ཐོབ་དཀའ་འོ།
ཐོབ་ཐང་ནི་རྨི་ལམ་བཏང་ནས་སྡོད་རྒྱུ་ཞིག་ག་ལ་ཡིན། སྒྲུབ་མི་ཐུབ་པ་དང་འགྲུབ་མི་སྲིད་པ་དག་དོར་ནས། འགྲུབ་རུང་བ་དང་སྒྲུབ་ཐུབ་པའི་རིགས་ལ་འབད་པར་རིགས་སོ།
འཇམ་ནོར་ལགས་ཀྱི་ཁ་སང་གི་གཏམ་བཤད་ག་འདྲ་བྱུང་སོང། འདོད་པ་གང་སོང་ངམ། རང་བཙན་སྒྲུབ་ཐུབ་ཚུལ་སྐོར་ལ་གདམས་ངག་འདྲ་འདུག་གམ།
མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་མེད་དུ་མི་རུང་བ་ནི་ཆིག་སྒྲིལ་རེད། འོན་ཀྱང་ཆིག་སྒྲིལ་ནི་གཞན་ནས་བརྩལ་རྒྱུ་མེད་ལ་ཆིག་སྒྲིལ་ནི་འདྲ་མཉམ་གྱི་འདུ་ཤེས་དང་ནང་ཁུལ་ལྟ་གྲུབ་མི་མཐུན་པ་ཕན་ཚུན་གུ་ཡངས་དང་གུས་བརྩི་ལྡན་པའི་ཐོག་ནས་བསྲེལ་དཀྲོལ་བྱེད་དགོས་པ་ལས། དབུས་གཞུང་གི་ལངས་ཕྱོགས་དང་མི་མཐུན་ན་དམའ་འབེབས་དང་ཟུར་ཟའི་ནག་ཉེས་དེ་བཀལ་ནས་གུང་ཁྲན་ལྟ་བུའི་འདུ་ཤེས་འཛིན་གྱི་ཡོད་པ་རེད། འདི་འདྲའི་བྱེད་སྟངས་དེ་ཆིག་སྒྲིལ་རྨངས་ནས་གཏོར་བ་རེད་ལ་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ལས་ཡོངས་སུ་བརྒལ་ཡོད་པ་རེད། རྒྱུ་མཚན་དེས་ན་ཉེ་འཆར་གྲོས་ཚོགས་ར་བའི་བྱ་སྤྱོད་འདིས་དཔལ་མཉམ་མེད་བཀའ་རྒྱུད་པའི་རིང་ལུགས་འཛིན་པ་ཡོངས་ལ་གུས་བརྩི་ཅི་ཡང་མེད་པར་ཐལ་ཆ་ཆེ་བའི་བྱ་སྤྱོད་འདིས་ཆིག་སྒྲིལ་གྱི་ཁ་གཡང་ཙམ་མོ། ཆིག་སྒྲིལ་དགོས་ན་འདྲ་མཉམ་དང་དང་ཕན་ཚུན་གུས་བརྩི་ཞུ་དགོས། དེ་མིན་ཆིག་སྒྲིལ་གྱི་སྟོང་སྐད་ཅི་ཙམ་བརྒྱབ་ཀྱང་དོན་ལ་རང་ཁེ་གྲུབ་མཁན་མིན་ན་ཅི། ལར་ནས་གཞུང་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དང་གཞུང་འཛིན་མི་སྣ་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དེ་སུའི་ལམ་ལུགས་རེད། དམངས་གཙོའི་ཁྲིམས་ལུགས་གང་དུ་གསལ་ཡོད་པ་རེད། འགྲེལ་བརྗོད་གསལ་བགྱིས་ཨ།
སྐད་ཆ་ཚབས་ཆེན།
