ཀྲུའུ་ཝེ་ཆོན་ལ་ཡོ་རོབ་ནས་བཅའ་འདྲི་བྱས་པའི་ནང་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་དང་འབྲེལ་བ་ཡོད་པ་ཆ་ཚང་ཞིག་འདིར་བཀོད་ཡོད།
ཡོ་རོབ་ཕྱོགས། ང་ནི་ཡོ་རོབ་མནའ་འབྲེལ་གྱི་ཕྱི་ཕྱོགས་བྱ་འགུལ་ཧྲུའུ་ཡི་དཔོན་མི་ཡིན། ཁྱོད་ཀྱིས་པུ་ལུ་སེར་འཚམས་འདྲི་གནང་བ་མ་ཟད། གོང་དུ་གླེང་བའི་གནད་དོན་དེ་དག་ནས་བརྗེ་རེས་གནང་བ་ཤིན་ཏུ་གལ་ཆེ། ཁྱོད་ཀྱིས་བོད་ལྗོངས་ལ་འཕོ་འགྱུར་གྱི་གྲུབ་འབྲས་ཆེན་པོ་ཐུབ་ཡོད་པའི་སྐོར་གླེང་བར་ང་ཚོས་དགའ་བསུ་ཞུ་བ་ཡིན། ངས་ཀྱང་ཁྱོད་ལ་དྲི་བ་ཞིག་འདྲི་འདོད་དེ། ཁྱོད་མཚོན་ན་ཡོ་རོབ་ཀྱིས་མིའི་ཐོབ་ཐང་ལ་མཐོང་ཆེན་ཚད་མེད་བྱེད་པ་དང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཐད་ལ་མཐོང་ཆེན་བྱེད་པར་ཧ་ཅང་གསལ་ཆ་ཡོད། དེ་ནི་ང་ཚོས་མནའ་འབྲེལ་ནང་ཁུལ་ཕུད་ད་དུང་མནའ་འབྲེལ་ཕྱི་ཕྱོགས་ཀྱི་མིའི་ཐོབ་ཐང་དང་། རིག་གནས་སྲུང་སྐྱོབ་སྐོར་ལ་འབྲེལ་བའི་དོན་དག་ལ་དོ་སྣང་ཆེན་པོ་བྱེད་པའི་ རྐྱེན་ཡིན།
ང་ ཚོས་ཉེ་ལམ་གྲྭ་བ་རང་བསྲེགས་ཀྱི་དོན་རྐྱེན་ལ་དོ་སྣང་ཆེན་པོ་བྱས། དེ་ནི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་བལྟས་ན། བོད་མི་འགས་རང་གི་རིག་གནས་སྲུང་འཛིན་བྱེད་པར་ཡིད་གཏིང་ཆེད་པའི་མཚོན་རྟགས་ ཤིག་རེད་འདོད། ངས་འདི་ནས་ནན་གྱིས་བཤད་རྒྱུ་ཞིག་ནི་ཡོ་རོབ་མནའ་འབྲེལ་གྱིས་མི་དེ་བཙན་བྱོལ་ སྲིད་གཞུང་གི་བཀའ་བློན་ཁྲི་བར་བསྐོ་བཞག་མཛད་པའི་ཁྲིམས་མཐུན་རང་བཞིན་ལ་ཁས་ ལེན་མི་བྱེད། དེ་ནི་ཡོ་རོབ་མནའ་འབྲེལ་གྱིས་གདན་དྲངས་པ་མིན་པར། རང་དབང་བདམ་ཐོན་དང་།རང་རྐྱ་འཕེར་བའི་ལས་སྒྲུབ་ནུས་པ་ལྡན་པའི་ཡོ་རོབ་གྲོས་ མིས་གདན་དྲངས་པ་ཡིན།
ཀྲུའུ་ཝེ་ཆུན། ཀྲུང་ གོའི་མིའི་ཐོབ་ཐང་གི་བྱ་གཞག་གོང་དུ་སྤེལ་བར་ང་ཚོས་ཧུར་བརྩོན་བྱེད་དགོས་ལ། གྲོགས་པོ་སྔར་ལས་མང་པོ་ཞིག་གིས་ང་ཚོར་རོགས་རམ་བྱེད་པར་ཡང་རེ་བ་བཅངས་ཡོད། འོན་ཀྱང་ངས་བཤད་རྒྱུ་ཞིག་ནི། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་གི་སྲིད་གཞུང་གང་རུང་ལ་བསྡུར་ཡང་ང་ཚོ་རང་ ཉིད་ཀྱི་མི་དམངས་དང་བོད་ལྗོངས་མི་དམངས་ཚུད་པའི་མིའི་ཐོབ་ཐང་ལ་དེ་ལས་ཐུགས་ ཁུར་བྱེད་པ་ཡིན། དང་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་ཅི་ཞིག་ལ་གསར་བརྗེ་བྱེད་དགོས་པ་ཡིན་ཞེ་ན། གསར་བརྗེའི་འོས་འགན་གཅིག་ནི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱ་ ཆེད་ཡིན། དེའི་ནང་དུ་ཡོ་རོབ་ཀྱི་རྒྱལ་ཁབ་འགའ་ཡང་ཚུད་ཡོད། ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ལ་མཚོན་ན་བོད་ལྗོངས་སུ་ཐེངས་གཉིས་ལ་བཙན་འཛུལ་བྱས་ མྱོང་བ་ནི་ཆེས་ཡུན་རིང་བའི་འདས་དོན་ཞིག་མ་ཡིན།
༡༩༠༤ལོའི་འཐབ་འཛིང་ཁྲོད། རིའི་ལུང་ཁོག་ཅིག་ནས་དེང་རབས་ཀྱི་མདའ་སྒྱོགས་སྤྱད་དེ་“ལུགས་མཐུན”གྱིས་ ཐེངས་གཅིག་ལ་ང་ཚོའི་བོད་རིགས་སྤུན་ཟླ་༦༠༠ལྷག་དམར་གསོད་བྱས། དུས་དེར་ཁྱོད་ཚོ་སུ་ཞིག་གིས་ང་ཚོའི་བོད་མི་སེར་ལ་མིའི་ཐོབ་ཐང་གླེང་མྱོང་ངམ། ༡༩༥༡ལོར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་བོད་ས་གནས་སྲིད་གཞུང་ལ་མདའ་དང་མེ་ སྒྱོགས་སྤྲད་དེ་ཞི་བས་བཅིངས་འགྲོལ་བྱེད་པར་ངོ་རྒོལ་བྱེད་དུ་བཅུག ། ༡༩༥༩ལོར་འཛེམ་དོགས་མེད་པར་ཏཱ་ལའི་ཚོགས་ཁག་གིས་ངོ་ལོག་ཟིང་འཁྲུག་སློང་བར་ཐད་ཀར་དུ་རྒྱབ་སྐྱོར་བྱས། དེ་ནི་“བདེན་སེམས་”ཀྱིས་ རྒྱབ་སྐྱོར་བྱས་པ་མ་ཟད། ཐད་ཀར་དུ་བར་སྣང་ནས་དྲག་ཆས་འཕངས་བ་དང་། གསང་མྱུལ་བ་སྐྱེད་སྲིང་བྱས་ཏེ། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱེད་པར་ངོ་རྒོལ་བྱས། སྐབས་དེར་ཁྱོད་ཚོ་སུ་ཞིག་གིས་བོད་ལྗོངས་མི་དམངས་ལ་མིའི་ཐོབ་ཐང་གླེང་མྱོང་། ང་ཚོས་བོད་ལྗོངས་སུ་བསྒྲུབས་པའི་ཡོད་ཚད་དེ། ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བཏང་བ་དང་། དཔལ་འབྱོར་གོང་དུ་སྤེལ་བ། མི་སེར་གྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། ཆོས་ལུགས་དད་མོས་རིང་ལུགས། བོད་ཀྱི་རིག་གནས་སྲུང་སྐྱོབ་དང་གོང་དུ་སྤེལ་བ་ལ་སོགས་པ་ཐམས་ཅད་བོད་མིའི་ ཐོབ་ཐང་གི་ཆེད་ཡིན། ཁྱོད་ཚོ་ནུབ་ཕྱོགས་པ་རྣམས་ཀྱིས་བོད་ལྗོངས་སུ་མིའི་ཐོབ་ཐང་ལ་ཕན་པའི་དོན་དག་ག་ཚོད་བསྒྲུབས་ཡོད་དམ།
ཁྱོད་ཚོས་རང་གིས་རྩིས་ཞིག་རྒྱོབས་དང་། ངས་བལྟས་ན། ཡོ་རོབ་ཀྱི་མི་འགས་བོད་མི་ཁྲི༣༠༠ཡི་ཐོབ་ཐོབ་ལ་དོ་ཁུར་བྱེད་པ་ལས་ཏཱ་ལའི་བླ་མ་ཚབ་བྱས་པའི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་བདག་པོ་ཆུང་ཆུང་དེ་ཚོའི་དབང་ཆ་བོར་བར་དོ་ཁུར་དང་། ཏཱ་ལའི་བླ་མའི་ཆབ་སྲིད་། དཔལ་འབྱོར། ཆོས་ལུགས་བཅས་ཀྱི་སྟེང་ནས་ཀུན་གྱི་གཙུག་ཏུ་བཀུར་བའི་དབང་བསྒྱུར་དབང་ཤུགས་ཉམས་པར་སེམས་ཁུར་བྱེད་པ་རེད་ཅེས་སྨྲས་ན་དོན་དང་མཐུན། དགོངས་འགལ་མེད་པར་ཞུ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་འགའི་“མིའི་ཐོབ་ཐང་ཟིན་ཐོ”ལ་ངས་དེ་རིང་དཔེ་རེ་རེ་དྲངས་ནས་བཤད་པར་དུས་ཚོད་ཀྱིས་དབེན་སྟབས། འདི་ནས་ཁྱེད་ཀྱིས་དོ་ཁུར་བྱེད་པའི་རང་བསྲེགས་དོན་རྐྱེན་སྐོར་བཤད། ད་ ལོ་ཟླ་གསུམ་པའི་ཚུན་དུ། སི་ཁྲོན་དཀར་མཛེས་དང་། རྔ་བ་ནས་དགོན་པ་བཞིར་སྔ་གཞུག་ཏུ་རང་བསྲེགས་དོན་རྐྱེན་བྱུང་ཞིང་། ཚང་མ་ལོ་༢༠མན་གྱི་ན་གཞོན་རེད། དེའི་ནང་ཆེས་ཆུང་བ་ལོ༡༦ཡིན། ཡིན་ན་ཡང་དེ་ནི་བོད་ལྗོངས་མ་ཡིན། ང་རང་རང་བསྲེགས་དོན་རྐྱེན་བྱུང་བར་ཧ་ལས་བྱུང་། ལྷག་པར་དུ་ན་སོ་དར་ལ་བབ་པའི་གཞོན་ནུའི་ཚེ་སྲོག་བོར་བར་མྱ་ངན་ཚད་མེད་བྱས། དེ་སྔོན་ང་རང་དོན་རྐྱེན་བྱུང་སའི་དགོན་པར་བསྐྱོད་ནས་ཡུལ་དངོས་ལ་རྟོག་བཤེར་ བྱས་པ་ཡིན། ཡུལ་དེའི་གྲྭ་བ་དང་མང་ཚོགས་རྣམས་ང་དང་འདྲ་བར་དོན་རྐྱེན་དེ་རིགས་སློང་མཁན་དང་འུད་སྒྲོག་བྱེད་མཁན་གྱི་ངན་ཇུས་འདོན་མཁན་ལ་སྡང་སེམས་དྲག་པོ་སྐྱེས་འདུག རང་བསྲེགས་དོན་རྐྱེན་དེ་དགོན་པ་བཞི་ནས་བྱུང་བ་དང་། བོད་ལྗོངས་དང་བོད་ཁུལ་གཞན་དག་བཅས་སུ་དགོན་པ་༣༥༤༢དང་། གྲྭ་བཙུན་ཁྲི༡༤ཡོད་པས། ཏཱ་ལའི་ཚོགས་ཁག་གིས་བཤད་པའི་བོད་ཡོངས་“མེར་བསྲེགས་པ”ཞེས་པ་རྩ་བ་ནས་བྱུང་མེད། དགོན་པ་མང་ཤས་དང་གྲྭ་བཙུན་མང་ཤས་དོན་རྐྱེན་འདིའི་ནང་ཞུགས་མེད་པ་མ་ཟད། དོན་དག་དེར་ངོ་རྒོལ་དང་སུན་འབྱིན་བྱེད་བཞིན་ཡོད། ཏཱ་ལའི་ཚོགས་ཁག་གིས་བོད་མི་“ཡ་ང་བའི་གནས་སུ་ལྷུང་འདུག”ཞེས་ བརྗོད་པ་དེ་ངས་བལྟས་ན། ཡ་ང་བའི་གནས་སུ་ལྷུང་བ་ནི་ཏག་ཏག་ཏཱ་ལའི་བླ་མ་ཁོ་རང་ཉིད་ཙམ་རེད། དགོན་པ་༣༥༤༢ནང་ནས་དགོན་པ་བཞི་ནས་བྱུང་བ་མ་ཟད། མང་ཤས་དགོན་པ་གཅིག་ཏེ་སི་ཁྲོན་རྔ་བ་རྫོང་གི་ཀརྟི་དགོན་ཁོ་ན་ནས་བྱུང་བ་ཡིན། ཅིའི་ཕྱིར་ཞེ་ན། ཀརྟི་དགོན་པའི་བླ་མ་༡༩༥༩ལོར་ཏཱ་ལའི་བླ་མའི་རྗེས་འབྲངས་ནས་ངོ་ལོག་ཟིང་འཁྲུག་ བསླངས་པ་དང་། ཕམ་ཁ་ཉེས་རྗེས་རྒྱལ་ཕྱིར་བྲོས་བྱོལ་དུ་ཕྱིན་ནས་ཏཱ་ལའི་ཚོགས་ཁག་ཏེ་བཙན་བྱོལ་ སྲིད་གཞུང་གི་བདེ་འཇགས་པུའུ་ཀྲང་གི་འགན་བཞེས་ཡོད། མི་རྣམས་ཀྱིས་ཤེས་གསལ་བདེ་འཇགས་པུའུ་ནི་དམར་གསོད་དང་གཏོར་བརླག་བཟོ་མཁན་གྱི་ ཆེད་ལས་ལས་ཁུངས་ཡིན། ད་ལོ་ཟླ༣པའི་ཚེས༡༦ཉིན་མཉམ་དུ་བྱུང་བའི་རང་བསྲེགས་དོན་རྐྱེན་དེ་ནང་གི་གྲྭ་བ་ནི་ལོ་༡༩ཙམ་ཡིན། ཡིན་ན་ཡང་རང་བསྲེགས་བྱེད་དུ་འཇུག་པར་རོགས་རམ་དང་ངན་སྐུལ་བྱེད་མཁན་གྱི་གྲྭ་ བ་གསུམ་ང་ཚོས་ཁྲིམས་ལུགས་ནང་ལྟར་ཁྲིམས་ཐག་བཅད། ཁོ་ཚོས་ཁྲིམས་ཁང་གི་མང་ཚོགས་མདུན་དུ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་གཡོ་འགུག་དང་ངན་སྐུལ་བྱས་ཚུལ་དང་། རང་བསྲེགས་དོན་རྐྱེན་བྱུང་སྐབས་ཁོ་ཚོས་རོགས་སྐྱོབ་བྱེད་པ་ཕར་ཞོག འཚེ་བའི་མི་ལ་རོགས་སྐྱོབ་བྱེད་འདོད་པའི་ལས་བྱེད་པ་བཀག་པ་མ་ཟད། མེར་བསྲེགས་བཞིན་པའི་ཚུལ་དེ་པར་དུ་བླངས་ནས་མྱུར་དུ་རྡ་རིམས་ས་ལར་བསྐུར་བ་རེད་ཅེས་བརྗོད་བྱུང་། རང་བསྲེགས་དོན་རྐྱེན་བསྟུད་མར་བྱུང་རྗེས། ཚུལ་དེ་ཁྱེད་ཅག་གིས་སྨྱན་སྦྱོར་ལ་བལྟས་ན་རྟོགས་ཐུབ། ཏཱ་ལའི་ཚོགས་ཁག་གིས་རང་བསྲེགས་བྱེད་མཁན་ན་གཞོན་དེ་དག་དཔའ་བོ་དང་སྔོན་བཤེགས་དཔའ་བོར་རྩིས་ཏེ་དད་པའི་གུས་ཕྱག་ཕུལ་བ་དང་། གཟེངས་རྟགས་དང་། དྲན་གསོ་རྡོ་རིང་བཞེངས་པ་མ་ཟད། རང་བསྲེགས་འདས་པོ་ལ་ཉིན་གཅིག་གི་བསྔོ་སྨོན་གསུངས་ནས་ཉིན་གང་བོར་ཟས་མི་བཟའ་བ་བྱས་ཏེ། རང་བསྲེགས་བྱེད་མཁན་དེ་དག་ལ་སྙིང་སྟོབས་ཧ་ཅང་ཆེ་ཞེས་བསྟོད་བསྔགས་བྱེད་བཞིན་ཡོད། དེ་ནི་མི་སྔར་ལས་མང་པོ་ཞིག་ལམ་དེར་ཞུགས་པར་སྐུལ་མ་བྱས་པ་རེད།
ངས་ནུབ་ཕྱོགས་ཀྱི་མཚམས་སྦྱོར་ཚན་པ་འགར་ཡིད་འཇོག་བྱས་པའི་ནང་དུ་ལུའུ་ཐོ་གསར་འགོད་ཁང་དང་། ཧྥ་རིན་སའི་རྒྱལ་སྤྱིའི་རླུང་འཕྲིན་ཀུང་སི། འཇར་མན་རླུང་འཕྲིན་སོགས་ཚུད། ཁོ་ཚོས་ང་ཚོར་ནམ་ཡང་སྐད་ཆ་བཟང་པོ་ཞིག་བཤད་མ་མྱོང་། ཡིན་ན་ཡང་ད་ཐེངས་ཁོ་ཚོས་ཀྱང་ཏཱ་ལའི་བླ་མ་བཅས་མི་འགས་ཐོག་མཐའ་བར་གསུམ་དུ་ རང་བསྲེགས་དོན་རྐྱེན་མཚམས་འཇོག་དགོས་ཚུལ་བརྗོད་མེད་པར་རང་བསྲེགས་ལ་སྐུལ་མ་དང་། ངན་ཇུས་བཏོན་ཡོད་ཞེས་བསྟན་ཡོད། ཆེས་འཇིགས་ཡེར་བ་ཞིག་ནི་བོད་བརྒྱུད་ནང་བསྟན་ནི་བྱམས་སྙིང་རྗེ་སྨྲ་ཞིང་། ཚེ་འདི་ཕྱི་ཁས་ལེན་པའི་ཆོས་ལུགས་ཤིག་ཡིན་མོད། འོན་ཀྱང་ཐེ་ཝུན་དུ་ཡོད་པའི་ཏཱ་ལའི་བླ་མའི“ཏཱ་ལའི་བླ་མ་བོད་ལྗོངས་ཆོས་ལུགས་ཐེབས་རྩ་ཚོགས་པ”ཡིས་ཕྱིར་བསྒྲགས་པའི་རྩོམ་ཡིག་ཅིག་གི་ནང་དུ། རང་བསྲེགས་ནི་བོད་བརྒྱུད་ནང་བསྟན་གྱི་སྲོག་མི་གཅོད་པའི་འདུལ་ཁྲིམས་དང་མི་ འགལ་ཞིང་། དེ་ལས་ལྡོག་ཏེ་དེ་ནི་བྱང་ཆུབ་སེམས་དཔའི་ས་ལ་འགོད་པའི་སྤྱོད་ཚུལ་ཞིག་ཡིན་པ་དང་། སུ་ཞིག་རང་བསྲེགས་བྱས་ན་དེ་མ་ཉིད་དུ་སངས་རྒྱས་བར་འགྲོ་ཞེས་བཀོད་ཡོད། དོན་དངོས་སུ་གྲྭ་བ་དེ་དག་གི་རང་བསྲེགས་ནི་ཏཱ་ལའི་ཚོགས་ཁག་གིས་དུས་ཡུན་རིང་བོར་བསམ་བློའི་གཏིང་རིམ་དུ་ཆགས་སུ་བཅུག་པའི་ཐབས་ལམ་ཡིན་པས། མ་མཐའ་ཡང་དེང་རབས་སློབ་གསོ་ཏིལ་ཙམ་ཡང་མྱངས་མེད་པའི་དབེན་པའི་ཁོར་ཡུག་ཏུ་ གནས་པའི་དགོན་སྡེ་དག་གི་གྲྭ་བ་རྣམས་ཀྱི་བསམ་བློའི་ཁ་ལོ་བསྒྱུར་བྱེད་ཅིག་ཡིན། ཏཱ་ལའི་བླ་མས་བོད་བརྒྱུད་ནང་བསྟན་དེ་རང་སྲོག་གཅོད་པ་དང་། རང་སྲོག་རང་བསྲེགས་བྱེད་པའི་ཆོས་ལུགས་ཤིག་ཏུ་བསྒྱུར་ཏེ། རང་ཉིད་ཁོ་ནའི་ཆབ་སྲིད་ཀྱི་དམིགས་འབེན་ལ་ཞབས་ཞུ་བྱེད་དུ་འཇུག་འདོད་པ་ནི་ དོན་ཀུན་འབྱུང་བའི་རྩ་བའི་རྒྱུ་རྐྱེན་རེད། ཁྱོད་ཀྱིས་གོང་དུ་རང་བསྲེགས་ནི་ང་ཚོས་རིག་གནས་དང་ཆོས་ལུགས་ལ་གཏོར་བརླག་བྱས་ པའི་འབྲས་བུ་ཡིན་ཞེས་བརྗོད་པ་མ་ཡིན་ནམ། ངའི་བསམ་ཚུལ་ཡིན་ན་ང་ཚོས་ཕྱོགས་གང་ནས་བོད་ཀྱི་རིག་གནས་དང་། ཆོས་ལུགས་ལ་གཏོར་བརླག་བཟོས་སོང་བ་ཁྱེད་ཀྱིས་ཤོད་དང་། བདེན་དཔང་གང་ཡིན། ང་ལ་བོད་ཀྱི་ཆོས་ལུགས་དང་རིག་གནས་ལ་སྲུང་སྐྱོབ་གང་ཚོད་བྱས་པའི་དཔེ་གང་མང་འདྲེན་རྒྱུ་ཡོད་མོད། ཁྱོད་ཀྱིས་ཀྱང་གཏོར་བརླག་ཅི་ལྟར་བྱས་པའི་ཚུལ་ང་ཚོར་སྟོན་རྒྱུ་ཡོད་དགོས་པ་ དེ་ཡིན།
ཀྲུང་ གོའི་སྲིད་གཞུང་གིས་མེར་བསྲེགས་པའི་དོན་རྐྱེན་འགའ་དང་མི་རེ་འགས་རྒོལ་བ་བྱས་པ་རྒྱུ་མཚན་དུ་བྱས་ནས་བོད་ལྗོངས་ཀྱི་སྲིད་ཇུས་ལ་འགྱུར་བ་དང་ཏཱ་ལའི་ཚོགས་ཁག་ལ་འཐབ་རྩོད་བྱེད་སྟངས་བཅས་ལ་འགྱུར་བ་གཏོང་སྲིད་དམ་ཞེ་ན། རྣམ་པ་ཚོས་ལོ་ རྒྱུས་ལ་ཕྱིར་དྲན་ཞིག་བྱོས་དང་། ༡༩༥༡ལོར་བོད་ལྗོངས་བཅིངས་འགྲོལ་བྱེད་པར་བཀག་འགོག་བྱེད་ཕྱིར་མཐོ་རིམ་ངོ་ལོག་ པས་ཆབ་མདོ་ནས་མི་དམངས་བཅིངས་འགྲོལ་དམག་དང་འཐབ་འཛིང་བྱེད་ཕོད་པ་དང་། མཐར་ཁོ་ཚོས་ཕམ་ཁ་ཉོས་ཀྱང་༡༩༥༩ལོར་ཏཱ་ལའི་ཡིས་ཡང་བསྐྱར་དྲག་པོའི་གྱེན་ལོག་བསླངས་པ་རེད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བར་དྲག་སྤྱོད་ལ་བརྟེན་ནས་ང་ཚོ་ལས་མ་རྒྱལ་ཡང་། ད་དུང་ཕྱི་རྒྱལ་ནས་ང་ཚོའི་མཐའ་མཚམས་ལ་འཇབ་རྒོལ་བྱས་པ་རེད། མཐར་ཁོའི་དྲག་རྩལ་རྟེན་གཞི་དེ་བལ་ཡུལ་གྱིས་རྩ་མེད་དུ་བཏང་ནའང་། ལོ་རབས་༨༠བར་ལྷ་ས་རུ་མུ་མཐུད་དུ་དོན་རྐྱེན་སྔ་རྗེས་སུ་ལོ་གསུམ་རིང་བསླངས། ༢༠༠༨ལོར་ཁོས་ལྷ་སར་༣•༡༤ རྡུང་འཕྲོག་སྲེག་བཅོམ་གྱི་དོན་རྐྱེན་བསླངས་མོད། ང་ཚོས་མགྱོགས་པོར་ཞི་འཇགས་སུ་བཏང་བ་ཡིན། ད་སྐབས་ཁོ་ཚོ་ལ་སེམས་མི་ཤེས་པའི་ན་ ཆུང་འགར་མགོ་སྐོར་བཏང་ནས་རང་ལུས་མེ་རུ་བསྲེགས་པར་བསྐུལ་ནས་ཀྲུང་གོ་ལ་གནོན་ ཤུགས་སྤྲོད་པའི་ནུས་པ་ལས་གཞན་ཅི་ཡང་མེད། ཀྲུང་གོ་ལ་ཁ་དཔེ་ཞིག་ཡོད་པ་ནི་བྱི་བ་དང་སྦྱང་ཀི་གཉིས་ལ་ཙི་ཙི་སྐྱེ་ཞེས་པ་ལྟར། རབས་རེ་རེ་ཇེ་ངན་ཇེ་སྡུག་རེད། རང་ཉིད་འཚོ་ཆེད་རང་གི་མི་ལ་མགོ་སྐོར་གཏོང་བའི་ཆབ་སྲིད་ཚོགས་ཁག་འདི་འདྲ་ད་ དུང་ཡུན་རིང་དུ་གནས་ཐུབ་བམ། གནས་ཚུལ་འདི་འདྲའི་འོག ཡོ་རོབ་མནའ་འབྲེལ་གྱི་མི་འགའ་རེས་རང་གི་ལས་དབང་དང་ཏཱ་ལའི་གཉིས་གཞི་གཅིག་ཏུ་འབྲེལ་བ་ནི་ཧ་ཅང་གླེན་པའི་རྟགས་རེད། ཁྱེད་རང་ཚོས་ད་དུང་མི་འགའ་ཤས་ལ་མགོ་སྐོར་བཏང་ནས་རང་ལུས་མེ་རུ་སྲེག་པར་སྐུལ་མ་གཏོང་རྩིས་ཡོད་དམ། ཏཱ་ལའི་ཚོགས་ཁག་ནང་ཁུལ་ལ་འགལ་བ་འབྱུང་མགོ་བརྩམས་ཤིང་། མི་རེ་འགས་དོན་འདི་རྒྱུན་བསྐྱངས་མི་ཐུབ་པ་ཤེས་ཀྱི་ཡོད། ངས་ཁྱེད་རང་ཚོར་གསལ་བོར་བཤད་རྒྱུ་ཞིག་ནི་ད་དུང་དོན་རྐྱེན་འདི་འདྲ་བྱུང་ན་ཡང་། ཀྲུང་གོའི་སྲིད་གཞུང་གི་བོད་ལྗོངས་སྲིད་ཇུས་དང་། ཏཱ་ལའི་ལ་འཐབ་རྩོད་བྱེད་སྟངས་ལ་འགྱུར་བ་གང་ཡང་གཏོང་མི་སྲིད།