“ཉེ་འཆར་གྲོས་ཚོགས་ར་བའི་བྱ་སྤྱོད་འདིས་དཔལ་མཉམ་མེད་བཀའ་རྒྱུད་པའི་རིང་ལུགས་འཛིན་པ་ཡོངས་ལ་གུས་བརྩི་ཅི་ཡང་མེད་པར་ཐལ་ཆ་ཆེ་བའི་བྱ་སྤྱོད་་་་” སྤྱི་འཐུས་སྒེར་བ་སུ་ཞིག་གི་སྐྱོན་དང་ནོར་འཁྲུལ་ལ་དགག་པ་གནང་ན་དེ་ཆོས་བརྒྱུད་དམ་ཆོལ་ཁ་གང་རུང་ཞིག་ལ་ངན་བརྗོད་བྱེད་པར་གོ་ན་དེ་ནི་བདུད་ཀྱི་ཆོ་འཕྲུལ་ལོ། སུ་ཞིག་གིས་སྐད་ཆ་ག་འདྲ་ཞིག་བཤད་ནས་དཔལ་ཉམས་མེད་བཀའ་བརྒྱུད་པར་ཟུར་ཟ་དང་སྐྱོན་འཛུགས་བྱས་སོང། ཁུངས་སྐྱེལ།
” ལར་ནས་གཞུང་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དང་གཞུང་འཛིན་མི་སྣ་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དེ་སུའི་ལམ་ལུགས་རེད། དམངས་གཙོའི་ཁྲིམས་ལུགས་གང་དུ་གསལ་ཡོད་པ་རེད”་ཟེར། བདེན་པ་རེད། ཆོག་གི་རེད། ཆོག་ནས་གཞུང་དང་ཐ་ན་༸རྒྱལ་བ་རིན་པོ་ཆེར་ཡང་དགག་པ་རྒྱག་མཁན་མང་པོ་བྱུང་དང་འབྱུང་བཞིན་པ་འདི་རེད། མི་ཆོག་ན་གྲོས་ཚོགས་ནང་ལྟ་བུར་འདི་འདྲ་སུས་གླེང་ཕོད་དམ། གཅིག་གིས་སྐྱོན་བརྗོད་ཆོག་པ་ལྟར་གཅིག་གིས་དེ་ལ་ཡང་སྐྱོན་བརྗོད་ཆོག་པའི་ཐོབ་ཐང་འདྲ་མཉམ་རེད། གང་ན་སྨྲ་བརྗོད་རང་དབང་འདྲ་མཉམ་མི་འདུག ཁུངས་སྐྱེལ།
རང་བཙན་བརྩོད་ཀྱང་རུང་དབུ་མ་བརྩོད་ཀྱང་རུང་། སོ་སོའི་རང་དབང་དང་ཐོབ་ཐང་རེད། འོན་ཀྱང་། གནད་དོན་གཙོ་བོ་དེ་རྒྱལ་བའི་དགོངས་པ་དང་རང་གཞུང་གི་སྲིད་བྱུས་ལོག་འགྲེལ་བྱས་ན་དེ་ནི་ཧ་ཅང་གི་ནོར་འཛོལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཆབ་བྲག་ལགས། སྐད་ཆ་འདི་ཚབས་ཆེན་ཇི་ལྟར་འགྱུར་སོང་བ་རེད། གྲོས་ཚོགས་ཀྱི་བྱ་སྤྱོད་འདི་བརྒྱུད་ནས་གྲོས་ཚོགས་་ར་བའི་ཕྱི་ལོགས་སུ་ལངས་པའི་ལག་ན་ངོ་རྒོལ་གྱི་སྦྱར་སྦྱང་ཐོགས་པའི་ཨ་ནེ་དང་རྒན་རྒོན་དེ་ཚོས་བཀའ་རྒྱུད་ཀྱི་སྐུ་ཚབས་གནས་དབྱུང་གཏོང་དགོས་པའི་འབོད་སྐུལ་བྱས་སོང་ལ། འབྲེལ་ཡོད་དགོན་སྡེ་ཁག་དང་བླ་ཆེན་རྣམས་པར་དགོངས་བཞེས་གནང་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། མ་གཞི་བྱས་ན་ཀརྨ་ཆོས་འཕེལ་གྱིས་༧གོང་ས་མཆོག་ཞལ་མི་མཐུན་པར་བཤད་མེད་ཞེས་སྔ་ཕྱི་གཉིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་ཀྱང་། ཨུ་ཚུགས་ཀྱིས་ཤུགས་མ་སྟན་གྱིས་གོ་སོང་ཐོས་སོང་ཟེར་ནག་འདེད་བཏང་ཡོད་པ་རེད་ལ་འཛེམས་དོགས་མེད་པའི་གདོང་ལེན་བྱེད་རྒྱུའི་སྒྲག་གཏམ་སྤེལ་ཡོད་པ་རེད། འདི་གང་ཟག་ཀརྨ་ཆོས་འཕེལ་བཀའ་རྒྱུད་སྤྱིས་བཀོད་བཞག་པའི་སྤྱི་མི་ཞིག་མ་རེད་པས། དེ་འདྲའི་ཀརྨ་ཆོས་འཕེལ་གྱིས་འཛེམས་དོགས་མེད་པའི་གདོང་ལེན་བྱེད་དགོས་པ་དང་གནས་དབྱུང་གཏོང་དགོས་ཁྲིམས་འགལ་གྱི་བྱ་སྤྱོད་གཅིག་སྤེལ་ཡོད་པར་ངོས་འཛིན་མེད། ཁ་རྒྱུན་ལ་དགོན་པའི་ཁྱི་ལ་བརྡུང་ན་བླ་མའི་ཐུགས་ལ་འཕོག་ཟེར་སྲོལ་ཡོད་པ་རེད། བྱས་ཙང་བཙན་བྱོལ་དུ་འབྱོར་རྗེས་ཀྱིས་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་ཤོག་ཁག་རིམ་པའི་རྒྱུ་རྐྱེན་གང་ལ་འཐུག་འདུག་རྣོ་བསམ་ཡག་པོ་གཏོང་དགོས་པ་དེ་གནད་ཀྱི་དོན་པོ་རེད་ལ། མི་དམངས་ཀྱི་ཡང་སྟེང་དུ་འགྱིང་བའི་གཞུང་འཛིན་མི་སྣ་དེ་ཚོས་སྔ་འདངས་ཕྱི་འདངས་ཀྱི་བབ་ལྷིང་བརྟན་གསུམ་གྱི་ལས་དོན་བསྒྲུབ་དགོས་པ་ལས་ཧོལ་རྒྱུགས་བྱེད་མི་ཉན་པ་བཤད་ཀྱིན་ཡོད། མ་གཞི་ངས་སེམས་གཙོ་སྨྲ་བ་རིང་ལུགས་པར་ཡིད་ཆེས་དང་དད་པ་བྱེད་ཀྱི་མེད་ཀྱང་། རྣམ་ཀུན་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་བྱེད་མཁན་གྱི་ཕྱོགས་ཞེན་གྱི་ར་བཟི་དེ་ཚོས། རང་ཉིད་ཀྱི་དབང་ཆ་སྲ་བརྟན་ཆེད་ཁ་དང་ལག་པ་གཉིས་ཀས་ཕྱོགས་ཞེན་ཁོ་ནས་ཆིག་སྒྲིལ་རྨངས་ནས་གཏོར་གྱིན་གཏོར་གྱིན། ད་དུང་ཁ་ཕོ་ནམ་མཁའ་ལས་ཆེ་བར་གདངས་ནས་ཆིག་སྒྲིལ་གྱི་སྟོང་སྐད་བསྒྲོགས་མཁན་དག་ལ་ཟེར་གྱི་ཡོད། འོན་ཀྱང་ཆབ་བྲག་ལགས་ཀྱིས་རང་གནོང་གྱིས་ལན་འདེབས་བྱས་པར་ཅུང་ཡ་མཚན་སྐྱེས་སོང་། མ་གཞི་ཆབ་བྲག་ལགས་ཀྱང་ཆོ་ག་དང་ཆོས་ལུགས་ཀྱི་གདོན་གྱིས་མྱོས་པའི་ར་བ་འདི་འགྲིམས་མྱོང་ཡོད་ཙང་སྒྲིབ་སྐྱོན་འཕོག་ཡོད་སྲིད།
(གང་ན་སྨྲ་བརྗོད་རང་དབང་དང་འདྲ་མཉམ་མི་འདུག།) ཁུངས་སྐྱེལ།