ཁྱེད་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མིས་བཙན་བྱོལ་བོད་གཞུང་གི་མགོ་ཁྲིད་གསར་བ་ ཡོ་རོབ་ལ་མཚམས་འདྲིར་གདན་དྲངས་པའི་སྐོར་བཤད་ཅིང་། ངས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ནང་ཁུལ་གྱི་སྒྲིག་གཞི་གསལ་བོར་ཤེས་ཀྱི་ཡོད་པ་མ་ཟད། ད་དུང་ཡོ་རོབ་གྲོས་ཚོགས་ཀྱི་མི་སྣ་ཉུང་ཤས་ཀྱི་ལྟ་བ་ཡིས་ཡོ་རོབ་མནའ་འབྲེལ་ གྱི་ལྟ་བ་མཚོན་མི་ཐུབ་པའང་ཤེས་ཀྱི་ཡོད། འོན་ཀྱང་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་པའི་ཆ་ནས་རང་གི་ཁོངས་མིས་ལུགས་དང་མི་མཐུན་ཞིང་རྒྱལ་ཁབ་གཞན་གྱི་ཁེ་ཕན་དང་ཡོ་རོབ་མནའ་འབྲེལ་རང་གི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་དེ་རིགས་ལ་ཚོད་འཛིན་ཅུང་ཟད་བྱེད་དགོས་པ་མ་ཡིན་ནམ། གལ་སྲིད་ཚོད་འཛིན་མི་ཐུབ་ན། སྐྱོན་བརྗོད་རེ་བྱེད་དགོས་པ་མ་ཡིན་ནམ། གལ་སྲིད་ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་དང་འགལ་ཞིང་བྱ་སྤྱོད་རྩིང་པོ་སྤེལ་མཁན་དེ་རིགས་ལ་སྙིང་རྗེ་དང་ཁོ་ལ་གར་སྟེགས་སྟེར་བའི་ལས་འདི་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ན། ཡོ་རོབ་མནའ་འབྲེལ་གྱི་མཚན་སྙན་གྲགས་ལ་མཚོན་ན་བྱ་བ་ལེགས་པོ་ཞིག་མ་རེད། ཁྱེད་རང་གིས་བཤད་པའི་རྒྱུ་མཚན་དེ་ངས་ཐེངས་མང་པོར་ཐོས་མྱོང་ཡོད། མི་རེ་འགས་ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་བ་བྱེད་ཐེངས་རེར་དེ་ ནི་གྲོས་ཚོགས་སམ་ཡང་ན་དམངས་ཁྲོད་ཀྱི་ཚོགས་པ་ཁག་གམ། མི་ཆེ་གེ་མོའི་དོན་ཡིན་པའི་སྐོར་བཤད་ནས་ས་འདི་སྲིད་གཞུང་དེས་དོ་དམ་བྱེད་ ཀྱི་མེད་པའི་ཚུལ་བསྟན་པ་རེད། མི་འགའ་རེས་རྟག་པར་ང་ཚོ་ཀྲུང་གོའི་སྲིད་གཞུང་ལ་དམངས་གཙོ་མིན་ཞིང་འགྲོ་བ་ མིའི་ཐོབ་ཐང་མེད་ཅེས་སྐྱོན་བརྗོད་བྱེད་མོད། འོན་ཀྱང་ང་ཚོས་མི་ཞིག་ཡིན་པའི་གཞི་རྩའི་གནས་ལུགས་ཤིག་ཤེས་ཀྱི་ཡོད་པ་དེ་ནི་ ཀྲུང་གོའི་ས་ཁོངས་ལས་མཛའ་མཐུན་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་གནོད་པའི་བྱ་བ་སྒྲུབ་ཏུ་མི་འཇུག་རྒྱུ་དང་། གནས་ཚུལ་གསལ་བོ་མ་ཤེས་གོང་ནས་གཞན་ལ་སྐྱོན་བརྗོད་མི་བྱེད་རྒྱུ་དེ་ཡིན་ལ། འདི་ནི་འགན་ཁུར་གྱི་བསམ་བློ་ལྡན་པའི་སྲིད་གཞུང་ཞིག་ལ་ཡོད་འོས་པའི་བྱ་སྤྱོད་རེད།
རང་སྐོར་བསྐྱར་སྐོར་གྱིས་བཤད་པའི་སྐད་ཆ་འདི་ཚོ་རུལ་ནས་དྲི་མ་ཁ་གིན་འདུག་མོད། རྒྱ་རྒན་འདི་ཚོར་ངོ་སྤགས་མཐུག་དྲགས་པས་རུལ་པ་འཚོང་བ་ལ་འཛེམས་བག་ཅི་ཡང་མི་འདུག འོན་ཀྱང་སྣ་ཤེས་གསལ་ཞིང་རྣོ་བའི་འཛམ་གླིང་མི་དམངས་དང་ལྷག་པར་དུ་ཡོ་རོབ་སྤུན་ཟླ་རྣམས་འདི་ཡིས་བསླུ་མི་ཐུབ་སྟེ། མཐར་དེད་ན་རྒྱའི་གཤིས་ངན་ཕྱིར་མངོན་པ་ཙམ་ལས་གཞན་གང་ཡང་མིན།
ང་ཚོ་ལ་ལན་འདེབས་ཚོགས་ཆུང་ཟེར་བ་ཞིག་ཡོད་པ་མ་ཡིན་ནམ། འདིའི་རིགས་ནམ་ཡང་ཐར་བ་གཏོང་མི་ཉན། དགག་བཞག་ཚ་ནན་གཏོང་དགོས།
དུས་རབས་ཉི་ཤུ་བའི་འགོ་སྟོད་ནི་མི་སེར་སྤེལ་བའི་དུས་རབས་ཡིན་པས་དེས་འཇུག་འབྲས་སུ་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་བྱུང་། དམག་ཆེན་དེ་གཉིས་ཀྱིས་ཕམ་ཁ་དང་དཀའ་ངལ། རྒྱུད་རིམས་ནས་ནུབ་མི་གཙོ་བོའི་གྱུར་བའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱས་ཏེ། ཁྲིམས་ཡིག་བཟོས་ཤིང་མཉམ་འབྲེལ་རྒྱ་ཚོགས་བཙུགས། དབྱིན་དམག་བོད་དུ་ཡོང་བའི་སྐབས་ནི་འགྲོ་བ་ཐོབ་ཐང་གླེང་བའི་དེང་སྐབས་ཀྱི་དུས་རབས་མིན་པ་མི་སེར་སྤེལ་བའི་དུས་སྐབས་རེད། དེ་ནི་དེང་སྐབས་ཀྱི་དུས་རབས་དང་བསྡུར་ན་ཞྭ་དཔེ་ལྷམ་བཀབ་རེད། རྒྱ་ནག་པ་རྣམས་ཉི་ཧོང་གི་བཙན་འཛུལ་ལས་བྱོལ་ཆེད་དུས་ཀུན་དྲང་བདེན་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་གླེང་མཁན་གྱི་