འོ་ན་གང་ཟག་ཀརྨ་ཆོས་འཕེལ་གྱིས་བོད་སྤྱི་བོ་གནམ་བསྟན་ཕལ་ཆེ་བའི་སེམས་ནང་བྱུང་ན་རང་བཙན་འདོད་པ་བཞིན་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་མང་པོར་༼བོད་པར་བྱུང་ན་རང་བཙན་དགོས་ཡས་རེད། འོན་ཀྱང་རང་བཙན་རག་ཡས་མེད་པ་རེད། བྱས་ཙང་རྒྱལ་སྤྱི་དང་རྒྱ་ནག་བོད་ནང་གི་ཛ་དྲག་གི་གནས་སྟངས་གང་ལ་གཞིགས་ཀྱང་རན་ཤོས་དང་འཚམས་ཤོས་ལམ་དབུ་མ་རེད།༽ ཞེས་པའི་བཀའ་སློབ་ལུང་འདྲེན་དང་གཞུང་འབྲེལ་ཆབ་སྲིད་ཀྱི་ལངས་ཕྱོགས་རང་བཙན་ཡིན་པའི་སྐབས་ཀྱི་གནས་དུས་སྐབས་སོ་སོར་ལྗགས་རྩོམ་གནང་བའི་སྲུང་མའི་འཕྲིན་སྐུལ་སོགས་ལུང་འདྲེན་བྱས་པར་བརྙད་དེས། ༧གོང་ས་མཆོག་གི་སྐུ་ཚེ་ཕྱིར་ནུར་བྱས་པའི་ནག་ཉེས་བཙན་གྱིས་བཀལ་ཏེས་རིག་གསར་སྐབས་ཀྱི་གྲལ་རིམ་འཐབ་འཛིང་བྱེད་པ་ལྟ་བུས་གང་ཟག་ཀརྨ་ཆོས་འཕེལ་གྱི་སྟེང་དུ་འཐབ་འཛིང་བྱེད་དགོས་པའི་རྒྱུ་མཚན་བཤོད། འདྲ་མཉམ་དང་སྨྲ་བརྗོད་རང་དབང་གང་འདྲ་འདུག་དངོས་ར་འཕྲོད་པར་བགྱིས།
དོན་ལ་རང་དབང་དང་རང་བཙན་གཉིས་ལ་ཁྱད་པར་ཡོད་རེད་མ་རེད། རང་དབང་རྩད་ན་རང་བཙན་རྩད་པའི་ཨེ་ཁྱབ།
ཀརྨ་ཆོསའཕེལ་གྱིས་དེ་གཉིས་གཅིག་ཡིན་པར་བཤད་པ་རེད། སྐད་རིགས་གཞན་གྱི་སྟེང་ནས་འདི་གཉིས་གཅིག་རེད་དམ། ཁ་ཁ་རེད། རྩོད་དགོས་པ་དེ་རྩོད་ཅིག རྩོད་མི་དགོས་པ་དེ་ཆོལ་ཁ་དང་ལུང་ཚན། ཆོས་བརྒྱུད་རྩོད་དགོས་ཡ་ཡོད་མ་རེད། དེ་གཙང་པ་སྡེ་སྲིད་དང་དགའ་ལྡན་ཕོ་གཉིས་ཀྱིས་ཐག་བཅད་ནས་མི་ལོ་བརྒྱ་ཡང་འགྲོ་གྲབས་འདུག
ཕན་ཚུལ་ལ་སྣ་བོའི་འཁོན་ལན་དང་དགྲ་ཤ་རྩོད་པའི་དུས་ཡིན་གི་མ་རེད། ཡོལ་ཟིན་པ་དེ་དག་བསྐྱར་བཟློས་མ་བྱེད་རོགས། བཀའ་བརྒྱུད་པའི་ནད་རྙིང་བསྐྱར་ལངས་བྱེད་པར་རབ་འདེགས་མ་བྱེད་རོགས། ཀརྨ་ཆོས་འཕེལ་ཟེར་བ་མི་རྙོག་གྲ་ཅན་ཞིག་ཡིན་པ་ཤེས་བཞིན་དུ་བཀའ་བརྒྱུད་པའི་ཆེད་དུ་གྲོས་ཚོགས་ནང་རྙོག་གྲ་བཟོ་མཁན་དུ་སྐོས་པ་རེད། བཀའ་བརྒྱུད་པའི་ལོ་རྒྱུས་ནག་པོ་དེ་དག་མཇུག་སྒྲིལ་རོགས་གནང་།
མཁས་པ་ཡིན་ན་རང་དབང་དང་རང་བཙན་གཉིས་ལ་ཁྱད་པར་ཡོད་མེད་གསུངས་རོགས་གནང་ཞུ་ཡ་ཡིན
།
མི་ལོ་བཞི་བརྒྱ་
བཅོས་
སྐལ་མེད་སར་སྐེ་སྲིངས་ཡོང་བ་དག་ལ་ལན་འདེབས་བྱེད་འདོད་མེད་ཀྱང་ས་སྒོ་ཚང་གི་ཨ་ནེ་ལགས་ཀྱིས་དྲིས་ལན་མ་འདེབས་རང་འདེབས་ཆགས་སོང་། ཀརྨ་ཆོས་འཕེལ་གྱིས་ལལུང་འདྲེན་བྱས་པ་གཅིག་ནི་(བོད་ལྗོངས་ཡོངས་རྫོགས་རང་དབང་གཙང་མའི་དཔལ་) ཞེས་པ་དེ་རེད། རང་དབང་གཙང་མ་ཞིག་ཡིན་དགོས་ན་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་མ་མཐར་ཡང་ཡོད་དགོས་ངེས་རེད། མ་གཞི་རང་དབང་ཟེར་བའི་ཚིག་འདི་སྤོམ་ཚོད་གཅིག་མ་གཏོག་གོ་དོན་ངེས་ཅན་མི་ལྡན་པའི་ཚིག་གཅིག་རེད། འོ་ན་རང་དབང་དེ་འགྲོ་འདུག་རང་དབང་རེད་དམ། ཡང་ན་དད་མོས་རང་དབང་རེད། སྨྲ་བརྗོད་རང་དབང་། སྲོལ་རྒྱུན་རང་དབང་སོགས་བྱེ་བྲག་གང་གི་ཁོངས་སུ་གཏོགས་པ་རེད། རང་དབང་འདི་ཚོའི་འབྱུང་རྩ་དེ་ཡོངས་ཁྱབ་རང་བཞིན་དང་འདྲ་མཉམ་རང་བཞིན་གྱི་དམངས་གཙོའི་རང་དབང་དེ་རེད། དེ་ཡིན་ན་ནི་ཀྲུང་ནན་ཧེའེ་ལ་སྤྲད་པའི་རང་སྐྱོང་མངོན་འདོད་ཤོག་ལྷེ་འགའི་ནང་དོན་དམངས་གཙོ་རྩོད་ཀྱི་མེད་པ་དང་དམངས་གཙོ་དགོས་ཀྱི་མེད་པ་དེ་རེད། དེ་ཡིན་ན་དྲི་བ་ཞིག་ངམ་ངམ་ཤུགས་ཤུགས་ཡོང་བ་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམར་ཤོག་གཅིག་སྡུད་རིང་ལུགས་འོག་རྒྱ་ནག་མི་དམངས་ལ་ཡང་རང་དབང་མེད་ན་བོད་ལ་རང་དབང་ཁྱད་པར་བ་ཞིག་གང་ནས་འབྱུང་གི་རེད། འོ་ན་རང་དབང་དམིགས་བསལ་བ་ཅི་ཞིག་རྩོད་ཀྱི་ཡོད་པ་རེད། ལར་ནས་ཀྲུང་དབང་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཏུ་མགོ་བརྒྱུད་བསྡད་པ་ཡིན་ན་གཞན་དབང་དུ་སོང་བ་ལས་རང་དབང་ཞིག་ནམ་ཡང་འབྱུང་མི་སྲིད་པ་རེད། རྒྱུ་མཚན་རྒྱ་རིགས་ཆེན་པོའི་རིང་ལུགས་འོག་གྲངས་ཉུང་མི་རིགས་ཁག་མགོ་བོ་ནམ་ཡང་འདེགས་མི་འཇུག་པ་ནི་རྒྱ་རིགས་ཀྱི་གཤིས་སུ་གྲུབ་ཡོད་པ་རེད།
དེས་ན་རང་བཙན་རང་དབང་མ་ཡིན་པའི་གྲུབ་བྱེད་བཤོད་ལ། རང་དབང་མཐའ་མལ་བ་བྱེ་བྲག་རེ་གཉིས་ཀྱིས་བོད་ལ་བདེ་སྐྱིད་ཞིག་བསྟེར་སྲིད་དམ། དྲི་བ་འདི་རེད།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མི་དཔལ། ཞེས་པར་བཅོས་རོགས།