གཙོ་བོ་གཅིག་ཡིན་ཞིང་། མཉམ་འབྲེལ་རྒྱ་ཚོགས་སུ་རྒྱབ་སྐྱོར་གནང་མཁན་གྱི་ཤར་ཕྱོགས་ཀྱི་རྒྱལ་ཁབ་གཙོ་དེའང་ཡིན། འོན་ཀྱང་། ཉི་ཧོང་ཨ་རིའི་རྡུལ་ཕྲན་མཚོན་ཆས་ཕམ་ཉེས་བཏང་རྗེས་རྒྱ་ནག་པའི་མགོ་ཡར་མགྱོགས་པའི་གོ་སྐབས་བྱུང་ཞིང་། འགྲོ་བ་མི་ཐོང་ཐང་དང་དྲང་བདེན་ཟེར་མཁན་ཉུང་དུ་ཆགས་ཤིང་། འདོད་རྔམ་གྱིས་ཀུན་ནས་བསླངས་ཏེ་ཉི་ཧོང་གིས་རྒྱ་ནག་པ་ཅི་ལྟར་མི་སེར་སྤེལ་བའི་སློབ་གཙོ་བླངས་ནས་ཆོས་ལུགས་ཀྱིས་གཉིད་དུ་གཡུར་བའི་བོད་ལ་དཔུང་འཛུལ་བྱས་བ་རེད། དེ་ནི་རྒྱ་ཕྱོགས་ནས་བཤད་ན་བཅིངས་གྲོལ་རེད་ལ། བོད་ཕྱོགས་ནས་བཤད་ན་བཙན་འཛུལ་སྨྲ།
ཉི་ཧོང་གིས་རྒྱ་དུ་ཡོང་བའང་ཉི་ཧོང་པ་ཚོས་གླེང་ན་རོགས་སྐྱོར་རེད་ལ། རྒྱ་ནག་པ་ཚོས་གླེང་ན་བཙན་འཛུལ་རེད། ཁོང་གི་སྐད་ཆ་དེ་ནི་མི་སེར་སྤེལ་བའི་རྒྱལ་ཁབ་ཀུན་གྱི་རང་གཟུངས་ཕྱི་ལ་མངོན་པ་ཙམ་ལས་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡང་མི་འདུག བདེན་པ་མེད་ན་མི་སུ་ཡིན་རུང་དེ་ལྟར་སྐད་ཆ་བཤད་ངེས་རེད། རིག་པ་སྤྱང་མིན་ལ་རྟེན་ནས་ཡིད་སེམས་འགུག་པའི་ནུས་བ་ཆེ་ཆུང་ཤོར་བ་ལས་རྟོགས་བཟོའི་སྒྲུང་ལ་ཁྱད་པ་ཅི་ཡང་མི་འདུག གལ་སྲིད་ཀྲུའུ་ཝེ་ཆོན་རིག་པ་དེ་ལས་སྤྱང་ཞིང་ཤེས་རྒྱ་ཆེ་ན་སྒྲུང་གཏམ་དེ་ལས་ཡག་པོ་ཞིག་བཟོ་བ་ཐེ་ཚོམ་ག་ལ་ཡོད། གལ་སྲིད་ཁོང་རྒྱ་ནག་གི་རྩོམ་པ་གྲགས་ཅན་ལེ་ཤིན་ཡིན་ན་སྒྲུང་དེ་ཅི་ལྟར་བཟོ་འམ། དྲིས་ཅན་གྱི་སྒྲུང་དེ་དངོས་གནས་སྙན་པོ་ཡོང་ངེས།
ནོར་བཅོས།
དུས་རབས་ཉི་ཤུ་བའི་འགོ་སྟོད་ནི་མི་སེར་སྤེལ་བའི་དུས་རབས་ཡིན་པས་དེའི་འཇུག་འབྲས་སུ་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་བྱུང་། དམག་ཆེན་དེ་གཉིས་ཀྱི་ཕམ་ཁ་དང་དཀའ་ངལ། རྒྱུད་རིམ་ནས་ནུབ་མི་གཙོ་བོའི་གྱུར་བའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱས་ཏེ། ཁྲིམས་ཡིག་བཟོས་ཤིང་མཉམ་འབྲེལ་རྒྱ་ཚོགས་བཙུགས། དབྱིན་དམག་བོད་དུ་ཡོང་བའི་སྐབས་ནི་འགྲོ་བ་ཐོབ་ཐང་གླེང་བའི་དེང་སྐབས་ཀྱི་དུས་རབས་མིན་པ་མི་སེར་སྤེལ་བའི་དུས་སྐབས་རེད། དེ་ནི་དེང་སྐབས་ཀྱི་དུས་རབས་དང་བསྡུར་ན་ཞྭ་དཔེ་ལྷམ་བཀབ་རེད་ལ་དྲང་བདེན་མ་རེད། རྒྱ་ནག་པ་རྣམས་ཉི་ཧོང་གི་བཙན་འཛུལ་ལས་བྱོལ་ཆེད་དུས་ཀུན་དྲང་བདེན་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་གླེང་མཁན་གྱི་གཙོ་བོ་གཅིག་ཡིན་པ་མ་ཟད། མཉམ་འབྲེལ་རྒྱ་ཚོགས་སུ་རྒྱབ་སྐྱོར་གནང་མཁན་གྱི་ཤར་ཕྱོགས་ཀྱི་རྒྱལ་ཁབ་གཙོ་དེའང་ཡིན། འོན་ཀྱང་། ཉི་ཧོང་གི་སྟོབས་ཤུགས་ཨ་རིའི་རྡུལ་ཕྲན་མཚོན་ཆས་ཕམ་ཉེས་བཏང་རྗེས་རྒྱ་ནག་པའི་མགོ་ཡར་མགྱོགས་པའི་གོ་སྐབས་བྱུང་ཞིང་། འགྲོ་བ་མི་ཐོང་ཐང་དང་དྲང་བདེན་ཟེར་མཁན་གྱི་རྒྱ་རིགས་ཉུང་དུ་ཕྱིན་ནས། འདོད་རྔམ་གྱིས་ཀུན་ནས་བསླངས་ཏེ་ཉི་ཧོང་གིས་རྒྱ་ནག་པ་ཅི་ལྟར་མི་སེར་སྤེལ་བའི་སློབ་གཙོ་བླངས་ནས་ཆོས་ལུགས་ཀྱིས་གཉིད་དུ་གཡུར་བའི་བོད་ལ་དཔུང་འཛུལ་བྱས་བ་རེད། དེ་ནི་རྒྱ་ཕྱོགས་ནས་བཤད་ན་བཅིངས་གྲོལ་རེད་ལ། བོད་ཕྱོགས་ནས་བཤད་ན་བཙན་འཛུལ་སྨྲ།
ཉི་ཧོང་གིས་ཁོང་ཚོ་རྒྱ་ནག་ཏུ་ཡོང་བ་རོགས་སྐྱོར་དུ་ཡིན་ཚུལ་སྨྲ་ལ། རྒྱ་ནག་པ་ཚོས་བཙན་འཛུལ་དུ་འདོད། ཁོང་གི་སྐད་ཆ་དེ་ནི་མི་སེར་སྤེལ་བའི་རྒྱལ་ཁབ་ཀུན་གྱི་རང་གཟུགས་ཕྱི་ལ་མངོན་པ་ཙམ་ལས་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡང་མི་འདུག བདེན་པ་མེད་ན་མི་སུ་ཡིན་རུང་དེ་ལྟར་སྐད་ཆ་བཤད་ངེས་རེད། རིག་པ་སྤྱང་མིན་དང་སྐབས་ཐོག་གི་སེམས་ཁམས་དྭངས་མིན་ལ་བརྟེན་ནས་ཡིད་སེམས་འགུག་པའི་ནུས་བ་ཆེ་ཆུང་ཤོར་བ་ཙམ་ལས་རྟོགས་བཟོའི་སྒྲུང་ལ་ཁྱད་པ་ཅི་ཡང་མི་འདུག གལ་སྲིད་ཀྲུའུ་ཝེ་ཆོན་རིག་པ་དེ་ལས་སྤྱང་ཞིང་སྐབས་དེར་སེམས་ཁམས་དེ་ལས་དྭགས་ན། རླུང་རྟ་དེ་ལས་དར་ཞིང་ཤེས་རྒྱ་དེ་ལས་ཆེ་ན་སྒྲུང་གཏམ་དེ་ལས་ཡག་པོ་ཞིག་བཟོ་བ་ཐེ་ཚོམ་ག་ལ་ཡོད། གལ་སྲིད་ཁོང་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ལི་ཤིན་ཡིན་ན་སྒྲུང་དེ་ཅི་ལྟར་བཟོ་འམ། དྲིས་ཅན་གྱི་སྒྲུང་དེ་དངོས་གནས་སྙན་པོ་སྲིད་པ་ཞིག་རེད། འོན་ཀྱང་། ཁོང་གཡོ་སྒྱུ་ལ་དེ་ལྟའི་རྒྱ་དཔོན་བཞིན་གོམས་མེད་པས་ཀྲུའུ་ཝེ་ཆོན་གྱི་སྒྲུང་ལས་སྐྱོ་བ་ཡོད་སྲིད།
འོན་ཀྱང་། ཁོང་གི་གསུངས་བཤད་ལས་ཤེས་གསལ། གོང་ཁྲན་ཏང་འུ་མ་ཐུག་ན་སྲིད་ཇུས་ལ་འགྱུར་བ་བཏང་འདོད་མེད་པ་ནི་གསལ་པོ་རེད།
བདེན་པ་འདྲ་གཉིས་མེད་ན་གདོང་ཐུག་ཏུ་ག་ལ་འཐབ་པ་སྲིད་ཟེར་བ་ནང་བཞིན་རེད་འདུག། ཕྱོགས་རིས་མེད་པའི་སྒོ་ནས་བཤད་ན་ལན་བརྒྱབ་ཡ་ལ་དཀའ་ལས་རེད་བཞག།
གོང་གི་ཀྲུ་ཝེ་ཆས་གཏམ་བཤད་དེ་ང་རང་ཚོ་ངོར་ཧམ་བརྫུས་ཡིན་རུང་། གང་ཏར་གཞན་སེམས་འགུག་བྱེད་དང་།་གང་འདྲ་བཤད་འདུག་ཡག་པོ་བྱས་ནས་རྒྱུ་མཚན་བཤད་རྒྱུ་ཡོད་བཤད་མ་ཐུབ་ན་དཀའ་ལས་བཟོ་ས་རེད། བྱས་འཐུས་ཚོས་ནང་དུ་མགོ་ལ་བཞུ་རུ་བཟོ་མ་བསྡད་ཕྱིར་རྒྱངས་ཡག་གཟིགས་ནས་ལན་ལ་སྟ་གོན་ཡོད་དམ།
ཏང་གི་བཤད་བགྲོས་ལ་། ངའི་ཨ་ཕ་ཤི་ནས་ངུ་ན་རང་དོན་ཡིན་པས་མི་ཆོག་ ཏང་གི་གཡག་ཤི་ན་མ་ངུས་ན་མི་འགྲིག་སྤྱི་དོན་ཡིན་ཟེར་གསོལ་འདི་རེད།
ཀྲུའུ་ཝེ་ཆུན་ལགས་ཀྱིས།
་་་་་། མི་འགའ་རེས་རྟག་པར་ང་ཚོ་ཀྲུང་གོའི་སྲིད་གཞུང་ལ་དམངས་གཙོ་མིན་ཞིང་འགྲོ་བ་ མིའི་ཐོབ་ཐང་མེད་ཅེས་ཡོན་ཏན་བརྗོད་པ་་བྱེད་མོད། འོན་ཀྱང་ང་ཚོས་མི་ཞིག་མིན་པའི་ཆ་ནས་གཞི་རྩའི་གནས་ལུགས་ཤིག་ཤེས་ཀྱི་མེད་པ་དེ་ནི་ ཀྲུང་གོའི་ས་ཁོངས་ལས་མཛའ་མཐུན་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་གནོད་པའི་བྱ་བ་སྒྲུབ་ཏུ་འཇུག་རྒྱུ་དང་། གནས་ཚུལ་གསལ་བོ་མ་ཤེས་གོང་ནས་གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་ཡིན་ལ། འདི་ནི་འགན་ཁུར་གྱི་བསམ་བློ་ལྡན་པའི་སྲིད་གཞུང་ཞིག་ལ་ཡོད་འོས་པའི་བྱ་སྤྱོད་རེད། ཟེར། ཧ་ཧ། ཧི་ཧི། ཧུ་ཧུ། ཆོ་གང་ཡོད་རེད་མི་འདི་ཚོའོ་སྐད་ཆ་ལ།
ཀྲུའུ་ཝེ་ཆུན་གྱི་གཏམ་བཤད་འདི་གོ་བཟློག་ནས་བསམ་བློ་བཏང་ན་ལོ་རྒྱུས་དངོས་གནས་འདི་མི་མཐོང་ཐུབ་འདུག དེ་འདྲའི་རྒྱ་རིགས་གཅིག་གི་མ་རབས་ཝམ་བཤད་ལ་གཟིགས་དང་། འཛམ་གླིང་མི་མང་ཚོ། ཧ་ཧ།
ཀར་རྡོ་ལགས། ངས་རྩོམ་ཞིག་བྲིས་འདོད་བྱུང་ཁ་བརྡའི་རྩོམ་ནང་གང་འདྲ་བྱས་ནས་གཏོང་དགོས་ ལན་གནང་རོག་བཀྲིན་ཆེ
“མི་རེ་འགས་ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་བ་བྱེད་ཐེངས་རེར་དེ་ནི་གྲོས་ཚོགས་སམ་ཡང་ན་དམངས་ཁྲོད་ཀྱི་ཚོགས་པ་ཁག་གམ། མི་ཆེ་གེ་མོའི་དོན་ཡིན་པའི་སྐོར་བཤད་ནས་ས་འདི་སྲིད་གཞུང་དེས་དོ་དམ་བྱེད་ཀྱི་མེད་པའི་ཚུལ་བསྟན་པ་རེད།”ཅེས་པའི་སྐད་ཆ་འདིའི་ཐོག་ནས་ཡོ་རོབ་གྲོས་ཚོགས་སམ་དམངས་ཁྲོད་ཀྱི་ཚོགས་པ་ཁག་གམ། མི་ཆེ་གེ་མོའི་དོན་ཡིན་པའི་སྐོར་བཤད་པ་ལས། དོན་གྱིས་ཡོ་རོབ་གྲོས་ཚོགས་རེད་ཟེར་བའི་དོན་རེད། འདི་ནི་ང་ཚོ་དགའ་རིན་ཡོད་པ་ཞིག་ཏུ་མཐོང་།
ལྷག་པར་སྙན་པོ་བཤད་ཁུལ་ཙམ་ལས་དོན་གྱིས་ཡོ་རོབ་གྲོས་ཚོགས་ལ་འཁོན་སེམས་བཅིངས་ཡོད་པའང་གསལ་བོ་རེད། བུ་མོར་བཤད་ཀྱང་མནའ་མས་གོ་དགོས་ཟེར་བ་ལྟར། མི་ཁ་ཤས་ལ་སྡུག་ར་བྱེད་ཁུལ་ལས་དོན་ཡོ་རོབ་གྲོས་ཚོགས་ར་སྡུག་བྱས་པ་རེད། ཡོ་རོབ་གྲོས་ཚོགས་རྒྱ་དགའ་ཉུང་ཉུང་ཡིན་པ་མཚོན་པ་རེད། མ་ཟད་ཡོ་རོབ་ཀྱིས་སྨ་བརྗོད་རང་དབང་བཀག་བསྡོམ་བྱེད་རྒྱུའི་རེ་ངན་བཏོན་པ་ཞིག་ཀྱང་རེད།
གདུང་སེམས་མཉམ་བསྐྱེད།།
འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར།།
འཁོར་དང་བཅས་པ་བདག་ལ་དགོང་སུ་གསོལ།།
གངས་ཅན་པ་ཡི་དཔའ་བོ་དཔའ་མོ་རྣམས།།
མྱུར་དུ་བདེ་བ་ཅན་དུ་དྲང་དུ་གསོལ།།
ཨོ་མ་ཎི་པད་མེ་ཧུང་།། ༣
ཆོས་དད་རང་མོས་རིག་གཞུང་རྩ་གཏོར་དང་།།
འགྲོ་བ་མི་ཡི་ཐོབ་ཐང་མེད་པར་བརྟེན།།
འུ་ཐུག་ཐབས་ཟད་རང་ལུས་མེར་སྲེག་པར།།
གདུང་སེམས་མཉམ་བསྐྱེད་ཡིད་ཀྱི་མཆོད་མེ་ཕུལ།།
ཨོམ་ནི་པད་མེ་ཧུང་།།་་་་་་་་་་་་་་་་་་་་་་་་་་་་་་་
གཞན་ཕན་བྱང་ཆུབ་སེམས་ཀྱིས་མ་ཟིན་ན།།
རང་ལུས་མེར་སྲེག་གཏོང་བ་ག་ལ་འཕོད།།
སྙིང་སྟོབས་ཅན་གྱི་གདོང་དམར་བོད་མི་ཚོར།།
གདུང་སེམས་མཉམ་བསྐྱེད་གུས་པས་དབྱངས་འདི་ཕུལ།།
ཨོ་མ་ཎི་པད་མེ་ཧུང་།།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
youtub ནང་དུ་ཕེབས་དང་། 2012 Empathy ཟེར་བ་དེ་གནོན་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྱེར་འདོན་ཞིག་གཟིགས་ཐུབ།།
གཞན་ཕན་བྱམ་ཆུབ་གི་སེམས་དེ་བསྐྱེད་ཡ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དགོས་རེད་མ་གཏོག་ཕྱོགས་གཅིག་ལ་བརྩེ་བ་དང་ཕྱོགས་གཅིག་ལ་སྡང་སེམས་གི་སྲིད་དོན་ལྟ་བུས་ཐོག་ནས་སྲོག་གཏོང་ན་དོལ་རྒྱལ་ལྟར་བུ་ཞིག་ཆ་ཡ་རེད། བོད་ཀྱིས་རྩ་དོན་དང་འབྲེལ་བའི་སྒོ་ནས་ངོ་ཚོས་འབྲེལ་བཤད་བྱས་ཆོག་གི་རེད་ཁོང་ཚོའི་སེམས་ཤུག་དང་དཔའ་ངར། ཡིན་ན་ཡང་ནང་པའི་ཆོས་དང་འབྲེལ་ཡོད་གི་སྐད་ཆ་བཤད་ན། འགྲེལ་ཉན་གང་ཟག་དེ་ཆོས་ལོག་འམ་ཆོས་འགལ་རེད།
ངོ་ཚ་མེད་པའི་རྫུན་གཏམ་འདི་རིགས་ཁུངས་མི་འཁྱོལ་ཅིང། འབྲེལ་ཡོད་ནས་དུས་ཐོག་ཏུ་ལན་འདེབས་བྱེད་དགོས་པར་མཐོང། དཔེར་ན། ཀིརྟི་རིན་པོ་ཆེ་དེ་སྔ་ཆོས་རིག་བཀའ་བློན་ཡིན་པ་ལས་བདེ་སྲུང་བཀའ་བློན་མིན། འདི་འདྲ་ཆེད་དུ་རྫུན་བཟོ་བྱས་ནས། ཨ་ཁ་ཁ་། ངོ་ཚོ་མེད་པའི་ཆབ་སྲིད་པ་ཟེར་པ་དེ།
འདི་ལ་ལན་ཞིག་ངེས་པར་དུ་དགོས་ས་རེད། རྫུན་གཏམ་རེད་ཁྱི་རྒན་སྐྱག་རྫུན་ལབ་ནས་ཕན་ཐོག་གི་མ་རེད། ཆབ་སྲིད་པའི་སྐད་ཆ་ལབ་ན་འདི་འདྲ་ཞིག་རེད། སྐད་ཆ་འདི་ཚོས་བཀའ་ཁྲི་གསར་བ་འགྲོ་ས་འདུག་ས་མེད་པ་ཞིག་ཕལ་ཆེར་བཟོས་ཟིན་འདུག སྐད་ཆ་འདི་སྒྱུ་རྩལ་དང་ལོ་རྒྱུས་འདྲེན་པའི་ཉམས་འདུག་ལ། ཕ་རོལ་པོ་བཅོམ་པའི་ཇུས་དང་བཤད་ཧམ་རི་འདྲ་བ་ཞིག་འདུག་པས། དུས་ལྟར་ལན་འདེབས་བྱེད་དགོས་ཀྱི་འདུག
རྒྱ་དམར་སྲིད་གཞུང་གི་འགོ་ཁྲིད་ཚོས་ཧམ་བཤད་ལ་གཟིགས་དང་། ངོ་མ་ཡིད་སྐྱོ་བ་ཞིག་རེད། འོན་ཀྱང་ཉི་ཤར་སྦར་མོས་མི་ཁེབས་ཟེར་བའི་དཔེ་ལྟར་ཡོ་རོབ་མི་མང་ཚོ་ནམ་ཡང་མགོ་སྐོརབསླུ་ཁྲིད་འོག་ཚུད་མི་སྲིད། དེར་བརྟེན་ང་ཚོ་མི་རེ་ངོས་ནས་བོད་ཀྱི་བདེན་དོན་འཛམ་གླིང་གང་སར་ཡིག་ངག་གཉིས་ཀའི་ཐོག་ནས་གསལ་བཤད་ནན་མོ་བྱ་རྒྱུ་དེ་སོ་སོའི་ཕྲག་ལ་བབ་པའི་ལས་འགན་ལྕི་མོ་ཞིག་ཡིན།