མ་གཞི་ངས་ཆོལ་ཁ་ཆོས་ལུགས་སོགས་ཀྱི་རྙོག་འཛིང་ལ་ཞེེན་པ་གཏིང་ནས་ལོག་བསྡད་ཡོད་ལ་འདི་རིགས་ཀྱིས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་འགག་རྡོ་ཆེན་པོ་ཞིག་ཅི་ལ་མིན། འོན་ཀྱང་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་འོག་ཤོག་ཁག་རིམ་པའི་དཀའ་གནད་འདི། གང་ཟག་བྱེ་བྲག་པ་ནས་ཚོགས་པར་རྒྱ་སྐྱེད་བྱུང་བ་རེད་ལ་ཆུང་ས་ནས་ཆེ་སར་མཆེད་པའི་འབྱུང་རྩ་བརྩད་གཅོད་ཀྱིས་བབ་ལྷིང་བརྟན་གསུམ་གྱི་ལས་དོན་བསྒྲུབ་དགོས་པ་ལས་ཧོལ་རྒྱུགས་བྱེད་མི་ཉན་ཞེས་སྐྱར་ཟློས་བྱེད་འདོད་བྱུང་།
ཞོལ་གཡག་འབྲོང་རྒྱུད་ལགས་ཀྱིས་མཆན་བཏབ་པར་ཐུགས་རྗེ་ཆེ་ཞུ།
འདི་ནི་རང་བཙན་དང་དབུ་མའི་སྐད་ཆ་རེད་མི་འདུག ཀརྨ་ཆོས་འཕེལ་གྱིས་ལོག་འགྲེལ་བྱས་ཡོད་མེད་ལ་ཐུག་པ་རེད། འགྲེལ་ལོག་འདིའི་ཉེས་པ་དག་ཐབས་ཡོད་མ་རེད། འདི་ལྷས་བྱིན་དང་ལེགས་ཀར་གྱིས་བྱེད་སྟངས་རང་རེད་ལགས།
(བོད་ལྗོངས་ཡོངས་རྫོགས་རང་དབང་གཙང་མའི་དཔལ་)
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མི་དཔལ།
འདི་གཉིས་གང་ཡང་མ་རེད་ལགས། གང་ཡིན་ཟེར་ན། སྔ་མ་ནི་དོན་ནོར་དང་ཕྱི་མ་ནི་ཡིག་ནོར་རེད་ལགས།
རང་གི་ལན་འདི་ནས་ག་རེ་གསལ་བྱེད་བྱས་འདུག་ཟེར་ན་ཀརྨ་ཆོས་འཕེལ་གྱིས་ཅི་ཞིག་བཤད་ཡོད་མིན་རང་གིས་ཤེས་མེད་པ་མཚོན་འདུག
ཀརྨ་ཆོས་འཕེལ་གྱིས་ཅི་ཞིག་བཤད་པ་ཧ་མ་གོ་བར་ཕྱོགས་རྒྱུག་བྱེད་པ་ནི་ཕྱོགས་རྒྱུགས་རང་རེད་ལགས།
རང་བཙན་ཁ་ལ་འཁྱེར་ནས་དཀྲིགས་ཤིང་མ་བརྒྱག་རོགས། འདི་རང་གཞན་སུ་ལ་ཡང་ཕན་ཐོག་ཡོད་མ་རེད།
བགྲེས་སོང་འགས་ཕྲད་དར་འཁྱེར་ནས་འགྲོ་བ་མཐོང་སོང་། འདི་མཐོང་ནས་ངའི་སེམས་ནས་བཟོད་ཀྱི་མི་འདུག འདིས་ག་རེ་མཚོན་གྱི་ཡོད་རེད་ལགས། ངེད་ནས་འབྲི་བ་ལ་དགའ་བ་མིན། ཐུགས་ཞིབ་གནང་རོགས།
ས་སྒོ་ཚང་གི་ཨ་ནེ་ལགས། མི་ལོ་སྟོང་ཕྲག་གཉིས་དང་ཕྱེད་ལྷག་གོང་གི་ལྷ་སྒྲུང་ཞིག་དུས་རབས་ཉེར་གཅིག་འདིར་བཙན་གྱིས་དྲུད་ནས་དཔེར་སྦྱར་ཡོང་ན་བདེ་མོ་ཞིག་མ་རེད། འདི་སེམས་གཙོ་སྨྲ་བ་རིང་ལུགས་པའི་བཤད་སྟངས་ཞིག་རེད་མ་གཏོག་དངོས་ཐོག་བདེན་འཚོལ་གྱི་གཏམ་ཞིག་མ་རེད། དེས་ན་བཤད་མཁན་གང་ཟག་ཀརྨ་ཆོས་འཕེལ་རང་གིས་ཅི་ཞིག་བཤད་ཡོད་མེད་གསལ་བཤད་སྔ་ཕྱི་རིམ་པར་བྱས་ཡོད་ཀྱང་། ཤུགས་མ་སྟན་གྱི་གོ་སོང་ཟེར་མཁན་གྱི་རྡ་སའི་སྐུ་དྲག་གསར་པའི་ཤོག་ཁག་དང་སྲིད་དོན་ཚོང་པའི་ཤོག་ཁག་གིས་མདུང་རྩེ་རང་བཙན་ཤོག་ཁག་ལ་གཏད་དེས་གོ་སྐབས་དམ་འཛིན་གྱིས་རང་བཙན་ཤོག་ཁག་རྩ་མེད་བཟོ་རྒྱུའི་གོམ་པ་དང་པོ་དེ་སྤོས་པ་རེད། རྒྱུ་མཚན་ངས་གོང་དུ་མང་མང་བཤད་པའི་གྲོས་ཚོགས་ཀྱི་ཚོགས་གཙོས་གསར་ལམ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་རང་བཙན་ཤོག་ཁག་ལ་སྡིང་ཆ་བསྐྲུན་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད་ལ། གྲོས་ཚོགས་ཡིག་རའི་ཚུན་ནས་རང་བཙན་གྱི་ཚིག་ཟུར་ཙམ་ཡང་ཕྱིར་ཕུད་བཏང་བའི་བྱ་སྤྱོད་འདིས་རང་བཙན་ཞེས་པའི་ཚིག་འབྲུ་གཉིས་འདིས་གངས་སྐྱིད་ཀྱི་ལམ་དབུ་མའི་སྲིད་གཞུང་གཉིད་སྐྱིད་དུ་མི་འཇུག་པར་གསལ་སྟོན་བྱས་ཡོད་པ་རེད། དེ་ལྟ་བས་ན་གང་ཟག་ཀརྨ་ཆོས་འཕེལ་གྱི་ཁ་ནས་རང་བཙན་ཞེས་ཐོན་པ་དེས་ལམ་དབུ་མའི་སྟོན་པ་འཁོར་དང་བཅས་པ་ཞལ་ཁྲོ་གཉེར་མཛད་དོན་ཅི་རེད། འོ་ན་༧གོང་ས་མཆོག་ཀྱི་དགོངས་པར་བོད་མི་རིགས་སྤྱི་མཚུངས་ལྟར་ཐུགས་ལ་རང་བཙན་ཅི་ཡང་འཁོར་མི་ཆོག་པའི་རྒྱུ་མཚན་ཞིག་བཤོད་དང་། དེས་ན་ཀརྨ་ཆོས་འཕེལ་གྱིས་ཅི་ཞིག་བཤད་ཡོད་མིན་ལ་མི་ལྟོས་པར་རྡ་སའི་སྲིད་དོན་ཚོང་པའི་ཤོག་ཁག་དང་སྐབས་འཚོལ་རིང་ལུགས་པར་རང་བཙན་ཤོག་ཁག་རྩ་མེད་བཟོ་རྒྱུའི་གོ་སྐབས་ཡག་པོ་ཞིག་རག་འདུག།
བྱས་ཙང་ཁ་ནས་རང་བཙན་ཐོན་ན་ལམ་སེང་དཀྲུགས་ཤིང་དང་དད་ལོག་སོགས་སུ་བསྒྱུར་ཨེ་ཐུབ་བྱེད་སྟངས་འདིས་གུང་ཁྲན་གྱི་འདྲེ་ལག་གང་སར་བསྐྱངས་མེད་དམ་སྙམ་མོ།
སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རང་བཙན་དང་(བོད་ཀྱི་ཆོས་དང་རིག་གཞུང་)ལ་ཤ་ཚ་ཡོད་མདོག་གི་གཏམ་བཤད་མང་པོ་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་གི་གཏམ་བཤད་ཀྱི་སྙིང་པོ་དེ་ངའི་བོད་ཡག་པོ་ཤེས་ཀྱི་མེད་ཅེས་པ་དེ་རེད།